མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངྷ་སའི་ཐང་ཁྲོམ་སྟོན་མཁན་ཚོའི་དཀའ་ངལ།

བོད་ཀྱི་དུས་བབ།
༢༠༠༨/༠༩/༠༡
Share on FacebookShare on TwitterShare on EmailShare on Whatsapp

 

གུ་དོག་ཅིང་འགྲུལ་ལམ་སྟབས་བདེ་མེད་པའི་མེག་གྷན་སྲང་ལམ་གྱི་ལམ་ཟུར་དུ་ཐང་ཁྲོམ་སྟོན་མཁན་བོད་མི་ ༡༨༠ ལྷག་ཡོད་མོད། ཁོང་ཚོས་ཐང་ཁྲོམ་སྟོན་རྒྱུར་རྒྱ་གར་གཞུང་གི་ཆོག་མཆན་ཐོབ་ཀྱི་མེད་ཅིང༌། ངྷ་ས་ས་གནས་སུ་དཔོན་པོ་རེ་བརྗེ་བསྒྱུར་བྱས་སྐབས་ང་ཚོར་ཐང་ཁྲོམ་སྟོན་མི་ཆོག་པའི་བཙན་བཀའ་གཏོང་གི་འདུག་ལ། ལོ་རེའི་མེ་ལཱ་ཚོགས་སྐབས་སུའང་ང་ཚོར་ཁྲོམ་སྟོན་འཇུག་གི་མི་འདུག་ཟེར།

ཕྱི་ཚེས་ ༢༩ ཉིན་ང་ངྷ་ས་མེག་གྷན་དུ་ཕྱིན། མེག་གྷན་བྷག་སུ་ལམ་ཁ་ནས་གཙུག་ལག་ཁང་བར་དུ་ཐང་ཁྲོམ་སྟོན་མཁན་ཚང་མ་ཚ་ཚ་འུར་འུར་གྱུར་འདུག ཁྲོམ་བསྡུ་གི་འདུག ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དང་བར་ཐག་མི་རིང་སར་ངྷ་ས་ས་གནས་གཞུང་གི་རྒྱ་གར་དཔོན་པོ་ཞིག་དང་ཉེན་རྟོག་པ་བདུན་བརྒྱད་ཅིག་གིས་ལས་ཀ་བ་ཁ་ཤས་དང༌། སྐྱེལ་འདྲེན་རླངས་འཁོར་ཞིག་བཅས་ཁྲིད་དེ་ལམ་ཁའི་གཡས་གཡོན་གྱི་ཐང་ཁྲོམ་སྟོན་མཁན་ཚོས་ཐང་ཁྲོམ་བསྡུས་རྗེས་ཀྱི་ཅ་ལག་རེ་ཟུང་ཁྱེར་འགྲོ་གི་འདུག ཡིན་ནའང༌། ཁམས་ཕྱོགས་ཀྱི་ཨ་མ་རྒན་མོ་ཞིག་གི་ཁྲོམ་བསྡུ་མ་ཐུབ་པར་ལྷག་ཡོད་པ་དེར་སང་ཉིན་ནས་ཁྲོམ་སྟོན་མི་ཆོག་པའི་བཙན་བཀའ་བཏང་བ་ལས། ཅ་དངོས་གཅིག་ཀྱང་འཕྲོག་མ་སོང་ལ། ཨ་མ་རྒན་མོ་དེས་ཀྱང་ལག་གཉིས་ཐལ་མོ་སྦྱར་ཏེ་ཐུགས་རྗེ་ཆེ་ཟེར་བའི་ལག་བརྡ་སྟོན་བཞིན་འདུག

དུས་ཚོད་ཐུང་ཐུང་ཞིག་ནང་མི་ཚོགས་མང་བོ་འདུ་འཛོམས་བྱེད་ཀྱིན་འདུག འོན་ཀྱང་སུ་གཅིག་ལའང་སྐད་ཆ་གསལ་བོ་ཞིག་བཤད་རྒྱུ་མི་འདུག ངས་ཐང་ཁྲོམ་སྟོན་མཁན་ཚོའི་སྐྱིད་སྡུག་ཚོགས་པའི་འགན་འཛིན་སུ་ཡིན་རྩད་གཅོད་བྱས་པ་ཡིན། ཡིན་ནའང༌། འགན་འཛིན་དེང་སྐབས་ངྷ་སར་མི་འདུག་ཟེར་བ་ཐོས་སོང༌། དེར་བརྟེན་ངས་ཐང་ཁྲོམ་སྟོན་མཁན་བློ་དགའ་ལགས་སུ་གནས་ཚུལ་དྲིས་པར་ཁོང་གིས་བརྗོད་དོན། ཉིན་གཉིས་གསུམ་རྗེས་རྒྱ་གར་གྱི་མེ་ལཱ་འཚོགས་དགོས་པ་དང༌། ངྷ་ས་ས་གནས་སུ་སིམ་ལ་ནས་རྒྱ་གར་དཔོན་པོ་སྐར་མ་གཉིས་ཅན་ཞིག་བརྗེ་བསྒྱུར་བྱས་འདུག ཁོང་ཚོ་དཔོན་པོ་གསར་པ་རེ་བརྗེ་བསྒྱུར་བྱས་སྐབས་ལོ་གཅིག་ནང་ཐེངས་གཉིས་གསུམ་རེ་གཙང་བཟོ་བྱེད་དགོས་ཀྱི་ཡོད་པ་རེད་ལ། དེ་དུས་ང་ཚོ་བཙན་ཤེད་ཀྱིས་ཕྱིར་འབུད་གཏོང་གི་འདུག ཡིན་ནའང༌། ང་ཚོ་འགྲོ་ས་མི་འདུག ང་ཚོ་སྐྱབས་བཅོལ་བ་ཡིན་སྟབས་བཟའ་མི་བུ་ཕྲུག་གི་འགྲོ་སོང་གཏོང་ས་ཁྲོམ་ས་གཅིག་པུ་ལས་མེད་ཅེས་ཞུ་སྐུལ་བྱེད་སྐབས་ཁོང་ཚོས་རང་སོར་འཇོག་གི་ཡོད་པ་རེད། སྤྱིར་རྒྱ་གར་གཞུང་གིས་ང་ཚོར་ཁྲོམ་ས་ཞིག་ལོགས་སུ་སྟེར་ཐུབ་ཀྱི་མེད་པར་བརྟེན། མེ་ལཱ་ཚར་རྗེས་རིམ་པས་ང་ཚོར་ཁྲོམ་སྟོན་འཇུག་གི་རེད་ཅེས་བརྗོད་སོང༌།

ཁོང་ལ་སྔོན་མར་ཁྱེད་ཚོ་ཐང་ཁྲོམ་སྐྱིད་སྡུག་ཚོགས་པར་བཙན་བྱོལ་བོད་གཞུང་གིས་རྒྱབ་སྐྱོར་བྱས་ཏེ། རྒྱ་གར་གཞུང་ལ་ཐང་ཁྲོམ་སྟོན་མཁན་ཚོར་ཁྲོམ་སྟོན་སའི་ས་ཆ་ཞིག་ལོགས་སུ་སྟེར་རྒྱུར་འབད་བརྩོན་བྱས་ཡོད་པ་རེད། དེ་གང་འདྲ་བྱུང་ཡོད་མེད་སྐོར་དྲིས་པར། ཐང་ཁྲོམ་སྐྱིད་སྡུག་ཚོགས་པས་རྒྱ་གར་གཞུང་ལ་ང་ཚོ་ཁྲོམ་སྟོན་སའི་ས་ཆ་ཞིག་ལོགས་སུ་སྟེར་རོགས་ཞུས་ཡོད་པ་རེད་ལ། བོད་མི་མང་སྤྱི་འཐུས་ཀྱིས་ནང་སྲིད་བརྒྱུད་ནས་རྒྱབ་སྐྱོར་གནང་ཡོད་པ་རེད། ཡིན་ནའང༌། ངྷ་སའི་ཁོར་ཡུག་འདི་ས་ཆ་ཆུང་དྲགས་པ་དང༌། ཁྲོམ་སྟོན་སའི་ས་ཆ་ལོགས་སུ་སྟེར་ཐུབ་རྒྱུ་དེ་འདྲ་བྱུང་ཡོད་པ་མ་རེད། ཐབས་ཤེས་རབ་དང་རིམ་པ་བྱས་པ་རེད། མེག་གྷན་གྱི་གཡས་གཡོན་ཞིག་ནས་ས་ཆ་རེག་གི་མེད་དུས། ས་ཆ་ཐག་རིང་ས་ཞིག་ཏུ་ས་སྤྲད་ན་མི་ཡོང་གི་མ་རེད། དེར་བརྟེན་ལམ་ཁའི་གཡས་གཡོན་དུ་ཁྲོམ་མི་སྟོན་རང་སྟོན་འཁེལ་གྱི་ཡོད་པ་རེད། ཡིན་ནའང༌། རྙོག་དྲ་འདི་རྒྱ་གར་ས་གནས་རང་གིས་ང་ཚོར་སྡུག་པོ་བཏང་བ་དེ་འདྲ་གང་ཡང་མ་རེད། ང་ཚོ་སྐྱབས་བཅོལ་བ་ཡིན་པ་དང་ཐང་ཁྲོམ་ཆུང་ཆུང་རེ་བསྟན་ཏེ་ཁ་གསོ་དགོས་ཀྱི་ཡོད་དུས་རྒྱ་གར་གཞུང་གིས་ང་ཚོར་ཁྲོམ་ས་ཆུང་དུ་གཏོང་དགོས་པ་དང༌། རླངས་འཁོར་དང་མིའི་འགྲོ་ལམ་ལ་གནོད་སྐྱོན་མི་ཡོང་བའི་ཐབས་ཤེས་བྱ་དགོས་སྐོར་བརྗོད་སྐབས་ང་ཚོས་ཀྱང་གང་ཡོང་ཡོང་གིས་དེ་ལྟར་བྱེད་ཀྱི་ཡོད། ཁྲོམ་སྟོན་མཁན་ ༡༨༠ ཙམ་ཡོད་པའི་བརྒྱ་ཆ་བདུན་ཅུ་བོད་ནས་གསར་དུ་འབྱོར་མཁན་ཡིན་པ་དང༌། འགྲོ་ས་འདུག་ས་མེད་དུས་མུ་མཐུད་ཨུ་ཚུགས་བརྒྱབ་ན་ཁྲོམ་སྟོན་འཇུག་གི་རེད་ཅེས་བརྗོད་སོང༌།

བྷག་སུ་ལམ་ཁར་འོད་སྡེར་འཁོར་ལོ་བཙོང་མཁན་སྐལ་ལོ་ལགས་ཀྱིས་ལོ་སྔོན་མར་ཐང་ཁྲོམ་སྐྱིད་སྡུག་ཚོགས་པའི་ངོས་ནས་ཐང་ཁྲོམ་སྟོན་མཁན་རེར་ཧིན་སྒོར་ ༥༠༠ རེ་བསྡུས་ཏེ། ས་གནས་གཞུང་ངོས་ནས་ཁྲོམ་སྟོན་སའི་ས་ཆ་ཞིག་ལོགས་སུ་སྤྲོད་རྒྱུར་ཐབས་ཤེས་བྱས་ཡོད་ནའང༌། ས་ཆ་རག་ཡོད་པ་མ་རེད། རྒྱ་གར་དཔོན་པོ་ཚོ་སླེབས་སྐབས་ང་ཚོར་ཁྱེད་ཚོར་ཐང་ཁྲོམ་སྟོན་སའི་ས་ཆ་མི་འདུག ཁྲོམ་སྟོན་ཆོག་གི་མི་འདུག་ཟེར་གྱིན་འདུག སྤྱིར་ང་ཚོ་རང་ས་མེད་པར་སྐྱབས་བཅོལ་དུ་ཡོང་མཁན་ཞིག་ལ་ས་ཆ་མེད་པ་གསལ་བོ་རེད་ཅེས་བརྗོད་སོང༌།

འདི་ལོའི་དབྱར་དུས་ཀྱི་ཆར་བ་ཅུང་འབབ་མཚམས་ཆད་པ་དང༌། ཨོ་ལིམ་པིག་རྩེད་འགྲན་ཡང་མཇུག་བསྡུས་ཏེ། ཉིན་འདི་ཚོར་ཐང་ཁྲོམ་སྟོན་མཁན་ཚོ་ཅུང་ལྷོད་ལ་བབས་ཡོད་ནའང༌། མི་རིང་བར་རྒྱ་གར་གྱི་མེ་ལཱ་འཚོགས་དགོས་པ་དང༌། ངྷ་ས་ས་གནས་སུ་དཔོན་རིགས་གསར་པ་ཞིག་སླེབས་པ་དེས་ཐང་ཁྲོམ་སྟོན་མཁན་ཚོས་ཐང་ཁྲོམ་སྟོན་རྒྱུར་སྔར་བས་དཀའ་ཁག་ཆེ་རུ་གྱུར་ཡོད། 

ལོ་སྔོན་མར་རྒྱ་གར་མངའ་སྡེ་གཞུང་གིས་བཀའ་ཁྱབ་བཏང་སྟེ། ཐང་ཁྲོམ་སྟོན་མཁན་ཚོར་ཐང་ཁྲོམ་སྟོན་མི་ཆོག་པར་བཟོ་དོན་ནི། ྋགོང་ས་མཆོག་གི་སྐུ་བྱ་སྲུང་བར་སྟབས་བདེ་མེད་པ་དང༌། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལམ་ཁ་དོག་དྲགས་པའི་དཀའ་ངལ་ཆེ་བ། ངྷ་ས་འདིར་ཡུལ་སྐོར་སྤྲོ་འཆམ་པའི་ལྟེ་བ་ལྟ་བུར་གྱུར་ཡང་ཐང་ཁྲོམ་སྟོན་མཁན་མང་དྲགས་སྟབས་ཁོར་ཡུག་བཙོག་འགྱུར་བཟོས་པ་སོགས་ཡིན་སྐོར་བརྗོད་ཡོད་ལ། སྐབས་དེར་རྒྱ་གར་སྔོ་ཚལ་བཙོང་མཁན་ཚོར་མེག་གྷན་བྷག་སུའི་ལམ་འགྲམ་དུ་ས་ཆ་ཆུང་ངུ་ཞིག་རག་ཡོད་ཀྱང༌། ཐང་ཁྲོམ་སྟོན་མཁན་ཚོར་ངེས་གཏན་གྱི་ས་ཆ་གང་ཡང་མེད་པར་ལྷག་ཡོད་པ་རེད།
གསར་འགོད་པ འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

ཆུ་ཚོད་ ༧ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་སྩལ་སྐབས། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ཐུང་ནས་བླངས།  ༢༠༢༦།༤།༢༨
༸གོང་ས་མཆོག གསར་འགྱུར།

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༧ སྔོན་ལ།
བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་༧རྒྱལ་བའི་ཞབས་ཕྱི་བར་གཟེངས་རྟགས་ཕུལ། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༤/༢༧
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

༢༠༢༦/༠༤/༢༧
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese