མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་གཅིག་ལ་རྟ་གཉིས་ཞོན་པའི་རྒྱ་ནག

བོད་ཀྱི་དུས་བབ།
༢༠༠༨/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp

     

ཁྲང་ལེས་བརྩམས།
མང་རའི་གངས་ཐིགས་ཀྱིས་དབྱིན་ཡིག་ལས་བསྒྱུར། ཝཱརཎ་མཐོ་སློབ།

ང་ཚོས་བྱ་བ་གང་ཞིག་སྔ་ས་ནས་མི་མཐོང་ནའང་ད་ལྟ་རྒྱ་ནག་གི་ཐེངས་རྗེས་མའི་འགོ་ཁྲིད་ཀྱི་རུས་མིང་ཤེས་ཡོད། འོན་ཀྱང༌། དཀའ་ངལ་གཅིག་ཡོད་པ་ནི་མི་གང་ཡིན་པ་མི་ཤེས་པ་དེ་རེད། དེའི་རྒྱུ་མཚན་ནི་ལོ་ལྔ་རེར་ཐེངས་གཅིག་རེར་དམ་པོར་འཚོཊ་ཀྱིན་པའི་ཆབ་སྲིད་ཀྱི་ཚོཊ་ཆེན་དེ་བདུན་སྐབས་བཅུ་བདུན་པའི་རྒྱལ་ཡོངས་དམར་ཕྱོཊ་ཚོགས་པའི་ཚོཊ་འདུའི་ཐོག་རྒྱ་ནག་གི་དབུ་ཁྲིད་ཚོས་སྔོན་ཆད་བྱུང་མ་མྱོང་བ་ཞིག་བྱས་ཡོད་པ་ནི་ཁོ་ཚོས་སྲིད་འཛིན་ཧུའོ་ཅིན་ཐའོ་ཡི་རྒྱུད་འཛིན་མཁན་མི་གཉིས་ཀྱི་མིང་བཏོན་ཡོད་པ་དེ་རེད། ཁོང་གཉིས་ནི་ཧྲང་ཧེ་ཚོཊ་པའི་དྲུང་ཆེ་ཞི་ཅིན་ཕིན་དང་ལའོ་ཉིན་ཚོགས་པའི་དྲུང་ཆེ་ལི་ཁེ་ཆིང་རེད་ལ་གཉིས་ཀ་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནང་བསྐོ་བཞག་བྱས་ཡོད། ཁོང་གཉིས་ཀ་དགུང་གྲངས་ལྔ་བཅུའི་འགོ་སྟོད་ནས་འཆར་བཞིན་པའི་སྐར་ཆེན་ཡིན་སྟབས། རྒྱ་ནག་གི་ཆེས་མཐོའི་ཐག་གཅོད་ལྷན་ཚོགས་ནང་བསྐོ་བཞག་བྱས་པ་ནི་སྲིད་འཛིན་ཧུའོ་ཅིན་ཐའོ་ཡི་མཇུག་སྐྱོང་མཁན་གྱི་འོས་མི་འཚམ་ཤོས་ཡིན་པ་་སྟོན་གྱི་ཡོད། སྲིད་འཛིན་ཁོང་གི་རྒྱ་ནག་དམར་ཕྱོཊ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེའི་དུས་ཡུན་ ༢༠༡༢ ལོར་རྫོཊ་ཀྱི་ཡོད།

འདས་ཟིན་པའི་རྒྱུད་འཛིན་བྱེད་སྟངས་ཅུང་ཙམ་ཁ་གསལ་གཏིང་གསལ་ཡིན། ཁོང་གིས་ཧྲང་ཧེ་ལ་དབང་བསྒྱུར་བརྟན་པོ་གནང་བར་བརྟེན་ནས་ ༡༩༨༩ ལོར་གནམ་སྡེ་སྒོ་མོ་ཆེན་ཐང་དུ་སློབ་མས་ངོ་རྒོལ་བྱེད་སྐབས་ཏིན་ཞའོ་ཕིན་གྱིས་ཅང་ཙེ་མིན་ཁོང་གི་རྒྱུད་འཛིན་པར་བདམས་ཤིང༌། དེར་མཚུངས། ཧུའོ་ཅིན་ཐའོ་ནི་དེ་སྔ་ ༡༩༩༢ ནང་ཅང་ཙེ་མིན་གྱི་”མངོན་གསལ་ཆེ་བའི་རྒྱུད་འཛིན་པར་བསྐོ་བཞག་བྱས་ཡོད། ཞི་ཅིན་ཕིན་དང་ལི་ཁེ་ཆིང་གཉིས་ཀར་ད་ལྟ་རིན་ཐང་ལྡན་པའི་འགོ་ཁྲིད་ཀྱི་ཉམས་མྱོང་དང་ཆབ་སྲིད་ཀྱི་མ་དངུལ་བསག་པར་གོ་སྐབས་ཤིག་གནང་ཡོད། ཡིན་ཡང༌། ཐེངས་དང་པོར་འོས་མི་གཉིས་ཀས་འདིའི་རྗེས་མའི་རྒྱ་ནག་གི་སྲིད་འཛིན་གྱི་འགྲན་རྩོད་ཁྲོད་དུ་ཐེ་ཚོམ་མེད་པར་ཕན་ཚུན་འགྲན་བསྡུར་བྱེད་ཀྱི་རེད། ཆབ་སྲིད་ལམ་ལུགས་ཤིག་ནང་དུ་དུས་ངེས་མེད་ལ་ཞེན་པ་ལོག་ཏུ་འཇུག་པ་དང་བརྟན་ལྷིང་ལ་བསྟོད་ར་ཆེས་ཆེར་གཏོང་འཇུག་ན། འདི་ནི་གལ་འགངས་ཆེ་བའི་འཕེལ་རྒྱས་ཤིག་ཡིན།

འགྲན་ཟླ་འདི་གང་འདྲ་ཆགས་མིན་བརྗོད་རྒྱུ་ད་ལྟ་སྔ་དྲགས་པ་རེད། ཞི་ཅིན་ཕི་དང་ལི་ཁེ་ཆིང་གཉིས་ཕན་ཚུན་ལས་རོཊ་ཡག་པོ་ཆགས་ཐུབ་གི་རེད་ལ།་ དེ་བཞིན་དུ་མདོག་མཉེས་པོ་རུའང་ཆཊ་སྲིད། གཏན་འཁེལ་ཐུབ་པ་གཅིག་ནི་མི་འདི་གཉིས་ཅུང་མ་འདྲ་བ་མེད་པ་དེ་རེད། ཁོང་གཉིས་ཀ་འགྲན་རྩོད་ཅན་གྱི་ཤོག་ཁག་གཉིས་ནས་ཡིན། འདིས་དཔལ་འབྱོར་དང་སྤྱི་ཚོཊ། འོས་འདེམས་ས་ཁུལ་མི་འདྲ་བའི་སྡེ་ཚན་གཉིས་མཚོན་ཡོད་ཅིང༌། རང་རང་ལ་གལ་གནད་དང་པོ་གང་འཇོག་མིན་གྱི་སྲིད་ཇུས་ལོག་པ་ཡོད། དེར་བརྟེན། ཞི་དང་ལི་གཉིས་ལས་གང་འདེམས་སྒྲུག་བྱེད་པ་ནི་ཆབ་སྲིད་ཀྱི་སྟོབས་ཤུགས་གཅིག་པུ་ལས་མི་ཚད། རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར་གྱི་ཁ་ཕྱོཊ་མི་འདི་གཉིས་ཀའི་རྒྱལ་ཕམ་མམ་མཉམ་འབྲེལ་གང་འདྲ་ལེཊ་པོ་ཡོང་མིན་ལ་རག་ལས་ཡོད།

 ཞི་ཅིན་ཕིན་ནི་ཁེ་གཉེར་མཁས་ཅན་ཚོའི་འོས་མི་དང་འབྱོར་འབྲིང་གྲལ་རིམ་གྱི་གསར་བྱུང་མི་སྣ་ཡིན། ཁོང་གི་པ་ལགས་ནི་དེ་སྔ་ཉམས་མྱོང་ཅན་གྱི་གུང་ཁྲན་ཏང་མི་ཞི་གྲུང་ཞོན་ཡིན། ཁོང་ནི་༡༩༨༠ལོའི་མགོ་སྟོད་ནས་ལོ་དཀྱིལ་བར་དུ་རྒྱ་ནག་གི་ཆེས་མཐོ་ཐག་གཅོད་ལྷན་ཁང་གཉིས་པ་དེ་ཆབ་སྲིད་ཅུའུ་ཡི་ཚོཊ་མི་བྱས་མྱོང་ཡོད། ཞི་ཅིན་ཕིན་རྒྱལ་ཁབ་ཀྱི་འགོ་ཁྲིད་མཐོ་པོ་རུ་འཕར་བ་འདིས་སྐུ་སྲས་ཚོའི་སྟོབས་ཤུགས་འཕེལ་བཞིན་པ་མངོན་གྱི་ཡོད། ཁོང་ཚོ་ནི་གཞུང་གི་གོ་གནས་མཐོ་བའི་དཔོན་རིགས་ཟུར་བ་ཚོའི་བུ་ཕྲུག་དག་ཡིན། ཆབ་སྲིད་ཀྱི་ཤོག་ཁག་གཞན་པ་ཚོ་དང་བསྡུར་ན་སྐུ་སྲས་ཚོས་ཕལ་ཆེར་མཉམ་འབྱར་གྱི་ནུས་པ་ལྡན་པའི་དྲ་བ་ཉུང་ཉུང་ལས་བསྡུ་ཐུབ་ཀྱི་མ་རེད། ཡིན་ཡང༌། ཁོ་ཚོའི་ཆབ་སྲིད་ཀྱི་ངོས་འཛིན་དང་དེར་འཛིན་པའི་དགའ་སྣང་དག་གིས་ཁོང་རྣམས་ཁ་གཏད་གཅོག་དཀའ་བའི་ཕུལ་བྱུང་གི་སྡེ་ཚན་ཞིག་ཏུ་འགྲུབ་པར་འབུད་རྒྱག་གཏོང་སྲིད་ཀྱི་རེད། ཚོཊ་མི་ཉེར་ལྔ་ལས་གྲུབ་པའི་ཆབ་སྲིད་ཅུའུ་ནང་ཞི་དང་ཁོང་གི་རོགས་པ་སྐུ་སྲས་ཚོས་རྐུབ་སྟེཊ་བདུན་བཟུང་ཡོད། སྔོན་མའི་ཆབ་སྲིད་ཅུའུ་ནང་རྐུབ་སྟེཊ་གསུམ་ཙམ་ལས་ཟིན་ཐུབ་མེད། སྐུ་སྲས་མང་ཆེ་ཤོས་ཀྱིས་རང་རང་གི་ཆེད་ལས་འཕེལ་རྒྱས་ཆེ་བའི་མཚོ་རྒྱུད་ནས་ཡར་རྒྱས་བཏང་ཡོད། ཞི་ཅིན་ཕིན་གྱིས་ཀྱང་ཧཕོ་ཅན་དང་ཀྲིག་ཅིང༌། སྲིད་འཛིན་ཟུར་བ་ཅང་ཙེ་མིན་གྱི་སྟོབས་ཤུཊ་ཀྱི་བསྟི་གནས་ཧྲང་ཧེ་བཅས་སུ་ཞིང་ཆེན་གྱི་དཔོན་པོ་མཐོ་པོ་ཞིག་བྱས་ཏེ་དམངས་ལ་ཞབས་འདེཊ་ཞུས་ཡོད།

 སྐུ་སྲས་མང་ཆེ་བ་དང་འདྲ་བར་ཞི་ཅིན་ཕིན་ལ་དཔལ་འབྱོར་འཛིན་སྐྱོང་གི་འགོ་ཁྲིད་ཀྱི་ཉམས་མྱོང་ལྡན་པ་དང་ཚོང་རྭའི་བཅོས་བསྒྱུར་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། ཞིང་ཆེན་དག་ནང་བཞུཊ་སྐབས་ཞི་ཅིན་ཕིན་གྱིས་དམིཊ་བསལ་སྒེར་གྱི་ཁེ་ལས་དར་སྤེལ་བཏང་བ་གཟེངས་སུ་ཐོན་ཡོད། ཁོང་གི་གལ་གནད་དང་པོའི་སྲིད་བྱུས་ནང་དཔལ་འབྱོར་གྱི་ལས་ཆོད་ཡར་སྤོར་བ་དང་ཚོང་རྭའི་རང་དབང་དར་སྤེལ་བྱེད་པ། རྒྱ་ནག་གི་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་GDPམི་མཐུད་དུ་གཉེར་རྒྱུ། རྒྱ་ནག་དང་འཛམ་གླིང་དཔལ་འབྱོར་གྱི་ཟུང་འབྲེལ་རྒྱ་བསྐྱེད་གཏོང་རྒྱུ་བཅས་ཡིན་ཤས་ཆེ་བ་འདུག་ཅིང༌།  ཁོང་ཕྱི་རྒྱལ་གྱི་ཚོང་འབྲེལ་སྤྱི་ཚོཊ་དང་ལྷན་དུ་སྙན་གྲཊ་ཆེ་བ་ཡོད། ད་དུང་ཁོང་ལ་ཁྱད་ཆོས་ཤིག་བགྲང་རྒྱུ་ཡོད་པ་ནི་དེ་སྔོན་ཁོས་རང་གི་ཆེད་ལས་སྦྱངས་སྐབས་སུ་སྲུང་སྐྱོབ་བློན་ཆེན་གྱི་མི་སྒེར་ལས་རོགས་བྱས་ཏེ་རང་ཉིད་ཀྱི་མི་རབས་ནང་དམག་དོན་ཐད་འབྲེལ་བ་ཡོད་པའི་འགོ་ཁྲིད་ཉུང་ཤས་ཡོད་པ་ལས་གཅིག་ཁོང་ཡིན་པ་བཟོས་ཡོད།
         
ཞི་ཅིན་ཕིན་གྱི་ཐོ་འགོད་ལ་ཁ་གཏད་གཅོག་དཀའ་བ་ཡོད། ཡིན་ཡང༌། ཁོང་ལ་ཞན་ཆ་མེད་པ་མིན། སྐུ་སྲས་མང་ཆེ་བ་དང་འདྲ་བར་ཞི་ཅིན་ཕིན་ནམ་རྒྱུན་ནང་ཁུལ་གྱི་ཚོཊ་པའི་འོས་འདེམས་ནང་འོས་གྲངས་དམའ་མོ་ལས་རག་མེད། ༡༩༩༧ལོའི་སྐབས་བཅོ་ལྔའི་དབུས་ཨུ་ཡོན་ལྷན་ཁང་ལ་འདེམས་ཀའི་ཚོཊ་མི་༡༥༡བདམས་པའི་ཁྲོད་ནས་ཁོང་ནི་འོས་གྲངས་ཆེས་ཉུང་ཤས་རག་མཁན་དེ་ཡིན།་ རྒྱ་ནག་མི་དམངས་དང་ཆབ་སྲིད་ཚོཊ་པ་གཉིས་ཀྱིས་ནམ་རྒྱུན་སྐུ་སྲས་ཚོའི”གྱེན་འཕུར་གནམ་གྲུ་ལྟ་བུའི་མཐོ་རྒལ་གྱི་གོ་དབང་”ཆབ་སྲིད་དང་འབྲེལ་བ་དམ་ཟབ་ཆེན་པོ་ཡོད་པ་ལས་དངོས་སུ་འཁྲབ་སྟོན་བྱ་ཐུབ་ཀྱི་མེད་པའི་སྐྱོན་བརྗོད་བྱེད་ཀྱིན་ཡོད།
    
 ཞི་ཅིན་ཕིན་དང་མི་འདྲ་བར་ལི་ཁེ་ཆིང་གི་ཡོང་ཁུངས་ཁྱིམ་ཚང་དཀྱུས་མ་ཞིག་ཡིན། ཁོང་ཨན་ཧོས་ཞིང་ཆེན་ནང་འཚར་ལོངས་བྱུང་བ་དང༌། རང་གི་ཆེད་ལས་ཞིང་པ་ཞིག་ནས་འགོ་བརྩམས། ཁོང་གི་པ་ལགས་ནི་དེ་སྔ་ས་གནས་གྱི་དཔོན་པོ་ཆུང་ཆུང་ཞིག་ཡིན། ཁོང་ཧུའོ་ཅིན་ཐའོ་ཡི་སྟོབས་ཤུཊ་ཀྱི་བསྟི་གནས་གལ་ཆེ་ཤོས་“རྒྱ་ནག་དམར་ཕྱོགས་གཞོན་ནུ་མཉམ་འབྲེལ་”གྱི་རིམ་པ་དག་གི་ཁྲོད་དཀའ་ངལ་ཐ་དག་ལ་གདོང་ལེན་བྱས་ཏེ་ཡར་བསླེབས་པ་ཡིན། ལི་ཁེ་ཆིང་“གཞོན་ནུའི་མཉམ་འབྲེལ་་”ནང་གི་དབུས་འགོ་ཁྲིད་ནང་ལོ་ངོ་༡༦རིང་ཕྱག་ལས་གནང་ཞིང༌། དེའི་ནང་དུ་ཐོག་མའི་ལོ་ལྔ་ནང་དྲུང་ཆེ་བྱས་ཡོད། ཚོཊ་མི་སུམ་བརྒྱ་ཅན་གྱི་དབུས་ཨུ་ཡོན་ལྷན་ཚོགས་འདི་ཆབ་སྲིད་ཅུའུ་ལ་འདེམས་བསྐོ་བྱེད་ཀྱི་ཡོད་ལ། དེའི་ཚོཊ་མི་གསར་བ་མང་ཆེ་ཤོས་ཁོང་གི་ལས་གྲོཊ་ཟུར་བ་ཡིན།་ དེར་བརྟེན་ནས་ཁོང་ལ་ཆབ་སྲིད་ཀྱི་ཟླ་གྲོཊ་ཆད་མེད། ལི་ཁེ་ཆིང་མགོ་ཁྲིད་མཐོ་པོ་ཞིག་ཏུ་ཆཊ་པ་འདིས་”མཐུན་ཚོཊ”སུ་གྲཊ་པའི་”གཞོན་ནུ་མཉམ་འབྲེལ”ལྷན་ཚོགས་ཀྱི་ལོ་རབས་སླེབ་བཞིན་པའི་བརྡ་སྟོན་གྱི་ཡོད། ཆབ་སྲིད་ཅུའུ་གསར་བ་འདིས་”མཐུན་ཚོཊ”ཀྱི་འགོ་ཁྲིད་བརྒྱད་པོས་སྟོབས་ཤུགས་ཆེ་བའི་ལྷན་ཚོཊ་འདིའི་གསུམ་ཆ་གཅིག་གི་རྐུབ་སྟེཊ་བཟུང་ཡོད་པའི་རགས་ཟིན་ལ་བརྟེན་ནས་ངོམ་སོ་བྱེད་ཀྱིན་ཡོད།
     
 ལི་ཁེ་ཆིང་དང་ཧུའོ་ཅིན་ཐའོ་གཉིས་བར་ལོ་ངོ་ཉེར་ལྔ་ཉེ་བའི་འབྲེལ་བ་ཡོད་པ་དང་ཧུའོ་ཡིས་”འཆམ་མཐུན་སྤྱི་ཚོགས”ཤིག་བསྐྲུན་པའི་འབོད་སྐུལ་བྱེད་སྐབས་ལི་ཁེ་ཆིང་ནི་ཆེས་སེམས་ཤུགས་ཆེ་བའི་རྒྱབ་སྐྱོར་བ་ཚོ་ནང་གི་གཅིག་ཡིན། དེའི་གལ་གནད་དང་པོ་ནི་འདྲ་མཉམ་མིན་པའི་དཔལ་འབྱོར་གྱི་ཧེ་བག་ཆུང་དུ་བཏང་དེ་བརྟན་ལྷིང་གི་སྤྱི་ཚོཊ་ཤིག་འཛུགས་བསྐྲུན་བྱེད་རྒྱུ་དང༌། དེས་མི་དམངས་ཀྱི་འཕྲོད་བསྟེན་ལ་སྨན་པའི་གཞི་རྩའི་དགོས་མཁོ་མཁོ་སྤྲོད་གནང་རྒྱུ་དེ་ཡིན། ལའོ་ཉིན་ཚོཊ་པའི་དྲུང་ཆེ་ཡིན་སྐབས་ནས་ལི་ཁེ་ཆིང་གིས་ཁྱིམ་ཚང་ལ་མཁོ་བའི་ཅ་དངོས་རིགས་ཀྱི་རིན་གོང་མར་གཅོག་པ་དང་ལས་བགོ་ཡི་གྲངས་འབོར་མང་དུ་གཏོང་རྒྱུ་ནི་རང་གི་”གལ་གནད་དང་པོའི་ལས་གྲ་ྭ”ཡིན་པའི་ངོས་འཛིན་བྱས་ཡོད། ཁེ་ཕན་དམའ་བའི་སྤྱི་ཚོཊ་ཀྱི་སྡེ་ཚན་དག་དང་ལྷག་པར་མཐའ་ཡས་པའི་ནང་ལོག་དང་བྱང་ཤར་གྱི་རི་རྒྱུད་དག་ན་འཚོ་བའི་མི་དམངས་ཀྱིས་ནམ་རྒྱུན་”མཐུན་ཚོཊ”ཀྱི་འགོ་ཁྲིད་ཚོ་ནི་”ཚོགས་པའི”འགོ་ཁྲིད་དག་ལས་ཁོ་ཚོའི་ཁྲིམས་རྩོད་ཞུ་གཏུཊ་བྱེད་མཁན་ཡག་ཤོས་ཡིན་པའི་ངོས་བཟུང་བྱེད་ཀྱི་འདུག་པ་ནི་རྟོགས་ནུས་པ་ཞིག་རེད།
    

ཡིན་ཡང༌། ལི་ཁེ་ཆིང་ཁོང་ཧའེ་ནན་དང་ལའོ་ཉིན་ཞིང་ཆེན་གྱི་འགོ་གཙོ་ཡིན་སྐབས་མཛད་རྗེས་སྟོན་གྱི་མེད་ཁར་མི་དམངས་ཀྱི་ཁོང་གི་”བསོད་བརྟས་དམན་པའི”ལྟ་ཚུལ་དག་གིས་ཁོང་མགོ་ཁྲིད་མཐོ་ཤོས་ཆཊ་པའི་གོ་སྐབས་སྣང་ཆུང་དུ་གཏོང་སྲིད་ཀྱི་རེད། ཚོཊ་པའི་ལས་བྱེད་པ་ཚོས་ལི་ཁེ་ཆིང་དེ་སྔ་ཧའེ་ནན་ཞིང་ཆེན་གྱི་འགོ་གཙོ་དང་ཚོཊ་པའི་དྲུང་ཆེའི་ཡིན་སྐབས་སུ་ས་གནས་དེ་རུ་མང་ཚོཊ་འཆི་སྐྱོན་གྱི་མེ་སྐྱོན་ཐེངས་གསུམ་ལ་ཤོར་བ་ད་དུང་ཡང་དྲན་གྱི་ཡོད།  ཁོང་ལ་འཕྱ་དམོད་བྱེད་མཁན་ཚོས་བརྗོད་པ་ལྟར་ན་གནད་འགག་གི་སྐབས་སུ་ཁོང་ལ་ཐག་གཅོད་ཀྱི་དཀའ་ངལ་ཡོད་པར་སྨྲ། ཁོང་ལས་ལྡོག་སྟེ་ཧུའོ་ཅིན་ཐའོ་ཡིས་དཔལ་འབྱོར་དང་ཆབ་སྲིད་ཀྱི་གནས་སྟངས་ཛ་དྲག་འོག་བཙན་ཤུགས་ཀྱིས་བྱ་སྤྱོད་སྤེལ་བར་གྲཊ།

འོ་ན། ཚོཊ་པས་ཅིའི་ཕྱིར་ཞི་ཅིན་ཕིན་དང་ལི་ཁེ་ཆིང་གཉིས་ཕན་ཚུན་འགྲན་བསྡུར་བྱེད་དུ་འཇུག་པ་རེད། ཅིའི་ཕྱིར་ཧུའོ་ཅུན་ཐའོ་ཡིས་ལི་ཁེ་ཆིང་རང་གི་སྐྱབས་འོག་པ་རུ་སྟབས་བདེ་བོ་ངང་མི་འདེམས་པ་རེད། མའོ་ཙེ་ཏུང་དང་ཏིན་ཞའོ་ཕིན་གྱི་དུས་སྐབས་དང་མི་འདྲ་བར་ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཚོས་བཀའ་ཁྱབ་བཏང་དེ་སྲིད་གཞུང་འཛིན་སྐྱོང་མི་བྱེད་པར་ངེས་པར་དུ་མང་མོས་ལ་བརྟེན་ནས་སྐྱོང་དགོས།  ཧུའོ་ཅིན་ཐའོ་ཡིས་ཞི་ཅིན་ཕིན་རང་གི་རྒྱུད་འཛིན་པའི་འོས་མི་གཉིས་ནང་གི་གཅིག་ལ་བདམས་པ་འདིས་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་བརྒྱུད་ལམ་རྒྱ་སྐྱེད་ཀྱིན་པ་མ་ཟད། ད་དུང་གཞན་གྱིས་ཁོང་གི་ཆབ་སྲིད་ཀྱི་དགའ་ཕྱོགས་བྱེད་་ས”མཐུན་ཚོཊ”་ཀྱི་འགོ་ཁྲིད་ཚོ་དཔེར་ན་ལི་ཁེ་ཆིང་ལྟ་བུ་ལ་སྐྱོན་བརྗོད་དྲག་པོ་གང་རུང་བྱས་ན་ཁོས་གཅོད་འབྲེག་བྱེད་ཀྱིན་ཡོད། ཧུའོ་ཡི་དམིགས་ཡུལ་ནི་”མཐུན་ཚོཊ”ཀྱི་འགོ་ཁྲིད་ཚོ་དང་སྐུ་སྲས་ཚོའི་བར་གྱི་ཁེ་ཕན་རྩོད་རྙོག་དང་མངོན་གསལ་་ཐ་དད་དུ་གྱེས་བཞིན་པའི་སྣང་ཚུལ་འདི་གཡོལ་བའི་ཆེད་ཡིན་ཅིང༌། ད་དུང་བཅོས་བསྒྱུར་སྐབས་རྗེས་ལུས་སུ་ཐེབས་པའི་སྤྱི་ཚོགས་ཀྱི་སྡེ་ཚན་དག་དང་དཔལ་འབྱོར་ཡར་རྒྱས་ཕྱིན་པའི་སྡེ་ཚན་ཚོའི་བར། མཚོ་རྒྱུད་དང་ནང་ཁུལ་གྱི་ཞིང་ཆེན་བར་གྱི་འགལ་ཟླ་བཅས་གཡོལ་ཆེད་ཡིན།  ཡོངས་ཁུངས་ལྟར་ན་ཧུའོ་ཡིས་ཞི་ཅིན་ཕིན་ཚོགས་པའི་ལས་དོན་དག་གི་གཙོ་འགན་བཞེས་འཇུག་རྒྱུ་དང་ལི་ཁེ་ཆིང་མང་ཆེ་ཤོས་དཔལ་འབྱོར་འཛིན་སྐྱོང་ཁྲོད་ཞུགས་འཇུག་རེད་ཟེར༌། དེ་ནི་ཆེད་ལས་ཀྱི་ལམ་ཁ་སོ་སོར་འགྲོ་བཞིན་པ་འདི་གཉིས་བར་གྱི་ནག་ནོག་གི་ཁྱད་པར་དག་གསུབ་པའི་འབད་བརྩོན་ཞིག་ཡིན།
          
ཞི་ཅིན་ཕིན་དང་་ལི་ཁེ་ཆིང་བར། ཁོང་གཉིས་ཀྱིས་མཚོན་པའི་ཤོག་ཁག་ཚོ་བར་གྱི་སྟོབས་ཤུཊ་ཀྱི་འཐབ་རྩོད་ནི་དངོས་གནས་གཏུམ་དྲག་ཅིག་ཡིན་ངེས་ལ་དེ་ཤིན་ཏུ་གཡོལ་དཀའ་བ་ཞིག་རེད། གལ་ཏེ་ཞི་ཅིན་ཕིན་ ༢༠༡༢ ནང་སྤྱི་ཁྱབ་དྲུང་ཆེ་ཧུའོ་ཅིན་ཐའོ་ཡི་རྒྱུད་འཛིན་པར་ཐོབ་པ་ཡིན་ན་ལི་ཁེ་ཆིང་རྒྱལ་ཁབ་ཀྱི་དབུ་འཁྲིད་གཉིས་པ་ཝན་ཇ་པའོ་ཡི་ཤུལ་འཛིན་པའི་མིང་འདོན་ངེས་པ་རེད། ཞི་ཅིན་ཕིན་གྱི་གོ་གནས་གསར་བ་ནི་དྲུང་ཆེའི་ཚོགས་མི་ནང་དཔོན་གནས་ཆེས་མཐོ་ཤོས་དེ་ཡིན་པ་དང༌། སྔ་ས་ནས་བདམས་པའི་ལི་ཁེ་ཆིང་གི་གོ་ས་ནི་སྲིད་འཛིན་གཞོན་པ་གཙོ་བོ་དེ་ཡིན། འདི་ལྟ་བུའི་བཀོད་སྒྲིག་ཅིག་བཟོ་བར་བསམ་འཆར་འདོན་བཞིན་ཡོད་སྲིད། ཧུའོ་ཅིན་ཐའོ་ཡི་གཟབ་ནན་གྱི་ལྟ་རྟོག་འོག་ཐེངས་རྗེས་མའི་ལོ་ལྔ་ནང་ནུས་པ་ལྡན་པའི་རྒྱུད་འཛིན་པ་འདི་གཉིས་ཁ་རྩོད་ཤོར་བའི་ཚབ་དུ་ཕྱར་བ་གྲུ་འདེགས་བྱེད་སྲིད་ཀྱི་རེད། ཧུའོ་ཅིན་ཐའོ་དང་ཚོགས་པ་གཉིས་ཀྱིས་རྒྱལ་ཆེན་པོ་ཞིག་འཛུཊ་ཀྱིན་ཡོད་པ་བརྗོད་མ་དགོས་པ་རེད། གླ་བ་ལྟར་ཕན་གནོད་གང་སྤྲད་ཀྱང་རྒྱ་ནག་གི་འགོ་ཁྲིད་ཚོས་ཤོར་ཐུབ་འཇུག་གི་མ་རེད།

འདི་ལ་དོགས་གཞི་རིགས་ཡོད་ན་http://www.brookings.edu/articles/2007/1023china.aspxགཟིགས་པར་འཚལ)

འབྲེལ་ཡོད་གསར་འགྱུར།

དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

སྐར་མ ༢༩ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༣ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese