ལོ་གཅིག་གི་སྔོན་ལ་བྷུ་རེ་ཊི་ ཌ་སུ་ལགས་ཨམ་སུ་ཊར་ཌམ་དུ་ཡོད་པའི་རང་ཁྱིམ་ནས་ཐོན་ཏེ་ཡུ་རོབ་དང་དབུས་ཨེ་ཤ་ཡའི་རྒྱལ་ཁབ་བཅོ་བརྒྱད་ཀྱི་གོམ་བགྲོད་མགོ་བཙུགས་པ་རེད། ད་ལྟའི་བར་ཁོང་གིས་རྒྱལ་ཁབ་ ༡༦ བརྒྱུད་ཡོད་པ་དང་། ཕྱི་ཟླ་ ༨ པའི་ཚེས་ ༦ ཉིན་ཁོང་མོ་རྒྱ་གར་དུ་འབྱོད་ཡོད་པ་དང་། ད་ཆ་ཁོང་གིས་ཁ་ཆེའི་ཡུལ་ཏེ། རྒྱ་གར་གྱི་ཀཤཱི་སྨིར་མངའ་སྡེ་རྒྱལ་ས་ཤི་རེ་ན་གྷར་དུ་འབྱོར་ཡོད་པ་རེད། ད་ལྟའི་བར་ཁོང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཐོན་རག་བར་དུ་རྒྱང་ཐག་ཀེ་ོ་མི་ཊར་སྟོང་ཕྲག་དགུའི་རིང་རྐང་ཐང་དུ་བསྐྱོད་ཡོད་པ་རེད།
ལོ་གཅིག་གི་རིང་འཇིག་རྟེན་ཞི་བདེའི་ཆེད་དང་། མི་སྒེར་གྱི་རང་དབང་། གཉིས་ཕན་གུས་བཀུར། འདི་དག་ཐམས་ཅད་འཐུས་ཚང་དུ་ཡོད་པའི་རྒྱལ་ཁབ་བོད་ལ་རྒྱབ་སྐྱོར་བྱེད་པའི་གོ་རྟོགས་སྤེལ་ཆེད་ལས་འགུལ་འདི་མགོ་བརྩམས་ཡོད་པ་རེད།
༧གོང་ས་མཆོག་མུམ་བྷེ་ལ་སྨན་གཏུགས་ཆེད་མ་ཕེབས་པའི་སྔོན་ཏེ། ཕྱི་ཟླ་ ༨ པའི་ཚེས་ ༢༨ ཉིན་ཁོང་མོར་༧གོང་ས་མཆོག་ལ་མཇལ་ཁ་ཞུ་རྒྱུའི་སྐལ་བ་བྱུང་ཡོད་པ་རེད། ༧གོང་ས་མཆོག་གིས་སྐབས་དེ་དུས་ནས་འབྱུང་འགྱུར་གྱི་བདུན་ཕྲག་གསུམ་རིང་མཇལ་འཕྲད་དང་མཛད་འཕྲིན་མཐའ་དག་ཕྱིར་འགྱངས་གནང་ཡོད་ནའང་ཁོང་མོར་མཇལ་འཕྲད་ཀྱི་སྐལ་བ་ལྡན་པར་གྱུར་བ་རེད། ༧གོང་ས་མཆོག་གིས་བཀའ་འདྲི་གནང་བ་བཞིན་ད་བར་ཁོང་མོས་ཀེ་ལོ་མི་ཊར་ཅི་ཙམ་ཞིག་ལ་གོམ་བགྲོད་གནང་ཡོད་མེད་དང་། གོམ་བགྲོད་འདིའི་དམིགས་ཡུལ་ཏེ། རང་དབང་གི་ཞབས་རྗེས་དང་། བོད་སྐྱོབ་ཀྱི་སྐོར་ཡར་ཞུས་ཡོད་པ་རེད། ༧གོང་ས་མཆོག་གིས་ཁོང་མོར་ཕྱག་རྟགས་ཤིག་བསྩལ་བ་དང་མཉམ་དུ་ཁོ་མོས་འཇིག་རྟེན་ཞི་བདེ་དང་ཁོང་གི་རྗེས་འཇུག་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་བའི་ཐད་ཐུགས་རྗེ་ཆེ་དང་ཁོང་མོའི་བློ་སྟོབས་ལ་རྗེས་སུ་ཡི་རངས་ཞུས་ཡོད་པ་རེད།