མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངའི་ཀུན་སློང་ཁ་ཞེ་གཉིས་མེད་ཡིན་པའི་འགན་ལེན་བྱེད་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༠༨/༠༧/༠༦
Share on FacebookShare on TwitterShare on EmailShare on Whatsapp

ད་རེབ་ངས་འཛམ་གླིང་ཁྱོན་ཡོངས་ལ་གནས་པའི་རྒྱ་རིགས་སྤུན་ཟླ་སྤྱི་དང༌། བྱེ་བྲག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་རིགས་སྤུན་ཟླ་ཡོངས་ལ་མཛའ་བརྩེའི་འཚམས་འདྲི་སྔོན་དུ་བཏང་སྟེ། ཉེ་ཆར་བོད་ནང་བྱུང་བའི་དོན་རྐྱེན་དང་འབྲེལ་ལམ་ཐད་ངོས་རང་ལ་བསམ་ཚུལ་ཅི་ཡོད་ཁྱེད་ཚོར་འགྲེལ་བརྗོད་དང་སྦྲགས། ང་རང་སྒེར་གྱི་ངོས་ནས་འབོད་སྐུལ་ཁ་ཤས་བྱེད་རྒྱུ་ཡིན།

ད་ལམ་བོད་ཀྱི་ས་ཁུལ་གང་སར་ཡིད་སྐྱོའི་བྱུང་རྐྱེན་འདིའི་ནང་མི་མང་པོའི་ལུས་སྲོག་ཤོར་བར་བློ་ཕམ་ཆེན་པོ་བྱུང༌།  དེའི་ནང་རྒྱ་རིགས་འགའ་ཤས་ཀྱང་ཤི་སྐྱོན་བྱུང་བ་ཤེས་རྟོགས་བྱུང༌། ངས་གནོད་འཚེ་ཕོག་པའི་མི་རྣམས་དང་ཁོང་ཚོའི་ནང་མི་བཅས་ལ་སེམས་གསོ་བྱེད་རྒྱུ་མ་ཟད་འཕྲལ་ཡུན་དགེ་བའི་སྨོན་ལམ་ཟབ་ནན་བྱས་ཡོད། ད་རེབ་བྱུང་བའི་གནས་ཚུལ་འདིས་བོད་ཀྱི་གནད་དོན་དེ་ཅི་ཙམ་ཛ་དྲག་ཡིན་མིན་དང༌། གང་མྱུར་གྲོས་མོལ་གྱི་ལམ་ནས་འགྲིག་འཇགས་ཡོང་ཐབས་བྱེད་དགོས་པ་ཧ་ཅང་གསལ་པོ་བཟོས་ཡོད།  ཛ་དྲག་དང་ཐབས་རྡུགས་ཀྱི་གནས་ཚུལ་འདི་འདྲའི་སྐབས་སུའང་ངོས་ནས་རྒྱ་ནག་གི་དབུ་ཁྲིད་རྣམ་པར་ཞི་བདེ་དང་བརྟན་ལྷིང་ཡོང་བར་མཉམ་རུབ་བྱེད་རྒྱུའི་འདོད་མོས་ཡོད་པ་གསལ་བརྗོད་བྱས་ཡོད། ང་ལ་བོད་ཁ་བྲལ་གཏོང་རྒྱུའམ། ཡང་ན་བོད་རིགས་དང་རྒྱ་རིགས་བར་མ་འགྲིག་པ་བཟོ་རྒྱུའི་འདོད་པ་གང་ཡང་མེད་ཅེས་ངས་རྒྱ་རིགས་སྤུན་ཟླ་ཚོར་འགན་ལེན་བྱེད་རྒྱུ་ཡིན། དེ་ལས་ལྡོག་སྟེ་ངས་རྒྱུན་དུ་བོད་རྒྱ་མི་རིགས་གཉིས་ཀར་ཕུགས་རྒྱང་རིང་པོའི་ཁེ་ཕན་ལྡན་པའི་སྒོ་ནས་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་འབད་རྩོ་བྱེད་ཀྱིན་ཡོད། ངས་ལན་མང་བསྐྱར་ལྡབ་ཞུས་ཟིན་པ་ལྟར་ངའི་སེམས་འཚབ་བྱེད་སའི་གཞི་རྩ་གཙོ་བོ་ནི་བོད་མི་རིགས་ཀྱི་ཐུན་མོང་མིན་པའི་རིག་གཞུང་དང༌། སྐད་ཡིག། ངོ་བོ་རྣམས་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན། ཉིན་ལྟར་ནང་པའི་འདུལ་ཁྲིམས་གཞིར་བཟུང་མི་ཚེ་སྐྱེལ་མཁན་གྱི་དགེ་སློང་དཀྱུས་མ་ཞིག་ཡིན་པའི་ཆ་ནས་ངས་ཁྱེད་ཚོར་ངའི་ཀུན་སློང་ཁ་ཞེ་གཉིས་མེད་ཡིན་པའི་འགན་ལེན་བྱེད་རྒྱུ་ཡིན། རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་བོད་ནང་བྱུང་བའི་གནས་ཚུལ་རྣམས་ལ་རྫུན་སྒྲིག་འཁྱོག་བཤད་ཆེན་པོས་བརྒྱུད་བསྒྲགས་བྱེད་སྟངས་འདིས་མ་འོངས་ཕུགས་རྒྱང་རིང་པོའི་བར་ཚོད་དཔག་དཀའ་བའི་མཇུག་འབྲས་སྟེར་བའི་མི་རིགས་ཕན་ཚུན་མི་མཐུན་པ་བཟོ་རྒྱུའི་ས་བོན་ངན་པ་འདེབས་སྲིད་པ་འདིར་ངོས་རང་སེམས་འཚབ་ཧ་ཅང་ཆེན་པོ་ཡོང་གིན་འདུག  བོད་རྒྱ་མི་རིགས་གཉིས་གནའ་སྔ་མོ་ནས་ཁྱིམ་མཚེས་སུ་གནས་ཏེ། ལོ་སྟོང་ཕྲག་གཉིས་ཙམ་གྱི་ལོ་རྒྱུས་ནང་སྐབས་རེར་གཉེན་སྒྲིག་དང༌། སྐབས་རེར་དམག་རྒྱག་རེས་སོགས་བྱུང་ཡོད། སངས་རྒྱས་ཀྱི་བསྟན་པ་རྒྱ་གར་ནས་བོད་ཏུ་དར་བ་ལ་བརྟེན་ནས་བོད་རིགས་རྣམས་ཀྱིས་རྒྱ་རིགས་ལ་དགེ་ཕྲུག་རྒན་པའི་འདུ་ཤེས་ཀྱིས་གུས་བརྩི་བྱེད་ཀྱིན་ཡོད་ཅིང༌། དེ་ནི་རྒྱ་ནག་གི་ཕྱི་ལ་ཡོད་པའི་རྒྱ་རིགས་ངོས་དང་ཆོས་འབྲེལ་ཞུ་མཁན་རྣམས་དང༌། དེ་བཞིན་རྒྱལ་ནང་ནས་རྒྱ་རིགས་གནས་མཇལ་ལ་ཡོང་མཁན་ངོ་ཐུག་བྱེད་རྒྱུའི་གོ་སྐབས་བྱུང་བ་ཚོ་ཤེས་ཀྱིན་ཡོད། འདི་དག་ལས་ངོས་རང་སྙིང་སྟོབས་འཕེལ་ཞིང་འབྱུང་འགྱུར་མི་རིགས་ཕན་ཚུན་བར་གོ་རྟོགས་ཟབ་མོ་སྤེལ་བར་ཕན་ཐོགས་ཡོད་པར་བསམ་ཡོད།

སྤྱི་ལོ་༡༩༧༤ལོར་ངས་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་སོགས་དང་མཉམ་བསམ་ཞིབ་གྲོས་བསྡུར་གཏིང་ཟབ་བྱས་རྗེས་བོད་རྒྱ་མི་རིགས་གཉིས་མཉམ་དུ་ཞི་བདེ་འཕེལ་རྒྱས་དང༌། ཁ་བྲལ་མ་དགོས་པའི་ལམ་ཞིག་འཚོལ་རྒྱུའི་ཐག་གཅོད་བྱས་པ་ཡིན། སྐབས་དེར་རྒྱ་ནག་ནང་རིག་གནས་གསར་བརྗེའི་དུས་ཟིང་ཆེ་བའི་སྒང་རེད། དེའི་ཚེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་ང་ཚོ་འབྲེལ་ལམ་མེད་མོད། སྔ་ཕྱི་མ་གཏོགས་ཕན་ཚུན་གྲོས་མོལ་གྱི་ལམ་ནས་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་པའི་ཡིད་ཆེས་བྱས་ཡོད། གལ་སྲིད་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་གནས་བྱེད་ན་མ་མཐར་ཡང་དཔལ་འབྱོར་ཡར་རྒྱས་དང༌། དེང་རབས་འཛུགས་སྐྲུན་གྱི་ཐད་ཁེ་ཕན་ཆེན་པོ་ཡོང་རྒྱུ་ཡིན་པར་ངོས་འཛིན་བྱས་ཡོད། སྤྱི་ལོ་༢༠༠༢ལོར་འབྲེལ་ལམ་བསྐྱར་མཐུད་བྱུང་རྗེས་འབྲེལ་མོལ་ཐེངས་དྲུག་བྱས་ཡོད་རུང་ད་བར་རྩ་དོན་ཐོག་གྲུབ་འབྲས་སོན་པ་གང་ཡང་མ་བྱུང༌། འོན་ཀྱང་ངའི་ངོས་ནས་ལན་མང་གསལ་བསྒྲགས་ཟིན་པ་ལྟར་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་མེད་ཅིང༌། འབྲེལ་མོལ་མུ་མཐུད་བྱ་འདོད་ཡོད་པ་བསྐྱར་ནན་གྱིས་བརྗོདརྒྱུ་ཡིན། ངས་ཐོག་མ་ཉིད་ནས་པེ་ཅིན་ལ་ཨོ་ལིམ་པིག་མགྲོན་བདག་བྱ་རྒྱུའི་གོ་སྐབས་སྤྲོད་དགོས་པའི་རྒྱབ་གཉེར་བྱས་པ་ཡིན་ལ། ད་ལྟའང་ངོས་ཀྱི་ལངས་ཕྱོགས་ལ་འགྱུར་བ་མེད། སྲིད་འཛིན་ཧུའུ་ཅིན་ཐའོ་མཆོག་གིས་བཏོན་པའི་འཆམ་མཐུན་གྱི་སྲིད་བྱུས་ལ་ངོས་རང་དགའ་མོས་དང་རྒྱབ་སྐྱོར་ཡོད། འོན་ཀྱང་འཆམ་མཐུན་གྱི་སྤྱི་ཚོགས་ནི་སྨྲ་བརྗོད་རང་དབང་དང་ཁྲིམས་ཀྱི་དབང་སྒྱུར་གྱིས་གཙོས་ཕན་ཚུན་ཡིད་ཆེས་དང་རང་དབང་གི་ཁོར་ཡུག་ལ་བརྟེན་ནས་ཡོང་དགོས་པ་ཡིན། འདི་ལྟར་ལག་བསྟར་བྱེད་ན་བོད་དང༌། ཤར་ཏུར་ཀི་སི་ཐན། ནང་སོག་གིས་མཚོན་གྲངས་ཉུང་མི་རིགས་ཀྱི་གནད་དོན་དང་འབྲེལ་བའི་དཀའ་ངལ་གནད་ཆེ་མང་པོ་སེལ་ཐུབ་རྒྱུ་ཡིན་པའི་ཡིད་ཆེས་ཡོད།

ངའི་རེ་བར་ཉེ་ཆར་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་བོད་ཀྱི་བརྟན་ལྷིང་ནི་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འབྲེལ་བ་ཡོད་ཅེས་པའི་གཏམ་བཤད་དེ་ཚོ་ཐོས་སྐབས། ད་ཆ་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་དུས་སྐབས་གསར་བ་ཞིག་ཤར་རྒྱུའི་རེ་བ་ཆེན་པོ་བྱུང༌། འོན་ཀྱང་ཧ་ཅང་བློ་ཕམ་པ་ཞིག་ལ་ངས་ཁ་ཞེ་གཉིས་མེད་ཀྱིས་བོད་རྒྱ་ཁ་བྲལ་མི་འགྲོ་བར་འབད་བརྩོན་ཅི་ཙམ་བྱས་རུང༌། རྒྱ་ནག་གི་མཛད་གཙོ་རྣམ་པས་ང་ལ་ཁ་བྲལ་བ་ཡིན་པའི་སྐྱོན་བརྗོད་མུ་མཐུད་བྱེད་བཞིན་པའི་ཐོག་ལྷག་པར་ཟླ་༣ཚེས་༡༠ནས་བཟུང་ལྷ་ས་ནས་མགོ་ཚུགས་ཏེ། བོད་ཆོལ་ཁ་གསུམ་གྱི་ས་ཁུལ་གང་སར་བོད་མི་ཚོས་དུས་ཡུན་རིང་པོའི་ཞེ་འཁོན་རྣམས་ཕྱི་ལ་འདོན་ཆེད་རང་འགུལ་གྱིས་གྱེན་ལངས་བྱེད་སྐབས། དེ་མ་ཐག་རྒྱ་ནག་གི་མགོ་ཁྲིད་ཚོས་ལས་འགུལ་འདི་དག་ངས་བརྒྱུད་བསྐུལ་བྱ་པ་ཡིན་ཚུལ་སྐྱོན་འཛུགས་བྱས་སོང༌། སྐབས་དེར་གནད་དོན་དག་ངས་ཆ་འཛིན་འཕེར་བའི་སྒྲིག་འཛུགས་གང་རུང་གིས་ཞིབ་འཇུག་མཐིལ་ཕྱིན་གནང་དགོས་པའི་འབོད་སྐུལ་ཞུས་ཡོད། ས་ཕྱོགས་གང་དུ་ཡོད་མིན་ལ་མ་ལྟོས་པར་རྒྱ་རིགས་སྤུན་ཟླ་ཚོས་སེམས་ཚོར་དྲག་པོའི་སྒོ་ནས་ང་ཚོ་མི་རིགས་གཉིས་བར་གྱི་རྣམ་རྟོག་ངན་པ་རྣམས་སེལ་ཆེད་མཐུན་འགྱུར་དང༌། ལྷག་དོན་བོད་ཀྱི་དཀའ་ངལ་འདི་བཞིན་གྲོས་མོལ་བརྒྱུད་གུ་ཡངས་དང་བསམ་ཤེས་ཀྱི་ལམ་ནས་ཞི་བདེ་འགྲིག་འཇགས་ཡོང་བར་རོགས་རམ་གནང་རོགས་ཞེས་འབོད་སྐུལ་བྱེད་རྒྱུ་ཡིན།
          
ཕྱི་ཟླ་ ༣ པའི་ཚེས་༢༨ཉིན་༧གོང་ས་མཆོག་གིས་རྒྱ་ནག་མི་དམངས་ལ་ཉེ་ཆར་གྱི་ལྷ་སའི་དོན་རྐྱེན་ངོ་རྒོལ་ལས་འཕྲོས་པའི་གསུངས་འཕྲིན་ལས་བཏུས།

འབྲེལ་ཡོད་གསར་འགྱུར།

མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

ཆུ་ཚོད་ ༡ སྔོན་ལ།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༡༩ སྔོན་ལ།
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༢༠ སྔོན་ལ།
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

ཆུ་ཚོད་ ༢༠ སྔོན་ལ།
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

༢༠༢༦/༠༤/༢༣
Advertisement for App

དཔལ་ཡུལ་ཆོས་འཁོར་གླིང་གི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༤/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese