མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོགས་ཆེན་གྱི་ནང་ལས།

བོད་ཀྱི་དུས་བབ།
༢༠༠༨/༠༩/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༢༥ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

ལོ་མཇུག་གི་ཚོགས་ཆེན་འདིའི་སྟེང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གྲུབ་ཆ་འདྲ་མིན་ནས་ཡོང་བའི་བོད་མི་ ༥༠༠ ཙམ་བཞུགས་སྒར་ངྷ་སར་འཛོམས་ཏེ་བོད་ཀྱི་རྩ་དོན་ཐོག་གོ་བསྡུར་བགྲོ་གླེང་བྱེད་རྒྱུ་ཡིན་ལ། འདི་ནི་བོད་མི་རྣམས་རི་ཡུལ་གཉིས་སུ་གྱེས་ཏེ་མི་ལོ་ ༥༠ འགོར་བའི་ཁ་མཚམས་དེར་འཁེལ་ཡོད་སྟབས། ཛ་དྲག་གི་ལས་དོན་ཞིག་ཅི་ནས་ཀྱང་ཡིན།

ཚོགས་འདུ་འདིའི་རྒྱབ་ལྗོངས་ནི་ཇི་ལྟར་༧གོང་ས་མཆོག་གིས་ཕྱག་འཕྲིན་ནང་བཀོད་པ་ལྟར། ད་ལོའི་བོད་ནང་གི་ཛ་དྲག་གི་བྱུང་རྐྱེན་དང་། རྒྱལ་སྤྱིའི་གནས་བབ་བཅས་ཀྱི་འོག་ནས་བོད་ཀྱི་རྩ་དོན་ལ་གོ་བསྡུར་བྱེད་རྒྱུ་དེ་ཡིན་སྟབས། ཚོགས་ཞུགས་པ་རྣམས་གྲོས་ལ་མ་ཞུགས་པའི་སྔོན་དུ་ཚོགས་ཆེན་འདིའི་ཐོག་འཁྱེར་ཡོང་རྒྱུའི་ནང་ལས་ལྟ་བུ་དང་ངེས་པར་དུ་ཞིབ་འཇུག་བྱེད་དགོས་སའང་གནད་དོན་འདི་གཉིས་ཡིན།

ཉིན་འདི་དག་གི་རིང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཐེངས་འདིའི་ཚོགས་ཆེན་སྐོར་ལ་ཚོད་དཔག་སྣ་ཚོགས་བྱེད་ཀྱིན་ཡོད། ཁག་ཅིག་གིས་ད་ནི་རང་བཙན་གྱི་ལམ་དུ་འགྲོ་གི་རེད་ཟེར་ལ། འགའ་རེས་འདི་ནི་དབུ་མའི་ལམ་གྱི་འབབ་སྟེགས་སྐྲུན་ས་རེད་ཟེར། རེ་ཟུང་གིས་འདི་ནི་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཐབས་ཙམ་རེད་ཟེར། འོན་ཀྱང་ཚང་མས་ཁ་ཡོངས་གྲགས་ཀྱིས་རྒྱབ་རྩར་འཚོལ་བཞིན་པ་ནི་གཞིས་ལུས་མི་དམངས་རེད། ཚོགས་ཆེན་གྱི་རྣམ་པ་དང་ངོ་བོའི་ཐད་མི་རྣམས་ཀྱི་གོ་བ་ནི་ཚིག་དོན་གྱི་གོ་བའི་ཕ་རོལ་ཏུ་བརྒལ་ཡོད་ལ། ད་ལྟའི་གླེང་ཕྱོགས་ལ་བལྟས་ན། ༧གོང་ས་མཆོག་གིས་ཐུགས་རེ་གནང་བ་བཞིན། ༼གོ་བསྡུར་བགྲོ་གླེང་ཞིབ་ལྷོད་༽ཅེས་པ་དེ་ཡོང་རྒྱུ་མིན་པར། རང་རང་གི་ནམ་རྒྱུན་གྱི་ལྟ་བ་དང་ལངས་ཕྱོགས་ཀྱི་ཕྱོགས་སུ་བརྟན་པོར་ལྷུང་ཞིང་། དུས་ངེས་མེད་དུ་འདི་ལྟར་ཕན་ཚུན་གྱི་ཁ་གཏད་དུ་འབུད་ངེས་པར་འདུག

གནས་ལུགས་ལ་ཅུང་ཙམ་ཐག་ཉེ་རུ་བཏང་ནས་བཤད་ན། མི་སུ་ལའང་ནམ་རྒྱུན་སྲིད་དོན་གྱི་ལྟ་བ་འཛིན་ཕྱོགས་ལ་ཁྱད་པར་ཡོད་སྲིད་ཀྱང་། བོད་ནང་གི་ཛ་དྲག་གྱི་བྱུང་རྐྱེན་དང་རྒྱལ་སྤྱིའི་གནས་བབ་ལྟ་བུ་ནི་མི་སྒེར་གྱི་ལྟ་བའི་འོག་ནས་ལྟ་རྒྱུ་ཞིག་མིན་པར། རྒྱུ་རྐྱེན་དང་གནས་སྟངས་ལ་བརྩད་ཞིབ་བྱས་པ་བརྒྱུད་དངོས་ཡོད་ཀྱི་གནས་ཚུལ་ཞིག་རྗེན་པར་མཐོང་དགོས་པའི་གྲས་ཡིན་སྟབས་ལྟ་བའི་ཁྱད་པར་མེད་པའི་གྲས་ཡིན། གནས་ཚུལ་འདི་དག་མཐོང་བའི་ཐོག་ད་གཟོད་གང་དགའ་ཅི་དྲག་གི་གྲོས་ལ་ཞུགས་རྒྱུ་ནི་ཐེངས་འདིའི་ཚོགས་ཆེན་གྱི་ལྗིད་ཤུགས་ཆེ་ཤོས་དེ་ཡིན།

མི་མང་པོ་ཞིག་གི་སེམས་ཁུར་ནི་སླར་ཡང་གཞིས་ལུས་མི་དམངས་ཀྱིས་འདིའི་ཐད་མཉམ་ཞུགས་དང་བསམ་ཚུལ་འདོན་ཐུབ་ཀྱི་མེད་པ་དེ་ཡིན། གལ་སྲིད་ཚོགས་ཆེན་གྱི་ནང་ལས་དང་པོ་སྟེ། བོད་ནང་གི་ཛ་དྲག་གི་བྱུང་རྐྱེན་ངོ་མ་དེ་བརྙེད་ཅིང་དེ་ལ་དཔག་པའི་གྲོས་ལ་ཞུགས་ཐུབ་ཚེ་གཞིས་ལུས་མི་དམངས་ཀྱི་མངོན་འདོད་ཀྱང་རང་བཞིན་གྱིས་ཚོགས་ཆེན་འདིའི་ཐོག་སླེབ་ཐུབ་པ་ལྟ་བུ་ཞིག་ཆགས་ཡོད་པར་འདོད། དེ་བས་ཚོགས་ཆེན་འདི་ལ་དོན་སྙིང་ཆེན་པོ་ཞིག་འབྱུང་ཐུབ་མིན་ནི་གོང་གི་ཚོགས་ཆེན་གྱི་ནང་ལས་གཉིས་དེ་གསལ་བོ་ཞིག་ངོ་འཕྲོད་མིན་ལ་ཧ་ཅང་རག་ལས་ཡོད་པར་འདོད་དོ།།

འབྲེལ་ཡོད་གསར་འགྱུར།

པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

ཆུ་ཚོད་ ༡ སྔོན་ལ།
ཧྭང་ཆི་ཧྥན།(གཡོན།) ལི་ཀྲན་ཧྲའོ།(དཀྱིལ།) ལི་ཀྲན་ཧྲའོ་ཡི་བུ་མོ་ལི་ཆིན་ཤེན།(གཡས།)
Mobile App

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་ཞིབ་བཤེར་བྱེད་ཀྱི་འདུག

ཆུ་ཚོད་ ༢༠ སྔོན་ལ།
Mobile App

ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་དྲུང་གི་ལས་ཁུར་དབུ་འཛུགས་ཞུས།

ཆུ་ཚོད་ ༢༡ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀྲང་ཡེ་ཡི་ནང་མིར་འཇིགས་སྐུལ་བྱས།

༢༠༢༦/༡༠/༡༣
བལ་ཡོད་ས་མཚམས་ཙུམ་ནུབ་རི་སྒའུ་པ་ལི་རུ་ཆུ་ལོག་བྱུང་བ།
Mobile App

བལ་བོད་མཐའ་མཚམས་བཙུམ་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་བ།

༢༠༢༦/༡༠/༡༣

མཆན། 1

  1. འབྲོང་ར་བཟི། says:
    ལོ་ 18 སྔོན།

    དེ་རིང་ང་ལ་གྲོགས་པོ་ཞིག་གིས་གནས་ཚུལ་འདི་འདྲ་ཞིག་བསྐུར་ནས་སླེབ་སོང༌། གལ་ཆེའི་གསར་འགོད་གསལ་བསྒྲགས། ད་ལོ་ཕྱི་ཟླ་༡༡ པའི་ཚེས་༡༧ ནས་༢༢ བར་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་སྤྱི་འཐུས་གྲོས་ཚོགས་ཀྱིས་གྲོས་ཆོད་བཞག་པ་གཞིར་བཟུང་བཞུགས་སྒར་རྡ་སར་དམིགས་བསལ་ཚོགས་འདུ་ཆེན་པོ་ཞིག་འཚོགས་རྒྱུ་ཡིན་པ་དགོངས་མངའ་ལྟར། འདི་ནི་རང་རེ་བོད་ཀྱི་ལོ་རྒྱུས་འཕོ་འགྱུར་གྱི་ཁྲོད་དུ་བྱུང་བའི་ཆབ་སྲིད་ཀྱི་དུས་ཚོད་ཛ་དྲག་ཅིག་གི་འོག་བསྐོང་ཚོགས་བྱས་པར་སོང་གལ་ཆེའི་དོན་སྙིང་ལྡན་པའི་ཚོགས་འདུ་ཞིག་ཡོང་ཆེད། ང་ཚོ་གཞིས་བྱེས་བོད་མིའི་ཆོས་དང༌། རིག་གཞུང༌། དཔལ་འབྱོར། ཆབ་སྲིད། ཤེས་ཡོན་སོགས་ཀྱི་ཐད་དོན་དངོས་སུ་གནས་སྟངས་གང་འདྲ་ཞིག་ཏུ་སླེབས་ཡོད་པ་ངོས་ཟིན་ཐོག ཚོགས་ཆེན་དེར་བོད་ཀྱི་ཛ་དྲག་གི་དཀའ་ངལ་སེལ་ཐབས་སུ་ལག་ལེན་ལ་འཁེལ་ཐུབ་པ་ཞིག་ཚང་མིའི་འགན་ཁུར་ཡོད་པའི་ཐོག་ནས་བསམ་ཚུལ་འདོན་སྤེལ་བྱེད་དགོས་པ་ཧ་ཅང་གལ་ཆེན་དུ་མཐོང་བ་མ་ཟད། ང་ཚོའི་བསམ་པར་བཙན་བྱོལ་བོད་གཞུང་གིས་དབུ་ཁྲིད་འོག་འདི་ལོའི་ཟས་བཅད་སྨྱུང་གནས་ལ་གཞིས་ལུས་བོད་མི་མི་ཉུང་བ་མཉམ་གཞུགས་བྱས་པ་ལྟ་བུའི་མཚོན་གཞིས་བྱེས་བོད་མི་ཡོངས་སུ་རྫོགས་པ་མཉམ་འབྲེལ་གྱི་ལམ་ནས་བོད་དོན་ལས་འགུལ་ཕྱི་གསལ་ནང་གསལ་དང༌། རྡོག་རྩ་གཅིག་སྒྲིལ་གྱིས་མདུན་བསྐྱོད་བྱ་རྒྱུ་དང༌། དེ་འདྲའི་ལས་འགུལ་དེ་བཞིན་བབ་བརླིང་བརྟན་གསུམ་གྱི་སྒོ་ནས་གཞིས་བྱེས་གཉིས་སུ་རྒྱུན་མཐུད་སྤེལ་དགོས་པར་མཐོང༌། དེ་བཞིན་ཚང་མས་ནུས་ཤུགས་འདོན་སྟངས་ཐད་བསམ་ཚུལ་སྤེལ་རྒྱུའི་མཚོན་འགན་ལེན་གནང་རྒྱུ་གལ་ཆེན་དུ་མཐོང༌། དབུས་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་རྒྱུན་ལས་ཁང་ནས།
    ཕྱི་ལོ་༢༠༠༨ ཟླ་༠༩ ཚེས་༢༣ ལ། ངོ་མ་ང་ཚོར་ཚོར་བ་ཕུག་བསམ། དམིགས་ཡུལ་དང་ལང་ཕྱོགས་ཞིག་ཡོད་དགོས་པ་དང༌། དེ་བཞིན་གྱི་གྲ་སྒྲིག་ཞིག་མེད་ན་དཀའ་ངལ་རེད་པ། ཚོགས་ཆེན་དེ་ག་འདྲ་ཞིག་ཆགས་མིན་ལ་སུ་གཅིག་ལ་གདེངས་ཚོད་མི་འདུག་ཨ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese