མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བཞུཌ་སྒར་གྱི་གསུང་ཆོས།

བོད་ཀྱི་དུས་བབ།
༢༠༠༨/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་བ་རིན་པོ་ཆེས་སྐུ་ངལ་ཁྱད་གསོད་དང༌། སྙུང་གཞི་སྣང་མེད་ཀྱིས་སིངྒ་པུར་དང་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་བ་བཏབས་པ་ལྟར་གསུང་ཆོས་ཀྱི་མཛད་འཕྲིན་སྐྱོང་མགོ་བརྩམས་ཡོད།

ཉེ་ཆར་༧གོང་ས་མཆོག་གི་ཧྥ་རན་སིའི་མཛད་འཕྲིན་གྲུབ་རྗེས་སྐུ་གཟུགས་ཅུང་བདེ་མིན་གྱིས་ཡུ་རོབ་ཁག་གི་མཛད་འཆར་ཕྱིར་འཐེན་གྱིས་སྐུ་ངལ་གསོ་བཞིན་ཡོད་ནའང༌། སིངྒ་པུར་གྱི་དད་ལྡན་ཆོས་ཞུ་བ་ཁག་ཅིག་གིས་སྐྱབས་འཇུག་ཞུས་ངོར་ཐུགས་བརྩེ་བ་ཆེན་པོས་གཞན་དབང་དུ་གྱུར་བ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ ༢༥ ཉིན་ནས་བཟུང༌། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་སླར་ཡང་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་ཏེ། རྗེ་ཙོང་ཁ་བས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པའི་བཀའ་ཆོས་གནང་མགོ་བརྩམས་ཡོད། ལམ་རིམ་བཀའ་ཆོས་སྟེང་ཨེ་ཤ་ཡའི་རྒྱལ་ཁབ་སིངྒ་པུར་དང་ཐའེ་ལན་ཌི། ཐའེ་ཝན། ཀོ་རི་ཡ། རྒྱ་ནག་སྐམ་ས་ཆེན་པོ། ཡུ་རོབ་དང་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག དེ་མིན་བཞུགས་སྒར་ཁུལ་གྱི་བོད་རིགས་སེར་སྐྱ་མང་ཚོགས་བཅས་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་མང་པོ་ཕེབས་ཡོད་ལ། ༧གོང་ས་མཆོག་གི་གསུང་ཆོས་རྒྱ་སྐད་དང་དབྱིན་སྐད། ཉི་ཧོང་སྐད། ཀོ་རི་ཡའི་སྐད་སོགས་སུ་བསྒྱུར་ཏེ་རྒྱང་སྲིང་བྱས་ཡོད། སྐབས་དེར་༧གོང་ས་མཆོག་གིས། ཐེངས་འདིར་སིངྒ་པུར་ནས་ཡོང་ཡོད་པ་ཚོ་གཙོ་བོ་ཆགས་ཡོད། ཁོང་ཚོ་ཚང་མས་དབྱིན་སྐད་རྒྱག་གིན་ཡོད་སྟབས། ཐེངས་འདིར་ངས་དབྱིན་སྐད་ནང་བཤད་རྒྱུ་ཡིན། ཆོས་འབྲེལ་ཞིག་ཆགས་ཡོད་སྟབས་ང་རང་ཚོ་བོད་རིགས་ཀྱང་མང་པོ་ཞིག་ཕེབས་ཡོད་པ་རེད། དེ་རིང་ངས་ལབ་རྒྱུ་མང་པོ་ཞིག་བོད་རིགས་ཚོ་དང་ནུབ་ཕྱོགས་ཀྱི་ཆོས་ཞུ་བ་ནམ་རྒྱུན་འདི་གར་བསྡད་ཡོད་པ་ཚོར། ངས་བཤད་པ་དེ་བསྐྱར་སྡབ་འདྲ་བོ་རེད། དེ་ཁྱེད་རང་ཚོས་མཁྱེན་དགོས་པ་རེད། འདིར་སིངྒ་པུར་གྱི་ཆོས་ཞུ་བར་གཙོ་བོ་དམིགས་ཡོད་པ་རེད། དེར་བརྟེན་ངས་བསྐྱར་སྡབ་མང་པོ་བྱེད་ཀྱིན་འདུག་མ་དགོངས་རོགས། ཞེས་གསུངས་རྗེས་གསུང་ཆོས་དངོས་གཞི་དབྱིན་སྐད་ནང་གསུང་མགོ་བརྩམས་སོང༌། ཉིན་གུང་རྗེས་ཆོས་ཞུ་བ་རྣམས་ཁག་བགོས་ཀྱིས་༧གོང་ས་མཆོག་གི་གསུང་ཆོས་ཐད་དྲི་བ་དྲིས་ལེན་དང་བགྲོ་གླེང་བྱས་ཡོད་ལ། ཐེངས་འདིའི་གསུང་ཆོས་ནི་ཕྱི་ཚེས་ ༢༥ ནས་ ༢༧ བར་ཉིན་གསུམ་རིང་ཡིན་ལ། སྤྱི་ཟླ་ ༩ ཕྱི་ཚེས་ ༣༠ ནས་སྤྱི་ཟླ་ ༡༠ ཚེས་ ༤ བར་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ཁག་ཅིག་གིས་ཇི་ལྟར་གསོལ་བ་བཏབས་པ་བཞིན། སློབ་དཔོན་ཀླུ་གྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང༌། སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་མ་གཉིས་ཀྱི་བཀའ་ཆོས་སྩོལ་འཆར་ཡོད་པ་རེད།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist