མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོགས་ལ་བསྩལ་བའི་༧གོང་ས་མཆོག་གི་བཀའ།

བོད་ཀྱི་དུས་བབ།
༢༠༠༨/༠༩/༡༢
Share on FacebookShare on TwitterShare on EmailShare on Whatsapp

ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བོད་མི་དམངས་ཞི་རྒོལ་ཆེན་མོ་མདོ་དབུས་ཁམས་གསུམ་ནང་མེ་ལྕེ་བཞིན་མཆེད་དེ། རང་དབང་གི་འབོད་སྒྲའི་འོག་ནས་རྒྱལ་གཅེས་དཔའ་བོ་མང་པོའི་ཚེ་སྲོག་སྐད་ཅིག་ཏུ་ཤོར་བ་དེའི་དབང་གིས། ༧གོང་ས་མཆོག་གཙོས་པའི་བོད་རིགས་རྒྱ་ཆེའི་མི་མང་གིས་བོད་པའི་རྩ་དོན་ཐད། བསམ་བློ་བསྐྱར་དུ་བཏང་སྟེ། ཐག་གཅོད་བསྐྱར་དུ་བྱ་རྒྱུ་ཡིན་ཟེར།

སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་དྲུག་པ་ཚོགས་ཏེ། ཉིན་ལྔ་ཙམ་འགྲོ་བཞིན་པའི་ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ། ༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་སྒེར་ཡིག་ཚང་བརྒྱུད་དེ། གྲོས་ཚོགས་ཚོགས་དུས་དྲུག་པའི་སྟེང་ཆེད་དུ་བཀའ་ཡིག་ཅིག་གནང་ཡོད་ལ། ༧གོང་ས་མཆོག་གི་བཀའ་ཡིག་དེའི་ནང༌། ཕྱི་ཟླ་ ༡༡ དང་ ༡༢ གང་རུང་ཞིག་ལ། ད་ལོའི་བོད་ནང་གི་ཛ་དྲག་གི་གནས་བབ་དང༌། རྒྱལ་སྤྱིའི་གནས་བབ་བཅས་ཀྱི་འོག བོད་ཀྱི་རྩ་དོན་ཐོག་དམིགས་བསལ་ཚོགས་ཆེན་ཞིག་བསྐོང་སྟེ། བགྲོ་གླེང་གོ་བསྡུར་ཞིབ་རྒྱས་གནང་དགོས་སྟབས། ཐེངས་འདིའི་བཀའ་སྤྱི་ལྷན་འཛོམས་ཐོག ཚོགས་མི་དང་ཚོགས་དུས་འཆར་འགོད་ཀྱིས་གང་མྱུར་སྙན་འབུལ་ཡོང་དགོས་ཞེས་བཀའ་བསྩལ་ཡོད།

༧གོང་ས་མཆོག་གི་བཀའ་ཡིག་དེ་ནི་ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ སྟེང༌། བོད་མི་མང་སྤྱི་འཐུས་རྣམ་པ་དང༌། བཀའ་བློན་རྣམ་པ། དྲུང་ཆེ་རྣམ་པ། དེ་བཞིན་ཟུར་ཉན་པ་བཅས་ལྷན་བཞུགས་ཐོག་སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་གིས་སྐྱོར་ཀློག་གནང་སོང་ལ། ཕྱི་ཚེས་ ༡༥ ཉིན་རེས་གཟའ་ཟླ་བའི་ཉིན་བཀའ་ཡིག་དེའི་ནང་དོན་ཐད་ཟིན་བྲིས་ཤིག་ཟུར་དུ་གྲ་སྒྲིག་གིས༌། བཀའ་སྤྱི་ལྷན་འཛོམས་ཀྱིས་བགྲོ་གླེང་གོ་བསྡུར་ཞིབ་རྒྱས་གནང་གཏན་འཁེལ་ཡོད། ཐེངས་འདིའི་སྤྱི་འཐུས་ལྷན་འཛོམས་སྟེང་བསྩལ་བའི་༧གོང་ས་མཆོག་གི་བཀའ་ཡིག་གཤམ་གསལ་ལྟར་ཡིན།
 
༄༅། ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་དང༌། བཀའ་ཤག་ལྷན་རྒྱས་མཆོག་གི་དྲུང་དུ།
ཆེད་ཞུ།
 
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བར་ལམ་བོད་ནང་གི་ཛ་དྲག་གི་བྱུང་རྐྱེན་དང༌། རྒྱལ་སྤྱིའི་གནས་བབ་བཅས་ཀྱི་འོག་བོད་ཀྱི་རྩ་དོན་ཐོག་གོ་བསྡུར་བགྲོ་གླེང་ཞིབ་ལྷོད་ཅིག་གནང་ཆེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ང་དགུ་པའི་ནང་གསེས་ཁག་གི་ཆ་རྐྱེན་འོག་དམིགས་བསལ་ཚོགས་ཆེན་ཞིག་འདི་ལོའི་ཕྱི་ཟླ་ ༡༡ དང་ ༡༢ གང་རུང་ནང་བསྡུ་བསྐུང་དགོས་རྒྱུ་དང༌།
ཚོགས་མི་དང་ཚོགས་དུས་བཅས་དེ་ནས་འཆར་འགོད་ཀྱིས་གང་མྱུར་༧སྙན་འབུལ་གནང་དགོས་ཞེས་བཀའ་སྤྱི་ཕེབས་འདུག་པ་དེ་ལུགས་དགོངས་མངའ་ཞུ།
སྐུ་སྒེར་ཡིག་ཚང་ནས་༢༠༠༨ ཟླ་༩ ཚེས་ ༡༡ ལ་ཕུལ།
 
སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་འདུའི་བར་གསེང་དང་བསྟུན་ཏེ་བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་སུ་༧གོང་ས་མཆོག་གི་བཀའ་ཡིག་དེའི་ཐད་བསམ་ཚུལ་ཅི་ཡོད་བཅར་འདྲི་ཞུས་པར་ཁོང་གིས་བརྗོད་པར། ང་ཚོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཐེངས་འདིའི་༧གོང་ས་མཆོག་གི་བཀའ་ཡིག་དེ་ཧ་ཅང་གི་གལ་གནད་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། གང་ཡིན་ཟེར་ན། ད་ལྟ་གྲོས་ཚོགས་འགྲོ་བཞིན་པ་རེད། ༧གོང་ས་མཆོག་གིས་བོད་ཀྱི་རྩ་དོན་ཐོག་ལ། སྤྱི་ཟླ་ ༡༡ དང་ཡང་ན་ ༡༢ བའི་ནང་དམིགས་བསལ་ཚོགས་འདུ་ཞིག་ཚོགས་དགོས་ཀྱིན་འདུག་ཅེས་བཀའ་ཕེབས་ཡོད། དེ་གནད་འགག་ཆེན་པོ་ཞིག་རེད། བཀའ་ཡིག་དེའི་ནང་དོན་ཐད་གཟའ་ཟླ་བའི་ཉིན་གྲོས་ཚོགས་ནས་གོ་བསྡུར་ཞུ་རྒྱུ་རེད། གནས་ཚུལ་ཅི་བྱུང་སྐབས་དེར་རིམ་པའི་གསལ་བོ་ཆགས་གི་རེད་ཅེས་བརྗོད་སོང༌།
 

འབྲེལ་ཡོད་གསར་འགྱུར།

Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

སྐར་མ ༣༡ སྔོན་ལ།
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༢ སྔོན་ལ།
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

༢༠༢༦/༠༣/༢༨

མཆན། 3

  1. ཡོན་བྷེ། says:
    ལོ་ 18 སྔོན།

    གནས་ཚུལ་འདི་ཐོས་མ་ཐག་གལ་གནད་ཆེ་བའི་གནད་དོན་ཞིག་རེད་བསམ་སོང༌། ཡིན་ནའང་བསྐྱར་དུ་བསམ་བློ་ཞིབ་མོ་བཏང་དུས་༸གོང་ས་མཆོག་གིས་བཀའ་གསུང་འདི་གནང་ས་ཅུང་ནོར་འདུག་སྙམ། ཁོང་གིས་ཐུགས་རེ་ག་འདྲ་ཆེན་པོ་བཅིངས་ཏེ་མར་གནང་ཡོད་ནའང་བཀའ་སྤྱི་གཉིས་ཀྱིས་དེ་ལ་གྲོས་བསྡུར་ལེགས་པོ་ཞིག་དང་ཁུར་མཉམ་ལེན་ཞིག་བྱེད་ཀྱི་རེད་བསམ་གྱི་མི་འདུག མགོན་པོ་གང་གིས་ཅི་གསུང་དེ་ག་རང་ཡིན་ཞེས་བཤད་དེ་རང་ཉིད་ཀྱི་འགན་ཁུར་ལེན་འདོད་མི་བྱེད་པ་ཁོང་ཚོར་རྒྱུན་གོམས་བྱུང་ཡོད་ལ།༸གོང་ས་མཆོག་གིས་ཐུགས་རེ་དེ་རྩ་བ་ནས་མིན། དེའི་ཕྱིར་ད་ཐེངས་སྐྱར་ཞིབ་ཀྱི་ལས་གཞི་དེ་མགོན་པོ་གང་གིས་ཐར་གར་ཆེད་འཛུགས་མི་སྣ་དམིགས་བཀར་གྱིས་ལམ་ནས་སྐྱར་ཞིབ་བྱེད་རྒྱུའི་འགྲོ་སྲོལ་ཞིག་དོད་ཡོད་ན་བསམ་སོང༌།

    Reply
  2. སྐར་མ། says:
    ལོ་ 18 སྔོན།

    ལོ་ངོ་མང་པོ་ཞིག་གི་ཡར་སྔོན་ལ་རྒྱལ་བ་རིན་པོ་ཆེས་མར་བསྩལ་བ་ཞིག་ཕྱིར་ཡར་ཕུལ་བ་རེད། དེ་ནས་བཟུང་མི་ལོ་བཅུ་ཕྲག་གཅིག་ལྷག་ཕྱིན་པ་རེད། ད་ཐེངས་ཡང་བཀའ་སྤྱི་གཉིས་ལ་འདི་ལས་ལྷག་ཅིག་ཡོད་གི་མ་རེད། དེ་བས་མི་སུ་ཡིན་རུང་ད་ཐེངས་སེམས་རྣལ་དུ་ཕབ་ནས་བསམ་ཚུལ་འདོན་རྒྱུ་གལ་ཆེན་པོ་རེད།

    Reply
  3. ཁྲི་འབྲིང་བཙན། says:
    ལོ་ 18 སྔོན།

    ངོ་མ་དགའ་དགོས་པའི་གནས་ཚུལ་རེད། འདིས་ནང་བོད་ཀྱི་མ་འོངས་བའི་ཐག་གཅོད་ཡག་པོ་ཡོང་པར་མ་ཎི་འདོན་གི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese