མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་མི ༣༠༠༠ ཨ་རིར་ལེན་འཆར།

བོད་ཀྱི་དུས་བབ།
༢༠༠༨/༠༧/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་དང་བལ་ཡུལ་གྱི་བཙན་བྱོལ་བོད་མི་ ༣༠༠༠ ཨ་རིར་ཡུལ་མི་གནས་སྤོར་གྱི་ཐོངས་མཆན་སྤྲོད་དགོས་པའི་གྲོས་འཆར་ཞིག་ཨ་རིའི་གྲོས་ཚོགས་ནང་ངོ་སྤྲོད་གནང་ཡོད་པ་རེད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཚེས་ ༡༧ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་རྗོར་རྗི་མེལ་ལར་དང་ཇིམ་སེན་སེན་བྷུ་རན་ནར་ལགས་གཉིས་ཀྱིས་གྲོས་ཚོགས་སུ་བཙན་བྱོལ་བོད་མིའི་རོགས་སྐྱོར་བཅའ་ཡིག་འོག་རྒྱ་གར་དང་བལ་ཡུལ་དུ་ཡོད་པའི་སྐྱབས་བཅོལ་བོད་མི་ ༣༠༠༠ ལ་ཡུལ་མི་གནས་སྤོར་གྱི་ཐོངས་མཆན་སྤྲོད་དགོས་པའི་གྲོས་གཞི་འཆར་ཟིན་ཞིག་ངོ་སྤྲོད་གནང་ཡོད་པ་རེད།

གྲོས་ཚོགས་འོག་མའི་འཐུས་མི་མེལ་ལར་དང་ཇིམ་སེན་སེན་བྷུ་རན་ནར་ལགས་གཉིས་ནི་ལོ་འདིའི་ཕྱི་ཟླ་གསུམ་པའི་ནང་ཨ་རིའི་གྲོས་ཚོགས་ཚོགས་གཙོ་ལྕམ་ནན་སེ་པེ་ལོ་སི་མཆོག་དང་ལྷན་དུ་སྐུ་ཚབ་མི་ ༡༠ བཞུགས་སྒར་ངྷ་རམ་ས་ལར་ཕེབས་པའི་གྲས་ཡིན་ལ། ཁོང་ཚོས་༧གོང་ས་མཆོག་ལ་བོད་ནང་རྒྱ་མིས་བཙན་གནོན་བྱེད་པ་དེར་ཐུགས་འཚབ་ཡོད་སྐོར་ཞུས་ཤིང་། གོང་གསལ་འཐུས་མི་རྣམ་གཉིས་ནས་བཙན་བྱོལ་བོད་མི་ཚོར་རོགས་སྐྱོར་ཅི་དགོས་ཐད་ལ་རྟོག་ཞིབ་གནང་ཡོད་པ་རེད།

ཁོང་ཚོས་ངྷ་རམ་ས་ལར་གཟིགས་སྐོར་གནང་སྟེ་ཕྱི་ཟླ་ ༤ པའི་ཚེས་ ༣ ཉིན་གྲོས་ཚོགས་ནང་གྲོས་ཆོད་ཨང་ ༡༠༧༧ པ་བཞག་སྟེ་རྒྱ་ནག་གི་དྲག་པོའི་རྒོལ་རྡུང་མཚམས་འཇོག་དགོས་པ་དང་། ངོ་རྒོལ་བྱེད་མཁ་རྣམས་གློད་དགོས་པ། བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཆེད་རྒྱལ་སྤྱིའི་གསར་འགོད་པར་རང་དབང་གི་གནས་ཚུལ་བསྡུ་ལེན་བྱེད་དུ་འཇུག་རྒྱུ། ༧གོང་ས་མཆོག་གི་སྐུ་ཚབ་རྣམ་པ་མཉམ་དུ་གྲུབ་འབྲས་ལྡན་པའི་གྲོས་མོལ་བྱེད་དགོས་པ་སོགས་ཀྱི་འབོད་སྐུལ་གནང་ཡོད།

ཕྱི་ཚེས་ ༡༧ ཉིན་བོད་མི་ ༣༠༠༠ ལ་ཡུལ་མི་གནས་སྤོར་གྱི་ཐོངས་མཆན་དགོས་སྐོར་ཞུས་སྐབས་གྲོས་ཚོགས་འཐུས་མི་ མེལ་ལར་ལགས་ཀྱིས། ང་ཚོའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ངོ་ཚབ་ཆུང་ཆུང་ཞིག་ལས་མཚོན་གྱི་མེད་ནའང་བོད་མི་ཚོར་རོགས་པ་བྱེད་པར་གྲོས་ཚོགས་འོག་མ་འདིའི་ངོས་ནས་སྤོ་ཐུབ་པའི་གོམ་པ་གལ་ཆེན་ཞིག་ཡིན་ཅེས་དང་། བོད་མི་རྣམས་ཀྱིས་རྒྱ་ནག་གི་གདུག་རྩུབ་འོག་བསམ་ཡུལ་ལས་འདས་པའི་མནར་གཅོད་མྱོང་གི་ཡོད་སྟབས། ཨ་རིའི་གཞུང་གིས་ངེས་པར་དུ་སྐྱབས་བཅོལ་རོགས་སྐྱོར་གྱི་ངོས་ལེན་བྱེད་དགོས་པ་རེད། ངས་སྤྱི་མཐུན་ཚོགས་པའི་འཐུས་མི་ཇིམ་སེན་སེན་བྷུ་རན་ནར་ལགས་དང་ཕྱག་རོགས་གཞན་པ་ཚོ་མཉམ་དུ་དམིགས་བསལ་གྱི་ལས་དོན་འདི་སྒྲུབ་རྒྱུའི་གོ་སྐབས་བྱུང་བར་དགའ་སྤྲོ་སྐྱེས་ཡོད། གྲོས་འཆར་འདི་ཡར་ཕྱིན་པ་དང་མཉམ་དུ་དབུས་གཞུང་དང་མཉམ་དུ་ཕྱག་ལས་གནང་རྒྱུར་རེ་བ་བྱེད་པར་སྒུག་ཡོད་ཅེས་གསུངས་ཡོད་པ་རེད།

ཇིམ་སེན་སེན་བྷུ་རན་ནར་ལགས་ཀྱིས་གསུངས་དོན། ཏཱ་ལའི་བླ་མ་དང་བོད་མི་ནང་པ་སངས་རྒྱས་པ་ཚོའི་ཞུ་སྐུལ་ནི་ཡོངས་གྲགས་རེད། ཕྱི་ཟླ་ ༣ པའི་ནང་གི་ང་ཚོའི་འགྲུལ་སྐྱོད་སྐབས་ང་རང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་མཇལ་རྒྱུ་བྱུང་བ་སོགས་རང་གི་མི་ཚེའི་ནང་བརྗེད་མི་ཐུབ་པའི་ཉམས་མྱོང་བྱུང་། སྐབས་དེར་བོད་མི་རིགས་ལ་ཕལ་ཆེར་གདམ་ཀ་ལྷག་མེད་དུས་ཀྱི་བོོད་མིའི་ཞུ་སྐུལ་སྐོར་ལ་བཀའ་མོལ་ལྷུག་པོ་དང་རྒྱས་པ་བྱུང་། ཅེས་གསུངས་ཡོད་པ་རེད།

ཕྱི་ཟླ་ ༣ པའི་ནང་ངྷ་སར་ཕེབས་སྐབས་ཇིམ་སེན་སེན་བྷུ་རན་ནར་ལགས་ཀྱིས། ཨ་རིའི་གྲོས་ཚོགས་ཀྱི་ནང་དུ་དམངས་གཙོ་དང་སྤྱི་མཐུན་ཚོགས་པའི་འཐུས་མི་སུ་ཡིན་ནའང་བོད་ཀྱི་གནད་དོན་དང་བོད་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་དང་བོད་ནང་གི་བཙན་གནོན་འགོག་པའི་ཆེད། དེ་བཞིན་འཛམ་གླིང་གང་སར་འདི་ལྟའི་གནད་དོན་འགོག་པ་ལ་ཁྱད་པར་ཡོད་པ་མ་རེད་ཅེས་གསུངས་ཡོད།

༢༠༠༦ ལོར་སྐྱབས་བཅོལ་གཞིས་ཆགས་ཀྱི་ལས་རིམ་ཁྲོད་ཨ་རིས་བལ་ཡུལ་གྱི་བོད་མི་ ༥༠༠༠ ལ་ཡུལ་མི་གནས་སྤོར་གྱི་གོ་སྐབས་སྤྲད་ཀྱང་། རྒྱ་ནག་གི་གནོན་ཤུགས་འོད་བལ་ཡུལ་གཞུང་གིས་ཡ་མེད་བྱས་སྟབས་ད་དུང་ལྷག་བསྡད་ཡོད་པ་རེད།

མཆན། 1

  1. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    འདིའི་ཐད་བསམ་ཚུལ་འདྲ་ཡོད་ན་གཤམ་དུ་འབྲི་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist