མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་མི་དམངས་ལ་ཞབས་འདེགས་ཞུ་འདོད་ཡོད།

བོད་ཀྱི་དུས་བབ།
༢༠༠༨/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

མ་འོངས་པར་ང་ཐའེ་ཝན་ལ་ཐེངས་གཅིག་འགྲོ་ཐུབ་རྒྱུར་སྨོན་ལམ་རྒྱག་གི་ཡོད། ཁྱེད་རང་ཚོས་ཀྱང་སྨོན་ལམ་རྒྱག་རོགས། ང་རང་ནང་པའི་དགེ་སློང་ཞིག་གི་ངོས་ནས། ནང་ཆོས་ལ་དོ་སྣང་ཡོད་མཁན་ཚོར་ཞབས་འདེགས་བསྒྲུབ་རྒྱུ་ལས་འགན་རེད། ང་མ་ཤི་བར་དུ་ལས་འགན་དེ་བསྒྲུབ་རྒྱུ་ཡིན་ལ། རྒྱ་ནག་སྐམ་ས་ཆེན་པོའི་ནང་དུ་ཡོད་པའི་མི་དམངས་ཚོ་ལ་ཡང༌། གོ་སྐབས་བྱུང་ན་དེ་བཞིན་དུ་ཞབས་འདེགས་བསྒྲུབ་ཐུབ་ན་བསམ་ཡོད།

ཤར་ཨེ་ཤ་ཡའི་རྒྱལ་ཕྲན་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་དྲུག་བརྒྱ་ལྷག་གིས་གསོལ་འདེབས་ཞུས་པ་བཞིན། ཕྱི་ཚེས་ ༣༠ ཉིན་ནས་༧སྤྱི་ནོར་གོང་ས་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་བ་བཅས་ཀྱི་གསུང་ཆོས་མགོ་འཛུགས་བྱས་ཡོད། སྐབས་དེར་༧གོང་ས་མཆོག་གིས་ཐའེ་ཝན་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཆོས་ཞུ་བ་དང༌། བཞུགས་སྒར་ཁུལ་གྱི་དད་ལྡན་ཆོས་ཞུ་བ་སེར་སྐྱ་མི་མང་ ༣༠༠༠ ལྷག་ལ་གསུང་ཆོས་ཀྱི་སྔོན་འགྲོའི་བཀའ་སློབ་གནང་དོན། ཐོག་མར་ཐའེ་ཝན་གྱི་ཆོས་གྲོགས་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་ཡིན། ཐའེ་ཝན་ནང་པའི་ཆོས་གྲོགས་ཚོ་དང་ང་ཚོའི་བར་དམིགས་བསལ་འགྲེལ་བ་ཞིག་ཆགས་བསྡད་ཡོད། ཁྱེད་རང་ཚོ་ལ་སོ་སོའི་ལས་འགན་ལ་བྲེལ་བ་ཆེན་པོ་ཡོད་པ་རེད་དེ། ཡིན་ནའང༌། ཁྱོད་རང་ཚོ་འདིར་ཆེད་དུ་ཆིབས་སྒྱུར་བསྐྱངས་པར་ང་རང་ཧ་ཅང་དགའ་བོ་བྱུང༌། སྔོན་མ་ང་ཐའེ་ཝན་ལ་ཐེངས་གཉིས་ཙམ་ལ་འགྲོ་རྒྱུ་བྱུང༌། ཐོག་མའི་འཆར་གཞི་ལྟར་ན། ཐའེ་ཝན་མི་དམངས་སྤྱི་དང༌། ལྷག་པར་དུ་ནང་པའི་ཆོས་གྲོགས་ཚོར་ཕན་ཐོགས་ཕྲན་བུ་འབྱུང་ན་བསམ་སྟེ། ལོ་གཉིས་རེ་མཚམས་སུ་ཐའེ་ཝན་ལ་ཐེངས་གཅིག་རེར་སྐྱོད་རྒྱུའི་རྩིས་བརྒྱབས་ཡོད། འོན་ཀྱང༌། སྤྱི་ལོ་ ༢༠༠༢ ནས་རྒྱ་ནག་དང་ང་ཚོའི་བར་གྱི་ཐད་ཀའི་འབྲེལ་བ་བསྐྱར་གསོ་བྱས་རྗེས་དཀའ་ངལ་འཕྲད་ཡོད། ད་ལྟ་ཁྱེད་རང་ཚོ་འདིར་ཕེབས་རྒྱུ་ལས་ང་རང་ཕར་འགྲོ་རྒྱུར་དཀའ་ངལ་འཕྲད་ཡོད་པ་རེད། འོན་ཀྱང༌། མ་འོངས་པར་ང་ཐའེ་ཝན་ལ་ཐེངས་གཅིག་འགྲོ་ཐུབ་རྒྱུར་སྨོན་ལམ་རྒྱག་གིན་ཡོད་ལ། ཁྱེད་རང་ཚོས་ཀྱང་སྨོན་ལམ་རྒྱག་རོགས། ང་རང་ནང་པའི་དགེ་སློང་ཞིག་གི་ངོས་ནས། ནང་ཆོས་ལ་དོ་སྣང་ཡོད་མཁན་ཚོར་ཞབས་འདེགས་བསྒྲུབ་རྒྱུ་ལས་འགན་རེད། ང་མ་ཤི་བར་དུ་ལས་འགན་དེ་བསྒྲུབ་རྒྱུ་ཡིན་ལ། རྒྱ་ནག་སྐམ་ས་ཆེན་པོའི་ནང་དུ་ཡོད་པའི་མི་དམངས་ཚོ་ལ་ཡང༌། གོ་སྐབས་བྱུང་ན། དེ་བཞིན་ཞབས་འདེགས་བསྒྲུབ་ཐུབ་ན་བསམ་ཡོད། ཅེས་གསུངས་བྱུང་ཡོད།

ཡང་ཁོང་གིས་མུ་མཐུད་དུ་གསུང་ཆོས་དངོས་གཞིའི་སྐབས་དང་བསྟུན་ཏེ་ནང་པའི་ཆོས་ཀྱི་དགེ་མཚན་དང༌། ཉམས་ལེན་བྱེད་ཕྱོགས་རག་ཙམ་གསུངས་དོན། སྤྱིར་ཆོས་ལུགས་གང་དང་གང་ཡིན་ན་འདྲ། ལྷག་པར་དུ་ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་ཆ་བཞག་ན། ཆོས་ལུགས་དེའི་འགྲོ་སྟངས་དང་ཆོ་ག་གང་འདྲ་ཞིག་ཡིན་པ་དེ་དག་ཆ་ཚང་བ་ཞིག་ཤེས་པའི་ཐོག་ནས་གཞི་རྟེན་ཡག་པོ་འཛུགས་དགོས། བཅོམ་ལྡན་འདས་ཀྱིས་གསུངས་པ་རེད་ཟེར་ནས་དད་པ་ཁོ་ན་བྱེད་རྒྱུ་ཙམ་མ་ཡིན་པར། བསམ་བློ་ཡང་དག་བཏང་སྟེ། འདི་འདྲ་ཞིག་འགྲུབ་ཐུབ་པ་རེད་བསམ་པའི་ཐོག་ནས་བློ་ལ་ངེས་པར་བྱས་རྗེས། སངས་རྒྱས་ཆོས་དགེ་འདུན་གསུམ་ལ་སྐྱབས་སུ་མཆིའོ་ཞེས་གསུང་དགོས། སངས་རྒྱས་ཀྱི་ཆོས་ངོ་སྤྲོད་གནང་རྒྱུ་དེ་ངས་གལ་ཆེན་ཞིག་ཏུ་རྩི་བཞིན་ཡོད། དེ་རིང་འདིར་ཐའེ་ཝན་དང་ཝེ་ཏི་ནམ། ཀོ་རི་ཡ། ཡི་ཤུ་ཆོས་ལུགས་པ་སྐོར་ཞིག་ཀྱང་སླེབས་འདུག ངས་རྟག་པར་ཡི་ཤུ་བ་ཚོར་ནང་པ་ཕྱེད་ཀ་ཞེས་འབོད་ཀྱིན་ཡོད། ཁོང་ཚོ་ནང་པའི་ཆོས་ལུགས་ལ་དོ་སྣང་ཤུགས་ཆེན་ཡོང་གི་འདུག ངའི་བསམ་པར་ཁོང་ཚོར་ནང་ཆོས་ལ་དོ་སྣང་དང༌། དོན་ཉེར་ཤུགས་ཆེན་ཡོང་གིན་ཡོད་པའི་རྒྱུ་མཚན་དེ་རང་བཞིན་རྩེད་འཇོ་ལྟ་བུ་མ་ཡིན་པར་བརྟག་དཔྱད་ཞིབ་བསྡུར་ནན་གྱིས་བྱས་མཐར། ནང་ཆོས་ཀྱི་ལྟ་བ་ཡང་དག་བདེན་པ་ཡིན་པར་ངོས་ཟིན་གསལ་བོ་བྱུང་སྟེ། ཆེད་དུ་དོན་ཉེར་གནང་གི་ཡོང་གི་ཡོད་པ་རེད་བསམ་གྱིན་འདུག ཁོང་ཚོས་གནང་སྟངས་དེ་འགྲིག་བསྡད་ཡོད་པ་རེད། ངས་དེ་ལ་གུས་བརྩི་བྱེད་ཀྱིན་ཡོད། དེར་བརྟེན། ངས་ནང་བ་ཕྱེད་ཀ་ཡིན་པའི་ཁོང་རྣམ་པའི་སྤྱོད་སྟངས་དེ་འགྲིག་འདུག་ཅེས་ཞུ་རྒྱུ་ཡིན་ཞེས་གསུངས་བྱུང༌།

༧གོང་ས་མཆོག་གི་གསུང་ཆོས་དེ་སྤྱི་ཟླ་ ༩ ཚེས་ ༣༠ ནས་སྤྱི་ཟླ་ ༡༠ ཚེས་ ༤ བར་ཉིན་ལྔའི་རིང་གནང་འཆར་ཡོད་འདུག་ལ། རྒྱ་སྐད་དང་ཀོ་རི་ཡའི་སྐད། དབྱིན་སྐད། དེ་བཞིན་ཉི་ཧོང་གི་སྐད་བཅས་སུ་གསུང་སྒྱུར་གནང་གིན་ཡོད་པ་མ་ཟད། སྔ་དྲོའི་༧གོང་ས་མཆོག་གི་གསུང་ཆོས་ཀྱི་ནང་དོན་ཁག ཕྱི་དྲོ་ཆོས་ཞུ་བ་རྣམས་ཁག་བརྒོས་ཀྱིས་དྲི་བ་དྲིས་ལན་དང་བགྲོ་གླེང་གོ་བསྡུར་གནང་འཆར་ཡོད་པ་རེད། 

འབྲེལ་ཡོད་གསར་འགྱུར།

ཧྭང་ཆི་ཧྥན།(གཡོན།) ལི་ཀྲན་ཧྲའོ།(དཀྱིལ།) ལི་ཀྲན་ཧྲའོ་ཡི་བུ་མོ་ལི་ཆིན་ཤེན།(གཡས།)
Mobile App

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་ཞིབ་བཤེར་བྱེད་ཀྱི་འདུག

ཆུ་ཚོད་ ༡༢ སྔོན་ལ།
Mobile App

ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་དྲུང་གི་ལས་ཁུར་དབུ་འཛུགས་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀྲང་ཡེ་ཡི་ནང་མིར་འཇིགས་སྐུལ་བྱས།

༢༠༢༦/༡༠/༡༣
བལ་ཡོད་ས་མཚམས་ཙུམ་ནུབ་རི་སྒའུ་པ་ལི་རུ་ཆུ་ལོག་བྱུང་བ།
Mobile App

བལ་བོད་མཐའ་མཚམས་བཙུམ་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་བ།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་རྒྱལ་ཡོངས་སུ་གློ་བུར་དུ་དབྱིན་ཡིག་ཡིག་རྒྱུགས་གཏོང་མཚམས་བཞག

༢༠༢༦/༡༠/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese