མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གྲྭ་བ་རྣམས་གློད་པ།

བོད་ཀྱི་དུས་བབ།
༢༠༠༨/༠༩/༠༤
Share on FacebookShare on TwitterShare on EmailShare on Whatsapp

སི་ཁྲོན་ཞིང་ཆེན་ནས་ཡིན་པའི་གྲྭ་བ་སྐོར་ཞིག་ཟླ་ ༤ ལྷག་ལ་བཀག་ཉར་བྱས་རྗེས་གློད་གྲོལ་ཐོབ་ཡོད་ཚུལ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་འདུག

རྒྱ་ནག་གི་གཡོན་ཐལ་ཆེ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་བོད་མི་ཚོས་ལོ་འདིའི་གསུམ་བཅུའི་དུས་དྲན་ཉིན་ནས་ཞི་བའི་ངོ་རྒོལ་བྱས་རྗེས་ནས་ཟླ་དྲུག་རིང་བཙན་གནོན་བྱས་ཤིང་། སྐབས་དེར་དབུས་ཀྱི་གདན་ས་ཁག་གི་དགེ་འདུན་པ་མང་བོ་ཞིག་འཛིན་བཟུང་བྱས་པ་དང་། དེ་དག་གི་ཁྲོད་ནས་ཕལ་ཆེ་བ་མཚོ་སྔོན་ཞིང་ཆེན་གྱི་གོར་མོ་གྲོང་ཁྱེར་རུ་བཀག་ཉར་བྱས་ཡོད་ཅིང་། གོར་མོ་རུ་བཀག་པའི་གྲྭ་པ་ཕལ་ཆེ་བ་མདོ་ཁམས་ཕྱོགས་ནས་ཡིན་པ་དང་། རྗེས་སུ་མཚོ་སྔོན་ཆོས་ལུགས་ལས་དོན་ཁང་དང་འཐབ་ཕྱོགས་གཅིག་གྱུར་ཁང་གི་ཁག་འཁུར་ལྟར་མཚོ་སྔོན་གྱི་གྲྭ་པ་ཕལ་ཆེ་བ་རང་རང་གི་ཕ་ཡུལ་དུ་བཟང་བཙོན་དུ་བཅུག་ཡོད་ལ། སི་ཁྲོན་ས་ཁུལ་དུ་མུ་མཐུད་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པར་བརྟེན་གྲྭ་པ་རྣམས་ད་བར་ཟླ་བཞིའི་རིང་གོར་མོ་རུ་བཀག་ཉར་བྱས་ཡོད་པ་རེད།
 
ཨེ་ཤ་ཡ་རླུང་འཕྲིན་ཁང་ལ་གནས་ཚུལ་འགྲེལ་བཤད་བྱས་པ་ལྟར་ན། ཕྱི་ཟླ་ ༨ ཚེས་ ༢༧ ཉིན་གྲྭ་བ་དང་མི་སྐྱ་ ༥༠ ནས་ ༨༠ ཙམ་གོར་མོ་ནས་སི་ཁྲོན་རྔ་པ་རྫོང་དུ་ཁྲིད་ཡོང་སྟེ། རྫོང་སྲིད་གཞུང་དང་ཐག་ཉེ་སའི་སློབ་གྲྭ་ཞིག་གི་ནང་བཀག་ཡོད་པ་དང་། དེར་བསམ་བློ་བཅོས་བསྒྱུར་གྱི་སློབ་གསོ་སྤྲོད་ཀྱི་ཡོད་ཚུལ་འདུག གྲྭ་པ་དེ་དག་ཕྱིར་འབུད་དུ་མི་འཇུག་ནའང་སོ་སོའི་ནང་མིར་ཐུག་འཕྲད་བྱེད་དུ་འཇུག་གི་ཡོད་ཚུལ་འདུག དེ་དག་གི་གྲས་ནས་གྲྭ་པ་ ༢༧ ནི་རྔ་བ་ཀིརྟི་དགོན་པ་དང་གཙོས། མགོ་མང་བཅས་ནས་ཡིན་འདུག

གློད་གྲོལ་ཐོབ་ཀན་གྱི་གྲྭ་བ་ཞིག་གིས་བརྗོད་པ་ལྟར་ན། གོར་མོ་ནས་གློད་པའི་གྲྭ་པ་དེ་དག་སྐོར་ཁག་བྱས་ནས་འཁྲིད་ཀྱིན་ཡོད་པ་དང་། ཕྱི་ཟླ་ ༦ ཚེས་ ༢༦ ཉིན་གྲྭ་པ་ ༦༠ ཞིག་སི་ཁྲོན་རྔ་པ་ཕྱོགས་སུ་ཁྲིད་ཡོད་པ་དང་།  གཞན་རྣམས་ནི་ཕྱི་ཟླ་ ༨ ཚེས་ ༢༧ དང་ ༢༨། ༢༩ བཅས་སོ་སོར་ཁྲིད་ཡོད་འདུག ཚེས་ ༢༩ ཉིན་གྲྭ་བ་ ༡༤ གློད་པ་དག་སི་ཁྲོན་དཀར་མཛེས་ཕྱོགས་སུ་ཁྲིད་ཡོད་པ་རེད།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist