མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲོལ་རྒྱུན་གྱི་ཆད་སྟངས།

བོད་ཀྱི་དུས་བབ།
༢༠༠༨/༠༧/༣༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༡༩ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

བོད་རྒྱའི་འབྲེལ་མོལ་གྱི་མཐའ་ཟད་ཀྱིན་འདུག འདིའང་སྲོལ་རྒྱུན་ལྟར་ཕན་ཚུན་ལ་ལེ་བདའ་དང་ཁག་དཀྲུ། ད་དུང་ཐུན་མོང་གི་འབབ་ས་ཞིག་བཙལ་རྗེས་སླར་ཡང་ངོ་ལོག་པའི་ཚུལ་གྱིས་སྐྱོན་སྣེ་ཞིག་ལ་འཇུས་ནས་ཆད་དགོས་པ་ལྟར། སྲོལ་རྒྱུན་གྱི་ཆད་སྟངས་ཆད་འགྲོ་གི་ཡོད།

ཁ་སང་དེ་རིང་པེ་ཅིན་དང་ངྷ་སའི་བར་ན་གསལ་བཤད་ཁག་ཅིག་འགྲོ་བཞིན་པ་འདིས། ང་ཚོ་སླར་ཡང་སྔོན་མའི་མགོ་འཛུགས་ས་དེར་འགྲོ་གི་ཡོད་པ་མཚོན་ལ། སྐུ་ཚབ་རྣམ་པ་དང་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་ཁྲིད་ཚོས་འདས་པའི་ལོ་དྲུག་གི་རིང་ཕན་ཚུན་ལ་ཞལ་གསལ་བོ་དང་ལྷུག་པོའི་སྒོ་ནས་གྲོས་མོལ་བྱས་པ་དག་ནག་གསུབ་གཏོང་བའི་རིམ་པ་དེ་ཡིན། སྔོན་མ་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་དང་ཏིན་ཞའོ་ཕིན་གཉིས་ཀྱི་སྐབས་སུ་བོད་རང་བཙན་གྱི་ཕན་ནས་སྐད་ཆ་ཅི་ཡང་བཤད་ཆོག་ཅེས་བོད་ཀྱི་གནད་དོན་སེལ་ཕྱོགས་ལ་ངག་ཐོག་ནས་ཕན་ཚུན་ལ་ཆ་རྐྱེན་བཏོན་པ་བཞིན། ཁས་ལེན་བྱས་པ་ལྟར། ད་ལྟའི་འབྲེལ་མོལ་གྱི་རིམ་པ་འདིའང་གཅིག་མཚུངས་ཡིན་ཏེ། ཏཱ་ལའི་བླ་མས་རང་བཙན་རྩོད་ཀྱི་མེད་པ་དང་ཁོང་གི་དགོངས་གཞི་ཅི་ཡིན་རྒྱ་ནག་ལ་ངོ་འཕྲོད་ཡོད་པའི་གནས་སྟངས་ཁག་ནི་སྐབས་ཐོག་གི་སྐད་ཆ་བཤད་མཁན་དག་ལ་མ་གཏོགས་ལོ་རྒྱུས་རང་བཞིན་གྱི་གཞི་འཛིན་ས་དང་ཆབ་སྲིད་ཀྱི་ཡིག་ཆ་ཅི་ཡང་མེད་སྟབས། རྒྱ་ནག་གིས་སླར་ཡང་༧གོང་ས་མཆོག་ལ་ཁ་བྲལ་རིང་ལུགས་པ་དང་། ཡང་ན། བོད་ཀྱི་གནད་དོན་ནི་ཏཱ་ལའི་བླ་མ་དང་ཁོའི་མཐའ་འཁོར་གྱི་མི་རེ་ཟུང་གི་གནད་དོན་ཡིན་ཚུལ་སོགས་སྐད་ཆ་གང་དུའང་འཁྱེར་ཆོག་ཆོག་ཡིན།

ཏག་ཏག་ཨོ་ལིམ་པིག་ཚུགས་ཁ་འདིར་བོད་རྒྱའི་འབྲེལ་བ་ཆད་མགོ་བརྩམས་པ་འདིས་གནད་དོན་རེ་ཟུང་ཞིག་གསལ་བཤད་བྱེད་ཀྱིན་པ་ནི། ཨོ་ལིམ་པིག་གི་སྔ་ཕྱི་གང་དུའང་རྒྱ་ནག་གིས་བོད་ལ་བཟུང་བའི་སྲིད་བྱུས་ནི་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པ་མཚོན་ཆེད་དང་། མ་གཞི་ནས་རྒྱ་ནག་ལ་ཨོ་ལིམ་པིག་རྩེད་འགྲན་གྱི་མགྲོན་བདག་བྱེད་པའི་ཁྲིམས་མཐུན་འོས་བབ་ཡོད་སྟབས། སྐྲག་ས་དང་འཛེམས་དགོས་ས་ཅི་ཡང་མེད་པའི་གདེང་ཚོད་དེ་རྒྱལ་སྤྱིའི་སྟེང་གསལ་བཤད་བྱས་པའང་ཡིན། དེ་ལྟར་ཡང་རྒྱ་ནག་གིས་ཨོ་ལིམ་པིག་རྩེད་འགྲན་ཐོག་མགྲོན་པོ་རེ་ཟུང་གི་འགྲུལ་ལམ་མི་འགག་པའི་ཆེད་དུ་ཐེངས་བརྒྱད་པའི་འབྲེལ་མོལ་ཞེས་པའི་དུས་མཚམས་ཤིག་བགོས་ཡོད། འདི་ནི་འཁྲབ་སྟོན་གྱི་མཇུག་སྒྲིལ་ས་དེ་ཡིན། རྒྱ་ནག་ལ་དངོས་གནས་བོད་དོན་སེལ་འདོད་ཡོད་ཚེ་ཡག་ཐོག་རྒྱན་བརྩེགས་ཀྱི་དཔེ་ལྟར། ཨོ་ལིམ་པིག་མ་ཚུགས་སྔོན་ལ་འབབ་ས་ཡོད་ཚད་ལ་འབབ་ངེས་པ་ནི་རང་བཞིན་གྱི་གནས་ཚུལ་ཡིན་མོད། དེ་མེད་སྟབས་འབྲེལ་མོལ་ཐེངས་བརྒྱད་པ་ཞིག་ཡོད་མདོག་གིས་འབྲེལ་མོལ་གྱི་རིམ་པ་དོན་དངོས་ཐོག་མཇུག་སྒྲིལ་དགོས་པར་གྱུར་བ་ཡིན།

སྐབས་འདིར་བོད་མིའིི་ཕྱོགས་ལ་གལ་སྲིད་རྒྱལ་ཁ་ཞིག་ཐོབ་ཡོད་ཚེ། དེ་ནི་མི་ལོ་ ༥༠ རིང་འདིར་ང་ཚོས་གང་ལྟར་ཡང་༧གོང་ས་མཆོག་གི་དགོངས་གཞི་གང་ཡིན་པ་དེ་རྒྱ་ནག་གི་མགོ་ཁྲིད་ཚོར་གསལ་ཐག་ཆོད་འཕྲོད་ཡོད་ལ། འདི་ནི་ནམ་རྒྱུན་བཀའ་ཁྲི་མཆོག་གིས་ང་ཚོའི་ཕྱོགས་ནས་མ་བྱུང་མ་འདང་བ་ཞིག་མེད་པ་བྱེད་རྒྱུ་ཡིན་ཞེས་གསུངས་པའི་ཁ་མཚམས་དེར་སླེབས་པ་ཡིན། འདི་ནི་བོད་མི་ཚོའི་མཐའ་མའི་འབབ་སའང་ཡིན་དགོས།

འདི་ལྟར་བོད་རྒྱ་ཞི་མོལ་ནི་ཆར་རྗེས་ཀྱི་འཇའ་རིས་ལྟར་ཐག་རིང་ནས་ཡལ་གྲབས་འདུག འདིའི་ཞོར་དུ་བོད་དོན་སྐད་འབོད་ཀྱི་ལྡིར་སྒྲའང་རིམ་བཞིན་འཇགས་མགོ་བརྩམས། འོན་ཀྱང་། དབྱར་དུས་ཀྱི་པེ་ཅིན་ཨོ་ལིམ་པིག་དེ་ཉིན་ཤས་ཀྱི་མཚམས་ན་ཡོང་གི་ཡོད། སྐབས་མཚམས་འདིར་སླེབས་དུས་ངས་ཨོ་ལིམ་པིག་འདི་ལ་རྟག་པར་པེ་ཅིན་དུ་འཆོགས་ཀྱི་ཡོད་ན་ཅི་མ་རུང་སྙམ། ལྷག་པར་དུ་སྲིད་དོན་པ་ཚོས་ཕན་ཚུན་ལ་འཕེན་པའི་ཚིག་མཚོན་རྣོན་པོ་དག་གི་བར་ནས་ཚུགས་ཀྱི་ཡོད་ན་བསམ། འདི་ནི་གཙོ་བོ་བོད་མི་རིགས་ཀྱི་འཕག་འཚག་དེ་རྒྱུན་དུ་མཐོང་བ་དང་དེར་ཕྱིར་དྲན་བྱེད་འདོད་པའི་དབང་གིས་ཡིན།

འབྲེལ་ཡོད་གསར་འགྱུར།

པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

ཆུ་ཚོད་ ༡ སྔོན་ལ།
ཧྭང་ཆི་ཧྥན།(གཡོན།) ལི་ཀྲན་ཧྲའོ།(དཀྱིལ།) ལི་ཀྲན་ཧྲའོ་ཡི་བུ་མོ་ལི་ཆིན་ཤེན།(གཡས།)
Mobile App

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་ཞིབ་བཤེར་བྱེད་ཀྱི་འདུག

ཆུ་ཚོད་ ༢༠ སྔོན་ལ།
Mobile App

ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་དྲུང་གི་ལས་ཁུར་དབུ་འཛུགས་ཞུས།

ཆུ་ཚོད་ ༢༡ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀྲང་ཡེ་ཡི་ནང་མིར་འཇིགས་སྐུལ་བྱས།

༢༠༢༦/༡༠/༡༣
བལ་ཡོད་ས་མཚམས་ཙུམ་ནུབ་རི་སྒའུ་པ་ལི་རུ་ཆུ་ལོག་བྱུང་བ།
Mobile App

བལ་བོད་མཐའ་མཚམས་བཙུམ་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་བ།

༢༠༢༦/༡༠/༡༣

མཆན། 1

  1. ངག་བསྟན་ཡེ་རྒྱམ། says:
    ལོ་ 18 སྔོན།

    ཨོ་ལིམ་ཕིས་ཁུ་རྩེད་མོ་རེད།
    བོད་དོན་འདི་ཡང་རྩེད་མོ་རེད།
    བོད་རྒྱ་གཉིས་ཀྱི་རྩེད་མོ་འདིས།
    བྱིས་པར་རྩེད་མོ་རྩེད་སྟངས་སློབ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese