མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་བྱི་ཞི་རྒོལ་ཆེན་མོ།

བོད་ཀྱི་དུས་བབ།
༢༠༠༨/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༢ ཉིན་སྟེ། གྷན་ངྷི་མཆོག་གི་འཁྲུངས་སྐར་ཉིན་མོ་འཚེ་མེད་ཞི་བའི་ཉིན་མོར་སྲུང་གཙི་བྱེད་སྐབས་དང་བསྟུན། མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་ཞེས་པས་བཞུགས་སྒར་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་ལོ་འདིར་གཞིས་ལུས་མི་དམངས་ཀྱིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་སྐབས་མདོ་སྨད་མི་དམངས་ཀྱིས་ས་གནས་གང་སར་ངོ་རྒོལ་བྱས་པའི་བྱུང་རབས་ཀྱི་ཟིན་ཐོ་དཔེ་དེབ་དུ་བསྐྲུན་པ་དབུ་འབྱེད་གནང་ཡོད་པ་རེད།

བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་ཉིན་དེར་དཔེ་དེབ་དེ་དབུ་འབྱེད་གནང་ཡོད་པ་དང་། སྤྱི་ཟུར་ཧོར་གཙང་འཇིགས་མེད་ལགས་ཀྱིས་དཔེ་དེབ་དབུ་འབྱེད་ཀྱི་ངོ་སྤྲོད་གསུང་བཤད་གནང་ཡོད་པ་རེད། ཉིན་དེའི་སྐུ་མགྲོན་དུ་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། བཀའ་དྲུང་མི་འགྱུར་རྡོ་རྗེ། བཀའ་ཟུར་ཨ་ལགས་འཇིགས་མེད་བཅས་ཕེབས་ཡོད་པ་རེད།

དཔེ་དེབ་དབུ་འབྱེད་ཀྱི་ཐོག་མར་ཚང་མ་ཡར་བཞེངས་ཏེ་ཚེ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། བཙོན་འཇུག་དང་མནར་གཅོད་ཕོག་མཁན་རྣམས་ལ་སྐར་མ་གཅིག་གི་རིང་ལ་གུས་འདུད་ཞུས་ཡོད་པ་རེད།

 སྤྱི་ཟུར་ཧོར་གཙང་འཇིགས་མེད་ལགས་ཀྱིས་དཔེ་དེབ་ངོ་སྤྲོད་སྐབས་གསུངས་དོན། དཔེ་དེབ་འདི་ནི་རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་བོད་མི་རྣམས་ལ་ང་ཚོས་གདུང་སེམས་མཉམ་སྐྱེད་བྱེད་པ་མཚོན་ཆེད་དང་། བོད་ཀྱི་ལོ་རྒྱུས་ཁྲོད་བྱས་རྗེས་ཆེན་པོ་བཞག་པར་རྗེས་སུ་ཡི་རངས་ཞུ་ཆེད་ཡིན་ཟེར་ལ། དཔེ་དེབ་དེའི་ནང་དུ་སྐབས་བོད་མི་ཅི་ཙམ་བསད་པ་དང་། རྨས་པ། བཀག་ཉར་དང་བཙོན་འཇུག་བྱས་པ་རྣམས་ཞིབ་ཆའི་སྒོ་ནས་བྲིས་ཡོད་ལ། དངོས་ཡོད་ཀྱི་སྙན་ཐོ་འདིའི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་འབོད་སྐུལ་བྱས་ཏེ། ད་ཆར་བཙོན་དུ་ཡོད་པ་རྣམས་གློད་གྲོལ་དང་། རྨས་སྐྱོན་ཕོག་པ་རྣམས་ལ་སྨན་བཅོས་བྱེད་ཐུབ་པའི་རེ་བ་རྒྱག་གི་ཡོད་ཅེས་གསུངས་ཡོད་པ་རེད།

བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་གསུངས་དོན། བོད་ནང་གི་གཞིས་ལུས་མི་དམངས་ཀྱིས་ཞི་བའི་ངོ་རྒོལ་བྱས་པ་འདིས་རྒྱ་ནག་གིས་བོད་ནང་ནོར་འཁྲུལ་གྱི་སྲིད་བྱུས་ལག་བསྟར་བྱས་པ་རེད་བོད་མི་རྣམས་ཀྱིས་ངོ་རྒོལ་བྱེད་ཀྱིན་པ་གསལ་བོར་མཚོན་ཐུབ་ལ། བོད་མི་གནས་སྡོད་ཀྱི་མངའ་ཁུལ་གསུམ་པོའི་ནང་གི་བོད་མི་རྣམས་ཀྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་འདིས་བོད་མི་རིགས་ཀྱི་ནུས་ཤུགས་དང་ཆིག་སྒྲིལ་གྱི་ངོ་བོ་མཚོན་གྱི་ཡོད་ཅེས་ཀྱང་གསུངས་ཡོད་པ་རེད།

ཁོང་གིས་བོད་མི་རིགས་ཀྱི་ལས་འགུལ་ནི་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་སྟེང་འདུག་དགོས་ལ། དེ་བཞིན་ལས་འགུལ་ནི་རྒྱུན་མཐུད་ནས་གནས་པ་ཡིན་ན་ཕུགས་རྒྱང་རིང་པོའི་ཐོག་ནས་བོད་དོན་ལ་ཕན་ཐོགས་ཆེན་པོ་ཡོད་པ་རེད་ཅེས་གསུངས་བྱུང་།

བཀའ་ཟུར་ཨ་ལགས་འཇིགས་མེད་མཆོག་གིས་གསུངས་དོན། དེབ་འདི་ནི་འདས་པའི་ལོ་ ༥༠ ཙམ་གྱི་རིང་རྒྱ་ནག་གི་བཙན་གནོན་མནར་གཅོད་འོག་རང་རང་གི་ལུས་སྲོག་ལོངས་སྤྱོད་བློས་གཏོང་མཁན་རྣམས་ལ་གུས་འདུད་དང་རྗེས་སུ་ཡི་རངས་ཞུ་བ་མཚོན་བྱེད་ཙམ་ཡིན་ཅེས་དང་། ཁོང་གིས་རྒྱ་ནག་གཞུང་གིས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨོད་གནང་བཞིན་པ་དེ་གཞི་རྩ་མེད་པ་ཞིག་རེད་ཅེས་ཤུགས་ཆེ་སྐྱོན་བརྗོད་གནང་ཡོད་ལ། རྒྱ་ནག་གཞུང་གིས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བོད་ཀྱི་གནད་དོན་གླེང་བའི་ཐོབ་ཐང་མེད་ལུགས་བཤད་ཀྱིན་པ་དེར་བོད་མི་རྣམས་ཀྱི་ངོས་ནས་ཚིག་གསལ་བོ་དང་ཤུགས་ཆེན་པོའི་སྒོ་ནས་ལན་འདེབས་བྱེད་དགོས་པ་རེད་ཅེས་གསུངས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

ཆུ་ཚོད་ ༣ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཁང་གི་འདྲ་འབག

ཆུ་ཚོད་ ༤ སྔོན་ལ།
Those who refuse to provide their phone passwords could be punished
Mobile App

ཧོང་ཀོང་ཉེན་རྟོག་པས་མི་མང་གི་ཁ་པར་གསང་གྲངས་ཐད་ཀར་ལེན་ཆོག་པར་བཟོས།

ཆུ་ཚོད་ ༢༠ སྔོན་ལ།
Senators Jacky Rosen (D-NV) and John Curtis (R-UT)
Mobile App

ཨ་རིའི་བོད་དོན་དང་འབྲེལ་བའི་སྲིད་ཇུས་ཁག་ལག་བསྟར་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཞུས།

ཆུ་ཚོད་ ༢༣ སྔོན་ལ།
TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༢༣
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

༢༠༢༦/༠༣/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese