མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རི་སྔོག་གཏེར་འདོན་གྱི་བཙན་འཛུལ།

བོད་ཀྱི་དུས་བབ།
༢༠༠༨/༠༧/༡༤
Share on FacebookShare on TwitterShare on EmailShare on Whatsapp

ནུབ་རྒྱུད་ཐོན་རྐྱེད་དང་བོད་ཡུལ་དར་རྒྱས་ཀྱི་མིང་ཐོག་ནས། བོད་ནང་གི་ས་ཆ་གང་སར་ལམ་བཟོ་ཆུ་འགོག་དང་། རི་སྔོག་གཏེར་འདོན། ཤིང་ནགས་གཅོད་འབྲེག་གིས་རང་བྱུང་ཁམས་ལ་གཏོར་རྒོལ་ཚབས་ཆེན་བྱས་ཏེ། ད་ལྟ་མི་ཕྱུགས་གཉིས་ཀ་ཉེན་ཁར་ཐུག་ཡོད་འདུག

ཨ་མདོ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ། དར་མཚོ་རྫོང་གསེར་ཁོག་ས་ཆར་སྤྱི་ལོ་ ༡༩༨༥ ཙམ་ནས་རྒྱ་ནག་གཏེར་འདོན་རུ་ཁག་ཅིག་གིས་བརྟག་དཔྱད་བྱས་མཐར། ༡༩༩༦ ལོ་ནས་ལམ་ཁ་དང་ཁང་པ། བཟོ་གྲྭ་སོགས་འཛུགས་སྐྲུན་བྱས་ཤིང་། ས་དེར་གཞིས་སྡོད་བྱས་ཡོད་པའི་འབྲོག་ཁྱིམ་གསུམ་ཡོད་པར་རྒྱ་སྒོར་སུམ་ཁྲི་ཙམ་སྤྲད་དེ་གནས་སྤོར་བྱེད་དུ་བཅུག་ཅིང་། ༡༩༩༨ ལོའི་ཟླ་ ༨ པ་ནས་ལས་བཟོ་བ་འབོར་ཆེན་ཡོང་སྟེ། དངོས་སུ་གཏེར་ཁ་སྔོག་འདོན་བྱེད་མགོ་བརྩམས་ཡོད་འདུག དེར་ཉིན་རེར་རྒྱ་སྒོར་ཁྲི་ ༢༠༠ ཙམ་གྱི་གཏེར་རྫས་སྐྱེལ་འདྲེན་དང་། ༢༠༠༧ ལོའི་ཟླ་ ༨ པར་གཏེར་ཁ་སྔོག་འདོན་འཕྲུལ་ཆས་གསར་བ་ཞིག་ཐོན་སྐྱེད་བེད་སྤྱོད་བྱས་རྗེས། ད་ལྟ་ཉིན་རེར་རྒྱ་སྒོར་ཁྲི་ ༤༠༠ ནས་ ༥༠༠ བར་སྐྱེལ་འདྲེན་བྱེད་ཀྱིན་ཡོད་པའི་གནས་ཚུལ་ས་གནས་མང་ཚོགས་ཀྱིས་ཤེས་རྟོགས་བྱུང་ཡོད་འདུག ས་ཆ་དེའི་ནུབ་བྱང་ཕྱོགས་སུ་གཏེར་ཁུངས་གཞན་ཞིག་ཡོད་པ་དང་། དེར་ལས་བཟོ་བ་མི་ ༡༠༠༠ ལྷག་དང་། ཤར་ཕྱོགས་ཀྱི་སྤྱི་ལེ་ ༣ ཙམ་གྱི་སར་གཏེར་ཁུངས་ཆུང་ཆུང་ཞིག་ཡོད་པར་ལས་བཟོ་བ་ ༤༠༠ ཙམ་ཡོད་འདུག གཏེར་ཁུངས་དེའི་ལས་བཟོ་བ་མང་ཆེ་ཤོས་ཁ་ཆེ་དང་རྒྱ་རིགས་ཡིན་ཞིང་། བོད་པ་མི་ཉུང་བ་ཞིག་ཡོད་འདུག ལས་བཟོ་བ་དེ་དག་གི་ཁྲོད་དུ་ལག་རྩལ་ཆེས་མཐོ་ཆེད་མཁས་པ་ ༡༠༠ ལྷག་ཡོད་པ་དང་། དེའི་ཁྲོད་བོད་པ་གཅིག་ཀྱང་མེད་ལ། ཁོ་ཚོའི་རང་སྲོག་གན་རྒྱར་བཞག་ཡོད་སྟབས། གླ་ཕོགས་ཟླ་རེར་རྒྱ་སྒོར་ ༥༠༠༠ ཙམ་ཡིན་འདུག རིམ་པ་གཉིས་པའི་ལག་རྩལ་པ་ ༨༠༠ ཡོད་པ་དང་། དེའི་ཁྲོད་བོད་པ་རེ་ཟུང་ཡོད་ཅིང་གླ་ཕོགས་ཟླ་རེར་རྒྱ་སྒོར་ ༣༠༠༠ ཙམ་ཡིན་འདུག རིམ་པ་གསུམ་པའི་ལས་བཟོ་བ་ ༢༥༠༠ ཙམ་ཡོད་པ་དང་། དེའི་ཁྲོད་བོད་པ་ ༡༠༠ ལྷག་དང་གླ་ཕོགས་ཟླ་རེར་རྒྱ་སྒོར་ ༡༨༠༠ ཙམ་ལས་མེད་པ་དང་། ཁོང་ཚོས་གཏེར་རྡོ་སྐྱེལ་འདྲེན་དང་ལམ་ཁ་ཞིག་གསོ་སོགས་སྤྱིར་བཏང་གི་ལས་ཀ་ཙམ་ལས། གཏེར་ཁ་སྔོག་འདོན་བྱ་ཡུལ་དུ་འགྲོ་རྒྱུའི་ཐོབ་ཐང་མེད། གཏེར་ཁུངས་དེའི་མགོ་གཙོ་དག་གི་ཕོགས་ཐོབ་ཟླ་རེར་རྒྱ་སྒོར་ ༢༠༠༠༠ ནས་ ༣༠༠༠༠ བར་ཡིན་འདུག བོད་རིགས་ལས་བཟོ་བ་དག་ལ་ངལ་རྩོལ་གྱི་ནུས་པ་དང་། གཏེར་རྡོ་བཞུ་སྦྱོང་གི་ལག་རྩལ་མེད་པ་མིན་ཡང་། གཏེར་ཁུངས་ནང་གི་ཆེས་གནད་འགག་གི་ལས་སྣེ་དག་ལ་བོད་རིགས་ཚོ་གཏོང་གིན་མེད་པ་དང་། ༢༠༠༦ ལོར་གཏེར་ཁུངས་དེའི་ནང་དོན་རྐྱེན་ཆེན་པོ་ཞིག་བྱུང་སྟེ་ལས་བཟོ་བ་ ༣༠༠ ཡི་ཚེ་སྲོག་ཤོར་ཡོད་ཀྱང་། གསང་རྒྱ་དམ་པོས་མི་རེ་ཟུང་མ་གཏོགས། ཕྱི་རོལ་གྱི་མི་གཅིག་གིས་ཀྱང་ཤེས་རྟོགས་བྱུང་མེད།

གོང་གི་གཏེར་ཁུངས་དེ་ལས་རྒྱང་ཐག་སྤྱི་ལེ་ ༤ ཙམ་གྱི་སར་གཏེར་ཁུངས་ནས་ཐོན་པའི་དུག་ཆུ་བཀག་སྐྱིལ་བྱས་ཡོད་པའི་མཚོ་ཞིག་ཡོད་པ་དང་། དེའི་ཞེང་ཚད་ལ་རྨི་གྲུ་བཞི་མ་ ༡༠༠༠ དང་། ཟབ་ཚད་ལ་རྨི་ ༡༠༠ ལྷག་ཡོད་འདུག་ལ། མཚོ་དེའི་དུག་གི་ནུས་པས་ས་དེའི་མི་ཕྱུགས་དང་སྲོག་ཆགས་སེམས་ཅན། སྐྱེས་དངོས་སོགས་ལ་གནོད་པ་ཚབས་ཆེན་ཐེབས་ཏེ། ས་གནས་མང་ཚོགས་ལ་ལོ་རེ་བཞིན་གྱོང་གུད་ཚབས་ཆེན་ཐེབས་བཞིན་ཡོད་འདུག དར་མཚོ་རྫོང་གནམ་ཐང་ཞང་དུ་ ༢༠༠༠ ལོ་ནས་གཏེར་ཁ་སྔོག་འདོན་བྱེད་ཀྱིན་ཡོད་པ་དང་། རྨ་འབྲི་རྫ་གསུམ་གཙང་བོའི་མགོ་ཁུངས་སྲུང་སྐྱོབ་ཆེད་ཡིན་ཞེས། གཞུང་ལམ་དང་ཁང་པ་འཛུགས་སྐྲུན་བྱས་ཡོད་ཀྱང་། དེ་དག་ད་ལྟ་གཏེར་ཁ་སྔོག་འདོན་དང་ས་གནས་གཞན་ལ་གཏེར་ཁ་འཚོལ་ཞིབ་ཆེད་བེད་སྤྱོད་བྱེད་ཀྱིན་ཡོད་འདུག ཡང་དར་མཚོ་རྫོང་ཧོ་ཁ་ས་ཁུལ་གྱི་གཞུང་ལམ་སྟབས་བདེ་བཟོ་ཆེད་ཡིན་ཞེས་རི་ལ་ཨུ་ཁུང་བཏོད་ཡོད་པ་དང་།  དེ་ནི་རྒྱ་ནག་གི་ཁྱིམ་ཚང་སུམ་ཁྲི་ ༣༠༠༠༠ ལྷག་གནས་སྤོར་བྱེད་བཞིན་ཡོད་པར་འཐུང་ཆུའི་དཀའ་ངལ་འཕྲད་རྒྱུ་ཡིན་སྟབས། ས་གཞན་ནས་རྒྱུག་ཆུ་འདྲེན་ཆེད་ཡིན་འདུག དར་མཚོ་རྫོང་ཆུ་འགག་ལུང་པར་ ༡༩༨༤ ལོ་ཙམ་ནས་གཏེར་ཁ་སྔོག་མགོ་བརྩམས་ཡོད་པ་དང་། དེར་ཉིན་རེར་རྒྱ་སྒོར་ཁྲི་ ༡༠༠ ལྷག་གི་གཏེར་རྫས་སྐྱེལ་འདྲེན་བྱེད་ཀྱིན་ཡོད་པ་ས་གནས་མང་ཚོགས་ཀྱིས་ཤེས་རྟོགས་བྱུང་འདུག་ལ། ས་གནས་ཡུལ་མི་གཏེར་ཁུངས་དེའི་ཉེ་སར་བཅར་ན་ལས་བཟོ་བ་དག་གིས་གཅར་རྡུང་བྱེད་ཀྱིན་ཡོད་འདུག

གོང་གི་གནས་ཚུལ་དེ་དག་ཉེ་ཆར་བོད་ནས་གསར་དུ་འབྱོར་ཞིང་མིང་བརྗོད་འདོད་མེད་པ་ཞིག་གིས་འདི་གའི་གསར་འགོད་པར་མཁོ་སྤྲོད་བྱས་ཤིང་། གནས་ཚུལ་མཁོ་སྤྲོད་པའི་གྲོགས་པོ་གཉིས་ཀྱིས་གཏེར་ཁུངས་དེའི་ཉེ་སར་ཟ་ཁང་བཟུང་ཡོད་པ་དང་། གཏེར་ཁུངས་དེའི་མགོ་གཙོ་དག་དང་ཁོང་ཚོའི་བར་འགྲོགས་འདྲིས་ཡོད་སྟབས། ཉིན་ཞིག་མཉམ་དུ་ཆང་འཐུང་སྟེ་ར་བཟི་ཡོད་སྐབས། གཏེར་ཁུངས་མགོ་གཙོ་ཞིག་གིས་གནས་ཚུལ་དེ་དག་དངོས་སུ་བཤད་ཡོད་འདུག་ལ། གནད་དོན་དེའི་ཐད་འདི་གའི་གསར་འགོད་པས་ཀྱང་ཞིབ་འཇུག་བྱས་མཐར་གསལ་ཁ་བྱུང་།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist