མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཁོང་གི་ཆིབས་སྒྱུར།

བོད་ཀྱི་དུས་བབ།
༢༠༠༨/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཕྱི་ཚེས་ ༡༦ ཉིན་ཨ་རིའི་ཧྥེ་ལ་ཌེ་ཧྥི་ཡ་གྲོང་ཁྱེར་ནང་ཉིན་གཅིག་རིང་གི་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཞོར་དུ་གྲོང་ཁྱེར་དེའི་ནང་ཡོད་པའི་ཁལ་མིག་ནང་པའི་གཙུག་ལག་ཁང་ཞིག་ཏུའང་ཕེབས་ཡོད་འདུག

ཁོང་གྲོང་ཁྱེར་དེར་ཕེབས་མ་ཐག་མི་གྲངས་ ༣༠༠ ལྷག་གིས་ཕེབས་བསུ་གནང་ཡོད་པ་རེད། ཁོང་གིས་མང་ཚོགས་ལ་འཚམས་འདྲིའི་ཕྱག་བརྡ་གནང་ཞིང་སྲོལ་རྒྱུན་གྱི་ལེགས་སྐྱེས་ཁག་ཅིག་བཞེས་ཡོད་འདུག དེ་རྗེས་ཁོང་ཉིད་དགེ་འདུན་པ་ ༢༥ ཡིས་སྤོས་སྣེས་དྲངས་ཏེ་མཆོད་ཁང་དུ་ཕེབས་ཤིང་གསོལ་འདེབས་གནང་། གསོལ་འདེབས་སོགས་གྲུབ་རྗེས་༧གོང་ས་མཆོག་མཆོད་ཁང་མདུན་གྱི་བཞུགས་སྟེགས་ཤིག་གི་སྟེང་བཞུགས་ཏེ་སྐར་མ་བཅུ་ཙམ་གྱི་རིང་དགེ་འདུན་པ་ཚོར་སྐུ་རྩེད་སོགས་གནང་ནས་བཞུགས།

ཉིན་དེར་༧གོང་ས་མཆོག་གིས་ར་ཤི་ཡའི་ཁལ་མིག་གི་ནང་བའི་གཙུག་ལག་ཁང་ཞིག་ཏུ་ཆིབས་བསྒྱུར་གནང་བ་དང་། སོག་པོ་ནས་ཆད་ཡོང་བའི་མི་དམངས་བཅས་མི་གྲངས་བརྒྱ་སྐོར་ཞིག་ལ་དབྱིན་སྐད་ཀྱི་ནང་དུ་བཀའ་སློབ་གནང་། ཁོང་གིས་བོད་དང་སོག་པོ་གཉིས་ལ་ཐུན་མོང་གི་ཆ་ཅི་འདྲའི་མང་བོ་ཡོད་པ་དང་། ཁ་འདོན་དགེ་སྦྱོར་ཙམ་གྱིས་མི་འགྲིག་པར་ནང་བའི་ལྟ་གྲུབ་ལ་སློབ་གཉེར་གནང་རྒྱུ་གཙོ་བོ་ཡིན་སྐོར་གསུངས་ཡོད། གཙུག་ལག་ཁང་དེའི་ཕྱི་རོལ་ནས་ཁོང་གིས་གདུགས་སེར་པོ་ཞིག་གི་འོག་ནས་སླར་ཡང་མང་ཚོགས་ལ་གསུང་བཤད་གནང་ཡོད་པ་རེད།

༧གོང་ས་མཆོག་གིས་གྲོང་ཁྱེར་འདིར་ཐོག་མར་ ༡༩༩༠ ལོར་ཆིབས་བསྒྱུར་བསྐྱངས་ཡོད་ལ། དེའི་རྗེས་ནས་ད་བར་ཁྱོན་ཐེངས་ ༥ ལ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད། ཉིན་རྒྱབ་དུ་ཁོང་གིས་ཀིམ་མེལ་བསྟི་གནས་ཞེས་པར་ནང་ཆོས་ཀྱི་རྩ་བའི་ཉམས་ལེན་གྱི་སྐོར་ལ་གསུང་བཤད་གནང་ཡོད་ཅིང་། ཁོང་གི་གསུང་བཤད་གནང་སའི་ཚོགས་ཁང་གི་འཛིན་བྱང་ཡོངས་རྫོགས་བཙོང་ཚར་འདུག ཁོང་འདིར་མ་ཕེབས་སྔོན་དུ་ བྷེ་ཐུ་ལེམ་གྲོང་ཁྱེར་གྱི་ ལེ་ཧ་ཡེ་གཙུག་ལག་སློབ་གཉེར་ཁང་དུ་ཉིན་ལྔའི་རིང་གསུང་བཤད་གནང་ཡོད་པ་རེད། ཕྱི་ཚེས་ ༡༧ ཉིན་༧གོང་ས་མཆོག་ནེའུ་ཡོག་ཏུ་ཆིབས་བསྒྱུར་དང་། དེ་ནས་ཁོ་ལོ་ར་ཌོ་རུ་ཆིབས་བསྒྱུར་གནང་གཏན་འཕེལ་ཡོད་པ་ཅིང་། དེར་ཁོང་ལ་བརྟན་བཞུགས་ཀྱང་འབུལ་གྱི་ཡོད་པ་རེད། ཕྱི་ཚེས་ ༡༩ ནས་ ༢༤ དཅ་དུ་༧གོང་ས་མཆོག་ཝི་སི་ཁོན་སིན་མངའ་སྡེར་ཆིབས་བསྒྱུར་གནང་རྒྱུ་རེད།

མཆན། 1

  1. བདེན་འཚོལ says:
    ལོ་ 13 སྔོན།

    བརྩེ་བའི་བདག་ཉིད་ཆེན་པོ་གོང་ས་མཆོག་ལ་་ངས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist