མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

བོད་ཀྱི་དུས་བབ།
༢༠༢༦/༠༩/༢༡
Share on FacebookShare on TwitterShare on EmailShare on Whatsapp
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག

དེ་རིང་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་དུས་བབ་གསར་འགྱུར་ལས་ཁང་དབུ་བརྙེས་ནས་ལོ་ངོ་སུམ་ཅུ་འཁོར་གྱི་ཡོད་པའི་སྐབས་དོན་དང་། དེ་བཞིན་དུ་འགྲེམས་སྟོན། བགྲོ་གླེང་བཅས་གནང་འཆར་ཡོད་པའི་མཛད་སྒོའི་སར་ཚོགས་བཅར་གནང་མཁན་ཚང་མ་ལ་མཛའ་ཞིང་བརྩེ་བའི་འཚམས་འདྲི་དང་འབྲེལ་བའི་ཐོག་ནས་བཀྲ་ཤིས་བདེ་ལེགས་ཡོད་ཅེས་ཞུ་ཡ་ཡིན།

གསར་འགྱུར་བརྒྱུད་ལམ་ཁག་དེ་ང་ཚོའི་དམངས་གཙོའི་སྤྱི་ཚོགས་ནང་ལ་དཔེ་མི་སྲིད་པའི་གལ་ཆེན་པོ་ཆགས་བསྡད་ཡོད་རེད། གང་ཡིན་ཟེར་ན། དམངས་གཙོའི་ཀ་བ་བཞི་བ་དེ་གསར་འགྱུར་བརྒྱུད་ལམ་ཁག་རེད་ཅེས་ཟེར་གྱི་ཡོད་རེད། དེ་འདྲ་ཡིན་དུས། གསར་འགྱུར་ལབ་དུས་རྒྱལ་སྤྱིའི་གསར་འགྱུར་རེད། ཁྱིམ་མཚེས་རྒྱལ་ཁབ་རེད། བོད་ནང་གི་གནས་ཚུལ་རེད། ཚང་མ་དུས་ཐོག་དུས་ཐོག་ལ་དྲང་པོ་དང་། བདེན་པ་དང་། ཕྱོགས་ལྷུང་མེད་པའི་ཐོག་ནས་དྲང་པོ་དྲང་བཞག གནས་ཚུལ་ངོ་མ་ཁག་ཇི་བཞིན་དུས་ཐོག་ལ་སྤེལ་དགོས་པ་ཡ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། གང་ཡིན་ཟེར་ན། དེ་འདྲ་བྱུང་བ་ཡིན་ན། མི་ཚོས་ལམ་སེང་གནས་ཚུལ་གང་ཡིན་ལམ་སེང་ཤེས་རྟོགས་ཐུབ་པ་ལ་བརྟེན་ནས་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་རེད། ང་རང་ཡང་གསར་འགྱུར་ལ་ལྟ་ཡ་དགའ་པོ་ཡོད། ང་བོད་ནས་རྒྱ་གར་ལ་ཡོང་ཐུབ་པ་དེ་ཡང་གསར་འགྱུར་གྱི་ཐོག་ནས་རེད། གཞན་ང་ཚོའི་བོད་དེ་ས་ཁུག་ལུང་དཀྱོག་ནང་ལ་སྡོད་མཁན་རེད། མི་ཚོས་གནས་ཚུལ་ཧ་གོ་ཐུབ་ཡ་ཡོད་མ་རེད། སྐབས་དེར་ང་ཚོར་རླུང་འཕྲིན་(Radio)ཆུང་ཆུང་ཞིག་ཡོད། རྒྱ་གར་སྐད་དང་། དབྱིན་ཇི། རྒྱ་སྐད་ཟེར་བ་དེ་འདྲ་ཤེས་ཀྱི་ཡོད་མ་རེད། རྒྱ་གར་གྱི་ All India Radio ཡི་བོད་སྐད་སྡེ་ཚན་གྱི་གསར་འགྱུར་དེ་ཉིན་རྟག་པར་ཉན་གྱི་ཡོད། དེའི་ཐོག་ནས་ལྷ་སར་ཟིང་འཁྲུག་བྱུང་བ་དང་། ༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྷ་ས་ནས་ཆིབས་བསྒྱུར་ཟིན་པའི་གནས་ཚུལ་ཐོས་པར་བརྟེན་ནས། རྒྱ་གར་ལ་ཡོང་ཐུབ་པ་རེད།

སྟབས་ལེགས་པ་ཞིག་ལ། ང་ཚོའི་སྡོད་ས་ནས་རྒྱ་གར་གྱི་ས་མཚམས་ཐག་ཉེ་པོ་ཞེ་དྲག་རེད། ཏན་ཏན་ཧ་གོ་གི་ཡོད་མ་རེད། ཧ་ལམ་ཀི་ལོ་མི་ཊར་དྲུག་ཅུ་ཙམ་མེད་འགྲོ་བསམ་བསམ་ཞིག་རེད། ཡིན་ནའང་། འཁོར་ལོའི་ལམ་ཁ་མེད་ཙང་རྟ་བཞོན་ནས་ཡོང་དུས་ཉི་མ་གསུམ་འགོར་གྱི་ཡོད་རེད། དེ་འདྲ་བྱས་ནས་རྒྱ་གར་ལ་སླེབས་ཐུབ་པ་བྱུང་བ་རེད། བྱས་ཙང་དེ་འདྲ་ཡིན་དུས། གསར་འགྱུར་དྲང་པོ་དང་། བདེན་པ་དང་། ཕྱོགས་ལྷུང་མེད་པའི་ཐོག་ནས་དུས་ཐོག་ལ་བཏོན་དགོས་ཡ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། དེ་འདྲ་མ་ཡིན་པར།ཡང་གཅིག་དྲང་པོ་མིན་པ་དང་། གནས་ཚུལ་ངོ་མ་མིན་པ་དང་། ཕྱོགས་ལྷུང་སུ་གྱུར་བ་དེ་འདྲའི་གནས་ཚུལ་ཁྱབ་སྤེལ་བྱུང་བ་ཡིན་ན། ཕན་ལས་གནོད་ཆེ་བ་ཞིག་ཡིན་པ་རེད།

བྱས་ཙང་དེ་འདྲ་ཡིན་དུས། ད་ལན་ཕ་གིར་ཚོགས་འདུའི་གསར་འགྱུར་བརྒྱུད་ལམ་དེ་འདྲ་ཚགས་ཚུད་པོ་དང་།ཕན་ཐོགས་ཡོད་པ། རྒྱུ་མཚན་ཡོད་པ། དེ་འདྲ་ཞིག་བྱུང་བ་ཡིན་ན། དཔེ་མི་སྲིད་པའི་དགེ་མཚན་ཆེན་པོ་ཡོང་གི་རེད།

མཐའ་དོན་སྨོན་ཚིག་ཞུ་རྒྱུར། ༧སྤྱི་ནོར་གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་སྐུ་ཚེ་ཞབས་པད་རྒྱལ་བ་ཚེ་མཐའ་ཡི་ངོ་བོར་བརྟན་པ་དང་། ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་གྲུབ་པ་དང་། དེ་ག་ནང་བཞིན་གསར་འགྱུར་ལས་ཁང་ཡང་གང་ཅིའི་ལས་དོན་ཡར་རྒྱས་ཕུན་སུམ་ཚོགས་པ་ཡོང་བའི་སྨོན་འདུན་ཞུ་གི་ཡོད།

འབྲེལ་ཡོད་གསར་འགྱུར།

ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

༢༠༢༦/༠༩/༠༡
CTA Sikyong Penpa Tsering at The Foreign Correspondents’ Club of South Asia, New Delhi, 2023 April 13.
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་མཚན་ཤས་བཟོ་མཁན་ཚོར་ཆབ་སྲིད་ཀྱི་དམིགས་འབེན་ཡོད་སྐོར་གསུངས།

༢༠༢༣/༠༤/༡༤
ས་སྐྱ་༧གོང་ས་ཁྲི་ཆེན་རིན་པོ་ཆེ་མཆོག་ནས་ཐའེ་ཝན་ནང་རྗེས་གནང་དང་བཀའ་ཆོས་བསྩལ། ཐའེ་ཝན་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའིི་པར།
Mobile App

༧དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་གིས་ཐའེ་ཝན་དུ་བཀའ་དབང་བསྩལ་བ།  

༢༠༢༣/༠༤/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese