མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་རིགས་མི་དམངས་ལ་རེ་བ་རྒྱག་དགོས།

བོད་ཀྱི་དུས་བབ།
༢༠༠༨/༠༧/༢༩
Share on FacebookShare on TwitterShare on EmailShare on Whatsapp

གངས་ཅན་པ་ཟེར་བའི་མིང་དེ་མ་ཤི་བར་འདུག་རྒྱུ་རེད། ས་གང་ཞིག་ནས་སྐྱེས་ཀྱང༌། སོ་སོའི་ཕུང་བོའི་གྲུབ་ཆ་དེ་བོད་གངས་ཅན་པའི་ཁུ་ཁྲག་ཡིན་སྟབས། མ་ཤི་བར་བོད་པ་ཞེས་པའི་མིང་དེ་འདོར་ཐབས་ཡོད་པ་མ་རེད། དེར་བརྟེན་བོད་པ་ཞིག་ཡིན་པ་ནས་བཟུང༌། མ་ཤི་བར་དུ་བོད་སྤྱི་བའི་འགན་དེ་འཁྲི་ཡོད། དུས་ནམ་ཡང་བོད་སྤྱི་བའི་དོན་དག་རྗེད་སྲོལ་ཡོད་པ་མ་རེད། ད་ལྟའི་བར་ཚང་མས་ཧུར་ཐག་བྱས་ཡོད་ལ། ད་དུང་ཡང་ཧུར་ཐག་བྱེད་རོགས་ཟེར་རྒྱུ་ཡིན་ཞེས་༧གོང་ས་མཆོག་གིས་གསུངས་ཡོད།

ཐེངས་འདིར་༧གོང་ས་མཆོག་ཨ་རིའི་ཁུལ་དུ་ཟླ་ཕྱེད་རིང་མཛད་འཕྲིན་བསྐྱངས་པ་དང་སྟབས་བསྟུན། ཁེ་ན་ཌ་དང་བྱང་ཨ་རིའི་ཁུལ་དུ་ཡོད་པའི་བོད་རིགས་གཅིག་ཁྲི་ཉིས་སྟོང་ ༡༢༠༠༠ ལྷག་མཉམ་རུབ་ཀྱིས་ཕྱི་ཚེས་ ༢༤ ཉིན་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་ཡོད་པ་དང༌། བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་ལ་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ་མཆོག་ཆེད་དུ་གདན་འདྲེན་ཞུས་ཡོད། སྐབས་དེར་བྱང་ཨ་རིའི་ཁུལ་གྱི་བོད་རིགས་དྲུག་སྟོང་ ༦༠༠༠ ཙམ་འདུ་འཛོམ་སར་༧གོང་ས་མཆོག་གིས་བོད་ཀྱི་རིག་གཞུང་གཅེས་འཛིན་དང༌། བོད་མི་རིགས་ཀྱི་ལྟ་བ་མཁྲེགས་འཛིན། བོད་ཀྱི་བདེན་དོན་འཐབ་རྩོད་བྱེད་ཕྱོགས་བཅས་ཀྱི་ཐད། ཟབ་རྒྱས་གསུང་གི་བདུད་རྩི་བསྩལ་ཡོད། ཁོང་གིས་བོད་ཀྱི་རིག་གཞུང་གཅེས་འཛིན་ཐད་གསུང་དོན། ང་ཚོས་སེམས་ཁུར་ཆེན་པོ་བྱས་ཏེ་ད་ལྟའི་བར་བོད་ཀྱི་ཆོས་དང་རིག་གཞུང་ཞེས་བཤད་བསྡད་ཡོད། རྒྱ་གར་ལ་ཆ་བཞག་ན་ཧི་མ་ལ་ཡའི་རི་རྒྱུད། ཆོས་དང་རིག་གཞུང་ང་ཚོ་བོད་དང་གཅིག་གྱུར་ཡིན་པའི་ནུབ་ལ་དྭགས་ནས། ཤར་མོན་ཡུལ་བར་མི་སྐྱ་ཕོ་མོ་ཚོས་ནང་ཆོས་ལ་དོ་སྣང་གིས་བགྲོ་གླེང་བྱེད་ཀྱིན་ཡོད། བོད་པའི་སྤྱི་ཚོགས་ནང་དུའང་དེང་དུས་ཀྱི་སློབ་གྲྭ་ཐོན་ཡོད་པ་དང༌། གཞུང་གི་ལས་བྱེད་ཡིན་པ་མང་པོས་ནང་ཆོས་བགྲོ་གླེང་གོ་བསྡུར་བྱེད་ཀྱིན་འདུག དེ་ཚོར་གྲུབ་འབྲས་གང་འཚམ་ཐོན་ཡོད་པ་རེད། འདས་པའི་ལོ་གཅིག་གཉིས་ནང་སློབ་གྲྭ་ནང་གི་བྱིས་པ་དང༌། མཐོ་སློབ་ཀྱི་སློབ་མ་ཚོས་དུས་ནས་དུས་སུ་ནང་ཆོས་ལ་སློབ་གཉེར་བྱེད་ཀྱིན་ཡོད། ཁྱེད་ཚོས་འདི་ནས་ནང་ཆོས་སློབ་པར་བླ་མ་དགེ་རྒན་ཆེད་དུ་གདན་འདྲན་ཞུ་དགོས་པ་དེ་འདྲ་མ་རེད། རང་ཐག་རང་གཅོད་ཀྱིས་བགྲོ་གླེང་སྦྱང་བཤད་བྱས་ཏེ། ཤེས་ཡོན་དང་ཤེས་བྱ ཞིག་ལ་གཞི་བཞག་སྟེ། སློབ་སྦྱོང་བྱ་རྒྱུ་གལ་ཆེ། ཆོས་ལ་དད་པ་བྱེད་དང་མི་བྱེད་སོ་སོའི་འདོད་པ་རེད། ཕྱི་རྒྱལ་ཁག་ཏུ་དགོན་པ་དང་བོད་པའི་ཆོས་ཚོགས་མང་པོ་ཡོད། དེ་དག་གི་ངོས་ནས་ཀྱང་ཕན་ཚུན་མཉམ་རུབ་བྱས་ཏེ། ནང་ཆོས་བགྲོ་གླེང་སོགས་ཀྱི་མཐུན་རྐྱེན་སྦྱོར་ཐུབ་ན་ཡག་པོ་འདུག བླ་མ་སློབ་མའི་འདུ་ཤེས་དང་ཆོས་ཞུ་བའི་རྣམ་པ་མིན་པར་ནང་ཆོས་བགྲོ་གླེང་བྱ་ཐུབ་ན་ཡག་པོ་རེད་ཅེས་གསུངས་ཡོད།

སྤྱིར་སུ་ལའང་མི་རིགས་ཀྱི་ལྟ་བ་མཁྲེགས་འཛིན་ཞེས་ན། དེ་ཙམ་སྙན་པོ་མེད་ཀྱང་། ཐེངས་འདིར་༧གོང་ས་མཆོག་གིས་བོད་ཀྱི་རིག་གཞུང་གི་རིན་ཐང་དེ་བོད་མི་རིགས་ཀྱི་ངོ་བོར་སྦྱར་དེ། བོད་མི་རིགས་ཀྱི་ལྟ་བ་དང་གདེང་སྤོབས་ཀྱི་གལ་ཆེའི་རང་བཞིན་གསུངས་དོན། མི་རིགས་ཀྱི་ལྟ་བ་དེ་གལ་ཆེན་པོ་རེད། ང་ཚོར་ཅི་ཙམ་གྱིས་རིག་གཞུང་རྩ་ཆེན་པོ་དང་གཏིང་ཟབ་པོ་ཞིག་ཡོད་པ། དེ་ཙམ་གྱིས་སོ་སོའི་མི་རིགས་ཀྱི་ལྟ་བ་དང༌། མི་རིགས་ཀྱི་སྤོབས་པ་དགོས། དཔེར་ན། རྒྱ་མིའི་གྲོགས་པོ་ཚོར་མཚོན་ན་སོ་སོར་སྤོབས་པ་འདུག ཁོང་ཚོ་མི་འབོར་ཆེན་པོ་ཡིན་ཞེས་བཤད་ཀྱིན་འདུག་ལ། གཙོ་ཆེ་ཤོས་རྒྱ་ནག་གི་རིག་གཞུང་ལོ་ལྔ་སྟོང་གི་ཡིན་ཞེས་སྤོབས་པ་བྱེད་ཀྱིན་འདུག ང་ཚོ་བོད་པར་མཚོན་ནའང་སོ་སོའི་རིག་གཞུང་ཕྱུག་པོ་དང༌། ཁ་ཡོད་ལག་ཡོད་དུས་རབས་དང་མཐུན་ཞིང༌། འཛམ་གླིང་ལ་ཕན་ཐོགས་པ་ཞིག་ཡིན་སྟབས་སྤོབས་པ་སྐྱེ་ཆོག དེ་བཞིན་སོ་སོའི་སྐད་ཡིག་ལ་ཆ་བཞག་ན། བོད་པའི་སྐད་ཡིག་ཡར་རྒྱས་འགྲོ་ས་མ་རག་པའི་ཚན་རིག་སོགས་སུ་བོད་སྐད་ཀྱིས་མི་འདང་ས་ཡོད་པ་ལས། བོད་སྐད་ཡར་རྒྱས་འགྲོ་ས་བྱུང་པའི་བོད་སྐད་ཡར་རྒྱས་གཏོང་སའི་གཞི་དེ་ལོ་སྟོང་ཕྲག་རིང་གི་ནང་ཆོས་ཀྱི་ལྟ་གྲུབ་དེ་ཆགས་ཡོད་སྟབས། འཛམ་གླིང་འདིར་སངས་རྒྱས་ཆོས་ཀྱི་དགོངས་པ་ཡོངས་རྫོགས་ལེན་པར་བོད་སྐད་དང་བོད་ཡིག་ལས་ལྷག་པ་ཞིག་ཡོད་པ་མ་རེད། རྒྱ་ཡིག་དང་བོད་ཡིག་བསྡུར་ན། བོད་ཡིག་གཏིང་ཟབ་པ་ཆགས་ཡོད། རྒྱ་ནག་གི་རིག་གཞུང་དེ་ཚོ་ཁོན་ཙིའི་ལྟ་གྲུབ་དང་འབྲེལ་ཡོད། དེ་ཚོ་སྤྱིར་བཏང་གི་འགྲོ་སྟངས་རེད། སྟོང་ཉིད་དང་རྟེན་འབྱུང་ཟེར་བ་ལྟ་བུའི་རྒྱ་ཆེན་པོ་ཡོད་པ་མ་རེད། དེར་བརྟེན་ང་བོད་པ་ཡིན་བསམ་དུས་སྤོབས་པ་སྐྱེ་པ་ཞིག་དང༌། གདེང་ཚོད་སླེབས་པ་ཞིག་དགོས་པ་རེད། ང་ཚོ་ལུང་པ་དང་བྲལ་ནས་སྐྱབས་མེད་མགོན་མེད། ང་ཚོར་གང་ཡང་མེད་བསམ་པའི་ཨ་ཆད་ཨུ་ཐུག་ནས་མི་སྡོད་པར། ང་ཚོ་འཛམ་གླིང་འདིའི་སྟེང་ན་ལོ་རྒྱུས་རིང་པོ་ཡོད་པ་ཞིག རིག་གཞུང་ཕྱུག་པོ་ཡོད་པ་ཞིག ནང་པའི་བསྟན་པ་ཡོངས་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ཞིག་ཡིན་བསམ་པའི་སྤོབས་པ་དགོས། བོད་ནང་གི་རྒྱ་ཆེའི་མི་དམངས་ལ་དཀའ་ངལ་དེ་ཙམ་ཡོད་ཀྱང༌། སེམས་ནང་གི་སྤོབས་པ་ཞེ་དྲག་ཡག་པོ་འདུག ངས་རྒྱ་མི་ཚོར་འདི་ལྟར་བཤད་ཀྱིན་ཡོད། རྒྱ་ནག་གཞུང་གིས་དགོངས་པ་ཡག་པོ་བཞེས་ཚད་རེད། ད་ལྟའི་གངས་ལྗོངས་ཀྱི་གནས་ཚུལ་དེ་གློ་བུར་དུ་བྱུང་བ་ཞིག་མ་རེད། ལྔ་བཅུ་ང་གྲངས་ནས་དཀའ་ངལ་མང་པོ་འཕྲད་མཁན་དེ་ཚོའི་མི་རབས་རྫོགས་འགྲོ་བཞིན་ཡོད་ཀྱང༌། ཕ་མའི་སྐབས་ལ་དཀའ་ངལ་ཕྲད་པ་དེ་བུ་ཕྲུག་ཚོའི་སེམས་ནང་ལ་གནས་ཡོད། བུ་ཕྲུག་ཚོ་ཕ་མ་ཆགས་ཏེ། བུ་ཕྲུག་གི་བུ་ཕྲུག་སོགས་བརྒྱུད་ཡོང་དུས་སེམས་ནང་གི་དཀའ་ངལ་དེ་ལུས་ཡོད་སྟབས། དུས་ད་ལྟའི་བར་བོད་ནང་ལ་དུས་ནས་དུས་སུ་རྐྱེན་དང་འཕྲད་ན་གནས་ཚུལ་ཡོང་གིན་འདུག ཕྱིས་སུ་དེ་འདྲ་མ་ཡོང་བའི་ཆེད་དུ་རྩ་དོན་གྱི་ཐོག་ལ་དགོངས་པ་བཞེས་དགོས་པ་རེད། དྲག་གནོན་བྱེད་པས་ཕན་གི་མ་རེད་ཅེས་བཤད་པ་ཡིན། བོད་རྒྱ་ཆེའི་མི་དམངས་ཚོར་དཀའ་ངལ་ཞེ་དྲག་ཡོད། ཡིན་ནའང༌། ང་ཚོ་གངས་ཅན་པ་ཡིན་བསམ་པའི་ལྟ་བ་དང༌། ང་ཚོ་གངས་ཅན་པ་ཡིན་བསམ་པའི་རིགས་ཞེན་དེ མཁྲེགས་པོ་འདུག གཞན་གྱི་བཙན་དབང་འོག་བསྡད་ཡོད་པ། སྲོག་ལ་ཉེན་ཁ་ཡོད་པ་དེ་ཚོར་དེ་འདྲའི་གདང་སྤོབས་ཤིག་ཡོད་ན། རང་དབང་ལུང་པར་ཡོད་པ་ཚོ་གཞིས་ལུས་རྒྱ་ཆེ་མི་དམངས་ཀྱི་རེ་བ་བཅོལ་ས་དང༌། མིག་འབུར་གཏོད་ས་ཡིན་བསམ་པའི་ཐོག་ནས། སེམས་ཤུགས་བསྐྱེད་དེ་ཧུར་ཐག་བྱེད་དགོས་ཞེས་བཀའ་གནང་ཡོད། 

ཡང་ཁོང་གིས་བོད་དོན་བདེན་པའི་འཐབ་རྩོད་དེ་འཚེ་མེད་ཞི་བའི་ལམ་ལ་བརྟེན་དགོས་ཚུལ་གསུངས་དོན། ང་ཚོའི་འཐབ་རྩོད་དེ་བདེན་དོན་ཆེད་རེད། བདེན་པ་ཡོད་པའི་རྐྱེན་གྱིས་འཚེ་བ་མེད་པའི་ལམ་ལ་འགྲོ་བར་ང་ཚོར་སྤོབས་པ་ཡོད་ལ། འཚེ་བ་མེད་པའི་ལམ་ལ་བརྟེན་ནས་བདེན་དོན་ཐག་གཅོད་བྱ་རྒྱུ་དམིགས་ཡུལ་དང་མཐུན་པ་རེད། དུས་རབས་ཉི་ཤུ་བ་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཆགས་ཡོད་སྟབས། དུས་རབས་ཉེར་གཅིག་པ་མི་གསོད་ཁྲག་སྦྱོར་མེད་པའི་དུས་རབས་ཤིག་བཟོ་དགོས། དེ་སེམས་ལ་འཁྱེར་ཡོད་ལ། རེ་བ་བརྒྱབས་ཡོད། སོ་སོས་འབད་བརྩོན་ཡང་བྱེད་ཀྱིན་ཡོད། དེར་བརྟེན་ང་ཚོས་བདེན་དོན་འཐབ་རྩོད་དེ་མཐའ་གཅིག་ཏུ་འཚེ་བ་མེད་པའི་ལམ་ལ་བརྟེན་རྒྱུ་གལ་ཆེ། དབུ་མའི་ལམ་ཟེར་བ་དེ་གཉིས་ཕན་ཞིག་ལ་བསམ་བློ་གཏོང་གིན་ཡོད། ཕུགས་རྒྱང་རིང་པོ་ཞིག་ལ་བསམ་བློ་གཏོང་གིན་ཡོད། ཅེས་དང༌། ང་ཚོས་རྒྱ་རིགས་མི་དམངས་ནང་ལ་འབྲེལ་བ་བྱ་རྒྱུ་དེ་ཞེ་དྲག་གལ་ཆེན་རེད། བར་སྐབས་ཤིག་ནས་ངས་འདི་ལྟར་འབོད་སྐུལ་བྱེད་ཀྱིན་ཡོད། རྒྱ་རིགས་དང་བོད་རིགས་གཉིས་ཀ་ཡོད་ས་ཞིག་ལ། རྒྱ་བོད་མཛའ་མཐུན་ཚོགས་པ་འཛུགས་དགོས་ཀྱིན་འདུག་ཅེས་འབོད་སྐུལ་བྱས་ཡོད། ང་ཚོ་བདེན་པའི་བདག་པོ་ཡིན་དུས། ང་ཚོས་རྒྱབ་ལྗོངས་མང་པོ་བཙལ་དགོས་དོན་མེད། ང་ཚོས་རྒྱ་མི་རིགས་ནང་ལོག་ལ་སྐད་ཆ་བཤད་སྐབས་སྤོབས་པ་ཡོད། ང་ཚོས་རྒྱ་མི་རིགས་ལ་འཁོན་འཛིན་བྱེད་ཀྱིན་མེད། གཉིས་ཕན་གྱི་ལམ་དུ་འགྲོ་བཞིན་ཡོད། རང་རྒྱལ་གཞན་ཕམ་ཟེར་གྱིན་མེད། རྒྱ་མི་འགའ་རེ་རྒྱ་ནག་གཞུང་གི་ཧམ་བཤད་ལ་མགོ་འཁོར་ཏེ། སྔོན་མ་ང་ཨ་རིར་ཡོང་སྐབས། ངོ་རྒོལ་བྱེད་མཁན་ཡོང་གིན་འདུག། དེ་བཞིན་འཇར་མན་ནས་བྱུང་འདུག དབྱིན་ཡུལ་ནས་ཀྱང་བྱུང་སོང༌། ད་རེབ་ཨ་རིར་ཡོང་དུས་ཁུ་སིམ་པོ་འདུག དོལ་རྒྱལ་ཚོགས་པ་དེ་ཚོས་རེ་ཟུང་ཡོང་གིན་འདུག་མ་གཏོགས། རྒྱ་མི་ངོ་རྒོལ་བྱེད་མཁན་དེ་འདྲ་མི་འདུག ད་ལྟ་ཁོང་ཚོས་བདེན་པའི་གནས་ཚུལ་ཏོག་ཙམ་ཧ་གོ་གིན་ཡོད་པ་འདྲ༌། ང་ཚོས་རྒྱ་མི་རིགས་ལ་ངོ་རྒོལ་བྱེད་ཀྱིན་མེད། ང་ཚོ་རྒྱ་མི་རིགས་དང་མཉམ་དུ་འདུག་གི་མིན་རང་བཙན་དགོས་ཟེར་གྱིན་མེད་པ་གསར་གྱུར་བརྒྱུད་ལམ་ཁག་ནས་ཁོང་ཚོས་ཤེས་ཡོད། རྒྱ་བོད་མཛའ་མཐུན་ཚོགས་པ་བཙུགས་ཏེ། བོད་པ་ཚོ་འཛོམ་སར་རྒྱ་མི་ཚོ་སྐད་བཏང༌། རྒྱ་མིའི་དུས་ཆེན་ཁག་ལ་བོད་པ་ཚོ་ཕར་སོང༌། དེ་ལྟར་གྲོགས་པོ་བཟོས་ཏེ་ང་ཚོའི་བདེན་པའི་གནས་ཚུལ་བཤད་ན། ཏན་ཏན་རེ་བ་ཆེན་པོ་ཡོད། ད་ང་ཚོས་རྒྱ་མི་རིགས་ལ་རེ་བ་རྒྱག་རྒྱུ་གལ་ཆེན་པོ་རེད། རྒྱ་ནག་དཔོན་རིགས་དེ་ཚོ་གུ་དོག་པོས་དོགས་པ་རྣམ་རྟོག་གིས་ཕོངས་འདུག འོན་ཀྱང་ཡིད་ཐང་ཆད་མི་རུང༌། རྒྱ་མི་རིགས་དང་མཉམ་དུ་མུ་མཐུད་ནས་འབྲེལ་བ་བྱ་རྒྱུ་གལ་ཆེན་པོ་རེད། གངས་ཅན་པ་ཟེར་བའི་མིང་དེ་མ་ཤི་བར་འདུག་རྒྱུ་རེད། གང་ཞིག་ནས་སྐྱེས་ཀྱང༌། སོ་སོའི་ཕུང་བོའི་གྲུབ་ཆ་དེ་བོད་གངས་ཅན་པའི་ཁུ་ཁྲག་ཡིན་སྟབས། མ་ཤི་བར་བོད་པ་ཞེས་པའི་མིང་དེ་འཁྲུ་རྒྱུ་ཡོད་པ་མ་རེད། དེར་བརྟེན་བོད་པ་ཞིག་ཡིན་པ་ནས་མ་ཤི་བར་དུ་བོད་སྤྱི་བའི་འགན་དེ་འཁྲི་ཡོད། དུས་ནམ་ཡང་བོད་སྤྱི་བའི་དོན་དག་བརྗེད་ཐབས་ཡོད་པ་མ་རེད། ད་ལྟའི་བར་ཚང་མས་ཧུར་ཐག་བྱས་ཡོད་པ་རེད་ལ། ད་དུང་ཡང་ཧུར་ཐག་བྱེད་རོགས་ཟེར་རྒྱུ་ཡིན། ཞེས་གསུངས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༦ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

མཆན། 8

  1. རྣམ་གླིང་པའི་བྱ་རྒོད། says:
    ལོ་ 18 སྔོན།

    ༆ ལྷན་རྒྱས་ཚོས་བཀའ་མོལ་ཤིན་ཏུ་སྙན་བོ་གསུངས་འདུག། འོན་ཀྱང་དངོས་ཡོད་ཀྱི་དོ་བདག་སོ་སོའི་སྟངས་འཛིན་འོག་ད་བར་ཁ་ཡོད་ལག་ཡོད་ཀྱི་བོད་ཀྱི་བསྟན་སྲིད་ལ་དམན་པའི་མཛད་རྗེས་ཅན་ཡོད་འགྲོ། །

    Reply
  2. ཀླུ་མཁར་བྱམས། says:
    ལོ་ 18 སྔོན།

    སྐལ་བཟང་བཤད་
    སྟངས་ཤིག་ལ་མི་དགའ། དེ་ནི་ང་ཚོའི་ཆེ་གེ་མོ་ཚོས་བོད་དོན་བཤད་སྐབས་ནང་ཆོས་གཙོ་འདོན་བྱེད་པ་ལས་མི་རགས་རང་ཉིད་ཀྱི་རྒྱལ་རབས་དང་ལོ་རྒྱུས། རྩོམ་རིག སོགས་ལ་དོ་སྣང་བྱེད་དགོས་ཞེས་བཀའ་གསུང་གནང་བ་ཤིན་ཏུ་ཉུང་། གཅིག་བྱས་ན་ལྷན་རྒྱས་ཕྱོགས་འདིར་རྒྱུས་མྱོང་མེད་པས་ཡིན་ཡང་སྲིད། ངས་བལྟས་ན། རང་མ་རིགས་ཀྱི་ལོ་རྒྱུས་ཀྱི་བླ་སྲོག་ཡལ་སོང་བའི་མི་ཞིག་དང་རང་མི་རིགས་ཀྱི་རྩོམ་རིག་གི་བླ་སྲོག་ཉམ་སོང་བའི་མི་ཞིག་གིས་ཡག་ཤོས་ཡིན་ན་མི་རིགས་འདིའི་བདེ་སྡུག་མ་བཤད་ན་ཡག་པོ་འདུག ཡིན་ཡང་། ནང་ཆོས་རྐྱང་བ་བཤད་བས་འཛམ་གླིང་འདི་ནང་པ་ཞེ་གཅིག་བཟོ་གིན་ཡིན་ཟེར་ན་གནས་ཚུལ་ཐ་དད་རེད། དེ་ང་ལ་འབྲེལ་བ་ཅི་གང་མེད།

    Reply
  3. ཀླུ་མཁར་བྱམས། says:
    ལོ་ 18 སྔོན།

    རེ་བ་གཞན་ལ་རྒྱག་པ་ནི་སེར་མོ་བའི་གོམས་སྲོལ་ཞིག་རེད། ཡིན་ནའང་། རང་མགོ་ཨེ་ཐོན་ལྟ་རྒྱུ་ནི་སྐྱ་པོ་ཚོའི་ན་ཟུག་ཡིན། དེ་ཕྱིར་སུ་ཞིག་གིས་རེ་བ་རྒྱ་ལ་བཅོལ་དགོས་ཟེར་ང་དེར་དགག་པ་མཐའ་གཅིག་ཏུ་རྒྱག་གི་ཡིན།

    Reply
  4. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 18 སྔོན།

    བགྲོ་གླེང་ཚ་བོ་འདུག དགའ་བོ་བྱུང་། བོད་དོན་སེལ་ཕྱོགས་ཐད་ནས་ང་ཚོས་བརྒྱ་ཆ་ཇི་ལྟར་བཀར་ཀྱང་རུང་། དེ་ནི་རང་ཉིད་ཀྱི་སེམས་ཚོར་ཙམ་ལས་ད་ཡོད་ཀྱི་རྒྱལ་སྤྱིའི་ཁྲིམས་སྲོལ་དང་སྒོ་བསྟུན་བྱས་ནས་བཤད་པ་ཞིག་མ་རེད། དེང་སྐབས་རྒྱལ་སྤྱིའི་ཀྲིམས་སྲོལ་སྤྱི་དང་བྱེ་བྲག་མི་རིགས་རང་ཐག་རང་གཅོད་བྱེད་ཕྱོགས་སྐོར་ལ་གཏན་འབེབས་བྱས་པའི་སྲོལ་ཡིག་གསལ་བོ་བཏོན་ཡོད་ལ། དྲ་གྲོགས་ཚོས་གོང་གསལ་གྱི་གནད་དོན་འདི་དག་ལ་དོ་སྣང་བྱེད་ཞོར་ངེས་པར་དུ་རྒྱལ་སྤྱི་རང་བཞིན་གྱི་ཁྲིམས་སྲོལ་ཁག་ལ་ཟུར་ལྟ་བྱེད་རྒྱུ་མ་བརྗེད་རོགས།

    Reply
  5. ཀརྨ་དོན་གྲུབ། says:
    ལོ་ 18 སྔོན།

    རྒྱ་མི་རིགས་ཀྱིས་ངོ་མས་རྒྱབ་སྐྱོར་ཞིག་བྱེད་ཚེ་བརྒྱ་ཆའི་གྲངས་ཀ་དེ་ཡར་སྤར་ཆོག་མོད། ང་ལ་ཐེ་ཚོམ་ཡོད། བོད་ཀྱི་དཀའ་ངལ་རྒྱ་མིས་སེལ་རྒྱུའི་རྨི་ལམ་འདི་ངས་མཚམས་འཇོག་བྱས་ཡོད། ངས་བལྟས་ན་བོད་ཟ་འདོད་ཀྱི་ཧམ་པ་ནི་གུང་ཁྲན་ཏང་གཅིག་པོར་ཡོད་པ་མ་རེད། རྒྱ་མི་རིགས་ལ་ཧམ་པ་འདི་ཡོད་གི་རེད། ཡིན་ནའང་སྐུ་ཉིད་ནས་བསམ་ཚུལ་བཏོན་པ་དེར་ཐུགས་རྗེ་ཆེ།

    Reply
  6. གནས་ཚང་། says:
    ལོ་ 18 སྔོན།

    སྐུ་ཞབས་ཀརྨ་དོན་གྲུབ་ལགས་ཀྱི་དབྱེ་སྟངས་འདི་ཧ་ཅང་ཡག་པོ་འདུག འདི་བསམ་བློ་གཏོང་ཕྱོགས་ཡན་གར་བ་ཞིག་ཏུ་མཐོང་། ཡིན་ནའི། བཙན་བྱོལ་བོད་མི་དང་རྒྱ་མིའི་བརྒྱ་ཆར་བརྗེ་བོ་རྒྱག་འོས་པར་སྙམ། ༡ བོད་དོན་སེལ་དགོས་ན། རྒྱ་མི་རིགས་ཀྱི་རྒྱབ་བསྐྱོར་དང་ཁ་འབྲལ་ཐུབ་མེད། ༢ ད་ལོ་བོད་པའི་གྱེན་ལངས་ལ་རྒྱ་མིས་ངོ་རྒོལ་གཞིར་བྱས་འཛམ་གླིང་ལ་བསྐྱེད་པའི་དངངས་འཚབ་ཀྱིས་དོན་དག་འདི་ངོ་འཕྲོད་ཐུབ་ཀྱི་ཡོད།

    Reply
  7. ཀརྨ་དོན་གྲུབ། says:
    ལོ་ 18 སྔོན།

    རྒྱ་རིགས་མི་དམངས་ལ་རེ་བ་རྒྱག་པ་ནི་ང་ཚོའི་རེ་བ་མཐའ་དག་གི་ནང་ནས་བརྒྱ་ཆ་ ༡༠ ལྟ་བུ་ཞིག་ཡིན་པར་འདོད། དེའི་ཕན་གྱི་བརྒྱ་ཆ་ ༥ ནི་རྒྱ་ནག་གཞུང་ལ་བཅོལ་དགོས་པ་རེད། བརྒྱ་ཆ་ ༥ ནི་མཉམ་འབྲེལ་རྒྱལ་ཚོགས་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་བཅོལ་དགོས་པ་རེད། བརྒྱ་ཆ་ ༥ ནི་ཧི་མ་ལ་ཡའི་རི་རྒྱུད་ལ་བཅོལ་དགོས་པ་རེད། བརྒྱ་ཆ་ ༥ ནི་རང་བྱུང་གི་འགྱུར་ལྡོག་དང་རང་བཞིན་གྱི་བྱུང་བ་ལ་བཅོལ་དགོས་པ་རེད། རང་བཞིན་གྱི་བྱུང་བ་ནི་གོ་ལ་གཅིག་གྱུར་ལྟ་བུ་འགྲོ་བ་མིའི་སྤྱི་ཚོགས་ཁྲོད་མི་མངོན་པར་ཡོང་བཞིན་པའི་ནུས་ཤུགས་འདིའི་རིགས་ཡིན། ང་ཚོའི་ཁ་རྒྱབ་གཉིས་ཀར་འགྱུར་བ་སྣ་ཚོགས་ཤིག་ཡོང་གི་འདུག་པ་ལྟ་བུ་རེད། བརྒྱ་ཆ་ ༡༠ ནི་རྒྱལ་སྤྱི་རིམ་པའི་ཚོགས་པ་དང་སྒྲིག་འཛུགས་ཁག་ལ་བཅོལ་དགོས།༼མཉམ་འབྲེལ་རྒྱལ་ཚོགས་འདིའི་ནང་ཚུད་མི་དགོས།༽ བརྒྱ་ཆ་ ༦༠ ནི་བོད་མི་རང་ལ་ཐུག་འདུག འདིའང་བགོས་ན་བརྒྱ་ཆ་ ༣༥ གཞིས་ལུས་མི་དམངས་དང་བརྒྱ་ཆ་ ༢༥ བཙན་བྱོལ་བོད་མི་ཚོར་བཅོལ་དགོས། འདི་ལྟར་རེ་བ་བརྒྱ་ཆའི་བརྒྱ་ཐམ་པ་ངོས་ཟིན་པར་བྱས་ཏེ་སོ་སོར་ཁུར་དུ་བབ་པའི་ལས་ལ་འཇུག་པར་རིགས་སོ།

    Reply
  8. yak says:
    ལོ་ 18 སྔོན།

    ཐུགས་རྗེ་ཆེ་ཧ་ཅང་ཡག་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese