མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་བའི་གྱེན་ལངས་ཆེན་མོའི་མཐོང་ཐོས།

བོད་ཀྱི་དུས་བབ།
༢༠༠༨/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp

དེ་འདྲའི་སེམས་འཁུར་ཡོད་པ་མ་རེད། བླ་མ་དགེ་བཤེས་ཚོ་དང༌། གྲྭ་རྒན་བླ་རྒན་ཚོས་བརྟན་པོ་བྱོས། ཧུར་བརྩོན་བྱོས། ད་ལོ་ནས་བོད་མི་རིགས་དང་སངས་རྒྱས་བསྟན་པ་འཛམ་གླིང་ལ་དར་རྒྱས་འགྲོ་བའི་དུས་སུ་སླེབས་པ་རེད། འོན་ཀྱང༌། བྱ་དངོས་གང་ཞིག་ཡིན་རུང༌། དར་རྒྱས་ཀྱི་དུས་སུ་དགག་བར་ཆད་ཕྲན་བུ་འབྱུང་སྲིད་པ་རེད། ཅེས་ཀུན་མཁྱེན་འཇམས་དབྱངས་བཞད་པས་གསུངས་སོང་ཟེར།

དྷ་ས་དབུས་སྣེ་ལེན་ཁང་ལ་བོད་ནས་གསར་དུ་འབྱོར་བའི་ཕ་ཡུལ་ཨ་མདོ་བླ་བྲང་ནས་ཡིན་པའི་གྲྭ་བློ་བཟང་རྒྱ་ཚོས་འདི་གའི་གསར་འགོད་པར། ད་ལོ་བླ་བྲང་དུ་བྱུང་བའི་གྱེན་ལངས་ཆེན་མོའི་མཐོང་ཐོས་དངོས་བརྗོད་དོན།  ལུགས་རྙིང་གི་ཟླ་ ༢ པའི་ཚེས་ ༦ ནས་ཉིན་གསུམ་རིང་བླ་བྲང་དགོན་པའི་ཚོགས་མཆོད་ཆེན་མོ་ཡིན། སྐབས་དེར་ལོ་ལྟར་ཕྱོགས་མཐའ་ཁག་གི་མི་དམངས་སྟོང་ཕྲག་མང་པོ་མཆོད་མཇལ་དུ་ཡོང་སྲོལ་ཡོད། ཚེས་ ༦ ཉིན་དགོན་པའི་དཀར་འཆམ་དང༌། ཚེས་ ༧ ཉིན་བསང་ཆུའི་ནང་དུ་ཀླུ་རྫོངས་འཕེན་པ། ཚེས་ ༨ ཉིན་གླིང་སྐོར་དུ་སེམས་འཁྲེང་སྒྲིག་པ་བཅས་ཡིན་མོད། ད་ལོ་ཚེས་ ༧ ཉིན་གྱི་ཀླུ་རྫོངས་སྐབས། ཚོགས་ཆེན་འདུ་ཁང་གི་ཟུར་དུ་ཡི་གེ་ཞིག་སྦྱར་འདུག དེར་མི་དམངས་ཚང་མ་བླ་བྲང་བསང་ཆུའི་འགྲམ་དུ་ཕེབས་རོགས། ཞེས་བྲིས་འདུག འོན་ཀྱང༌། ཉེན་རྟོག་པས་འདུ་འཛོམ་བྱེད་དུ་བཅུག་མི་འདུག ཕྱི་དྲོའི་ཆུ་ཚོད་ ༤ བ་ཙམ་ལ་གློ་བར་དུ་གྲྭ་བ་བཅུ་གྲངས་ཤིག་གིས་གླིང་སྟོད་ནས་བོད་ཀྱི་རྒྱལ་དར་ཕྱར་ཏེ། རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་དུ་ཕེབས་རོགས། བོད་མིར་རང་དབང་དགོས། ཞེས་སྐད་བརྒྱབས་སོང་ལ། མང་ཚོགས་ཁྲོད་བོད་ཀྱི་རྒྱལ་དར་མང་པོ་གཏོར་སོང༌། དེ་མ་ཐག་མི་དམངས་ ༣༠༠༠ ཙམ་འདུ་འཛོམས་བྱུང་སྟེ་རྔམ་སྟོན་ཁྲོམ་སྐོར་གྱི་མགོ་བསླངས་སོང༌།

ཚེས་ ༨ ཉིན་དགོན་པའི་སེམས་འཁྲེང་གྲོལ་མ་ཐག བསྐྱར་དུ་མི་དམངས་ ༤༠༠༠ ལྷག་འདུ་འཛོམས་བྱུང་སྟེ། སྐད་འབོད་རྒྱག་བཞིན་རྫོང་སྲིད་གཞུང་གི་སྒོ་ཁར་སྐྱོད་སྐབས། གདོང་པ་བོད་པ་ལས་དཀར་ཞིང༌། ཤ་ཅུང་རྒྱག་པའི་གྲྭ་བ་ཆ་མེད་འགའ་ཡིས་སྲིད་གཞུང་ནང་རྡོ་གཞུས་སོང༌། དེ་མ་ཐག་མང་ཚོགས་ཀྱིས་ཀྱང་གང་བྱུང་དུ་རྡོ་གཞུ་མགོ་བརྩམས་སོང་ལ། རྫོང་སྲིད་གཞུང་གི་སྒོ་བྱང་ཡང་བཅག་སོང༌། ངོ་རྒོལ་བ་ཕྱིར་ལོག་ཁར་རྒྱ་མི་དང་ཁ་ཆེའི་ཚོང་ཁང་དང་ཟ་ཁང་སོགས་ལའང་རྡོ་གཞུས་སོང༌། རྫོང་དྲག་ཆས་དཔུང་དམག་རུ་ཁག་གི་སྒོ་ཁར་སླེབས་སྐབས། དམག་མི་སྟོང་ཕྲག་མང་པོས་མེ་མདའ་དང་མདའ་འགོག་འཁྲབ། ལྕགས་འཁྲབ་འཁོར་ལོ་སོགས་བཞག་སྟེ་དྲག་གནོན་བྱ་རྒྱུར་གྲ་སྒྲིག་བྱས་འདུག སྐབས་དེར་བོད་པ་ཚོའི་སྐད་ཤུགས་སྔར་ལས་ཆེ་རུ་ཕྱིན་སོང་ལ། དྲག་ཆས་དཔུང་དམག་རུ་ཁག་གི་སྒོ་བྱང་ཡང་ས་རུ་འཕངས་ཏེ་ཅག་ཉིལ་བྱས་སོང༌། ཁག་ཅིག་རྫོང་བོད་ཡིག་སློབ་བྲིང་དུ་རྒྱུགས་ཏེ། རྩིག་ལྡེབས་སུ་ཧུའུ་ཅིན་ཐའོ་ཡི་དཔར་ཆེན་པོ་ཞིག་ཡོད་པ་མེར་བསྲེགས་བཏང༌། སློབ་གྲྭའི་ཐང་ཆེན་གྱི་དར་དམར་ཕབ་སྟེ་བོད་ཀྱི་རྒྱལ་དར་བསྒྲེངས། མང་ཚོགས་ཀྱིས་བསང་བཏང་སྟེ ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཅེས་འབོད་སྒྲ་སྒྲོག་གིན་འདུག སྐབས་དེར་དྲག་ཆས་དམག་མི་ཕོན་ཆེན་ཡོང་སྟེ། དུག་བརླངས་གཏོར་ཞིང༌། འགད་རྫས་རིགས་འདྲ་མིན་འཕངས་ཏེ་དམངས་ཚོགས་ཁ་གཏོར་ཐབས་བྱས། ཕྱི་དྲོ་ཆུ་ཚོད་ ༤ བ་ཙམ་ལ་སྟེང་དུ་རྒྱང་བསྒྲགས་ཡོད་པའི་རླངས་འཁོར་ཞིག་གི་ནང་ནས། ཐེངས་འདིའི་ངོ་ལོག་སྣེ་ཁྲིད་པ་སུ་ཡིན་བཤད་མཁན་ཡོད་ན། རྒྱ་སྒོར་ས་ཡ་ལྔ་་༥༠༠༠༠༠༠ སྤྲོད་རྒྱུ་ཡིན། ཁྱེད་ཚོར་དྲག་གནོན་མ་བྱས་པའི་རྒྱུ་མཚན། ད་བར་གོང་རིམ་ནས་ཆོག་མཆན་མ་ཐོབ་པ་རེད་ཟེར། དེ་ནས་བཟུང་དགོན་པའི་མཐའ་དང་གྲོང་ཁྱེར་ཡོངས་དམག་གིས་བསྣན་ཏེ་ཟིང་འཁྲུག་རིམ་གྱིས་འཇགས་སོང༌།

དེའི་རྗེས་ཀྱི་ཉིན་ཞིག དགོན་པའི་ནང་གི་དམག་མིས་གྱོན་ཆས་གཙང་མ་གྱོན་ཞིང༌། ལག་ཏུ་དཔར་ཆས་དང་ཕྲེང་བ་བཟུང་སྟེ། སྤྲོ་འཆམ་པ་དང་མཆོད་མཇལ་བ་ཡིན་ཁུལ་བྱས་འདུག ཉིན་དེར་ཚོགས་འཚོགས་སྐབས། སྐྱབས་འཇུག་ཞུ་ཡིག་གི་ནང་དུ་ཡི་གེ་རེ་བཞག་འདུག དེའི་ནང་དེ་རིང་སྔ་དྲོ་ཆུ་ཚོད་ ༡༢ སྟེང་རྒྱལ་སྤྱིའི་གསར་འགོད་པ་ཁག་ཅིག་འབྱོར་རྒྱུ་རེད། ཅེས་བྲིས་འདུག ཚོགས་གྲོལ་མ་ཐག་གྲྭ་བ་འགའ་འདུ་ཁང་སྒོ་འགྲམ་གྱི་བུད་ཤིང་འོག་ཏུ་ཡུབ་བསྡད་པ་རེད། ཁོང་ཚོར་གསར་འགོད་པ་སླེབས་པའི་བརྡ་བསྐྱལ་མ་ཐག བོད་ཀྱི་རྒྱལ་དར་ཕྱར་ཏེ་སྐད་འབོད་བྱས། རྒྱུ་མཚན་དེ་དག་ལ་བརྟེན་ཏེ། ལན་ཀྲུ་ནུབ་བྱང་དམག་ཁུལ་ཁང་གི་དམག་ཁ་སྣོན་བྱས་ཏེ། དགོན་པ་སྔར་ལས་དམ་དྲག་ཆེ་རུ་བཏང་སོང༌། གྲྭ་ཤག་གཅིག་ཀྱང་མ་ལྷག་པར་སྒོ་དང་སྒེའུ་ཁུང་བཅག་སྟེ་སྔོག་བཤེར་བྱས། ༧གོང་ས་མཆོག་གི་པར་ཡོད་ཚད་འཕྲོག ཕྱི་རྒྱལ་བརྙན་འཕྲིན་ལྟ་བྱེད་ཡོད་ཚད་བཅོམ་བཅག་བྱས་ཏེ། གྲྭ་བ་ ༢༦༠ ཙམ་སྡེབ་གཅིག་ལ་འཛིན་བཟུང་བྱས་སོང༌། ཕྱར་ཉིན་དགེ་བཤེས་དང་གྲྭ་བ་རྒན་པ་ ༣༠༠ ཙམ་རྡོ་གཅལ་ཐང་དུ་འཚོགས་ཏེ། འཛིན་བཟུང་བྱས་པའི་གྲྭ་བ་རྣམས་མ་གློད་ཚེ། དགོན་པའི་དགེ་འདུན་པ་ཡོངས་ཀྱིས་ཞི་བའི་ངོ་རྒོལ་བྱ་རྒྱུར་གྲོས་ཐག་བཅད་སོང༌། འོན་ཀྱང༌། དགོན་པའི་དོ་དམ་ལྷན་ཁང་ཡོང་སྟེ། འུ་ཅག་གི་སྐྱིད་སྡུག་གཅིག་པ་ཡིན། རྫོང་སྲིད་གཞུང་ལ་ང་ཚོས་བཤད། གལ་ཏེ་གྲྭ་བ་རྣམས་མ་གློད་ཚེ། ང་ཚོས་སྣེ་ཁྲིད་དེ་ངོ་རྒོལ་བྱས་ཆོག་ཟེར། བརྡ་ལན་དེ་རྫོང་སྲིད་གཞུང་ལ་བསྐྱལ་མ་ཐག་གྲྭ་བ་རྣམས་གློད་གྲོལ་བཏང་སོང་མོད། ད་དུང་གྲྭ་བ་གསུམ་བཙོན་ཁང་དུ་ལྷག་ཡོད་ལ། དམ་དྲག་དང་འཇིགས་དངངས་སྔར་བཞིན་གནས་ཡོད།

ཟིང་འཁྲུག་སྐབས། བླ་བྲང་དགོན་པའི་ཉེ་འཁོར་གྱི་འབྲོག་དམངས་ཚོས། ད་ནི་སྔོན་མའི་བཅིངས་གྲོལ་སྐབས་ཀྱི་ཆག་སྒོ་ལྟ་བུ་ཞིག་ཡོང་རྒྱུ་རེད། ཟ་མའི་དཀའ་ངལ་འཕྲད་རྒྱུ་རེད་ཟེར་ནས་བྲོ་ཕྱེ་དང་འབྲས་འབོར་ཆེན་ཉོ་བཞིན་འདུག་ལ། དགོན་པའི་གྲྭ་བ་རྒན་པ་ཚོ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་དྲུང་དུ་བཅར་ཏེ། ད་ནི་རྒྱ་ནག་གིས་སངས་རྒྱས་བསྟན་པ་བསྣུབ་རྒྱུ་ཡིན་པ་འདྲ་ཟེར་ནས་ཞུས་འདུག སྐབས་དེར་ཀུན་མཁྱེན་རིན་པོ་ཆེ་ཡིས། དེ་འདྲའི་སེམས་འཁུར་ཡོད་པ་མ་རེད། བླ་མ་དགེ་བཤེས་ཚོ་དང༌། གྲྭ་རྒན་བླ་རྒན་ཚོ་བརྟན་པོ་བྱོས། ཧུར་བརྩོན་བྱོས། ད་ལོ་ནས་བོད་མི་རིགས་དང་སངས་རྒྱས་བསྟན་པ་འཛམ་གླིང་ལ་དར་རྒྱས་འགྲོ་བའི་དུས་སུ་སླེབས་པ་རེད། འོན་ཀྱང༌། བྱ་དངོས་གང་ཞིག་ཡིན་རུང༌། དར་རྒྱས་ཀྱི་དུས་སུ་དགག་བར་ཆད་ཕྲན་བུ་འབྱུང་སྲིད་པ་རེད། ཅེས་གསུངས་འདུག སྐབས་དེར་མང་པོ་ཞིག་གིས་རེ་བ་ཆེན་པོ་བརྒྱབས་འདུག་ཀྱང༌། ཉེ་ཆར་རྒྱ་རི་བློ་གྲོས་རྒྱལ་མཚན་སོགས་པེ་ཅིན་དུ་སྐྱོད་དེ། གྲུབ་འབྲས་བྱུང་མེད་པ་ཐོས་རྗེས། ད་ནི་རེ་བ་མི་འདུག ཨོ་ལིམ་པིག་རྗེས་སུ་རྒྱ་ནག་གིས་བོད་ནང་སྡུག་པོ་སྔར་ལས་ཆེ་བ་གཏོང་གི་རེད་ཟེར་བཞིན་འདུག་ཅེས་བརྗོད་སོང༌། 

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༤ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese