མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་ལའི་བླ་མ་དང་བོད་དོན་གླེང་བ། ཚན་པ་དང་པོ།

བོད་ཀྱི་དུས་བབ།
༢༠༠༨/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

    རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་བ་ནས་གནམ་གྲུར་བསྡད་དེ་ཆུ་ཚོད་གཅིག་དང་ཕྱེད་ཀའི་རྗེས་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཇ་མོན་དུ་སླེབས་པ་དང༌། དེ་ནས་རླངས་འཁོར་ལ་བསྡད་དེ་ཆུ་ཚོད་གསུམ་འགོར་རྗེས་ལམ་ངོས་བདེ་མོ་ཞིག་གི་སྟེང་རི་བསྐོར་ནས་ཡར་བགྲོད་པ་དང༌། ཀྱག་ཀྱོག་གི་རི་ལམ་བརྒྱུད་དེ་རྒྱང་བལྟ་བྱས་དུས། ཕྱོགས་གཅིག་ནི་གཡང་གཟར་འདབས་ཀྱི་བྱང་གི་བདེ་ཐང་ཡིན་ལ། ཕྱོགས་གཅིག་ནི་དུས་བཞིར་རྩེ་མོ་གངས་ཀྱིས་གཡོགས་པའི་རི་བརྒྱུད་རེད། རི་ཚོགས་ཀྱིས་བསྐོར་བའི་དབུས་སུ་རི་གྲོང་ཞིག་མིག་ལམ་དུ་མངོན་པ་ནི་ངྷ་རམ་ས་ལ་ཡིན་པ་དང༌། བོད་ཀྱི་བསམ་བློའི་དབུ་ཁྲིད་ཏཱ་ལའི་བླ་མ་དང་ཁོང་གི་རྗེས་འབྲངས་བོད་མི་ཚོ་ཕྱི་ལོ་ ༡༩༥༩ ལོར་བོད་ནས་བྲོས་རྗེས་རྒྱ་གར་བྱང་ཕྱོགས་ཀྱི་རི་ཁུལ་འདིར་ཡོང་སྟེ་གཞིས་ཁྱིམ་གསར་བ་ཞིག་བཟུང་བ་དང༌། འདི་ནས་ལོ་ངོ་ལྔ་བཅུ་ལྷག་ལ་འཚོ་གནས་བྱས་ཡོད། ཏཱ་ལའི་བླ་མས་ཁོང་ཉིད་ཕྱེད་མར་ཁེ་སི་རིང་ལུགས་པ་ཡིན་པར་གསུངས་པ་དང༌། ཁོང་གི་ཐུགས་རེ་ནི་བོད་དེ་མིང་དོན་མཚུངས་པའི་མི་རིགས་རང་སྐྱོང་ས་ཁུལ་ངོ་མ་ཞིག་ཏུ་གྱུར་རྒྱུ་དེ་རེད།

བོད་གང་དུ་བསྐྱོད་རྒྱུ་ཡིན་ནམ།

    འདི་ནི་དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་པ་སྟེ། ༼བོད་ཞི་བའི་བཅིངས་འགྲོལ༽བཏང་བ་ནས་བཟུང་མུ་མཐུད་ཞིབ་འཇུག་བྱེད་བཞིན་པའི་བརྗོད་གཞི་ཞིག་ཡིན་ལ། པེ་ཅིན་དབུས་སྲིད་གཞུང་དང་ཏཱ་ལའི་བླ་མ་ཕྱོགས་སོ་སོས་༼བོད་རང་སྐྱོང་༽ལག་ལེན་དུ་བསྟར་བཞིན་པ་དང༌། དམིགས་ཡུལ་གཅིག་པ་ཡིན་ན་ཡང་ལག་ལེན་དུ་བསྟར་བའི་ཐབས་ལམ་མི་གཅིག་པ་དང༌། ཐབས་ལམ་མི་གཅིག་རུང་མཐའ་མ་གཅིག་ཏུ་འབབ་ཐུབ་མིན་ལ་འཛམ་གླིང་གིས་དོ་སྣང་བྱེད་ཀྱི་ཡོད་པ་རེད།

ཕྱི་ལོ་༢༠༠༢ ལོ་ནས་བཟུང་ཏཱ་ལའི་བླ་མའི་སྐུ་ཚབ་དང་པེ་ཅིང་དབུས་སྲིད་གཞུང་དབར་གྲོས་མོལ་ཐེངས་ལྔ་གནང་བ་རེད། ཡིན་ན་ཡང་གྲོས་མོལ་གྱི་གྲུབ་འབྲས་ཐད་འགྲེལ་བརྗོད་བྱས་པ་ཕྱོགས་གཉིས་མི་གཅིག་པ་དང༌། བོད་ཀྱི་རང་སྲིད་རང་སྐྱོང་གི་གནད་དོན་དང་ཏཱ་བླའི་བླ་མ་ཕྱིར་རྒྱལ་ནང་དུ་ཕེབས་ཆོག་མིན་སོགས་ཀྱི་གནད་དོན་ཐད་ད་དུང་འགལ་ཟླ་ཅུང་ཆེན་པོ་གནས་ཡོད་པ་རེད། ཏཱ་ལའི་བླ་མས་༼བོད་རང་སྲིད་རང་སྐྱོང༽གི་དགོས་འདུན་འདོན་གྱི་ཡོད་ལ། པེ་ཅིང་དབུས་སྲིད་གཞུང་གིས་བོད་དེ་རང་སྲིད་རང་སྐྱོང་བྱས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ༡༩༧༩ ལོ་ནས་མགོ་བཙུགས་ཏེ་ཏཱ་ལའི་བླ་མས་བོད་རང་བཙན་དོར་བའི་དགོངས་ཚུལ་ཁྱབ་བསྒྲགས་བྱས་པ་དང༌། ད་དུང་ཚོགས་རྭ་མང་པོ་ཞིག་གི་ནང་དུ་གསུངས་ཡོད་པ་རེད། ཡིན་ན་ཡང་པེ་ཅིང་གིས་ཏཱ་ལའི་བླ་མས་ཁས་བླངས་བ་དེ་ལག་ལེན་དུ་བསྟར་བཞིན་ཡོད་པའི་ངོས་འཛིན་མི་བྱེད་པ་དང༌། ཏཱ་ལའི་བླ་མས་ཕྱོགས་གཉིས་ཀྱི་གྲོས་མོལ་ལ་ཡར་རྒྱས་བྱུང་ཡོད་པའི་ངོས་འཛིན་གནང་གི་ཡོད་མོད། ཡིན་ན་ཡང་པེ་ཅིང་ཕྱོགས་ནས་གྲོས་མོལ་ལ་དངོས་ཡོད་ཀྱི་ཡར་རྒྱས་ཅི་ཡང་བྱུང་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཏཱ་ལའི་བླ་མས་རྒྱལ་ནང་གི་ཧྲན་ཞིས་ཞིང་ཆེན་གྱི་རི་བོ་རྩེ་ལྔར་གནས་གཟིགས་སུ་ཕེབས་རྒྱུའི་རེ་བ་བཏོན་ཡོད་པ་དེར་པེ་ཅིང་གིས་ཡ་ལན་ཅི་ཡང་སྤྲོད་ཀྱི་མེད།

    དཔྱད་བརྗོད་ཞིག་སྤེལ་ཡོད་པའི་ནང་གྲོས་མོལ་འདི་ལྟ་བུ་ནི་པེ་ཅིང་གི་རྩེད་མོའི་རིགས་ཤིག་ཡིན་པར་འདོད་ཀྱི་ཡོད། ཡིན་ན་ཡང་ཏཱ་ལའི་བླ་མས་ཨེ་ཤ་ཡའི་བདུན་རེ་གསར་དེབ་གྱི་བཅར་འདྲི་དང་ལེན་སྐབས་གསུངས་དོན། རྩེད་མོ་ཞིག་ཡིན་མིན་ད་དུང་སྐད་ཆ་བཤད་རྒྱུ་སྔ་དྲགས་པ་དང་དུས་ཚོད་ཀྱིས་ཐག་གཅོད་བྱེད་ངེས་རེད་ཅེས་གསུངས། ཁོང་གིས་སྔ་མོ་ནས་བཟུང་ངས་བོད་རྒྱའི་གནད་དོན་སེལ་བར་དབུ་མའི་ལམ་གྱི་ལྟ་བ་འཛིན་གྱི་ཡོད་པ་དང༌། སྐབས་དེར་ངས་གནས་སྟངས་ལ་བལྟས་ནས་ཐག་བཅད་པ་དང་ད་ལྟ་མུ་མཐུད་དུ་ཐག་གཅོད་འདི་རྒྱུན་འཁྱོངས་བྱེད་ཀྱི་ཡིན་ཅེས་གསུངས། ཁོང་གིས་རྒྱ་ནག་ཏུ་ཕེབས་རྒྱུ་ནི་རི་བོ་རྩེ་ལྔར་གནས་མཇལ་བྱེད་རྒྱུའི་ཐུགས་རེ་འགྲུབ་ཆེད་ཡིན་པར་བརྗོད་ལ། རི་བོ་རྩེ་ལྔ་རུ་འཕགས་མཆོག་འཇམ་པའི་དབྱངས་བཞུགས་ཡོད་ལ་བོད་བརྒྱུད་ནང་བསྟན་གྱི་གནས་མཆོག་ཁྱད་པར་ཅན་ཞིག་ཡིན་པའི་རྐྱེན་གྱིས་རེད།
   

ཏཱ་ལའི་བླ་མས་བོད་རང་བཙན་བརྩོད་ལེན་མི་བྱེད་པ་དང་རྒྱ་ནག་དམར་ཤོག་ལ་ངོ་རྒོལ་མི་བྱེད་རྒྱུ་ནི་ཁོང་གི་མཐའ་གཅིག་གི་ལངས་ཕྱོགས་ཡིན་པར་ནན་བརྗོད་བྱེད་ཀྱི་ཡོད་པ་དང༌།  ཁོ་རང་ཐེངས་དང་པོར་ཐེ་ཝན་དུ་བསྐྱོད་སྐབས་གོ་མིན་ཏང་གི་སྲིད་འཛིན་ལེན་ཀྲན་ལ་ངས་རྒྱ་དམར་ལ་ངོ་རྒོལ་བྱེད་ཀྱི་མེད་ཅེས་གསུངས་པ་དང༌། ལེན་ཀྲན་གྱིས་ངས་རྒྱ་དམར་ལ་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་བརྗོད། ཏཱ་ལའི་བླ་མས་གསར་འགོད་པར་བརྗོད་དོན་ད་ལྟ་ལེན་ཀྲན་ཡང་རྒྱ་ནག་ཏུ་བསྐྱོད་པ་རེད། ཡིན་ན་ཡང་རྒྱ་ནག་ལ་ངོ་རྒོལ་མི་བྱེད་མཁན་འགྲོ་ཐུབ་ཀྱི་མེད་པ་རེད་ཅེས་གསུངས། ཉིན་ཞིག་ཨ་རིའི་ནང་གསུང་བཤད་གནང་སྐབས་ཏཱ་ལའི་བླ་མས་ཁོ་རང་ཕྱེད་མར་ཁེ་སི་རིང་ལུགས་པ་ཞིག་དང་ཕྱེད་ནང་པ་སངས་རྒྱས་བ་ཞིག་ཡིན་པར་བརྗོད་པ་དང༌། བར་གསེང་སྐབས་ར་ཤི་ཡའི་རྒན་མོ་ཞིག་གིས་ཁོང་ལ་ཁྱེད་ཀྱིས་རང་ཉིད་མར་ཁེ་སི་རིང་ལུགས་པ་ཞིག་ཡིན་པར་བརྗོད་ཀྱི་ཡོད་དམ། དམར་ཤོག་ཚོགས་པ་དེ་གདུག་རྩུབ་ཆེན་པོ་ཡོད་པ་རེད་ཅེས་བརྗོད། ཡིན་ན་ཡང་ཏཱ་ལའི་བླ་མས་མུ་མཐུད་རང་ཉིད་ཀྱི་ལྟ་བ་རྒྱུན་འཛིན་བྱེད་པ་དང་ད་དུང་ཕྱིར་རྒྱལ་ནང་དུ་བསྐྱོད་པའི་ཐོབ་ཐང་བརྩོན་ལེན་བྱེད་ཀྱི་ཡོད་པ་རེད།

བོད་རང་བཙན་མི་རྩོད་པ་དང་རྒྱ་ནག་དམར་ཤོག་ལ་ངོ་རྒོལ་མི་བྱེད་པ།

    ཕྱི་ཟླ་༥ ཚེས་༢༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་དང་པོ་ཡས་མས་སུ་ཨེ་ཤ་ཡའི་བདུན་རེ་གསར་ཤོག་གི་གསར་འགོད་པ་རྒྱ་གར་བྱང་ཕྱོགས་ཀྱི་རི་ཁུལ་རྡ་རམ་ས་ལར་ཡོད་པའི་ཏཱ་ལའི་བླ་མའི་ཕོ་བྲང་དུ་འབྱོར་བ་དང་ཞིབ་བཤེར་ནན་མོ་བརྒྱུད་གཞི་ནས་ནང་དུ་འཛུལ། ས་ཕྱོགས་གང་ས་ནས་ཡོང་བའི་མགྲོན་པོ་རིམ་གྱིས་ཇེ་མང་དུ་འགྲོ་བ་དང་ཏཱ་ལའི་བླ་མས་མགྲོན་པོ་རེ་རེར་སྣེ་ལེན་གྱི་དུས་ཚོད་གང་ཐུབ་ཀྱིས་ཇེ་ཐུང་དུ་གཏོང་བ་དང་མཚམས་རེར་ད་དུང་ཞོགས་པའི་ཆུ་ཚོད་བེད་སྤྱད་དེ་འཚམས་འདྲིར་ཡོང་མཁན་ལ་སྣེ་ལེན་བྱེད་ཀྱི་ཡོད་པ་རེད། གསར་འགོད་པའི་བཅར་འདྲི་སྐབས་ཏཱ་ལའི་བླ་མས་སྐུ་ཁམས་དྭངས་ཤིང་གཏན་འཁེལ་བྱས་ཡོད་པའི་ཆུ་ཚོད་གཅིག་གི་བཅར་འདྲི་དེ་ཡང་ཆུ་ཚོད་གཉིས་དང་ཕྱེད་ཀ་རུ་ཕར་འགྱངས་བྱས། སྐབས་དེར་ཏཱ་ལའི་བླ་མས་སྔ་མོ་ནས་གཏན་འཁེལ་གནང་ཡོད་པའི་འཚམས་འདྲི་བཞི་ཕྱིར་འཐེན་བྱས། བཅར་འདྲིའི་སྐབས་ཏཱ་ལའི་བླ་མས་བོད་སྐད་ཀྱིས་ལན་བསྐྱོན་པ་དང་མཚམས་རེར་དབྱིན་སྐད་རེ་བསྐྱོན། ད་དུང་རྒྱ་སྐད་ཁ་ཤས་ཡང་བསྐྱོན། བཅར་འདྲི་མགོ་འཛུགས་སྐབས་ཏཱ་ལའི་བླ་མས་༼རྒྱ་ནག་གི་ཧན་རིགས་སྤུན་ཟླ་མང་པོ་ཞིག་གི་གནས་ཚུལ་འབྱུང་ཁུངས་ཕྱོགས་གཅིག་ཡིན་ལ་དངོས་དོན་ཐད་རྒྱུས་ལོན་བྱེད་རྒྱུ་མི་འདང་པས་ངེད་རང་ཐུགས་ཁྲལ་གནང་གི་ཡོད། དེར་བརྟེན་ཨེ་ཤ་ཡའི་བདུན་རེ་གསར་ཤོག་གིས་བཅར་འདྲི་གནང་བར་དགའ་བོ་བྱུང་༽ཅེས་གསུངས། ལོ་ངོ་མང་པོའི་རིང་བོད་ཀྱི་བསམ་བློའི་དབུ་ཁྲིད་ཡིན་པའི་ཆ་ནས་ཏཱ་ལའི་བླ་མས་འཇིག་རྟེན་ལྟ་ཚུལ་དང་འགྲོ་བ་མིའི་རིན་ཐང་གི་ལྟ་ཚུལ་དེ་རྒྱལ་སྤྱིའི་གར་སྟེགས་སྟེང་སྒྲོག་བཞིན་ཡོད་ལ། ཏཱ་ལའི་བླ་མས་རང་ཉིད་ཀྱི་ཕྲག་སྟེང་དུ་ལས་འགན་གསུམ་ཡོད་པར་བརྗོད་པ་དང༌། མིའི་རིགས་ཀྱི་ཆ་ཤས་ཤིག་ཡིན་པས་མིའི་རིགས་ལ་བདེ་སྐྱིད་བསྐྲུན་དགོས་བ་ནི་མི་རེ་རེའི་ལས་འགན་ཡིན་ལ། ཁོང་གི་ལས་འགན་དང་པོ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ནང་བྱམས་སྙིང་རྗེ་ཡར་རྒྱས་གཏོང་རྒྱུ་དང༌། ད་དུང་གལ་སྲིད་མ་འོངས་པར་རྒྱ་ནག་ཏུ་ཕེབས་ཐུབ་ཚེ་འདིའི་ཕྱོགས་ལ་བྱས་རྗེས་རེ་འབུལ་ཐུབ་པའི་ཡིད་ཆེས་གནང་གི་ཡོད་པ་རེད། ལས་འགན་གཉིས་པ་ནི་འཛམ་གླིང་གི་ཆོས་ལུགས་གཙོ་བོ་ཁག་གི་བར་འཆམ་མཐུན་དང་ཕན་ཚུན་རྒྱུས་ལོན་ཡོང་བར་སྐུལ་འདེད་གནང་རྒྱུ་དེ་ཡིན། ལས་འགན་གསུམ་པ་དེ་ནི་ད་བཟོད་བོད་ཀྱི་གནད་དོན་ཡིན་ལ། བོད་མི་དམངས་ཀྱི་བདེན་དོན་འཐབ་རྩོད་ཀྱི་མགྲིན་ཚབ་པ་གནང་རྒྱུ་དེ་རེད། ལས་འགན་དང་པོ་དང་གཉིས་པ་ནི་སྐུ་ཚེ་གཅིག་གི་ལས་འགན་ཏུ་འགྱུར་བས་འཛམ་གླིང་ཡོངས་སུ་ཆོས་གསུངས་བཞིན་པ་རེད།

གཉོམ་ཆུང་ལ་ཐུགས་ཁུར་གནང་བ་ལས་འཇིག་རྟེན་སྐྱོབ་མཁན་ལ་ཡིད་ཆེས་མེད།

 མར་ཁེ་སི་ནི་བཤུ་གཞོག་ལ་ངོ་རྒོལ་དང་དབུལ་ཕོངས་ལ་ཐུགས་ཁུར་གནང་བའི་འབྱོར་མེད་གྲལ་རིམ་པ་ཞིག་ཡིན་པས་དེ་ཡང་ཏཱ་ལའི་བླ་མས་འཚོལ་སྙེགས་བྱེད་ཡུལ་ཏུ་གྱུར། ཁོང་གིས་༼མར་ཁེ་སི་ཡིས་དཔལ་འབྱོར་སྟེང་ཁེ་ཕན་འཚོལ་བཞིན་པ་གཅིག་པུ་མིན་པར་ཁེ་ཕན་དེ་ཆ་སྙོམས་ཀྱིས་མི་ཡོངས་ལ་བགོ་བཤའ་བརྒྱབ་སྟེ་ཚང་མས་ཁེ་ཕན་ལོངས་སུ་སྤྱོད་པའི་ཐད་ལ་ཡང་ཐུགས་སེམས་གནང་གི་ཡོད་པ་རེད། ལག་ལེན་ཁྲོད་མཚན་ཉིད་ཀྱི་ཕྱོགས་དང་འཇིག་རྟེན་ལྟ་ཚུལ་གྱི་ཕྱོགས་ནས་མར་ཁེ་སི་ཡིས་འཇིག་རྟེན་སྐྱོབ་མཁན་གཙོ་བདག་ཞིག་མེད་པར་བརྗོད་བཞིན་པ་དེ་ནི་ནང་ཆོས་ཀྱི་ལྟ་ཚུལ་དང་གཅིག་མཚུངས་རེད་༽ཅེས་གསུངས། ཡང་ཁོང་གིས་༼མར་ཁེ་སི་གཞུང་ལུགས་ལ་འཇིག་རྟེན་ཀུན་ཁྱབ་ཀྱི་རིན་ཐང་ལྡན་ལ། ཁོང་ལ་དད་མཁན་གུང་ཁྲན་རིང་ལུགས་པ་ཚང་མ་བློ་དཀར་གཞུང་དྲང་ཅན་རེད། གལ་སྲིད་མ་རྩ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་གཉིས་བསྡུར་ཚེ་ངས་སྤྱི་ཚོགས་རིང་ལུགས་ལ་རྒྱབ་སྐྱོར་བྱེད་ངེས་ཡིན་༽ཅེས་གསུངས།

    ཡོ་རོབ་ཁུལ་དུ་སྔོན་ཆད་མར་ཁེ་སིའི་ཤུགས་རྐྱེན་ཐེབས་པའི་སྤྱི་ཚོགས་དང་ཚོགས་མི་ཚོས་ཏཱ་ལའི་བླ་མའི་གསུང་བཤད་ལ་ཉན་རྗེས་ཁོང་ལ་ཕྱག་འཇུ་བྱས་པ་དང་ཏཱ་ལའི་བླ་མ་ལ་བློ་མཐུན་ཅེས་འབོད། ཏཱ་ལའི་བླ་མས་༼མར་ཁེ་སི་རིང་ལུགས་ལ་འདྲ་མཉམ་གྱི་ལྟ་བ་ཡོད་མོད། ལེ་ཉིན་རྗེས་སུ་ཆབ་སྲིད་ལ་ཁ་ཕྱོགས་པ་དང་དབང་ཤུགས་ལ་དོ་སྣང་བྱས་པས་མི་རིགས་རིང་ལུགས་ཀྱི་འདུ་ཤེས་འབྱུང་མགོ་བཙུགས་པ་རེད། ཕྱི་ལོ་༡༩༡༨ ནང་ར་ཤི་ཡ་རུ་ནང་ཁུལ་ཟིང་འཁྲུག་དང་རྙོག་དྲ་མང་པོ་ཡོད་པ་དང༌། ཟིང་འཁྲུག་ལ་ཁ་གཏད་གཅོག་ཆེད་དམ་དྲག་བྱེད་རྒྱུ་མངོན་དུ་གྱུར། དེ་ནས་དབང་ཤུགས་དྲག་པོ་སླེབས་པའི་སྒེར་སྡོམ་གྱི་མགོ་འབུས་བ་དང་རྗེས་སུ་ལམ་ལུགས་སུ་གྱུར། དམ་དྲག་འོག་མི་ཚང་མ་ལ་ཡང་དོགས་ཟོན་ཆེན་པོ་བྱེད་པ་དེ་ནི་སི་ཌ་ལིན་གྱི་དུས་རབས་རེད། འདུ་ཤེས་དེ་ལྟ་བུ་རྒྱ་ནག་གི་མའོ་ཙེ་ཏུང་དུས་རབས་སུ་ཁྱབ་པ་དང༌། མའོ་ཙེ་ཏུང་གིས་འཇིག་རྟེན་ལྟ་ཚུལ་གཙིགས་ཆེར་འཛིན། ཡིན་ན་ཡང་ཏུང་ཞོ་ཕིན་གྱི་དུས་རབས་སུ་སླེབས་རྗེས་དཔལ་འབྱོར་ལྟེ་བ་བྱས་པའི་ཡར་རྒྱས་ཤིན་ཏུ་ཕྱིན་པ་དང་ལྷན་ཏུ་སྐྱོན་ཆ་ཡང་མང་པོ་ཞིག་བྱུང༌། དཔེར་ན་དབུལ་ཕྱུག་གི་བར་ཁྱད་ལྟ་བུ་དང༌། བྱི་མི་དཀར་ནག་གང་ཡིན་རུང་ཙི་གུ་འཛིན་ཐུབ་མཁན་ནི་བྱི་མི་ཡག་པོ་རེད། ད་ལྟ་བྱི་མི་ནག་པོ་དང་ངན་པ་ཇེ་མང་རེད། གལ་སྲིད་ང་ལ་གདམས་ཀ་བྱེད་དུ་འཇུག་ཚེ་ངས་མའོ་ཙེ་ཏུང་གིས་བསམ་བློའི་ཚད་གཞི་གཙིགས་ཆེར་འཛིན་པའི་གཞུང་ལུགས་གདམས་ངེས་རེད་༽ཅེས་གསུངས།

དོན་དངོས་སུ་ཏཱ་ལའི་བླ་མས་ཡང་དུས་རབས་ཀྱི་འགྱུར་འགྲོས་ལ་ཁ་ཕྱོགས་དགོས་པའི་བཅོས་བསྒྱུར་གྱི་བསམ་བློ་གཏོང་དགོས་བ་རེད། ཁོང་གི་སྐུལ་འདེད་འོག་བཙན་བྱོལ་བོད་གཞུང་གིས་ཐད་ཀར་དམངས་གཙོའི་འོས་འདེམས་མངོན་དུ་གྱུར་བ་དང་གྲོས་ཚོགས་ཀྱི་ལམ་ལུགས་བཙུགས། ད་དུང་མུ་མཐུད་དུ་དམངས་གཙོའི་ལམ་སྲོལ་ཇེ་ལེགས་སུ་གཏོང་བཞིན་པ་རེད། སྔོན་མ་༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་བཤད་དུ་ཏཱ་ལའི་བླ་མས་ལམ་ལུགས་འདི་ངེས་པར་དུ་གནས་དགོས་མིན་ནི་བོད་མི་དམངས་ཀྱིས་ཐག་གཅོད་དགོས་ལ། གལ་སྲིད་མི་དམངས་ཀྱིས་ཏཱ་ལའི་བླ་མའི་ལམ་ལུགས་འདི་མུ་མཐུད་དུ་གནས་དགོས་པར་བདམས་ཚེ། མི་དམངས་ཀྱིས་ལམ་ལུགས་འདི་འབྱུང་སྟངས་ལ་བསམ་བློ་གཏོང་དགོས་ལ། གཅིག་བྱས་ན་ཡེ་ཤུ་བླ་ཆེན་འདེམས་བསྐོ་ལྟར་བླ་ཆེན་འདས་རྗེས་ཆོས་བདག་གཞན་པ་ཚོའི་ཁྲོད་ནས་གཅིག་འདེམས་སྲོལ་ཡོད་པ་རེད་ཅེས་གསུངས་ཡོད་པ་དང་བླ་ཆེན་གཞན་ཞིག་གིས་ཏཱ་ལའི་བླ་མས་འགན་དེ་ཁུར་ཏུ་ལེན་ཐུབ་རྒྱུ་ཡང་མངོན་འགྱུར་འབྱུང་མི་སྲིད་པ་མིན་པར་བརྗོད།

པེ་ཅིང་དུ་ཕེབས་པའི་སྐུ་ཚབ་ལ་སྣེ་ལེན་ཡག་པོ་བྱས་པ།

ད་ལྟ་བལྟས་ཡོང་ན་ཕ་ཡུལ་དུ་བགྲོད་པའི་ལམ་དེ་ཚུར་ཡོང་བའི་ལམ་ལས་ཀྱང་བགྲོད་དཀའ་བ་ཆགས་ཡོད་པ་རེད། ཏཱ་ལའི་བླ་མས་བྲོས་བྱོལ་དུ་ཡོང་སྐབས་ཆོག་མཆན་ཅི་ཡང་མི་དགོས་ལ་ཕྱིར་ཕེབས་ཚེ་ཆོག་མཆན་ཐོབ་དགོས་བ་རེད་ཅེས་གསུངས། ཡིན་ན་ཡང་ཁོང་གིས་ཉེ་ཆར་གྱི་གྲོས་མོལ་ཐེངས་ལྔ་བརྒྱུད་པེ་ཅིང་དང་ཐད་ཀར་འབྲེལ་བ་བྱུང་བའི་འབྲས་བུ་བཟང་ཞིང༌། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་བསམ་བློ་གཏོང་སྟངས་རྒྱུས་ལོན་བྱུང་བ་དེས་གོམ་གང་མདུན་སྤོས་ཀྱིས་ཕྱོགས་གཉིས་ཀྱི་ལངས་ཕྱོགས་གསལ་རྟོགས་ཐུབ་པ་བྱུང་ཡོད་ཅེས་བརྗོད། ཏཱ་ལའི་བླ་མས་ཁོང་གི་སྐུ་ཚབ་ལ་པེ་ཅིང་གིས་སྣེ་ལེན་ཡག་པོ་གནང་འདུག་ལ་གྲོས་མོལ་གྱི་ཁོར་ཡུག་ཡང་ཤིན་ཏུ་ལེགས༌། ཡིན་ན་ཡང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་ཕྱི་ལ་སྤེལ་བའི་གཏམ་དང་ཁྱད་པར་ཆེན་པོ་ཡོད་པའི་གང་བདེན་པ་ཡིན་མིན་ཤེས་དཀའ་བ་ཞིག་རེད་ཅེས་གསུངས།

    གསར་འགོད་པས་ཏུང་ཞོ་ཕིན་གྱིས་ཞང་ཀང་གི་གནད་དོན་ལྟར་བོད་རང་བཙན་མ་རྩོད་ན་ལོ་ངོ་ལྔ་བཅུ་འགྱུར་བ་མེད་པ་དང༌། ལོ་ངོ་ལྔ་བཅུ་ལ་གུང་ཁྲན་ཏང་ལ་ངོ་རྒོལ་མི་བྱེད་པ། ལོ་ངོ་ལྔ་བཅུའི་རྗེས་སུ་ཡང་འགྱུར་བ་མི་གཏོང་བ་བྱེད་ན་དོགས་པ་སེལ་ཐུབ་རྒྱུ་ཡིན་ནམ་ཅེས་དྲིས་བར། ཏཱ་ལའི་བླ་མས་གལ་སྲིད་དེ་བེད་སྤྱོད་ཡོད་ཚེ་བསམ་བློ་གཏོང་ཆོག་གི་རེད། ཡིན་ན་ཡང་ཐོག་མར་བེད་སྤྱོད་ཡོད་མེད་ཐག་གཅོད་པར་བཀའ་བློན་ཁྲི་བའི་དགོངས་ཚུལ་གསན་དགོས་བ་རེད་ཅེས་གསུངས།

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༡ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༣ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༦ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

མཆན། 1

  1. དབྱངས་ཅན་རོལ་བའི་འོ་མཚོ་། says:
    ལོ་ 18 སྔོན།

    ཝན་ཅ་པའོ་ཡིས་ཏཱ་ལའེ་བླ་མར་ཐུག་རྒྱུར་དཀའ་ངལ་མི་འདུག་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese