མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མངོན་སུམ་གྱི་རྒྱ་ནག

བོད་ཀྱི་དུས་བབ།
༢༠༠༨/༠༨/༠༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༢༡ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

ཁ་རྡུང་དང་ཁས་ལེན་མང་བོ་ཞིག་བརྒྱུད་དེ་པེ་ཅིན་གྱི་ཨོ་ལིམ་པིག་མཛད་སྒོ་གཟའ་པ་སངས་དགོང་མོར་ཚུགས་སོང་ལ། སྐུ་མགྲོན་དང་ལྟད་མོ་བ་ ༩༡༠༠༠ རྒྱལ་ཡོངས་ལུས་རྩལ་ར་བའི་ནང་འཛོམས་ཤིང་། འཛམ་གླིང་གི་མི་གྲངས་ཐེར་འབུམ་ ༤ ཡིས་བརྙན་འཕྲིན་བརྒྱུད་ལྟད་མོར་བལྟས་ཡོད། ད་ནི་ངོ་རྒོལ་གྱི་རིམ་པ་རྫོགས་ཏེ། ཨོ་ལིམ་པིག་རྩེད་འགྲན་གྱི་སྙིང་སྟོབས་འདིར་དོན་དངོས་ཐོག་ནུས་པ་གང་འདྲ་ཞིག་ཡོད་མེད་དང་། ལྷག་པར་དུ་འཛམ་གླིང་གི་ཆབ་སྲིད་ཚོགས་པ་ཆེ་ཤོས་རྒྱ་ནག་དམར་ཤོག་གཞུང་གི་ཐོག་ལ་ནུས་པ་གང་འདྲ་ཞིག་ཐེབས་མིན་གླེང་བའི་དུས་ཡིན།

རྒྱ་ནག་ཨོ་ལིམ་པིག་རྩེད་འགྲན་གྱི་མགྲོན་བདག་བྱེད་ཆོག་མིན་ཐད་ཕྱོགས་ཁག་གཉིས་སུ་གྱེས་ཡོད་ལ། ཕྱོགས་ཁག་འདི་གཉིས་ནི་བསམ་ཚུལ་རིགས་གཉིས་སུ་གྱུར་ཞིང་། མདོ་དོན་རྩེད་འགྲན་འདིའི་རྗེས་ཀྱི་རྒྱ་ནག་ལ་རྩོད་གླེང་བྱས་པ་རེད། ༧གོང་ས་མཆོག་ནི་འདིའི་ཐད་ནས་རྒྱ་ནག་ལ་རྒྱབ་སྐྱོར་གནང་མཁན་གྱི་གྲས་ཡིན་ལ། ཁོང་གིས་རྩེད་འགྲན་འདིའི་རྗེས་ནས་རྒྱ་ནག་འདི་འཛམ་གླིང་གི་ཁྱིམ་ཚང་ནང་དངོས་སུ་འཛུལ་ཞིང་། འགྲོ་བ་མིའི་རིགས་སྤྱི་མཐུན་ལ་ཡོད་པའི་རིན་ཐང་དང་མཛའ་བརྩེ། རང་དབང་། འགན་ཁུར་བཅས་གཅིག་གྱུར་དུ་འཁྱེར་རྒྱུའི་ཐུགས་རེ་གནང་ཡོད། དོན་དངོས་སུའང་ཕྱི་ཚེས་ ༨ ཀྱི་ཉིན་ནས་བཟུང་འཛམ་གླིང་མི་དམངས་ཀྱིས་རྒྱ་ནག་ལ་བལྟས་ཡོད་ལ། འདི་ནི་ལོ་རྒྱུས་ཐོག་ཐེངས་དང་པོར་འཛམ་གླིང་མི་དམངས་ཀྱིས་རྒྱ་ནག་ལ་དོ་སྣང་སྤྲད་པ་ཤུགས་ཆེ་ཤོས་དེ་ཡིན་པ་དང་། རྒྱ་ནག་གིས་ཀྱང་འཛམ་གླིང་གཅིག རྨི་ལམ་གཅིག་ཅེས་འགྲོ་བ་མིའིི་རིགས་སྤྱི་མཐུན་གྱི་ཞེ་འདོད་དང་འགན་ཁུར་གྱི་འབོད་ཚིག་འོག་ནས་རྩེད་འགྲན་གྱི་སྒོ་ཕྱེ་པ་རེད།

གནའ་བོའི་རྒྱལ་ཁབ་རྙིང་བ་འདིས་རང་ཉིད་དུས་རབས་དང་མཐུན་ཞིང་དེང་རབས་ཀྱི་རྒྱལ་ཁབ་ཅིག་ཏུ་ཆགས་རྒྱུའི་དམ་བཅའ་བརྟན་པོར་བཅིངས་ཡོད་ལ། ཕྱིའི་གནོན་ཤུགས་དང་ནང་གི་གནོང་འགྱོད་ཡོད་ཚད་ཁུར་ནས་ལམ་ཁ་འདིར་སྙེག་ཅིང་། འདས་པའི་ལོ་ ༣༠ ལྷག་གི་རིང་རྒྱ་ནག་གི་ནུས་ཤུགས་ཡོད་ཚད་འདིའི་ཐད་བཏང་བ་རེད། ལོ་འདིར་ཨོ་ལིམ་པིག་པེ་ཅིན་ནས་སྐོང་འཚོགས་བྱས་པ་ནི་རྒྱ་ནག་གི་རྨི་ལམ་དེ་མངོན་འགྱུར་བྱུང་བ་དང་། འཛམ་གླིང་མི་དམངས་ཀྱིས་རྒྱ་ནག་ལ་ངོས་ལེན་བྱས་པའི་དུས་སྟོན་དེ་ཡིན་པར་བསྟན་ཡོད། འདི་ནི་རྒྱ་ནག་གི་ལོ་རྒྱུས་ཀྱི་དུས་ཚིགས་གལ་ཆེན་དེ་ཡིན།

ད་ནི་འཛམ་གླིང་མི་དམངས་ཀྱིས་ཕར་ངོས་ལེན་གྱི་རྣམ་འགྱུར་བསྟན་པ་བཞིན་རྒྱ་ནག་གིས་ཀྱང་རང་ཉིད་འཛམ་གླིང་མི་དམངས་དང་མཉམ་དུ་འགྲོ་བར་ཚུལ་མཐུན་གྱི་རྣམ་འགྱུར་ཞིག་སྟོན་དགོས། འགྲོ་བ་མིའི་སྤྱི་མཐུན་གྱི་རིན་ཐང་དང་རང་དབང་། མཛའ་བརྩེ། འགན་ཁུར་བཅས་མཉམ་དུ་འཁྱེར་དགོས། འདི་ནི་ད་གཟོད་དུས་རབས་དང་མཐུན་ཞིང་དེང་རབས་ཀྱི་ལམ་ཁ་ཡིན། དེ་རིང་འཛམ་གླིང་མི་དམངས་ཀྱིས་རྒྱ་ནག་ལམ་ཁ་འདིར་གོམ་པ་སྤོས་པར་ཕེབས་བསུ་བྱེད་ཀྱིན་ཡོད། ༧གོང་ས་མཆོག་གིས་རྩེད་འགྲན་འདི་ལམ་ལྷོང་ཡོང་བར་གསོལ་བ་སྨོན་ལམ་བཏབས་པ་བཞིན། བོད་མི་རིགས་ཀྱིས་ཀྱང་དགའ་བསུ་བྱེད་འོས་པ་ཞིག་ཡིན།

རྒྱ་ནག་ནི་རིག་གནས་དར་ཆེ་བའི་གནའ་བོའི་རྒྱལ་ཁབ་ཅིག་ཡིན་ཡང་། ལོ་རྒྱུས་ཀྱི་ལམ་སྐེད་ནས་ནོར་འཁྲུལ་ཤོར་ཞིང་། འཛམ་གླིང་མི་དམངས་ཀྱིས་སྐྱོན་བརྗོད་དང་དམའ་འབེབ་བྱས་པ་རེད། རྒྱ་མི་རིགས་ཀྱིས་ད་བར་དུ་ན་ཟུག་དང་གནོང་འགྱོད་འདི་ཁུར་ནས་སླེབས་པ་རེད། ༧གོང་ས་མཆོག་གིས་རྒྱ་ནག་ཁེར་རྐྱང་དུ་མ་འཇོག་རོགས་ཞེས་འཛམ་གླིང་མི་དམངས་ལ་གསུངས་པ་བཞིན། མཐའ་མ་འདིར་རྒྱ་ནག་གིས་རང་ཉིད་ལ་བསྒྱུར་བཅོས་བཏང་བ་བཞིན། འཛམ་གླིང་མི་དམངས་ཀྱིས་ཀྱང་རྒྱ་ནག་ལ་ལག་པ་བཏང་ཞིང་། རྒྱ་ནག་མི་དམངས་མཉམ་དུ་མཛའ་བརྩེ་དང་རང་དབང་གི་རྒྱས་སྟོན་འདི་བཤམས་པ་རེད། འདི་ནི་ད་གཟོད་འཛམ་གླིང་གཅིག རྨི་ལམ་གཅིག ཅེས་པའི་མཐར་ཐུག་གི་གོ་དོན་ཡིན། ཁ་གཡང་ཡིན། རྨི་ལམ་འདིའི་རྒྱབ་ཀྱི་མངོན་སུམ་དེ་ཡིན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese