མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོགས་ནང་གླེང་དགོས་པ་འགའ།

བོད་ཀྱི་དུས་བབ།
༢༠༠༨/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་བརྒྱད་ཉིན་ནས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་འདུ་ཚོགས་ཏེ། བགྲོ་གླེང་སྣ་ཚོགས་བྱེད་བཞིན་ཡོད་ལ། འདི་གའི་གསར་འགོད་པས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འབྲེལ་ཡོད་མི་སྣ་ཁག་ཅིག་ལ། ཐེངས་འདིའི་གྲོས་ཚོགས་སྟེང་གནད་དོན་གང་དག་གི་ཐད་ངེས་པར་བགྲོ་གླེང་བྱ་དགོས་མིན་ཐད་བཅར་འདྲི་བྱས་པ་ཡིན།

བོད་རང་དབང་སློབ་ཕྲུག་ཚོགས་པའི་ངྷ་ས་ས་གནས་ཀྱི་ཚོགས་གཙོ་བསྟན་འཛིན་ཆོས་དབྱངས་ལགས་ཀྱིས། ཐེངས་འདིའི་གྲོས་ཚོགས་སྐབས་ངེས་པར་དུ་གླེང་དགོས་པའི་ཕྱོགས་གཅིག་ནི་ང་ཚོས་ལས་འགུལ་སྤེལ་སྐབས་ནུས་པ་གང་ཐོན་ཡོད་མེད་དང་མ་འདང་ས་གང་ཡིན་མིན་དེ་གཉིས་ཐོག་བགྲོ་གླེང་བྱ་དགོས་ཀྱི་འདུག དཔེར་ན། ད་ལོར་བོད་ནང་ཞི་བའི་སྒེར་ལངས་ཆེན་པོ་འདི་ལྟ་བུ་ཞིག་ཡོང་གི་རེད་བསམ་བསམ་ཡོད་པ་མ་རེད། ང་ཚོས་ཚོད་དཔག་ཐིག་གི་མེད་ནའང༌། གཞུང་ངོས་ནས་ཚོད་དཔག་ཐུབ་དགོས་པ་རེད། སྔོན་ཚུད་ནས་གལ་སྲིད་བོད་ནང་ལས་འགུལ་འདི་ལྟ་བུ་ཞིག་སྤེལ་ན་ག་རེ་བྱེད་ཀྱི་ཡིན་བསམ་པའི་སྔོན་རྩིས་ཤིག་དགོས་པ་རེད། ད་ལོ་ལྟ་བུར་མཚོན་ན། འཆར་གཞི་གང་ཡང་མེད་པར་དུས་ཚོད་མང་བོ་འཕྲོ་བརླག་ཏུ་ཕྱིན་པ་རེད། དེ་ཁས་ལེན་བྱ་ཐུབ་ཀྱི་ཡོད་དམ་མེད། དེ་བཞིན་ཛ་དྲག་ཚོགས་ཆུང་བཙུགས་ནས་ཕན་ཐོགས་བྱུང་ཡོད་དམ་མེད། གལ་སྲིད་ཕན་ཐོགས་མེད་ན། སོ་སོས་ནོར་འཁྲུལ་ཁས་ལེན་བྱ་ཐུབ་ཀྱི་ཡོད་དམ། གལ་སྲིད་སོ་སོའི་ནོར་འཁྲུལ་ཁས་ལེན་ཐུབ་ཀྱི་ཡོད་ན། མ་འོངས་པར་ནོར་འཁྲུལ་མི་འབྱུང་བའི་ཆེད་དུ་གང་བྱ་དགོས་ཀྱི་ཡོད་མེད་སྐོར་ལ་བགྲོ་གླེང་བྱ་དགོས་ཀྱི་འདུག་ཅེས་བརྗོད་སོང༌།

བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་ཀྱིས་བརྗོད་དོན། གཅིག ད་ལོར་བོད་ནང་བྱུང་བའི་ཞི་བའི་སྒེང་ལངས་སྐབས་གཞིས་ལུས་བོད་མིའི་སེམས་གཏིང་གི་མངོན་འདོད་དང་མཐར་ཐུག་གི་དམིགས་ཡུལ་ག་རེ་ཡིན་མིན་ཕལ་ཆེར་གསལ་བོ་ཆགས་ཚར་བ་རེད། གང་ཡིན་ཟེར་ན། ཐེངས་འདིའི་གཞིས་ལུས་བོད་མི་ཚོའི་འབོད་ཚིག་གཙོ་བོ་བོད་རང་བཙན་དང་ྋགོང་ས་མཆོག་བོད་དུ་གདན་འདྲེན་དགོས་ལྟ་བུའི་འབོད་ཚིག་ཤ་སྟག་རེད། ང་ཚོའི་ལངས་ཕྱོགས་དེ་དབུ་མའི་ལམ་གྱི་སྟེང་དུ་འགྲོ་བསྡད་པ་རེད། ཡིན་ནའང༌། གྲོས་ཚོགས་ནང་དབུ་མའི་ལམ་གྱི་སྲིད་བྱུས་དེ་གང་འདྲ་ཞིག་ཆགས་ཀྱི་ཡོད་ན། ྋགོང་ས་མཆོག་གིས་བོད་གཞུང་འདིས་བོད་གཞིས་བྱེས་གཉིས་ཀྱི་གཞུང་མཚོན་གྱི་ཡོད་ཅེས་གསལ་བོར་གསུང་གི་ཡོད་ལ། བོད་ཕྱི་ལོགས་སུ་བརྒྱ་ཆ་ཉུང་ཉུང་ཞིག་མ་གཏོགས་མི་མང་ཕལ་ཆེ་བ་བོད་ནང་དུ་ཡོད་པ་རེད། དེར་བརྟེན། ང་ཚོའི་གྲོས་ཚོགས་དེ་བོད་གཞིས་བྱེས་གཉིས་ཀྱི་གཞུང་ཞིག་ཡིན་སྟབས་གྲོས་ཚོགས་ཀྱི་ཁ་ཕྱོགས་ཀྱང་བོད་ནང་གི་གཞིས་ལུས་བོད་མི་ཚོར་ཁ་ཕྱོགས་གཏད་དགོས་པ་རེད་ལ། ཐེངས་འདིའི་གྲོས་ཚོགས་ནང་བོད་མིའི་སེམས་གཏིང་གི་མངོན་འདོད་དེ་གང་ཡིན་བགྲོ་གླེང་བྱ་ཐུབ་དགོས་པ་རེད། གཉིས། བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་ལས་འགུལ་གང་འཚམ་ཡག་པོ་སྤེལ་བ་རེད། ཡིན་ནའང༌། བོད་ནང་གི་ཆབ་སྲིད་བཙོན་མ་གློད་གྲོལ་གཏོང་དགོས་ཞེས་པ་དང་རྨས་སྐྱོན་ཕོག་པ་རྣམས་ལ་སྨན་བཅོས་ཀྱི་མཐུན་རྐྱེན་སྤྲོད་དགོས་ཟེར་བ་སོགས་ནི་སྐབས་བབ་ཀྱི་སྐད་ཆ་ཞིག་རེད། དེ་ཚོ་གལ་ཆེན་པོ་ཡིན་ནའང་ཕུགས་བསམ་ཞིག་དགོས་པ་རེད་ལ། བོད་མིའི་སེམས་གཏིང་གི་མངོན་འདོད་དང་འཚམ་པའི་ལས་འགུལ་ཞིག་སྤེལ་རྒྱུ་དེ་བས་ཀྱང་གལ་ཆེན་པོ་རེད། དེའི་སྟེང་བགྲོ་གླེང་ཤུགས་ཆེན་པོ་ཞིག་ཡོང་དགོས་ཀྱི་ཡོད་པ་རེད་བསམ་ཡོད། གསུམ། ྋགོང་ས་མཆོག་ལམ་དབུ་མའི་ཐོག་ཏུ་ཕེབས་ཀྱིན་ཡོད་སྟབས། གོ་ཐོས་ལྟར་ན་གྲོས་ཚོགས་ནས་དེའི་སྟེང་འགྱུར་བ་ཞེ་དྲག་གཏོང་ཐུབ་ཀྱི་མེད་པ་ལྟ་བུ་ཡིན་ས་རེད། ངས་འདི་འདྲ་རེད་བསམ་གྱི་མི་འདུག ང་ཚོ་མང་གཙོའི་ལམ་ལུགས་ཤིག་གི་སྟེང་དུ་འགྲོ་བསྡད་ཀྱི་ཡོད་པ་རེད། མང་གཙོའི་ལམ་ལུགས་དེ་ང་ཚོར་ྋགོང་ས་མཆོག་གིས་གསོལ་རས་གནང་བ་རེད། ང་ཚོས་ྋགོང་ས་མཆོག་གི་བཀའ་སློབ་བརྩི་གིན་ཡོད་ཟེར་གྱི་ཡོད་པ་རེད་དེ། བཀའ་སློབ་ཟེར་དུས་མང་བོ་ཡོད་པ་རེད། བཀའ་སློབ་ག་ཚོད་ཅིག་སོ་སོས་ལག་བསྟར་ཐུབ་ཀྱི་ཡོད་པ་དེ་བསྒྲུབ་དགོས་པ་རེད། དཔེར་ན་ྋགོང་ས་མཆོག་གིས་ང་ཚོར་མང་གཙོའི་ལམ་སྲོལ་གསོལ་རས་གནང་ཡོད་དུས་དེ་ལོངས་སུ་མ་སྤྱད་ན་ྋགོང་ས་མཆོག་གིས་བཀའ་སློབ་མ་སྒྲུབ་པ་རེད། དེ་ལོངས་སུ་སྤྱོད་པ་ལ་གྲོས་ཚོགས་ནང་བགྲོ་གླེང་ག་རེ་ཡིན་ནའང་བྱ་ཆོག་གི་རེད། ཁོང་ཚོ་མི་མང་གི་སྐུ་ཚབ་ཡིན་སྟབས་མི་མང་གི་མངོན་འདོད་གླེང་དགོས་པ་རེད། བཞི། བོད་རྒྱ་ཞི་མོལ་འགྲོ་བསྡད་ཀྱི་ཡོད་པ་རེད། མི་རིང་བར་ཡང་བསྐྱར་ཐེངས་བརྒྱད་པ་དེ་འགྲོ་དགོས་པ་རེད། འབྲེལ་མོལ་འགྲོ་རྒྱུ་དེ་གལ་ཆེན་པོ་རེད། ཡིན་ནའང༌། ང་ཚོའི་ཕྱོགས་ནས་རྒྱ་ནག་ལ་བསྟུན་རྒྱུ་དང་མར་འབབ་རྒྱུ་གང་ཡོང་བྱས་པ་རེད། ད་ཕར་ཕྱོགས་ནས་ག་ཚོད་མར་འབབ་ཀྱིན་འདུག་མི་འདུག དེ་ཚོ་ལའང་བལྟས་ཏེ་གོམ་པ་སྤོ་རྒྱུ་དེ་གལ་ཆེན་པོ་རེད་ལ། གྲོས་ཚོགས་ནང་སྐད་ཆ་བཤད་དགོས་ཀྱི་ཡོད་པ་རེད། དཔེར་ན་ཕྱི་ཟླ་བཅུ་བའི་ནང་གི་འབྲེལ་མོལ་དེ་གལ་ཆེན་པོར་བརྩི་གི་འདུག དེ་ལྟར་ཡིན་རྒྱུ་རེད། ཡིན་ནའང༌། སྐབས་དེར་རྒྱ་ནག་ཕྱོགས་ནས་དངོས་གནས་འགྱུར་བ་ཞིག་འགྲོ་གི་འདུག་མི་འདུག་ལྟ་རྒྱུ་དེ་གལ་ཆེན་པོ་རེད་ཅེས་བརྗོད་ཡོད།

གཞོན་ནུའི་ཚོགས་གཞོན་དོན་འགྲུབ་རྡོ་རྗེ་ལགས་ཀྱིས་བརྗོད་དོན། ད་ལོ་བོད་ནང་ཞི་བའི་ངོ་རྒོལ་བྱས་སྐབས་གྲོས་ཚོགས་ཚོགས་དུས་འགྲོ་བསྡད་ཀྱི་ཡོད་ནའང་ཟུར་དུ་གྲོས་བསྡུར་བྱས་ཏེ། བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་བཙུགས་ཤིང་ལས་འགུལ་སྤེལ་བ་དེ་ཚོ་གཞོན་ནུའི་ངོས་ནས་ཁ་ཚ་དགོས་གཏུགས་ཀྱི་ལས་འགུལ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ལ། མུ་མཐུད་ཡར་རྒྱས་དང་ནུས་པ་གོང་མཐོར་གཏོང་དགོས་པ་རེད་བསམ་གྱི་ཡོད། ཡིན་ནའང༌། བཙན་བྱོལ་བོད་གཞུང་ནང་ད་ལོར་བོད་ནང་ལས་འགུལ་བྱུང་སྐབས་གཞི་ནས་གྲ་སྒྲིག་བྱ་རྒྱུ་དང་ལས་འགུལ་སྤེལ་རྒྱུ་བཅས་ཡོང་གི་འདུག  དེ་ཚོ་སྔོན་ནས་གྲ་སྒྲིག་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག རྗེས་ཕྱོགས་དེ་ལྟ་བུ་ཞིག་མི་ཡོང་འབད་བརྩོན་གནང་རྒྱུ་གལ་ཆེན་པོར་མཐོང་གི་ཡོད་ཅེས་དང༌། ང་ཚོ་ལ་དངོས་སུ་གནས་ཚུལ་འབྱོར་བསྡད་པ་ཡིན་ནའང་རེད། ྋགོང་ས་མཆོག་གིས་ཡོངས་གྲགས་ཐོག་གསལ་བསྒྲགས་གནང་བ་ལྟར་ཨོ་ལིམ་པིག་རྩེད་འགྲན་མཇུག་སྒྲིལ་བ་དང་རྒྱ་ནག་གི་མི་སེར་མང་བོ་ཞིག་བོད་དུ་གནས་སྤོ་བྱ་རྒྱུ་དང༌། བོད་ཡུལ་སྔར་ལས་ཀྱང་རྒྱ་ཡུལ་དུ་བསྒྱུར་བའི་སྲིད་བྱུས་ཤིག་ལག་བསྟར་བྱེད་ཀྱིན་པ་རེད། དེའི་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཐོག་གླེང་སློང་ཤུགས་ཆེན་པོ་བྱ་དགོས་ཀྱི་འདུག

དེ་མིན་ཉེ་ཆར་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་བཙུགས་ནས་ཛ་དྲག་གི་ལས་འགུལ་མང་དག་ཅིག་སྤེལ་ནའང༌། ཚོགས་ཆུང་དེ་གནས་སྐབས་རིང་ཡིན་སྟབས་མུ་མཐུད་རྒྱུན་རིང་བོར་གནས་ཐུབ་མིན་ཤེས་རྟོགས་ཐུབ་ཀྱི་མེད་པ་དང༌། བོད་ནང་ལྟ་བུར་མཚོན་ན་འདས་པའི་མི་ལོ་དྲུག་ཅུ་ལྷག་གི་རིང་ཛ་དྲག་གནས་སྟངས་ཡིན་ཡིན་པ་རེད། དེ་ལ་གྲོས་བསྡུར་གྱིས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ཕྱོགས་ལ་བསམ་ཞིབ་བྱ་དགོས་ཀྱི་འདུག་ཅེས་བརྗོད་ཡོད་ལ། བོད་ཀྱི་དགུ་བཅུ་གསུམ་གྱི་ཉམས་ཞིབ་པ་ཟླ་བ་བཀྲ་ཤིས་ལགས་ཀྱིས་བརྗོད་དོན། བཙན་བྱོལ་དུ་ཡིག་བསྒྱུར་ཁང་ཞིག་འཛུགས་རྒྱུ་གལ་ཆེན་པོ་རེད། ཡིག་བསྒྱུར་ཁང་དེས་རྒྱ་ཡིག་དང་དབྱིན་ཡིག་ཐོག་བོད་དོན་དང་རྒྱ་ནག་སྐོར་གྱི་དཔེ་དེབ་དང་རྩོམ་ཡིག་གྲགས་ཅན་ཚུར་བོད་ཡིག་ནང་ཕབ་སྒྱུར་བྱ་དགོས་ཀྱི་འདུག དེ་སྔོན་ང་རང་ཐེངས་མང་བོར་ཟབ་སྦྱོང་དེ་འདྲའི་སྟེང་འགྲོ་མྱོང་ཡོད། ཟབ་སྦྱོང་སྤྲོད་ཐེངས་རེར་ཧིན་སྒོར་འབུམ་ཕྲག་མང་བོས་འགྲོ་སོང་གཏོང་གིན་འདུག འགྲོ་སོང་དེ་འདྲའི་ཕོན་ཆེན་པོ་ཞིག་བཏང་སྟེ་ཐེངས་གཅིག་གི་ཟབ་སྦྱོང་སྤྲོད་པ་ལས་རྩ་ཆའི་དཔེ་དེབ་ཅིག་ཚུར་བོད་ཡིག་ནང་ཕབ་སྒྱུར་བྱས་ཚེ། དེས་ང་ཚོར་རྒྱུན་དུ་ཕན་ཐོགས་ཡོང་གི་རེད། ངའི་ངོས་ནས་གནད་དོན་འདིའི་ཐོག་གྲོས་ཚོགས་ནང་བགྲོ་གླེང་ཡོང་རྒྱུར་རེ་བ་བརྒྱབ་ཡོད་ཅེས་བརྗོད་ཡོད།

འབྲེལ་ཡོད་གསར་འགྱུར།

Sikyong Penpa Tsering Extends Condolences on the Passing of Congressman Barney Frank. Photo Credit: Tibet.net
Mobile App

བོད་མི་ཚོས་ཨ་རིའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ཞིག་འདས་གྲོངས་ཕྱིན་པར་གདུང་སེམས་མཉམ་སྐྱེད་ཞུས།

སྐར་མ ༥༠ སྔོན་ལ།
Mobile App

རྒྱ་ནག་གིས་ “བོད་ཞི་བའི་བཅིངས་འགྲོལ་” ཞེས་པའི་ལོ་ངོ་ ༧༥ འཁོར་བའི་དུས་དྲན་ལ་དགག་ལན་དང་ཐ་སྙད་དབྱེ་ཞིབ།

༢༠༢༦/༠༥/༢༣
བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༦/༠༥/༢༢
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

༢༠༢༦/༠༥/༢༢
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

༢༠༢༦/༠༥/༢༢
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese