མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མྱ་ངན་གྱི་ལོ།

བོད་ཀྱི་དུས་བབ།
༢༠༠༨/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་ཁམས་ནང་ཆེན་འབྲོག་ཤོག་ཞང་གི་བོད་རིགས་མང་ཚོགས་ཚོར་ཨོ་ལིམ་པིག་རྩེད་འགྲན་ལ་དགའ་བསུའི་རྣམ་འགྱུར་ཡོད་པའི་སྤྲོ་ཚོགས་ཤིག་འཚོགས་བཅུགས་ཡོད་ནའང༌། བོད་མི་ཚོས་འདི་ལོ་ནི་བོད་མི་རྣམས་ཀྱི་མྱ་ངན་གྱི་ལོ་ཞིག་ཡིན་པ་ལས་སྤྲོ་སྐྱིད་གཏོང་བའི་ལོ་ཞིག་མིན་པའི་ངོས་འཛིན་བྱས་ཏེ་དང་ལེན་བྱས་མི་འདུག

ཟླ་ ༧ པའི་ཚེས་ ༢༦ ཉིན་ཁམས་ནང་ཆེན་འབྲོག་ཤོག་ཞང་དུ་བོད་མི་ཚོས་རྒྱ་ནག་ལ་ཞི་བའི་ངོ་རྒོལ་བྱས་ཡོད་ཅིང༌། དེ་ནི་འདི་ལོ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་རྒྱ་ནག་གི་ཚོགས་ཆེན་ཞིག་བསྡུ་སྐབས་ཨོ་ལིམ་པིག་རྩེད་འགྲན་སྐབས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་གཞས་ཞབས་བྲོ་འཁྲབ་སྟེ་དགའ་བསུ་བྱེད་དགོས་པའི་བཙན་བཀའ་བཏང་ཐོག ས་གནས་མགོ་འཛིན་ནམ་བོད་རིགས་གུང་ཁྲན་ཏང་ཡོན་པ་ཚེ་མགོན་འབོད་པས་དབྱར་སྐྱིད་རྩེད་འགྲན་ཞེས་པ་འབྲོག་ཤོག་ཞང་དུ་འཚོགས་རྒྱུར་འགན་ལེན་ཆ་ཚང་བྱས་པ་དང༌། དེའི་སྐོར་ཚོགས་ཆེན་ཐོག་ཞུས་ཏེ། རྩེད་འགྲན་ཆེད་རྒྱ་སྒོར་ཁྲི་ ༣༥ བླངས་པ་དང་མི་མང་ལག་ནས་ཀྱང་རྒྱ་སྒོར་མང་བོ་བསྡུ་རུབ་བྱས་ཡོད་པ་མ་ཟད། མགོ་འཛིན་ཚེ་མགོན་ཁོ་རང་ས་གནས་སུ་འབྱོར་རྗེས་ས་གནས་སྡེ་དཔོན་ཚང་མ་བརྗེ་བོ་བརྒྱབས་པ་དང༌། རྩེད་འགྲན་དེའི་སྐོར་མི་མང་ནང་ཁྱབ་བསྒྲགས་ཤུགས་ཆེར་བྱས་པས། གྲྭ་པ་དང་མི་མང་གིས་ལོ་འདིར་གཞིས་ལུས་བོད་མི་ཚོས་རྒྱ་ནག་ལ་ཞི་བའི་ངོ་རྒོལ་བྱེད་སྐབས་རྒྱ་ནག་གིས་དྲག་གནོན་བྱས་ཡོད་སྟབས་རྩེད་འགྲན་དེ་མི་འཚོགས་རྒྱུར་འབོད་སྐུལ་རབ་དང་རིམ་པ་བྱས་ནའང༌། ནང་ཆེན་རྫོང་སྲིད་གཞུང་གིས་རྩེད་འགྲན་འདི་ནི་རྒྱ་ནག་གི་མཐོ་རིམ་མི་སྣ་དང་ཞིང་ཆེན་རིམ་པའི་བཀའ་ཡིན་སྟབས་ངེས་པར་འཚོགས་དགོས་སྐོར་བརྗོད་པ་དང༌། ཞིང་འབྲོག་མང་ཚོགས་ཚོས་དབྱར་རྩྭ་དགུན་འབུ་བརྐོས་ཚར་རྗེས། རྫོང་གི་ལས་བྱེད་མི་སྣས་མི་ཚང་རེ་ནས་མི་རེས་བོད་ཀྱི་ཆས་གོས་སྤྲས་ཏེ་རྩེད་འགྲན་ཐོག་ཡོང་དགོས་པ་དང༌། གལ་སྲིད་ཆས་གོས་སྤྲས་པ་མི་འགྲིག་པ་དང་མ་ཡོང་ཚེ་མི་རེར་རྒྱ་སྒོར་ཆིག་སྟོང་རེའི་དངུལ་ཆད་གཅོད་རྒྱུ་ཡིན་ཞིང༌། མི་ཚང་རེ་ནས་མི་གཅིག་ལས་མང་བ་ཡོང་ན་དགའ་བསུ་ཡོད་སྐོར་བརྗོད་དེ་མགོ་སྐོར་བསླུ་བྲིད་ཀྱི་ཁྱབ་བསྒྲགས་ཤུགས་ཆེར་བྱས་ཡོད་འདུག རྫོང་གི་ལས་བྱེད་མི་སྣས་ཟླ་གཉིས་ཀྱི་སྔོན་ཚུད་ནས་གཞས་ཞབས་བྲོའི་འགྲན་བསྡུར་དང༌། མི་དམངས་དཀྱིལ་དུ་ཆས་གོས་དང་ལང་ཚོ་ངོམས་སོ་བྱེད་མཁན་ཡང་གྲ་སྒྲིག་དགོས་པའི་བཙན་བཀའ་བཏང་ཡོད་འདུག

འབྲོག་ཤོག་ཞང་ཁོངས་སུ་སྡེ་བ་དྲུག་ཡོད་ཅིང༌། སྡེ་བ་རེ་རེ་ནས་ཡོང་བའི་རྩེད་འགྲན་རུ་ཁག་རྣམས་ནང་ཁུལ་ཕན་ཚུན་ལ་འགྲན་བསྡུར་བྱས་ཏེ་ཕུལ་བྱུང་འཁྲབ་སྟོན་པ་རྣམས་པེ་ཅིན་ཨོ་ལིམ་པིག་རྩེད་འགྲན་དུ་དགའ་བསུ་བྱེད་དུ་འགྲོ་དགོས་ཀྱི་ཡོད་འདུག ཟླ་ ༧ ཚེས་ ༢༤ ཉིན་མི་དམངས་ཚང་མ་འཛོམས་དགོས་པའི་བཀའ་བཏང་བར་མི་དམངས་དང་འཁྲབ་སྟོན་པ་རྣམས་ལྷན་འཛོམས་སར། འཁྲབ་སྟོན་པ་རྣམས་ཀྱིས་ཟླ་གཉིས་རིང་གྲ་སྒྲིག་བྱས་པའི་གཞས་ཚིག་ནང་༧གོང་ས་མཆོག་དང་༧རྒྱལ་པ་ཀརྨ་རྣམ་གཉིས་ལ་བསྟོད་ཚིག་དང༌། བོད་ནང་གཞིས་ལུས་སྤུན་ཟླ་མང་བོས་རང་སྲོག་ལ་མ་འཛེམས་པར་ཞི་བའི་ངོ་རྒོལ་བྱེད་སྐབས་འདས་གྲོངས་སུ་སོང་བ་རྣམས་ཀྱི་ཆེད་དུ་མྱ་ངན་གྱི་ཚིག་སོགས་ཡིན་སྟབས། རྫོང་གི་ལས་བྱེད་མི་སྣས་གཞས་ཚིག་དེ་དག་བརྗེ་བསྒྱུར་བྱེད་དགོས་སྐོར་བརྗོད་པས་མི་མང་གིས་ངོས་ལེན་མེད་པའི་རྣམ་འགྱུར་ཤུགས་ཆེར་བསྟན་པ་མ་ཟད། ཚེས་ ༢༦ ཉིན་རང་ལོ་ ༣༡ ཡིན་པའི་ཨ་བཟང་དང༌། རང་ལོ་ ༣༥ ཡིན་པའི་དངོས་བསོད། འཇམ་བཟང་དང་དགའ་རྡོ་ཉི་མ་བཅས་བོད་མི་བཞིས་རྫོང་གི་མགོ་ཁྲིད་དང་མི་དམངས་འཛོམས་སར་སྐད་གསེང་མཐོན་པོས། ད་ལོ་བོད་མི་ཚོར་མཚོན་ན་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་བཏང་ཡོད་པས་སྤྲོ་སྐྱིད་གཏོང་བའི་དུས་ཚོད་མིན་པར་མྱ་ངན་བྱེད་དགོས་པའི་དུས་ཤིག་ཡིན་ལ། བོད་རང་བཙན་དང་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་ཞེས་སྐད་འབོད་དང་ཡིག་ཆ་འབོར་ཆེན་བཀྲམས་ཤིང༌། མི་མང་རྣམས་ཕྱིར་རང་ཁྱིམ་དུ་ལོགས་དགོས་པའི་རེ་སྐུལ་ཞུས་པར་མི་མང་རྣམས་མ་གྲོས་བསམ་པ་གཅིག་མཐུན་གྱིས་གུར་དང་ཅ་དངོས་བསྡུས་ཏེ་གྲོལ་བར་བརྟེན། ཤུལ་དུ་རྫོང་གི་ལས་བྱེད་མི་སྣའི་གུར་གཅིག་པུ་མ་གཏོགས་ལྷག་མི་འདུག

ཉིན་དེའི་དགོང་མོ་རྫོང་ཉེན་རྟོག་པས་བོད་མི་སྐད་འབོད་བྱེད་མཁན་བཞི་བཟུང་ཡོད་པར་བརྟེན། ཚེས་ ༢༨ ཉིན་མི་མང་གིས་ཁོང་རྣམས་གློད་དགོས་པ་ལས་མུ་མཐུད་བཀག་ཉར་བྱས་ཚེ་འབྲོག་ཤོག་ཞང་གི་བོད་མི་རྣམས་ཕ་བསད་བུར་ཐུག་ཀྱང་ཞི་བའི་ངོ་རྒོལ་ཤུགས་ཆེར་བྱེད་རྒྱུ་ཡིན་ཚུལ་བཀོད་པའི་ཡི་གེ་ཞིག་རྫོང་སྲིད་གཞུང་ལ་ཕུལ་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གི་ལས་བྱེད་ཡིན་པའི་བོད་མི་ཚོའི་ཁྱིམ་མི་འདས་གྲོས་སུ་གྱུར་བ་ཡིན་ནའང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་ཆོག་གི་མི་འདུག བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་རིགས་ལས་བྱེད་ཀྱིས་གཙུག་ལག་ཁང་དུ་ལྟད་མོ་ལྟ་ཆོག་ཀྱང་ཕྱག་འཚལ་མི་ཆོག

ཆུ་ཚོད་ ༡༦ སྔོན་ལ།
Tibettimes
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བསྒྲུབ་བྱ་ཕོ་མོ་གྲངས་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ། 

ཆུ་ཚོད་ ༡༧ སྔོན་ལ།
Beijing is preparing to host the annual session of the National People’s Congress. Photo: Reuters
Mobile App

རྒྱ་ནག་གཞུང་གིས་དཔོན་རིགས་བཅུ་དགུ་དམར་ཤོག་ཚོགས་པའི་འཐུས་མིའི་ཚོགས་ཆེན་གྱི་ཁོངས་ནས་ཕུད།

ཆུ་ཚོད་ ༡༧ སྔོན་ལ།
ཧྥ་རན་སིའི་གྲོས་འོག་མའི་ཚོགས་གཞོན་སྐུ་ཞབས་ (Charles De Courson) མཆོག་དང་ཡུལ་དེའི་ཕྱི་སྲིད་བློན་ཆེན་Jean-Noël Barrot མཆོག  པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་སྐུལ་འདེད་གནང་།

ཆུ་ཚོད་ ༢༡ སྔོན་ལ།
མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག

༢༠༢༦/༠༢/༢༦
tibettimes
Mobile App

བོད་པའི་བྱིས་པ་རྣམས་དགོན་པར་འགྲོ་བར་དམ་དྲག་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༢/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese