མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་མ་འཁྱོལ་ཐབས་མི་འདུག

བོད་ཀྱི་དུས་བབ།
༢༠༠༨/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་ད་ལྟའི་བོད་ནང་གི་གནས་སྟངས་ནི་ཞི་བདེ་ལྷིང་འཇགས་ཡིན་སྐོར་སྒྲོག་གིན་ཡོད་ནའང༌། དོ་དངོས་དེ་འདྲ་ཞིག་གཏན་ནས་མིན་པར་སྔར་བཞིན་དྲག་ཤུགས་ཁོ་ནས་ཉི་མ་འཁྱོལ་ཐབས་བྱེད་ཀྱིན་ཡོད་པ་དང༌། བོད་མི་སྤྱི་དང་ལྷག་པར་དགེ་འདུན་པ་རྣམས་ལ་མནར་གཅོད་གཏོང་ཚབས་ཆེ་རུ་འགྲོ་བཞིན་ཡོད་འདུག

ཕྱི་ཚེས་ ༢༦ ཉིན་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་གིས་འདི་ག་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ཟླ་ ༩ པའི་ཚེས་ ༢༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༧ ཐོག་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་སྦྱིན་པ་ཀླད་ཆ་འབོད་པ་དེ་དགོན་པའི་ནུབ་ཕྱོགས་ཀྱི་གླིང་མཐར་ཆབ་ཆེན་འདོར་བར་ཕྱིན་སྐབས། དགོན་མཐའ་སྲུང་མཁན་གྱི་དམག་མི་ཚོས་ཁོང་ལ། ས་ཚིགས་འཛིན་བྱེད་ཀྱི་ཐིག་བརྒྱབས་ནས་ལྕགས་ལེབ་ཅིག་བསླངས་ཡོད་པ་ཚུར་ནང་ལ་བསྣུར་ནས་ཐིག་གསར་པ་བརྒྱབས་ཏེ་ཁྱོད་རང་ཡོང་མི་ཆོག་སར་ས་ཐིགས་བརྒལ་ནས་སླེབས་སོང་ཞེས་གཞི་མེད་བསྙོན་འཛུགས་ཀྱིས་ཉེས་རྡུང་བཏང་འདུག་ལ། དེ་རྗེས་ཁོང་དགོན་པའི་སྐོར་ལམ་དུ་ཡོད་པའི་གཞུང་གི་ཟ་ཁང་ནང་སོང་བར་དམག་མི་ཚོས་རྗེས་འདེད་བཏང་སྟེ་སྡོད་མ་བཅུག་སྟངས། གྲྭ་བསོད་ནམས་རྒྱ་མཚོ་དང༌། བློ་བཟང་ཐབས་མཁས་གཉིས་ཀྱིས་བར་འདུམ་བྱས་པར། དམག་མི་ཚོས་ཁྱེད་རང་གཉིས་ལ་མི་འདིའི་ཆེད་དུ་སྐད་ཆ་བཤད་རྒྱུའི་ཐོབ་ཐང་མེད། ཁྱེད་ཚོ་སོ་སོ་རེད་ཅེས་བཙན་གཏམ་བསྒྲགས་པ་མ་ཟད། ཁོང་གཉིས་ཀྱི་རྐང་པའི་གཡས་གཡོན་དང་གནམ་ལ་མེ་མདའ་འཕངས་ཏེ་འཇིགས་སྐུལ་བྱས་ཡོད་འདུག

སྐབས་དེར་ཟ་ཁང་ཕྱི་ནང་གི་གྲྭ་པ་མང་པོ་དེར་འདུས་པ་དང༌། སྨན་པ་གྲྭ་ཚང་གི་དགེ་བསྐོས་བློ་བཟང་སྦྱིན་པ་དང༌། དགེ་བཤེས་འགྱུར་མེད་གཉིས་གཙོས་གྲྭ་མང་གིས་དམག་མི་ཚོར། ང་ཚོ་མི་རེད། ངེས་པར་དུ་ཁ་ལ་ཟ་བ་དང་ཆབ་ཆེན་འདོར་རྒྱུའི་ཐོབ་ཐང་ཡོད་དགོས་པ་རེད། འདི་ལྟར་བྱས་ན་ཡོངས་ཐབས་མི་འདུག་ཅེས་དང༌། ཁྱེད་རང་ཚོའི་འགོ་པར་ཁ་པར་ཐོངས་དང་ང་ཚོས་སྐད་ཆ་ཡག་པོ་བཤད་དགོས་ཞེས་བརྗོད་པས། དེར་ཡོད་ཀྱི་དམག་མི་ཞིག་གིས་ཁ་པར་བཏང་འདུག་ཀྱང་སུ་ལ་བཏང་ཡོད་མེད་ཤེས་མི་འདུག  གང་ལྟར་སྐར་མ་ཁ་ཤས་ཀྱི་རྗེས་སུ་ལག་ཆ་འདྲ་མིན་བཟུང་མཁན་གྱི་དམག་མི་རླངས་འཁོར་གང་སླེབས་ཏེ། སྐད་ཆ་ཚིག་གཅིག་ཀྱང་བཤད་ལོང་མེད་པར་དགེ་འདུན་པ་ཚོར་ཉེས་རྡུང་བཏང་འདུག་ཀྱང་དགེ་འདུན་པ་རྣམས་ས་ལ་བསྡད་ནས་ཡ་ལན་གཅིག་ཀྱང་སློག་མི་འདུག་ལ་བླ་མ་བསོད་ཚེ་འབོད་པའི་རྒྱབ་ལ་ཚལ་གྲི་གཉིས་བརྒྱབ་ནས་རྨས་ལྕི་མོ་ཕོག་པས་ད་ལྟ་སྨན་ཁང་དུ་ཉལ་ཡོད་འདུག   དེ་མིན་བློ་བཟང་རབ་རྒྱས་དང༌། གཙང་བ་ཆོས་འཛིན་གཉིས་ལ་ཚལ་གྲི་དང་མེ་མདའི་མཆུས་བརྒྱབས་ནས་རྨ་བཟོས་ཡོད་པ་དང་སྐབས་དེར་གནས་ཚུལ་ཚབས་ཆེ་རུ་སོང་སྟབས་དགོན་མཐའི་ཆུའི་ཕར་ཕྱོགས་ཀྱི་མི་མང་རྣམས་ཁང་པའི་ཕྱི་ལ་ཐོན་ཡོང་བར་དམག་མི་ཚོས་མེ་མདའི་ཁ་མི་མང་ལ་གཏད་དེ་ཁྱེད་རང་ཚོ་ནང་ལ་སོང་ཞེས་བཙན་གྱིས་འགྲོར་བཅུག་ཡོད་འདུག  དགོན་པའི་ཆོས་ལུགས་དོ་དམ་ཁང་གི་ལས་བྱེད་བློ་དཔལ་དང༌། ལྷ་མཆོག་གཉིས་ཡོང་ནས་དམག་མི་ཚོར་དེ་ལྟར་མ་བྱེད་རོགས་ཞེས་ཞུ་བ་ཞུས་པར་ལྷ་མཆོག་གི་མགོ་ལ་མེ་མདའི་ལྕགས་ཀྱིས་གཞུས་ནས་རྨ་བཟོས་ཡོད་འདུག

དེ་རྗེས་དགོན་པའི་དགེ་བསྐོས་དང་རྒྱ་ནག་གི་ལས་བྱེད་ཁག་ཅིག་འབྱོར་ཏེ། དགེ་འདུན་པ་རྣམས་ལ་ཉེས་རྡུང་བྱེད་མཚམས་བཞག་ཡོད་ནའང༌། དགེ་འདུན་པ་ཚོས་དམག་མི་ཚོར་ལན་སློག་མེད་པ་དང་མཚོན་ཆ་གང་ཡང་མེད་པའི་བདེན་དཔང་བྱེད་ཆེད་གྱོན་ཆས་ཕུད་དེ་ར་སྤྲོད་གསལ་བོར་བྱས་འདུག

གཞན། ཉིན་དེའི་སྔ་དྲོའི་ཆུ་ཚོད་ ༡༠ ཙམ་ལ་དགོན་པའི་ནུབ་བྱང་ཕྱོགས་ཀྱི་ཆུ་ཁར་དགེ་འདུན་པ་ཁ་ཤས་ཀྱིས་གྱོན་ཆས་འཁྲུད་ཀྱིན་བསྡད་ཡཽད་པར་དེའི་ཕྱོགས་ཀྱི་དམག་མི་ཚོས་མེ་མདའ་གནམ་ལ་འཕངས་ནས་འཇིགས་སྐུལ་གྱིས་སྡོད་མ་བཅུག་པར་དགོན་པའི་ནང་བསྡུས་ཡོད་པ་དང༌།   དགོན་པའི་གཡས་གཡོན་གྱི་གྲོང་པ་ཚོའི་ནང་ནང་མི་དང་ལྷན་དུ་བསྡད་ཡོད་པའི་གྲྭ་པ་ལོ་ཆུང་ཚོ་ཕར་ཚུར་འགྲོ་འོང་སྐབས་དམག་མི་ཚོས་མེ་མདའ་བཟུང་ནས་འཇིགས་སྐུལ་དང་རྩེད་སྤྱད་བྱེད་ཀྱིན་ཡོད་ཅིང༌། རྔ་པ་ཀིརྟི་དགོན་པ་ གཅིག་པུར་ད་ལྟའང་ས་ཚིགས་མི་འདྲ་བ་དགུ་ལ་དམག་མི་གཏན་སྡོད་བྱས་ནས་འགྲོ་འོང་བཀག་སྡོམ་ནན་མོ་བྱས་ཡོས་འདུག་པ་འདི་ནི་ད་ལྟའི་བོད་ནང་གི་གནས་སྟངས་དངོས་ལས་ཟུར་ཙམ་ཡིན་པ་དང༌། གཞན་ཡང་གནས་ཚུལ་མཁོ་སྤྲོད་པ་ཚོས་འདི་ལྟར་ཉི་མ་འཁྱོལ་དཀའ་བའི་བཅན་གནོན་འོག་ཡོད་པ་འདི་རྒྱལ་སྤྱིའི་ཐོག་ལ་བཤད་ས་དང་ཞུས་ས་གང་ཡོད་པ་དེར་གདུང་ཤུགས་དྲག་པོས་བཤད་རོགས་གནོངས་ཞེས་ཡང་ཡང་གསུངས་བཞིན་འདུག་ཅེས་བརྗོད་ཡོད།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༦ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦

མཆན། 4

  1. མྱི་སྨྱོན། says:
    ལོ་ 18 སྔོན།

    ད་དུང་མང་པོ་ཞིག་གི་ཕ་མ་དང་བོད་ཀྱི་མི་ཆེན་དཔོན་ཆེན་བསད་པའི་སྡུག་བསྔལ་ཡང་ཡོད།

    Reply
  2. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 18 སྔོན།

    ༡༩༥༨ ལོ་ནས་བརྩིས་ན་བོད་ནང་རིག་གནས་གསར་བརྗེ་སྤེལ་ནས་ ༢༠༠༨ ལོ་བར་ཁྱོན་ལོ་ ༥༠ ཐམ་པ་ཏག་ཏག་འཁོར་བ་རེད། བོད་ནང་ནས་ཡར་ལངས་བྱས་པ་ལ་ངོ་མ་ཁག་ཅི་ཡོད།

    Reply
  3. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 18 སྔོན།

    བོད་ནང་དུ་རིག་གནས་གསར་བརྗེ་ག་དུས་མཇུག་རྫོགས་གི་ཡོད་ན། ད་དུང་ལོ་མང་པོ་ཞིག་འགོར་རྒྱུ་ཡིན་པ་འདྲ།

    Reply
  4. མྱི་སྨྱོན། says:
    ལོ་ 18 སྔོན།

    ངོ་ནས་སེམས་པ་སྐྱོ་བོ་རེད། བོད་པ་ཚོ་འདིར་ད་དུང་ཡི་གེ་དང་། སྐད ཆོལ་ཁ་བཤད་པའི་དུས་མིན་པ་གསལ་བོ་མཐོང་གི་འདུག་གམ། འདི་དག་གི་བྱུང་རྐྱེན་ང་ཚོ་གདོར་དམར་ཡིན་པ་དང་ས་ཆ་ཆེ་བའི་སྐྱོན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese