མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གོང་ས་མཆོག་སྐུ་རྐྱང་ལ་མ་ཕུད་རོགས།

བོད་ཀྱི་དུས་བབ།
༢༠༠༨/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp

       

མེ་འོད། 

 
ང་དང་ལས་དབང་གཅིག་པའི་མི་མང་ཚོ། སེམས་བསམ་པའི་དམིགས་ཡུལ་གཅིག་པའི་སྤུན་ཟླ་ཚོ། ཆབ་སྲིད་པ་ཁག་ཅིག་གིས་ང་ཚོ་ཡར་མར་གང་སར་ཁྲིད་ནས་བཟི་སྨན་སྣ་ཚོགས་བླུགས་ཏེ་སྨྱོ་རུ་འཇུག་གི་ཡོད་པའི་སྐབས་འདིར། གོང་ས་མཆོག་སྐུ་རྐྱང་ལ་མ་ཕུད་རོགས།

སྐད་ཆ་ཉི་ཚེ་བ་ཞིག་བཤད་རྗེས། ལག་ལེན་བསྟར་མི་ཐུབ་པའི་སྟོང་གཏམ་ཆེན་པོ་དེས་ཅི་ཞིག་བྱ། ཕ་མའི་བྱམས་བརྩེའི་ཀློང་ན་ལང་ཚོ་དར་དུས། ཕ་མ་རྒྱང་ཕུད་བཏང་བ་ནི་ཁྲེལ་མེད་ཀྱི་ཀུན་སྤྱོད་ལད་པོ་ཞིག་མ་ཡིན་ནམ། གྲོད་ཁོག་རྒྱག་ནས་ལམ་ཁ་རེ་རྙེད་དུས། གོང་ས་མཆོག་སྐུ་རྐྱང་ལ་མ་ཕུད་རོགས།

རྒྱ་དམར་གཞུང་གི་བཙན་ཤུགས་ཀྱིས་ྋགོང་ས་མཆོག་སྐུ་རྐྱང་དུ་ཕུད་ཐབས་བྱེད་བཞིན་ཡོད་པ་དང༌། ཤུགས་ལྡན་ཚོགས་པས་དྲག་ཤུགས་ཀྱིས་གོང་ས་མཆོག་སྐུ་རྐྱང་དུ་ཕུད་ཐབས་བྱེད་བཞིན་ཡོད།སྐབས་འདི་དག་ལའང་ང་ཚོའི་ཆབ་སྲིད་པ་ཁག་ཅིག་གིས་མི་མང་བེད་སྤྱོད་གཏོང་བཞིན་གོང་ས་མཆོག་དོན་གྱིས་སྐུ་རྐྱང་དུ་ཕུད་རྩིས་བྱེད་ཀྱི་ཡོད་པ་འདྲ།

ཁ་སང་དེ་རིང་བོད་རྒྱའི་དཀའ་རྙོག་སེལ་བྱེད་ཀྱི་དབུ་མའི་ལམ་ལ་ཕྱོགས་ཡོངས་ནས་དཔྱད་པ་གཏོང་གི་ཡོད། ནུས་པ་མི་འདུག་ཟེར་ནས་དགག་པ་རྒྱག་གི་ཡོད། འབྲས་བུ་མི་འདུག་ཟེར་ནས་ལོག་ལྟ་བྱེད་ཀྱི་འདུག  རང་ཐག་རང་གཅོད་དང་རང་བཙན་ནི་ས་དང་གནམ་ཡིན་པའི་བསྒྲགས་གཏམ་སྤེལ་གྱིན་འདུག  མཐའ་ན་བོད་གཞུང་གི་སྤྱི་འཐུས་ཚོགས་གཙོས་ཀྱང་རང་བཙན་ནི་བོད་མིའི་མངོན་འདོད་ཡིན་པས་དབུ་མའི་ལམ་ལ་ཐོག་མ་ནས་མི་མང་གི་རྒྱབ་སྐྱོར་ཐོབ་མེད་པར། དེ་ནི་གོང་ས་མཆོག་གི་དགོངས་གཞི་ཡིན་པའི་འགྲེལ་བརྗོད་བྱེད་ཅིང༌། མི་མང་ལ་གཡོ་འགུལ་གཏོང་གི་འདུག  བཤད་སྒྲོས་འདི་དག་ལས་མི་མང་འཁྱགས་པས་བསྡམས་ཤིང་ཚ་བས་སྲེག་གི་ཡོད། སྐད་ཆ་བཤད་ན་ཆོག་ཅིང་འགྱུར་བའང་སོང་ན་འགྲིག་གི་ཆབ་སྲིད་ཀྱི་རླུང་ཚུབ་གཡུག་དུས་མགོ་འཐོམས་ནས སྐད་ཅོར་གྱི་ཕྱོགས་སུ་རྒྱུག་སྟེ་གནད་དོན་འབོར་མི་ཉན། ལྷག་པར་དུ་གོང་ས་མཆོག་སྐུ་རྐྱང་ལ་མ་ཕུད་རོགས།

གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དེ་ཚོས་འདི་འདྲ་བཤད་དོན་ཅི་ཞིག་ཡིན་ནམ། ད་ལོའི་བོད་ནང་གི་སྒེར་ལངས་ཆེན་མོའི་སྐབས་ཀྱི་སྐད་འབོད་བརྗོད་ཚིག་ཁག་ལས་རང་བཙན་ཟེར་བ་དམིགས་སུ་བཀར་ནས་བོད་མི་མང་གི་མངོན་འདོད་འདི་རེད་ཅེས་ཁྱབ་བསྒྲགས་བྱེད་དོན་ཅི་ཞིག་ཡིན་ནམ། ཐོག་མར་རྒྱ་དམར་གྱིས་བོད་བཙན་གནོན་བྱེད་དུས་རང་བཙན་ཟེར་བའི་འབོད་ཚིག་འདི་བསྒྲགས་པ་ཡིན་པས་བོད་མིའི་སེམས་ཁམས་ལ་འབོད་ཚིག་འདི་འཇགས་བསྡད་ཡོད་པ་རེད།་ རྒྱ་དམར་གྱི་བཙན་གནོན་བཀག་སྡོམ་དམ་དྲག་པས་་བོད་མི་ཚོས་ཕྱི་ལོགས་ཀྱི་གནས་ཚུལ་གོ་རྒྱུ་ཚད་བཀག་ཧ་ཅང་ཆེ། དེ་བས་རང་བཙན་འཐབ་རྩོད་བྱས་ནས་རང་སྲིད་རང་སྐྱོང་ལ་འཕོ་འགྱུར་བྱུང་བའི་བོད་ཀྱི་གནས་ཚུལ་དང༌། དབུ་མའི་ལམ་གྱི་མཐར་ཐུག་གི་དམིགས་གཞི་སོགས་ལ་བོད་ནང་གི་བོད་མི་ཚོར་རྒྱུས་མངའ་དེ་ཙམ་མེད་པ་ཤེས་བཞིན་དུ་བོད་མི་མང་གི་མངོན་འདོད་རང་བཙན་རེད་ཟེར་དོན་ཅི་ཡིན་ནམ། བོད་ནང་གི་བོད་མི་ཚོས་གོང་ས་མཆོག་བོད་དུ་ཕེབས་དགོས་དང༌། ང་ཚོ་ལ་སྨྲ་བརྗོད་རང་དབང་དགོས་ཟེར་བའི་འབོད་ཚིག་དག་མ་གོ་མ་ཤེས་པའི་ཚུལ་དུ་གཡུགས་དོན་ཅི་ཞིག་ཡིན་ནམ། གོང་ས་མཆོག་བོད་དུ་ཕེབས་དགོས་ཟེར་བའི་འབོད་ཚིག་གི་ནང་དོན་དང་དབུ་མའི་ལམ་གྱི་མཐར་ཐུག་གི་ཐོབ་འབྲས་གཉིས་ཀྱི་འབྲེལ་བ་དང༌། བོད་མི་མང་གི་སེམས་བསམ་པ་དང་གོང་ས་མཆོག་གི་བར་གྱི་འབྲེལ་བ་འདི་ལྟར་ཟབ་ཀྱང་ཁ་གཞན་ལ་བསྒྱུར་དོན་ཅི་ཞིག་ཡིན་ནམ། གནད་དོན་ཞིག་བཤད་ཁུལ་གྱིས་གནད་དོན་དངོས་དེ་བརླག་ནས། གོང་ས་མཆོག་སྐུ་རྐྱང་ལ་མ་ཕུད་རོགས།

ང་ཚོའི་མཐར་ཐུག་གི་དམིགས་ཡུལ་ནི་བོད་མིའི་དཀའ་རྙོག་འདི་སེལ་རྒྱུ་ཉག་གཅིག་རེད།  རང་བཙན་དང་དབུ་མའི་ལམ་གཉིས་ཀྱི་རྒྱལ་ཕམ་རྩོད་དོན་ཅི་ཞིག་ཡིན་ནམ། བོད་དུ་རྒྱ་དམར་གྱིས་བོད་མི་བཙན་གནོན་དང་འཛིན་བཟུང༌། ཁྲིམས་གཅོད་སོགས་ཀྱི་དྲག་ཐབས་ད་དུང་མཚམས་བཞག་མི་འདུག བཙན་བྱོལ་དུ་ལས་འགུལ་གང་ཡིནཡང་མཚམས་བཞག་ནས་ཡོད་ཚད་རྡ་རམ་ས་ལར་ཚོགས་ཏེ། དབུ་མའི་ལམ་གྱི་ཁ་གཏད་དུ་ལངས་ཀྱི་ཡོད་ཚོད་རེད། འགྲེལ་བརྗོད་སྙན་མོ་རེ་དང་མིང་ཚིག་འཇམ་པོ་རེ་བེད་སྤྱོད་གཏོང་གི་ཡོད་པ་ལས། དོན་དངོས་ད་ལོ་དབུ་མའི་ལམ་ཕམ་པར་རྒྱག་རྒྱུའི་འཆར་གཞི་བཟོས་ཡོད་པ་འདྲ། འོད་སྣང་ལ་དུང་བའི་མི་མང་ཡ། གནད་དོན་གྱི་སྐབས་སུ་གཉིད་མ་འདུག  ང་ཚོས་རྒྱལ་ཁམས་ཀྱི་གནས་ཚུལ་ལ་ལྟས་ན་ཆོག་གི ཕུགས་བསམ་གྱི་ཞིང་ཁམས་བསྙེག་ན་ཆོག་གི ད་དུང་ཆབ་སྲིད་པ་ཚོའི་མདུན་རྒྱབ་བསྔོག་ནའང་ཆོག་གི་  ཆབ་སྲིད་པ་ཚོས་ངུ་ངག་འདོན་སྲིད་ལ་མིག་ཆུའང་གཏོང་སྲིད། གང་ལྟར། ཆབ་སྲིད་པ་འདི་ཚོས་མི་མང་དེད་ནས་གདམ་ག་ཞིག་བྱེད་འཇུག་པ་དང༌། ཡང་ན་སྐད་ཆ་རེ་བཤད་བཅུག་ནས་དབུ་མའི་ལམ་ལ་མོས་མཐུན་མེད་པའི་རྣམ་འགྱུར་ཞིག་ཉོ་ཁོ་ཐག་རེད། ཚོང་ཆེན་པོ་ཞིག་རྒྱག་ཡོང་དུས། གོང་ས་མཆོག་སྐུ་རྐྱང་ལ་མ་ཕུད་རོགས།

བོད་དུ་རྒྱ་དམར་གྱིས་རྒྱལ་གཅེས་ཆོས་གཅེས་ཞེས་པའི་སློབ་གསོའི་ལས་འགུལ་སྤེལ་གྱིན་ཡོད། ལས་འགུལ་འདིའི་དམིགས་ཡུལ་ནི་གོང་ས་མཆོག་ལ་བཅངས་པའི་ཡིད་ཆེས་ལ་བསྒྱུར་བཅོས་གཏོང་རྒྱུ་རང་རེད། བཙན་བྱོལ་དུ་ཆབ་སྲིད་སློབ་གསོ་ཞིག་སྤེལ་གྱིན་ཡོད། དེའི་དམིགས་ཡུལ་ནི་དབུ་མའི་ལམ་ལ་བསྒྱུར་བཅོས་གཏོང་རྒྱུ་དེ་རེད། བོད་དོན་སྒྲུབ་ན་འགྲིག་གི་  ལ་རྒྱ་ཡོད་ན་བཟང་གི  གོང་ས་མཆོག་སྐུ་རྐྱང་ལ་མ་ཕུད་རོགས།

ང་ཚོ་ཕ་ཡུལ་ལ་འགྲོ་དགོས། གོང་ས་མཆོག་དང་ལྷན་དུ་ཕ་ཡུལ་ལ་འགྲོ་དགོས། དེ་ནི་བོད་ནང་གི་བོད་མི་ཚོའི་རེ་སྒུག་དང་མངོན་འདོད་རེད། འཆི་གསོན་གྱི་མཚམས་ནས་ང་ཚོ་ལ་བཏང་བའི་སེམས་ཀྱི་འབོད་སྒྲ་རེད། ང་དང་ལས་དབང་གཅིག་པའི་མི་མང༌། ཆབ་སྲིད་པ་ཚོས་ང་ཚོ་མདུན་ནས་འཐེན་ཏེ་མུན་ནག་ཏུ་སྦས་སྲིད་ལ། རྒྱབ་ནས་དེད་དེ་གཡང་ཁ་ནས་གཡུག་སྲིད། ཁྱོད་དང་ང་ཚོའི་དབུ་ཁྲིད་ནི་གོང་ས་མཆོག་རེད་ལ། ང་དང་ཁྱོད་ཚོ་ནི་གོང་ས་མཆོག་གི་ཐུགས་ཀྱི་ནོར་བུ་རེད། འཆར་གཞི་དང་ཆོད་སེམས་ཅི་ཡང་མེད་པའི་དཀྲོག་གཏམ་གྱིས་གནམ་ས་སྒུལ་ཀྱང༌། གོང་ས་མཆོག་སྐུ་རྐྱང་ལ་མ་ཕུད་རོགས། 

ཕྱི་ལོ་༡༩༩༣ ལོའི་ཟླ་༥ བར་རྒྱ་ནག་སི་ཁྲོན་ཞིང་ཆེན་དུ་གསང་བའི་ཚོགས་འདུའི་ཐོག་བོད་ཀྱི་འཐབ་རྩོད་ལ་འགོག་གནོན་བྱེད་ཆེད་སྲིད་ཇུས་ཁག་གཉིས་གཏན་འབེབས་བྱས་པ་ལས། ཏཱ་ལའི་ཕྱོགས་ཁག་ནང་ཁུལ་དུ་ཕྱོགས་ཁག་སྣ་ཚོགས་ཡོད་པ་དང༌། དེ་དག་གི་ཆབ་སྲིད་ལངས་ཕྱོགས་ངོ་བོའི་ཐོག་གཅིག་མཚུངས་ཡིན་ཀྱང༌། བསམ་བློའི་ལྟ་ཚུལ་དང་རྣམ་པ་མཚོན་ཚུལ་ཐད་མི་མཚུངས་པ་རེ་ཡོད་རྐྱེན་ངེས་པར་དུ་ཁག་སོ་སོར་མི་འདྲ་བའི་ཁ་གཏད་ཀྱི་སྲིད་བྱུས་རེ་འཛིན་དགོས་ལ། འགལ་བ་བེད་སྤྱད་དེ་ཁ་བྲལ་འཐོར་ཞིག་གཏོང་དགོས་ཞེས་ནན་བཤད་བྱས་ཡོད། ཡང་ཕྱི་ལོ་༡༩༩༨ ལོའི་ལོ་མཇུག་ཏུ་རྒྱ་ནག་ཁྲིན་ཏུ་རུ་བོད་དོན་སྐོར་གསང་བའི་ཚོགས་འདུ་ཞིག་འཚོགས་ཏེ་གྲོས་ཆོད་དོན་ཚན་གསུམ་པའི་ནང༌། རྒྱ་གར་དུ་ཡོད་པའི་ཏཱ་ལའི་སྲིད་གཞུང་གཏོར་བཤིག་གཏོང་སླད། ཡུལ་གྱར་སྲིད་གཞུང་གི་གལ་ཆེའི་མི་སྣར་སྐྱོན་འཛུགས་དང་མིང་ཆད་བཟོས་ཏེ་བློ་ཕམ་དང་དགོངས་ཞུ་བྱ་དགོས་ཀྱི་ལས་འགུལ་སྤེལ་ཐབས་དང༌། བོད་མི་མང་ནས་ཏཱ་ལའི་སྲིད་གཞུང་ལ་ཡིད་ཆེས་བརླགས་ཏེ་འགལ་ཟླ་བཟོ་ཐབས་ཀྱི་དམིགས་བཀར་སྲིད་ཇུས་འཛིན་རྒྱུ་ཞེས་ལྐོག་ཇུས་རིམ་པར་བཏིངས་བ་ད་ནི་མངོན་འགྱུར་བྱེད་ཀི་ཡོད་པ་མིན་ནམ་བསམ་ནས་སྐྲག་གི། མང་གཙོ་ཡིན་ཟེར་ནས་ཆབ་སྲིད་ཀྱི་ཕྱོགས་སྣ་ཚོགས་བཙུགས་ཀྱང་མི་མང་གི་རྩ་བའི་ཁེ་ཕན་ལ་བསམ་ཤེས་གང་ཡང་མེད་པར་གནས་སྐབས་ཀྱི་ལས་དོན་བསྒྲུབ་ཐབས་ཀྱིས་རྩ་དོན་བརླག་སོང་ན་སུ་ཞིག་གི་ནག་ཉེས་ཡིན། ཡང་གཅིག་བཤད་ན། བོད་ཀྱི་གནད་དོན་འདིའི་མཐར་ཐུག་གི་ཐག་གཅོད་དབང་ཚད་བོད་མི་མང་ལ་ཡོད་ཀྱང༌། མི་མང་གི་ཤེས་ཚད་དང་རྣམ་དཔྱོད་ཀྱིས་མི་འདང་དུས། གོང་ས་མཆོག་ལྟ་བུའི་བླ་མེད་དབུ་ཁྲིད་དེ་ང་ཚོ་ལ་ཅི་འདྲའི་མཁོ་གལ་ཆེའོ།། ཤེས་ཡོན་ཆེན་པོ་མེད་ཀྱང༌། ལྷག་པར་ཆབ་སྲིད་ཀྱི་འགྲོ་སྟངས་ཡག་པོ་མི་ཤེས་ཀྱང༌། ང་ཚོ་ལ་ཤ་ཚ་ཞིང་ཁ་ཁོག་མེད་པའི་ལམ་སྟོན་མི་བསླུ་བ་གནང་མཁན་དེ་སུ་ཡིན་མིན་ང་ཚོས་གསལ་བོ་ཤེས་ཡོད། ང་ལྟ་བུའི་མི་མང་ཚོའི་ཐོད་པའི་མིག་དང་ཁོག་གི་སྙིང་ནི་གོང་ས་མཆོག་ཡིན། དེ་ལྟར་ལགས་ན། གོང་ས་མཆོག་སྐུ་རྐྱང་ལ་མ་ཕུད་རོགས།
 
email   threeeyes99@yahoo.in
Mobile-  9816276082

འབྲེལ་ཡོད་གསར་འགྱུར།

US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༡༨ སྔོན་ལ།
Front Slider

༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༣༠ འཁོར་བ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་རྣམ་རྗེས་དྲན་གྱི་དབྱིན་ཡིག་ཐོག་ཡོད་པའི་ཕྱག་དེབ་ (Tibet's Stolen Child) ཅེས་པ་དབུ་འབྱེད་གནང་བ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

དྷ་ས་ཉེ་འཁོར་གྱི་བོད་སློབ་ནང་ཁུལ་དབར་ངག་རྩལ་འགྲན་བསྡུར་ཞིག་འཚོགས།

༢༠༢༥/༠༥/༡༧
དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་ནས་ལས་འགུལ་སྤེལ་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་ཉིན་མོ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་རྗེས་དྲན་བགྲོ་གླེང་ཞིག་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༦
Mobile App

མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་བཀྲོངས་པ་ཁ་གསལ་བཟོ་ངེས་ཡིན་པའི་བསྒྲགས་གཏམ་སྤེལ།

༢༠༢༥/༠༥/༡༦
Exile Tibetan Buddhist nuns carry placards during a protest march demanding the release of their religious leader Gedhun Choekyi Nyima, the 11th Panchen Lama, who was put under house arrest by the Chinese authorities this day in 1995 in Tibet, in Dharmsala, India, Wednesday, May 17, 2017. © 2017 AP Photo/Ashwini Bhatia
Mobile App

༧པཎ་ཆེན་རིན་པོ་ཆེ་ནང་མི་སྐུ་འཁོར་དང་བཅས་པ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བྱས་འདུག

༢༠༢༥/༠༥/༡༦

མཆན། 67

  1. མྱི་སྨྱོན། says:
    ལོ་ 17 སྔོན།

    ངོ་གནས་སྐྱོབས་ཐབས་མེད། ༸གོང་ས་མཆོག་གི་དབུ་མའི་ལམ་གྱི་ནང་དོན་རྟོགས་ན་གང་བྱེད་དགོས་པ་རེད། ཡིན་གཅིག་མིན་གཉིས་རང་བཙན་བརྗོད་ན་ཁོང་གི་གསུང་བའི་དབུ་མའི་ལམ་རྟོགས་མེད་པ་རེད་དམ། མ་གཞི་མཚན་ཉིད་རིག་པ་ལྟར་ན་རྟོགས་ཞེས་པ་ཤིན་ཏུ་ཁག་པོ་ཞིག་རེད། ཆབ་སྲིད་དངོས་གནས་ཁྱེད་ཀྱིས་ཤེས་ཀྱི་མི་འདུག་དེ་ལས་རྩོམ་འདྲ་བོ་རེ་བྲིས་ན་འོ་་་་ཙམ་འདུག ལྷག་པར་ཞུ་རྒྱུ་ཞིག་ལ་ང་ནམ་ཡང་མདའ་གྲི་མདུང་གསུམ་ལ་དགའ་བོ་མེད།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དྲ་གྲོགས་མྱི་སྨྱོན་ལགས། ཁྱེད་ཀྱིས་གསུང་བཞིན་པའི་བཙན་བྱོལ་ནང་གི་ར་མགོ་ལུག་སྤྱར་གྱི་རྩོམ་ཡིག་འབྲི་མཁན་མང་བོ་དེ་ཚོ་ཟེར་སྲོལ་ལ་བལྟས་ན་ཁྱེད་རང་ཡང་རང་རློམ་གྱི་མདའ་གྲི་མདུང་གསུམ་འཛིན་མཁན་གང་རུང་ཞིག་གི་མི་རྒྱུད་ཡིན་པ་ལྟ་བུས་ཚོར་སྣང་སྟེར་གྱི་འདུག་ན་ངས་བྲིས་པའི་རྩོམ་ཡིག་དེའི་ནང་དོན་མ་ཤེས་པ་དེ་ནི་ང་རང་གི་རྩོམ་ཡིག་འབྲི་སྟངས་ནོར་བ་འམ་ང་རང་གི་སྐྱོན་ཡིན་པ་བྱེད་ཆོག་མོད། ད་ལྟའི་བར་དུ་ཁྱེད་ཀྱིས་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་ནང་དོན་རྟོགས་མ་ཐུབ་པ་དེ་ང་རང་གིས་རྩོམ་ཡིག་གི་ནོར་འཁྲུལ་ཡིན་རྒྱུ་མ་རེད་འདོད་་་་་

    Reply
  3. མྱི་སྨྱོན། says:
    ལོ་ 17 སྔོན།

    ར་མགོ་ལུག་སྦྱར་གྱི་རྩོམ་དེ་འདྲ་བཙན་བྱོལ་ཁྲོད་མང་བོ་ཡོད་པའི་དོན་རྟོགས་ཐུབ་ཀྱི་མི་འདུག ཁྱེད་ཀྱི་བཤད་པ་བདེན་པ་ཡིན་པ་འདྲ ངས་ཡང་སྤྱར་ཀློག་སྐབས་ཕལ་ཆེར་ཚོར་སྣང་དེ་ལྟ་བུ་བྱུང། དགོངས་དག

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དྲ་གྲོགས་མི་སྨྱོན་དུ་འབོད་པའམ་མྱི་སྨྱོན་ལགས། ཁྱེད་ཀྱིས་ད་དུང་རང་ཉིད་ལ་འཐོམ་བྱ་གཡོག་ནས་ང་རང་གི་རྩོམ་ཡིག་ཚིགས་བཅད་ཤོ་ལོ་ཀ་གཅིག་འཁྱེར་འོང་ནས་འདི་ཅི་རེད་ཟེར་བ་ནི། ཁྱེད་ཀྱིས་མི་ཞིག་གསད་དེ་མགོ་བོ་འཁུར་ཡོང་ནས་འདི་ཁྱེད་རང་གི་གསད་པ་རེད་ཟེར་བ་ལྟ་བུ་ཞིག་ལས་ངས་བྲིས་པའི་རྩོམ་ཡིག་དེ་ཡི་ནང་དོན་རྟོགས་སོང་བ་ཞིག་གི་ར་སྤྲོད་བྱེད་ཐུབ་ཀྱི་མི་འདུག་དགོང་དག ཁྱེད་ཀྱིས་ད་དུང་ངས་བྲིས་པའི་རྩོམ་ཡིག་དེ་ཡི་ནང་དོན་ཤེས་ཀྱི་མེད་པ་འདྲ།

    Reply
  5. མྱི་སྨྱོན། says:
    ལོ་ 17 སྔོན།

    ‘འོ་་་་་རེད། ༼ངས་ཤེས་ངས་འཇོན་ཟེར་ཞིང་དབུ་མ་སྨད།།
    ད་འགྲོ་ད་སྒྲུབ་ཟེར་ནས་རང་བཙན་བཤད།།
    ཡོད་ཚད་རང་ཡིན་བསྒྲགས་ནས་རང་ཐག་གཅོད།།
    ཀུན་གྱིས་གང་ཡང་མ་རྟོགས་སྙིང་རྗེ་ཡུལ།།༽འདི་རང་བཙན་བཤད་མཁན་ཚོ་སྡུག་མོ་བྱས་པ་མིན་ན་ ་སྟོད་པ་ཡིན་རྒྱུ་རེད།

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ༡ བོད་ཅེས་པ་ནི་མིང་ཞིག་རེད། མིང་དེར་བདག་པོ་རྒྱག་མཁན་ཚོ་མི་རེད། མི་ཚོ་ཤ་ཁྲག་རུས་གསུམ་གྱིས་གྲུབ་པ་རེད་མ་གཏོགས་བོད་ལ་ཤ་ཁྲག་རུས་གསུམ་ཡོད་པ་མ་རེད། ཡོད་པའི་དབང་དུ་བཏང་ན་ཡང་ད་ལྟ་སྲོག་གི་རྒྱུན་ཐག་ཆད་ལ་ཉེ་བའི་གདུང་ཞིག་དང་། ཚང་མས་གདུང་དེའི་ཚ་དྲོད་ཉམས་མེད་པ་གཞིར་བཞག་གིས་བསྐྱར་གསོན་ལ་རེ་བ་རྒྱག་གི་ཡོད་པ་རེད་ལ། དེར་མཚུངས་ཀྱི་འབད་པའང་བྱེད་ཀྱི་ཡོད་པ་རེད།
    དྲ་གྲོགས་གནས་ཚང་ལགས། ཁྱེད་ཀྱིས་འདི་འདྲའི་སྐད་ཆ་ཁྱད་མཚར་བཤད་དོན་ཡང་ངས་གསལ་བོ་མི་ཤེས་ཀྱང་། ཕྱོགས་གཅིག་ནས་མི་ཚོ་ཤ་ཁྲག་རུས་གསུམ་གྱིས་གྲུབ་པ་རེད་མ་གཏོགས་བོད་ལ་ཤ་ཁྲག་རུས་གསུམ་ཡོད་པ་མ་རེད་ཅེས་གསུང་གསལ་བལྟས་ན་བོད་ཅེས་པ་དེ་ནི་ད་ལྟའི་འཆར་འཛམ་གླིང་འདིར་འཚོ་ཞིང་གནས་པའི་ཤ་ཁྲག་རུས་གསུམ་གྱི་གྲུབ་པའི་མི་རིགས་ཡིན་ཚོད་མི་འདུག་ལ་ཡིན་པའི་དབང་དུ་བཏང་ན་ཡང་ཅི་ཡང་མི་ནུས་པའི་སྲོག་ཆགས་དུད་འགྲོ་ལྟ་བུ་ཞིག་དུ་ཁྱེད་རང་ལ་སྣང་གི་ཡོད་པ་འདྲ། དེ་མིན་བོད་པ་ཟེར་བའི་མི་རིགས་འདི་ཁྱེད་རང་གི་བསམ་པ་བཞིན་ཤ་ཁྲག་རུས་གསུམ་གྱིས་མ་གྲུབ་པའི་གཟུགས་མེད་ཀྱི་གྲས་སུ་གཏོགས་པའི་འཛམ་གླིང་གི་སྐྱེ་འགྲོ་གཞན་གྱིས་མཐོང་དཀའ་བ་ཞིག་ཡིན་ཚོད་འདུག དེ་འདྲ་ཞིག་ཡིན་ན་ནི་ཁྱེད་རང་གང་གླེང་གཞིར་བཟུང་བའི་བོད་དོན་འཐབ་རྩོད་ཀྱི་ཐབས་ལམ་དེ་དག་གིས་ཀྱང་བོད་པ་ཚང་ལ་ཕན་དོག་མེད་པ་ཐག་བཅད་ཀྱང་འགྲིག དེ་མིན་པར་བོད་པ་ཚང་གི་མི་རིགས་འདི་ཡང་ཤ་ཁྲག་རུས་གསུམ་གྱི་གྲུབ་པའི་འཛམ་གླིང་གི་སྐྱེ་འགྲོ་གཞན་དང་མཚུངས་ན་ནི་ཁྱེད་དང་ང་ཡིས་དྲ་ཚིགས་འདི་ནས་རང་རང་གི་བསམ་ཚུལ་གང་མང་ཞིག་ཤ་ཁྲག་རུས་གསུམ་གཅིག་པའི་བོད་པ་ཚང་གི་དྲ་གྲོགས་ཚོ་མུ་མཐུད་དུ་གྲོས་མོལ་བྱོས་ན་ལོས་ཆོག ཁྱེད་རང་ལ་ཡང་བྲེལ་བ་ཆེ་སྟབས་དྲ་ཚིགས་ཀློག་ནས་ཡུན་རིང་འདུག་ཁོམ་མེད་པ་འདྲ། རྒྱུ་མཚན་དེར་བརྟེན་དྲ་གྲོགས་ལགས་རྗེས་སུ་ཐུག་ཡོང་།

    Reply
  7. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དྲ་གྲོགས་མི་སྨྱོན་ལགས། ངས་ནམ་ཡང་བོད་པ་ཚང་གི་ནང་ཁུལ་ལ་སྐད་ཆ་བརྫིག་པོ་དེ་འདྲ་བཤད་འདོད་ཞིག་སེམས་ནང་དུ་དྲན་མྱོང་མེད་ལ། རང་བཙན་ལ་བློ་གཅིག་སེམས་གཅིག་གི་དུངས་པ་བྱེད་མཁན་བོད་པ་དེ་ཚོ་ཡང་མཐའ་གཅིག་དུ་༧གོང་ས་མཆོག་ལ་ངོ་ལོག་བྱེད་མཁན་རེད་ཅེས་ཀྱང་བཤད་ཀྱི་མེད། ངས་གླེང་བཞིན་པའི་དོན་དངོས་ཀྱི་ནང་དོན་དེ་ཡང་ཁྱེད་ཀྱིས་ཀྱང་གསལ་བོ་ཤེས་ཀྱི་མི་འདུག་ན། མི་སྨྱོན་ལགས་ཁྱེད་ཀྱིས་ངས་བོད་པ་ནང་ཁུལ་ལ་དཀྲིགས་ཤིང་འཕེན་གྱི་ཡོད་མེད་ཀྱི་སྐད་ཆ་དེ་འདྲ་ཞིག་འཁྱེར་ནས་ང་རང་གསར་དུ་ཐུག་འཕྲད་བྱེད་དུ་ཡོང་བ་དེ་ནི་ལུང་སྟོང་ཁྲོད་དུ་ཀི་རིང་ཞིག་བཏབ་པ་ལྟ་ལས་ཅི་ཡང་མི་འདུག་ན། འུ་གཉིས་ཀྱི་བསམ་ཚུལ་གཅིག་ལ་ཡོང་བའི་བར་ཐག་དེ་ལ་ཁ་ཐག་རིང་ཐུང་གང་ཞིག་བྱུང་མིན། ཁྱེད་ཀྱིས་བདག་གི་བྲིས་པའི་རྩོམ་ཡིག་དེའི་ནང་དོནཙམ་ཤེས་རྗེས་སུ་ཡིན་འགྲོ ཡིན་ཡང་འུ་གཉིས་དྲ་ཚིགས་འདི་ནས་སླར་ཡང་མགྱོགས་པོ་འཕྲད་པར་སྨོན།

    Reply
  8. གནས་ཚང་། says:
    ལོ་ 17 སྔོན།

    ༡ བོད་ཅེས་པ་ནི་མིང་ཞིག་རེད། མིང་དེར་བདག་པོ་རྒྱག་མཁན་ཚོ་མི་རེད། མི་ཚོ་ཤ་ཁྲག་རུས་གསུམ་གྱིས་གྲུབ་པ་རེད་མ་གཏོགས་བོད་ལ་ཤ་ཁྲག་རུས་གསུམ་ཡོད་པ་མ་རེད། ཡོད་པའི་དབང་དུ་བཏང་ན་ཡང་ད་ལྟ་སྲོག་གི་རྒྱུན་ཐག་ཆད་ལ་ཉེ་བའི་གདུང་ཞིག་དང་། ཚང་མས་གདུང་དེའི་ཚ་དྲོད་ཉམས་མེད་པ་གཞིར་བཞག་གིས་བསྐྱར་གསོན་ལ་རེ་བ་རྒྱག་གི་ཡོད་པ་རེད་ལ། དེར་མཚུངས་ཀྱི་འབད་པའང་བྱེད་ཀྱི་ཡོད་པ་རེད།
    ༢ ངའི་དྲི་བ་ཆ་ཚང་ལ་ལན་བསྐྱོན་དང་། དེ་ནས་རིམ་པའི་བགྲོ་གླེང་བྱེད་ཆོག་གི་རེད། ངའི་བག་ལེབ་ཚང་མ་ལོའི་ནོམ་དུ་བསམ་ཆོག་པ་ནང་བཞིན་དྲིས་ལན་ཡང་དེ་ག་རང་བསམ་ཆོག་གི་རེད། ཡིན་ནའི། ཐོག་མར་ངའི་དྲི་བ་དག་ལ་ལན་རྒྱག་དགོས་པ་ནི་སྔ་མ་མཇུག་མ་བསྐྱངས་པར་ཕྱི་མ་ཡོང་སྲོལ་མེད་པ་རང་ཆགས་ཡོད།

    Reply
  9. མྱི་སྨྱོན། says:
    ལོ་ 17 སྔོན།

    ད་དུང་སྐད་ཆ་ཞིག་ལྷག་འདུག ༸གོང་ས་མཆོག་ལ་སྙིང་ནས་དམིགས་བསལ་གྱིས་དད་པ་ཡོད་འདོག་ཁ་བོ་བྱེད་དགོས་པ་མ་རེད་བོད་པ་ཚང་མ་གཅིག་པ་རེད། ཁྱེད་ཚོ་ལས་རང་བཙན་བཤད་མཁན་ལ་དད་པ་མེད་པ་མ་བཤད། རང་བཙན་བཤད་མཁན་ནང་ལ་ ༸གོང་ས་མཆོག་གི་སྐུ་དོན་ལ་གང་དགོས་སྒྲུབས་ཐུབ་མཁན་གྱི་མི་སྣ་ཡོད་རེད་དོན་དངོས་ཀྱི་ཆབ་སྲིད་ཞེས་པ་འདི་འདྲ་རེད་བོད་ནང་ཁུལ་ལ་དམགས་རྒྱབ་ནས་ཕན་པ་ཡོད་པ་མ་རེད། ཁྱེད་ཀྱི་སྙིང་རྗེ་ན་བོད་པ་ཚང་མ་རྗེ་དགོས། རང་བཙན་བཤད་མཁན་གཅིག་པོ་ལ་སྙིང་རྗེ་བཤད་པའི་རང་བཙན་ཁོ་ཚོའི་མ་གཏོག་ཤོར་མེད་པ་མ་རེད།

    Reply
  10. མྱི་སྨྱོན། says:
    ལོ་ 17 སྔོན།

    བོད། ཤ་ཁྲག་རུས་གསུམ།
    བོད་རང་བཙན་གྱིས་སྐད་ཆ་བཤད་པ་ཙམ་གྱིས་དབུ་མ་སྨད་པ་ལ་འགྲོ་ནས་སམ། གལ་སྲིད་འགྲོ་ན་རང་བཙན་སྐོར་ཀྱི་ཟིན་བྲིས་རེ་སྤེལ་ཡོད་པ་དེ་དག་ལ་བརྗོད་དང་ཁྱེད་ལ་ལན་གསལ་བོད་ཞིག་ཡོད་ངས་སྙམ། མ་གཞི་བོད་པའི་ཁྲོད་རང་བཙན་ལ་ཁ་འཕང་ནས་༸གོང་ས་མཆོག་ལ་འདྲ་མིན་བཤད་མཁན་ཡོད་པ་གསལ་བོ་རེད། ཡིན་ཡང་རང་བཙན་བཤད་མཁན་ཆ་ཚང་ལ་སྐྱོན་བརྗོད་བྱེད་ན་ནོར་བ་རེད།

    Reply
  11. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ༧གོང་ས་མཆོག ཁྱེད་རང་ལ་སྐུ་ངལ་བཟོ་མཁན་སུ་རེད།

    བོད། ཤ་ཁྲག་རུས་གསུམ་གྱིས།

    ཁྱེད་ཀྱིས་ད་དུང་སྐུ་ངལ་གསོ་བའི་གྲ་སྒྲིག་མི་བྱེད་པར
    འགྲོ་དྲུག་སེམས་ཅན་དང་ ནང་དགོས་སུ་བོད་མི་དམངས་ཀྱི་ཆེད་དུ
    ཉིན་མཚན་མེད་པར་སྐུ་ངལ་ཚད་མེད་མྱོང་ན་ཡང་
    བསམ་ཤེས་མེད་པའི་ལས་ངན་ཁྱུ་གཅིག
    ད་དུང་ ཁྱེད་ཀྱི་རྒྱབ་མདུན་གཉིས་སུ
    ངོ་ཚ་དང་ཁྲེལ་གཞུང་མེད་པར
    རང་རློམ་དང་ང་རྒྱལ་གྱིས་ཡར་བླངས་པའི་སྔ་གཞུག་དུ
    ཉམ་ཆུང་བའི་བོད་པ་ང་
    ཐག་རིང་རྣ་བའི་ཐོས་དུས སེམས་པ་གཏིང་ནས་སྐྱོ

    བོད་པ་ཚང་གི་ཀླད་སྟོང་ཁ་ཤས་ཀྱིས
    རང་རང་གི་གྲོད་ཁོག་རྒྱག་རྗེས་སུ
    ཁྱེད་ཀྱིས བཀའ་དྲིན་མི་དྲན
    ཁྱེད་ཀྱིས དགོང་གཞི་མི་ཤེས་པར
    ཁ་སྟོང་ནང་གི་ཚིག་སྟོང་ལ་བདག་པོ་མི་བྱེད་པའི་ཅོལ་ཆུང་བ་འདི་ཚོས
    དོན་དངོས་སུ་ཅི་ཡང་མ་ཤེས་པར་འུར་རྒྱག་པ
    རྒྱང་རིང་ཡུལ་ནས་གོ་དུས སེམས་པ་གཏིང་ནས་སྡུག

    བླ་མ་ལགས ཡིད་བཞིན་གྱི་ནོར་བུ
    གདོང་དམར་གངས་ཅན་བོད་པ་ཚང་ལ
    ཁྱེད་ཀྱིས་མ་གསུང་བ་གང་ཡང་ལུས་མེད
    ཁྱེད་ཀྱིས་མ་སྒྲུབ་པ་ཅི་ཡང་ལྷག་མེད
    ཁྱེད་ཀྱིས་མ་བསྟན་པའི་ལམ་ཁ་གཅིག་གྱང་སྐྱུར་མེད
    ད་དུང་ གངས་ཅན་བོད་པ་ཚང་གི་ཆེད་དུ
    ཁྱེད་ཀྱིས་སྐུ་ངལ་ཚད་མེད་མྱོང་བའི་རྣམ་ཐར
    ལྷ་ཀླུ་མི་གསུམ འབྱུང་བོ་གདོན་འགེགས
    གཟུགས་ཅན་དང་གཟུགས་མེད
    སུ་གང་གིས་སྨྱུག་རྩེ་རུ་ལེན་དཀའ་དུས
    ཁྱེད་ཀྱི་སྐུ་དྲིན་ཆ་ཤས་ཙམ་དྲན་ནས མིག་མཐའ་མཆི་མས་བཟུང་

    ལོ་ངོ་ཁ་ཤས་ཀྱི་གོང་དུ་༧གོང་ས་མཆོག་གིས་གངས་ཅན་བོད་པ་ཚང་ལ་འདི་འདྲ་ཞིག་གསུང་ཡོད་པ་གོ་ཨེ་མྱོང།
    ངའི་བསམ་བློ་ཤེས་དགོས་མཁན་དེ་ནི་བོད་མི་དམངས་ཆགས་ཡོད། ཤེས་མི་དགོས་མཁན་ཟེར་ན་འདྲ་དེ་ནི་ཕྱི་རྒྱལ་བ་དེ་ཚོ་ཆགས་ཡོད་པ་རེད། ཡིད་སྐྱོ་བ་ཞིག་ལ་ནམ་ཞིག་ངའི་བསམ་ཚུལ་ཤེས་དགོས་ཤིག་བྱུང་ན། བོད་པ་རང་གི་ལོ་རྒྱུས་བྲིས་པ་དེ་ཚོས་ནང་དུ་མེད་པར་ཕྱི་རྒྱལ་བ་དེ་ཚོས་བྲིས་པའི་དེབ་ནང་དུ་འཚོལ་དགོས་ཀྱི་རེད།
    གངས་ཅན་བོད་པ་ཚང་གི་མི་བུ་ཚོ། ཁྱེད་ཅག་གི་ཅི་ཞིག་ཤེས་ཡོད། ཁྱེད་ཅག་གི་ངོ་མ་༧གོང་ས་མཆོག་ངོས་ཟིན་གྱི་ཡོད་དམ། ད་དུང་དེ་ལས་གཞན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  12. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    གནས་ཚང་དྲིན་ཆེན་པོ། ཁྱེད་ཀྱིས་གསུང་བའི་མཐའ་མའི་སྡོམ་ཚིགས་ལ་དབུ་ཁྲིད་ཀྱི་ཉན་ཤེས་མིན་ལ་རེག་ལས་ཡོད་ཅེས་པའི་དབུ་ཁྲིད་སུ་ལ་ངོས་འཛིན་བྱེད་དགོས། ༧གོང་ས་མཆོག་ལ་ངོས་འཛིན་བྱེད་དགོས་སམ། ད་ལྟའི་ལས་ཐོག་པ་བཙན་བྱོལ་ནང་གི་བཀའ་བློན་དེ་དག་ལ་ངོས་འཛིན། ཁྱེད་རང་གི་གླེང་གཞིར་བཟུང་བའི་མི་ལོ་ཉི་ཤུ་ལྷག་གི་རིང་དུ་ང་ཚོས་སྐྱོར་དེ་འོང་ཟེར་བ་དེ་ཚིགས་ནོར་ཡིན་ནམ། ཡང་ན་ངོ་མ་ཡིན། ངོ་མ་ཡིན་ན། ང་ཚོས་མི་ལོ་ཉི་ཤུའི་རིང་དུ་སྐྱོར་དེ་འོང་བའི་གནས་ལུགས་རྒྱུ་མཚན་ཞིག་ང་དང་བཅས་པའི་དྲ་གྲོགས་ལྷན་རྒྱས་ལ་ལོ་རྒྱས་གསལ་བོ་ཞིག་བཤད་ན་ཨེ་ཆོག ད་དུང་་་་་་་་་་་་་་་་་་་་་་་་་་

    Reply
  13. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    འཕྲིན། བོད་པ་ཚང་གི་ལས་ངན་ཁག་གཅིག་ལ་སྤྲིངས་པ།

    སེམས་ཀྱི་གཤིས་པ་དར་པའི་མི་གཟུགས་འདིས།།
    བེམ་པོ་དུར་ལ་འཕྱངས་པའི་ལས་དབང་ཞིག།
    རུས་པ་མེ་ཡི་ཟོས་པའི་གཏམ་རྒྱུད་ཅིག།
    གངས་ཅན་བོད་པ་ཚང་གི་སྐྱིད་སྡུག་བྱུང་།།

    ཁྲག་དམར་མཚོ་མོ་དཀྱིལ་བའི་ཡོད་ཡུལ་ན།།
    རྒན་བྱིས་དར་གསུམ་དབྱེར་མེད་ཉིན་མཚན་ཀུན།།
    རེ་བའི་མིག་གི་རྒྱང་རིང་འགྲོ་བའི་མགོན།།
    ཕེབས་པར་སྒུག་ཞོར་རང་གི་ཚེ་སྲོག་ཤོར།།

    ཡུལ་གྱར་གྲོང་གི་ཁ་ཕོ་ཆེ་བ་ཚོས།།
    རང་གི་ལྟོ་ཕོར་ཙམ་གྱིས་རྒྱག་གཏམ་གླེང་།།
    བསྡོད་པའི་ཚུགས་ཀ་མི་མཐོང་བོད་ནང་གི།
    སྤུན་ཟླ་དེ་ཚོ་དྲན་ན་ན་ཟུག་ལྕི།།

    ངས་ཤེས་ངས་འཇོན་ཟེར་ཞིང་དབུ་མ་སྨད།།
    ད་འགྲོ་ད་སྒྲུབ་ཟེར་ནས་རང་བཙན་བཤད།།
    ཡོད་ཚད་རང་ཡིན་བསྒྲགས་ནས་རང་ཐག་གཅོད།།
    ཀུན་གྱིས་གང་ཡང་མ་རྟོགས་སྙིང་རྗེ་ཡུལ།།

    འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་གཙུག་གི་རྒྱན།།
    གངས་ཅན་བོད་པ་ཚང་གི་འདི་ཕྱིའི་སྐྱབས།།
    ༧ཁོང་གིས་བསྟན་པའི་འཁྲུལ་མེད་དབུ་མའི་ལམ།།
    ལས་ངན་བོད་པ་ཚང་གི་ངོས་མ་ཟིན།།

    དབུ་མས་བསླུས་རབས་བཤད་མཁན་མང་ན་ཡང་།།
    དབུ་མས་སྐྱོང་བའི་བཀའ་དྲིན་མི་ཤེས་པར།།
    དབུ་མ་གླེང་གཞིར་འཛིན་པ་ལྐུགས་པའི་ཚོགས།།
    དབུ་མ་མི་ཤེས་དབུ་མ་ཇི་ལྟར་སྨད།།

    མདོར་ན་རྨོངས་པའི་ཞ་མོ་མ་འཕུད་བར།།
    རང་གི་གང་བསམ་ཁ་ལ་ཅི་ཡང་དག།
    གླེང་ཡང་ཁྱེད་ཅག་འགོག་མཁན་མེད་ན་ཡང་།།
    ནམ་ཞིག་འགྱོད་པ་སྐྱེ་དུས་ཕྱི་དྲག་རེད།།

    ༢༠།༡༠།༠༨ཆུ་ཚོད་༠༠།༡༧སྟེང་བྲིས་པ་ཡིན།

    Reply
  14. གནས་ཚང་། says:
    ལོ་ 17 སྔོན།

    ཁྱོད་ཀྱི་བསམ་ཚུལ་ཡག་པོ་འདུག་སྟེ། མཇུག་འབྲས་ཞེས་པ་ལ་གོ་དོན་གཉིས་ཡོད་པ་རེད།
    ༡ ཚང་མ་ལོས་བརྗོད་གཞིའམ་བསམ་འཆར་སྒང་བཀའ་མོལ་ལྷུག་པོ་གནང་མིན་ལ་རག་ལས་ཡོད།
    ༢ བཀའ་མོལ་ལྷུག་པོ་བྱུང་བའི་བསྡོམས་ཚིག་དེར་དབུ་ཁྲིད་ཀྱིས་ཉན་ཤེས་བྱེད་མིན་ལ་ཐུག་ཡོད།

    Reply
  15. sha tak rie sim says:
    ལོ་ 17 སྔོན།

    ༧གོང་ས་མཆོག་ནམ་ཡང་སྐུ་རྐྱང་དུ་འགྲོ་མི་སྲིད། བསམ་བློ་ཡག་པོ་གཏོང་དགོས་མཁན་ནི་རྩོམ་ཡིག་སྤེལ་མཁན་དག་རེད། མི་དམངས་ཁྲོད་དུ་གླེང་གཞི་རེ་འཁུར་དེ་འོང་རྒྱུ་དེ་ནི་རྩོམ་པ་པོའམ་སྨྱུག་ཐོག་པ་ཚོས་འོས་འགན་ཡིན་ཡང། རྩོམ་ཡིག་གི་མཇུག་འབྲས་ལ་བསམ་བློ་གཏོང་རྒྱུ་ནི་དེ་བས་ཀྱང་གལ་ཆེན་ཡིན་ན། རྗེས་ཕྱོགས་་་་་་་་་

    Reply
  16. དགྲ་འདུལ། says:
    ལོ་ 17 སྔོན།

    སྐུ་ཞབས་མེ་འོད་ལགས། གོང་གི་བསམ་ཚུལ་འདི་ཚང་མ་ཁྱེད་ཀྱི་རྩོམ་ཡིག་ལ་ཐད་ཀར་འབྲེལ་ཡོད་མེད་ངས་མ་ཤེས་མོད། མི་མང་པོ་ཞིག་གིས་འདིར་དོན་དག་རེ་བརྩད་ནས་བསྡད་འདུག་སྟབས་ང་ཡང་འདིར་ཡོང་བ་ཡིན། གོང་གི་བསམ་ཚུལ་རེ་རེ་ལ་ལན་རེ་འདེབ་དགོས་ཚེ་ངས་འཇོན་ས་མ་རེད། མ་གཞི་ནས་རྩོད་གཞི་དང་བརྗོད་གཞི་འདྲ་མིན་སྣ་ཚོགས་ཤིག་འདུག

    ང་འདིར་ཡོང་དོན་ནི་གནས་ཚང་ལགས་ཀྱི་དྲི་བ་དེ་དག་རེད། སུ་གང་གིས་ཁོང་ལ་ལན་བཏབས་མི་འདུག འདི་ཡག་པོ་མ་རེད། ང་ཚོར་གླེང་སྟེགས་འདི་འདྲ་ཞིག་ཡོད་བཞིན་དུ་སྣང་མེད་དུ་བཏང་ན་འོས་འཚམ་ཡང་མ་རེད། ལན་འདེབ་ན་ཡིན་གཅིག་མིན་གཅིག་དགག་ཕྱོགས་ལྟ་བུ་གཅིག་གཅིག་གི་ཁ་གཏད་དུ་ལངས་ནས་འབྲི་དགོས་པ་མ་རེད། འཐད་ཕྱོགས་ནས་བྲིས་ནའང་འགྲིག་གི་རེད། མ་གཞི་འཐད་ཕྱོགས་ཀྱི་ལན་འདེབ་ཀྱང་གལ་ཆེན་པོ་རེད། སོ་སོའི་བསམ་ཚུལ་དང་མཐུན་ཚེ་དེ་ལ་རྒྱབ་སྐྱོར་གནང་རྒྱུ་ནི་རང་དོན་ལྟ་བུ་ཞིག་ཀྱང་ཆགས་ཡོད་པ་རེད། མ་རེད་དམ།

    ང་འདིར་ཡོང་ནས་གནས་ཚང་ལ་དོན་དག་རེ་ཟུང་གི་སྟེང་གོ་བསྡུར་བྱེད་འདོད་པ་ཡིན། གཞི་རྩའི་ཆ་ནས་ང་ཚོར་གདམ་ཀ་ཞིག་ཡོད་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཁར་འགྲོ་གི་ཡོད་པ་མ་རེད། གདམ་བྱ་འདེམ་བྱེད་ཅིག་འདིར་ཡོད་པ་མ་རེད། ང་ཚོ་ཨུ་ཐུགས་ནས་ལམ་འདིར་ཞུགས་ཀྱི་ཡོད་པ་མ་རེད། འགན་བློས་མ་བཟོད་ནས་ལས་འདི་དང་ལེན་བྱེད་དགོས་ཆགས་པ་རེད། སེམས་ལ་འཐོག་ས་དེ་གཞིས་ལུས་མི་དམངས་རེད། ང་ཚོའི་མི་དམངས་ནི་ཞིང་འབྲོག་པ་རེད། ཉམ་ཐག་ཡིན། དྲང་པོ་ཡིན། སྲིད་དོན་གྱི་རྩེད་མོ་ཆེན་པོ་ཞིག་གི་འོག་ལ་འཕེན་རན་ཡོད་པ་མ་རེད། སྟབས་ཡག་ནས་ང་ཚོར་བླ་ན་མེད་པའི་དབུ་ཁྲིད་ཅིག་ཡོད་པ་རེད། ཁོང་གིས་ཐུགས་འགན་ཁུར་པ་རེད་ལ། འཁུར་གིའང་རེད། འདི་གཅིག་ཡིན། གཉིས་ཐད་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཁ་རང་སྟེང་ན་སྐྱོན་དེ་ཙམ་ཡོད་པ་མ་རེད་འདོད། གཙོ་བོ་ལམ་རོགས་རེད། ལམ་སྐེད་ན་བགེག་བར་ཆད་ཡོད་མེད་རེད། ལམ་ཁྲིད་ལ་བློས་འགེལ་ཆོག་མིན་རེད། འདི་དག་ནི་ང་ཚོས་ཏན་ཏན་ཏིག་ཏིག་བྱས་ནས་གླེང་དགོས་པ་རེད། གསུམ་ཐད་ནས། སྐྱབས་མགོན་ཚང་ཕྱིར་བོད་ཁ་བ་གངས་ཅན་གྱི་ཡུལ་དུ་གདན་འདྲེན་ཞུ་ཐུབ་པ་དང་། གཞིས་བྱེས་གཉིས་ཀ་མཉམ་དུ་འཛོམས། བོད་ཆོལ་ཁ་གསུམ་པོ་ཆོས་དང་རིག་གཞུང་གི་འཛིན་སྐྱོང་གཅིག་གི་འོག་ཏུ་བསྡུ་ཐུབ་སོང་ན་སྔོན་གཤེགས་དཔའ་བོ་དཔའ་མོ་རྣམས་དང་། ཁོང་རྣམས་ཀྱི་ཕ་མ་དང་དགའ་ཉེ་ཚོས་ཀྱང་ང་ཚོར་ཞེ་འཁོན་ཡོད་ཀྱི་མ་རེད་སྙམ། ཡིན་ནའང་འདི་ཙམ་གྱིས་ང་ཚོའི་མངོན་འདོད་འགྲུབ་སོང་བ་རེད་དམ་ཞེ་ན་མ་རེད། ད་དུང་ཞིབ་ཚགས་ཀྱི་སྒོ་ནས་ཐག་གཅོག་དགོས་པ་དང་ཁས་ལེན་དགོས་པའི་དོན་དག་མང་པོ་ཡོད་པ་རེད་འདོད། ཡིན་ནའང་། ཐ་ན་ང་ཚོས་འདི་འདྲ་ཞིག་ཀྱང་འཇོན་མིན་བཤད་ཐུབ་པའི་ཚད་རེད། དྲི་བ་གཞན་པ་དག་ལ་ལན་འདེབ་དགོས་པ་ཞིག་མཐོང་གི་མི་འདུག གལ་སྲིད་ངོ་མས་གནད་དོན་ཆགས་ཀྱི་ཡོད་ཚེ་རྗེས་ཕྱོགས་རིམ་གྱིས་གོ་བསྡུར་བྱས་ཆོག་གི་རེད།

    Reply
  17. mablo says:
    ལོ་ 17 སྔོན།

    ya, you rghit, I know, but I can’t find rghit font ,becouse we don’t realy have common font

    Reply
  18. མྱི་སྨྱོན། says:
    ལོ་ 17 སྔོན།

    (mablo) འདི་བོད་ཡིག་ཟིན་བྲིས་ཡིན།

    Reply
  19. mablo says:
    ལོ་ 17 སྔོན།

    it’s very easy to critisize but difficult to doit.
    so Netsang la , too early for u open big muoth

    Reply
  20. mablo says:
    ལོ་ 17 སྔོན།

    how this hapand?

    Reply
  21. ཨ་རིག་དགེ་མཐོང་། says:
    ལོ་ 17 སྔོན།

    ཞེས་པའི་དོན་ཡིད་ལ་ཚིག་འདི་ཆད་སོང་བ་མཐུད་དགོས།

    Reply
  22. ཨ་རིག་དགེ་མཐོང་། says:
    ལོ་ 17 སྔོན།

    གནས་ཚང་ལགས།ངོ་ནས་བཤད་ན་ངས་ཁྱོད་ལ་བྲིས་པས་ཚིག་ཁ་ཤས་རྩུབ་འདུག་པ་དགོངས་པ་མ་ཚོམས་ཞུས་བ་ཡིན།ཁྱོད་རྩོམ་པ་པོ་ཞིག་ཡིན་པ་འདྲ།གོང་དུ་རྒྱན་དྲུག་མཆོག་གཉིས་དང་སྟོན་པ་ཤཱཀྱ་ཐུབ་པས་བསྲེག་བཅད་བརྡར་གསུམ་གསུང་པས་དོན་ཁྱོས་ད་དུང་ལོ་ཁ་ཤས་ཤིག་ལ་ཧ་གོ་ཐུབ་ས་མ་རེད།་བཀའ་ཁྲི་མཆོག་གིས་རང་དབང་རེ་ཟེར་ནས་ལྷ་ཁང་ལ་སྐྱག་པ་བཏང་བ་འདྲ་ཞེས་པའི་ཡིད་ལ་ཟུངས་ཤིག

    Reply
  23. གནས་ཚང་། says:
    ལོ་ 17 སྔོན།

    ཨ་ཙི་ཨུ་ཚུགས་ཚ་བ་ལ། དྲི་བ་འདི་དག་གང་བྱུང་འདིར་བྱུང་ལབ་ཀྱི་ཡོད་པ་མ་རེད། སྔ་རྗེས་ཙམ་མ་གཏོགས་ལྷགས་ཡོང་གི་རེད། དེ་ལས་ང་རང་ཁ་སྔ་ཙམ་བྱུང་བ་ལས་གཞན་མ་རེད་ལ། གལ་སྲིད་དོན་དག་འདི་དག་ཟམ་གདོང་བླ་མའི་སྐུ་ཚབ་ཀྱིས་གསུངས་པ་ཡིན་ན། ངས་ཁྱོད་ཀྱི་ལམ་སྟོན་ལྟར་བྱེད་ངེས་ཀྱང་དེ་མིན་པས། ཐབས་ཤེས་ཡོད་པ་མ་རེད། དྲི་བ་ད་དུང་མང་པོ་ཡོད། ངའི་རེ་བ་ཡིན་ན། ལྷན་རྒྱས་ཀྱིས་སོ་སོའི་ཚབ་བྱས་ནས་སྐད་ཆ་བཤད་པ་ལས་བོད་མིང་དེ་གང་བྱུང་དུ་བེད་སྤྱོད་མ་བཏང་ན་ཡག་པོ་འདུག ད་ལྟའི་ཆར་འཛམ་གླིང་མི་མང་གི་མཐོང་སྣང་དུ་བོད་དེ་གཅེས་སྲོག་ཕྱར་ནས་རང་བཙན་གྱི་དགོས་འདུན་འདོན་ཐུབ་མཁན་གྱི་མི་རིགས་ཤིག་ལ་གོ་ཡོད་པར་མ་ཟད། རྒྱབ་བསྐྱོར་ཆ་ཚང་ཡང་གཤིན་པོ་གཤིན་མོ་དག་གི་ཐུགས་རྗེ་ལས་བྱུང་བ་ཡིན་པས། འདི་དག་ཤེས་པར་བྱེད་རྒྱུ་ཧ་ཅང་གི་གལ་ཆེན་ཡིན། བོད་འདི་མེད་ན། ཆ་ཚང་མེད་པ་མཁྱེན་དགོས།

    Reply
  24. མྱི་སྨྱོན། says:
    ལོ་ 17 སྔོན།

    གནས་ཚང་། ཁྱེད་ཀྱི་དྲི་བ་འདི་དག་ཟམ་གདོང་བླ་མ་ལ་འདོན་དགོས། ང་རང་བཙན་གྱི་ལྟ་བ་ཁུར་མཁན་ཡིན་པའི་དགོས་མེད་ཀྱི་དྲི་བ་ཆག་འདུག ངས་ཁྱེད་ལ་བཤད་བཞིན་པ་ནི་༸གོང་ས་མཆོག་གི་སྐུ་འོག་གི་མི་སྣ་དག་གི་སྒྲུབ་པའི་བྱ་བ་ལ་ལྟོས་ནས་ གཞེས་བྱས་གཉིས་ཀྱི་སྙིང་ནོར་༸གོང་ས་མཆོག་ལ་སྐད་ཆ་འདྲ་མིན་མ་བཤད། འདི་བོད་མི་མང་གི་ནམ་ཡང་བཟོད་ཐབས་མེད་ཞེས་པ་དེ་ཡིན།

    Reply
  25. གནས་ཚང་། says:
    ལོ་ 17 སྔོན།

    འོ་ན། ངས་གང་ཐུབ་ཀྱིས་བགྲོ་གླེང་ཇེ་ཐུང་དུ་གཏོང་གི་ཡིན།

    གལ་སྲིད་སྤྱི་ཚོགས་རིང་ལུགས་གདམ་གི་ཡོད་ན། ཉུང་མཐར་གཤམ་གྱི་དྲི་བ་ཁག་ཅིག་ལྷགས་ངེས་ཡིན།

    ༡ བྱེད་བབ་འདི་རང་ཉིད་ཀྱིས་རང་ཉིད་བསྙོན་འབྱིན་བྱས་པ་ཞིག་ཡིན་པས། པེ་ཅིང་གཞུང་གིས་ཉེས་ཡངས་སུ་གཏོང་སྲིད་ནའང་། བོད་དོན་ཐད་གཅེས་སྲོག་ཕུལ་ཟིན་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་ཤུལ་ལྷག་ནང་མིས་གུ་ཡངས་སུ་གཏོང་སྲིད་དམ། འདི་ནས་ནང་ཟིང་གསར་བ་ཞིག་གི་སྒོ་འབྱེད་ཀྱི་མེད་དམ།

    ༢ སྔར་རྒྱ་དམར་ནག་ཏུ་ལག་འབྲེལ་ཡོད་པར་བསྙད་ནས་ནག་པོར་བཟོས་ཟིན་པ་དག་ལ་དགོངས་དག་ཐུགས་བདེན་ཞུ་རྒྱུ་སྔོན་འགྲོའི་ཆོ་ག་ལྟ་བུར་གྱུར་ཡོད་པ་མིན་ནམ།

    ༣ གདམ་ག་འདི་པེ་ཅིང་དང་ངྷ་ས་ཕྱོགས་གཉིས་ཀ་ལས་བོད་རྒྱའི་མང་ཚོགས་དཀྱུས་མར་ཆེར་ཕན་གྱི་མེད་ན། གཉིས་ཕན་ལ་འགྲེལ་གསར་བ་ཞིག་ཡོང་དགོས་ཀྱི་མེད་དམ།

    ༤ བོད་ནང་བོད་མིས་རྒྱ་གཞུང་གི་སུན་བཙུར་མ་ཐེག་པར་རང་བཙན་གྱི་དགོས་འདུན་ཚེ་སྲོག་གིས་འདོན་གྱི་ཡོད་ན། ཅིའི་ཕྱིར་ཕྱི་ལོགས་ཀྱི་མི་རེ་འགས་དེ་ལུགས་ཕར་གཡུག་ནས་བོད་མིང་བེད་སྥྱོད་གཏོང་རྐྱང་བྱེད་ཀྱི་ཡོད་དམ།

    Reply
  26. སྐར་མ། says:
    ལོ་ 17 སྔོན།

    དྲ་ངོས་འདི་ན་གོམས་སྲོལ་ཁྱད་མཚར་པོ་ཞིག་འདུག ཚང་མས་མཉམ་རུབ་ཀྱིས་དོན་དག་ཅིག་གི་མདུད་པ་ཁྲོལ་མིན་ལ་མི་ལྟ་བ་དང་། བསམ་ཚུལ་ཞིག་འདོན་ཐུབ་མིན་ལ་མི་ལྟ་བར་ལམ་སེང་ཕན་ཚུན་ལ་སྨོད་རེེས་དང་སྡིག་རེས་བྱས་ནས་ཤོག་ངོས་བཀང་ཡོང་གི་འདུག འདི་སྐྱོན་ཆེན་པོ་ཞིག་ཆགས་ཡོང་གི་འདུག རྗེས་ཕྱོགས་དྲ་ངོས་འདི་ནས་སྐད་ཆ་བཤད་ན་འདྲ། བསམ་ཚུལ་བཏོན་ན་འདྲ། སུ་གཅིག་གིས་ཆ་འཇོག་མི་བྱེད་པ་དང་ཡིད་བརྟོལ་བྲལ་བ་ཞིག་ཡོང་རྒྱུ་ཡིན་པ་ཐག་གིས་ཆོད། དེའི་ཁར་དྲ་ཐོག་གི་མི་དེ་དག་གི་མིང་འདོགས་སྟངས་ཚུན་ནས་ཏོག་ཙམ་འགྲིག་གི་མི་འདུག་སྙམ་པས་ཚང་མས་ཐུགས་བསམ་བཞེས་རོགས། ང་ཚོ་ངོ་མ་ནན་ཏན་མ་རེད། ང་ཚོ་གནས་སྟངས་གང་ཞིག་ལ་ལྷུང་ཡོད་པའི་ཐད་ལའང་འདང་ཞིག་ཕོག་ན་རེད། ཁ་བརྡ་དྲ་རྒྱ་ཡང་འདི་འདྲ་ཞིག་རེད། ཕ་ཡུལ་དྲ་རྒྱ་ལ་ཡང་སྔོན་ཆད་ནད་ཡམས་འདི་འདྲ་ཞིག་ཡོད། འོན་ཀྱང་། ངས་བལྟས་ན་ཕ་ཡུལ་དྲ་རྒྱ་ལ་ཡར་རྒྱས་འདུག་སྙམ། དེ་ནི་གཅིག་བྱས་ན་བོད་ཡིག་གི་སྟེང་གི་ཤེས་ཡོན་པ་དང་དབྱིན་ཡིག་སྟེང་གི་ཤེས་ཡོན་པ་ཚོའི་ཚད་གཞི་མི་འདྲ་བ་དང་། ཡང་ན། དྲ་ཐོག་གི་སྤྱི་ཚོགས་ཀྱི་གྲུབ་ཆ་མི་འདྲ་བའི་དབང་གིས་མིན་ནམ་སྙམ། དེར་བརྟེན་རྗེས་ཕྱོགས་འདིའི་ཐད་ཚང་མས་བསམ་བློ་ཞིག་གཏོང་རོགས། དྲ་བའི་དོ་དམ་པའི་ངོས་ནས་ཀྱང་སྣེ་ཁྲིད་དེ་དྲ་ཐོག་གི་སྤྱི་ཚོགས་འདི་ཡར་རྒྱས་དང་ཡག་ཕྱོགས་ཤིག་ལ་འཁྲིད་རོགས་གནང་ཞེས་ངས་ནན་ཏན་གྱིས་གཞེན་སྐུལ་ཞུ་གི་ཡོད།

    Reply
  27. མྱི་སྨྱོན། says:
    ལོ་ 17 སྔོན།

    གནས་ཚང་། ངས་སློབ་སྦྱོང་བྱེད་དགོས་ཀྱིའདུག་ཞེས་པ་འདི་གཅིག་པོ་ཁྱེད་ཀྱི་ཡག་པོ་བཤད་འདུག། ང་ལྟ་བུ་ལ་མཚོན་ན་སློབ་སྦྱོང་བྱས་ནས་ཡར་རྗེས་དང་ལེགས་པོ་ཆག་པ་ཡོད། ཁྱེད་ལ་མཚོན་ན། གཡར་རྭ་ནང་བཞིན་འཁྱོགས། སྡོང་རྒན་ནང་བཞིན་འགྱེལ་ལ་ཉེ་བའི་ང་ལ་སེམས་ཁྲལ་དང་སྐྱོ་སྣང་ཧ་ཅང་འདུག

    Reply
  28. གནས་ཚང་། says:
    ལོ་ 17 སྔོན།

    གླེན་པ་ལུག་ལགས། རྒྱ་གཞུང་གསང་ལས་ལ་ཁྱོད་ལྟ་བུའི་སྤྱི་ཚོགས་རིང་ལུགས་གོང་བཀུར་ཞུ་མཁན་མཁོ་བ་ལས་གཞན་མི་མཁོ། ཕལ་ཆེར་ཉིད་ལ་རྒྱུས་མངའ་ང་རང་ལས་ཆེ་ཙམ་འདུག ཡིན་ནའང་། གང་ཐུབ་ཀྱིས་ལན་བསྐྱོན་པར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ཞུ་འཕྲོས་སུ་གྱུར་བ་ནི་དྲི་བ་གཉིས་པ་སྐྱག་པའི་དབང་དུ་བཏང་ནའང་། དྲི་མ་ཞིག་ཡོད་ངེས་པས་དེ་དོན་འགྲེལ་གནང་ཡོང་བ་ཞུ།

    མྱི་སྨྱོན་ལགས། སློབ་སྦྱོང་ཡག་པོ་བྱོས། ཁྱོད་ལ་ད་དུང་གནས་འདིར་བཅར་བའི་ཆུ་ཚད་མི་འདུག

    ཨ་རིག་དགེ་མཐོང་ལགས། ཁྱོད་ཀྱིས་ནང་བ་ཤེས་ཀྱི་མི་འདུག ནང་བའི་ཁྱད་ཆོས་ནི་བསྲེག་བཅད་བརྡར་གསུམ་རེད། དེང་སྐབས་ལྟར་བཤད་ན། དོགས་སློང་དུ་གོ་ཆོག དེ་ནི་སྟོན་པ་ཤཱཀྱ་ཐུབ་པས་རང་ཉིད་ལའང་བསྲེག་བཅད་བརྡར་གསུམ་བྱེད་ཆོག་པའི་བཀའ་བསྩལ་བ་ནས་བྱུང་ཞིང་། རྒྱ་གར་དུ་རྒྱན་དྲུག་མཆོག་གཉིས་ལྟ་བུའི་མཁས་པ་གནམ་གྱིས་ས་བཀབ་པ་ལྟ་བུ་བྱུང་དོན་ཡང་དེར་ཐུག་ཡོད། དེ་བས། ཁྱོད་དང་ཁྱོད་ལྟ་བུའི་མཐོང་སྣང་དུ་ནང་བ་ནི་བརྟག་བརྟན་ཐེར་ཟུག་ཅིག་ལ་གོ་དོན་ཅི། སྟོན་པ་ཤཱཀྱ་ཐུབ་པའི་བཀའ་ལྟར་ནང་ཆོས་ལག་ལེན་དུ་མ་བསྟར་བ་ཡིན་ན། དེ་དག་ནང་བ་ལྟར་སྣང་བ་ལས་གཞན་མིན་པས། མཆོག་གསུམ་ཁྱོད་དང་ཁྱོད་ལྟ་བུའི་ནང་བ་ལྟར་སྣང་བ་དག་གི་རྡོག་འོག་ཏུ་ག་དུས་ཀྱང་མགོ་འབུར་ཐུབ་ཀྱི་མེད་པ་མ་ཡིན་ནམ།

    Reply
  29. ཨ་རིག་དགེ་མཐོང་། says:
    ལོ་ 17 སྔོན།

    བདག་པོ་མེད་པའི་གནས་ཚང་།།གནས་ལུགས་བཤད་པས་མི་ཕན།།ནང་བའི་དྲི་ཙམ་མེད་ན།།མཆོག་གསུམ་ལྡོག་བརྫིས་གཏོང་ཆོག།

    Reply
  30. མྱི་སྨྱོན། says:
    ལོ་ 17 སྔོན།

    གནས་ཚང་། ཁྱོད་ཀྱིས་གོང་གསལ་གྱི་དྲི་བ་ཁག་ཟེར་བ་ལས། དམོད་ཚིག་དག་ཟེར་ན་འོས་འཚམས་འདུག ངས་ཁྱོད་ཀྱིས་བཏོན་པའི་དམོད་ཚིག་དེ་ཚོར་ལན་གྱི་འགྲོ་སོང་གཏོང་འདོད་མི་འདུག འདི་ལྟ་བུར་ལན་རྒྱག་དགོས་ཚེ་རྒྱ་ནག་ལ་ཐད་ཀར་བཤད་དགོས་པ་ཞིག་ལས་ཁྱོད་དང་བརྒྱུད་པའི་དགོས་པ་མཐོང་མ་སོང་།

    Reply
  31. གླེན་པ་ལུག says:
    ལོ་ 17 སྔོན།

    གནས་ཚང་། ཁ་ཕོ་ཆེ་མདོག་གིས་དྲི་བ་བཀོད་ཀྱི་འདུག འོན་ཀྱང་ཚིག་ཙམ་གྱི་ཕྱོགས་རིས་དེར་བལྟས་ན་བློ་རྒྱ་ཧ་ཅང་ཆུང་སྐྱོན་འདུག་ ཁྱེད་ཀྱི་དྲི་བ་དང་པོ་ནི་དམངས་གཙོ་ནས་སྤྱི་ཚོགས་རིང་ལུགས་སུ་སོང་ན་རྫུན་དུ་གྱུར་སོང་བ་དང་། བསླུ་བྲིད་དུ་འགྲོ་སོང་བ་ཇི་ལྟར་ཡིན། དེ་སྔ་དམངས་གཙོ་བཤད་པའི་རྒྱུ་མཚན་ཡིན་ནམ། ལམ་དང་ལུགས་སྲོལ་དང་དུས་དང་དགོས་མཁོའི་དབང་གིས་ངེས་པར་བསྒྱུར་དགོས་པ་ལས་མཁྲེགས་འཛིན་བྱེད་མི་རུང་། མ་གཞི་དམངས་གཙོ་ནི་ཁྱད་འཕགས་ཤིག་དང་། སྤྱི་ཚོགས་རིང་ལུགས་ནི་སྡུག་ཅག་ཅིག་ཇི་ལྟར་ཡིན། ༸གོང་ས་མཆོག་གིས་དེ་སྔ་ཡང་ཁོ་བོའི་ཕྱེད་ཀ་གུང་ཁྲན་དང་ཕྱེད་ཀ་ནང་པ་ཡིན་ཞེས་ཡང་གསུངས་མྱོང་། ལམ་དང་ལུགས་སྲོལ་གཙོ་བོ་མ་རེད་མིའི་ཀུན་སྤྱོད་དང་བསམ་བློ་གཙོ་བོ་རེད་ཧ་གོ་སོང་ངམ། གལ་སྲིལ་༸གོང་ས་མཆོག་གིས་སྤྱི་ཚོགས་རིང་ལུགས་བདམངས་གནང་བ་ཡིན་ཚེ། དེ་ནི་རྨོངས་དད་ཆེ་བའི་བོད་མི་ཚོར་བལྟས་ན་དུས་ཐོག་ཆར་བ་ལྟར་གྱུར་སོང་། ཧ་ཅང་གོང་བཀུར་ཞུ་དགོས་པ་ཞིག་རེད།
    དྲི་བ་གཉིས་པ་ལ་སྐྱག་པ་ཞིག་གི་རིན་ཐང་འདུག
    དྲི་བ་གསུམ་པའི་ལན། གཞུང་ལུགས་དང་ལམ་སྲོལ་གང་ཡིན་ཀྱང་བསྒྱུར་བཅོས་ཀྱི་རང་བཞིན་དང་འབྲལ་ཐབས་མེད་པ་ནི་མཐར་གཏུགས་ན་འདུས་བྱས་ཡིན་པས་ཡིན་ལ། གཅིག་ན་དགོས་མཁོ་དང་གནས་བབ་ལྟར་ངེས་པར་སྒྱུར་དགོས་པ་ཞིག་ཡིན། ཁྱོད་ནི་ཇི་འདྲའི་མཁྲེགས་འཛིན་ཆེ་བ་ཞིག་རེད། ངས་ཁྱོད་ལ་འདྲི་རྒྱུར། ཁྱོད་ཀྱི་ཁ་ནང་ནས་ཤི་དང་གཤེགས་ལྟ་བུའི་ཚིག་འདི་དག་ཐད་ཀར་བརྗོད་གཞི་འདི་ལ་འབྲེལ་ཡོང་དོན་ཅི་ཡིན། ཁྱོད་ལ་ཤི་དང་གཤེགས་ཀྱི་དགོས་མཁོ་ཞིག་ཡོད་ན་ཐད་ཀར་རྒྱ་གཞུང་གསང་ལས་འབྲེལ་མཐུད་བྱོས་དང་། གཅིག་བྱས་ན་འདོད་དོན་འགྲུབ་ངེས།

    Reply
  32. གནས་ཚང་། says:
    ལོ་ 17 སྔོན།

    ད་དུང་ཧ་གོ་མ་སོང་ངམ། པེ་རེད། དོན་ལ་འདི་དག་མཚན་སྨད་མ་རེད། དོན་དངོས་རེད། དོན་དངོས་དོན་ལོག་ཏུ་འགྲེལ་རྒྱུའང་མི་རེ་ཟུང་གི་གཤིས་ཀ་རེད། གང་ལྟར་ཁྱོད་ཀྱིས་ངའི་དྲི་བ་དག་ལ་ལན་འདེབས་འདུན་ཡོད་ཚེ། དྲི་བ་རེ་རེར་ལན་འདེབས་དགོས་པས། དེའི་ནང་དུ་རང་བཙན་རི་ལ་ཡིབ་ཡོད་མེད་དང་དབུ་མ་དབུ་ནས་རུལ་འདུག་མིན་སོགས་ས་ཕྱར་ཤུལ་གྱི་རྡོ་བ་ནང་བཞིན་ཐོན་ཡོང་གི་རེད། སྐབས་དེར་ཁྱོད་ལའང་ངེས་ཤེས་གསར་བ་ཞིག་འབྱུང་མི་སྲིད་པའི་ངེས་པ་མེད། དེ་བས། ང་ལ་ལན་མ་རག་པར་དུ་ཚིག་སྣེ་གསར་བར་འཇུ་བའི་ལུགས་སྲོལ་མེད།

    Reply
  33. མྱི་སྨྱོན། says:
    ལོ་ 17 སྔོན།

    ངོ་ནས་ཉོག་བཤད་ཁྱེད་ཀྱིས་བྱེད་ཀྱི་འདུག བཙན་བྱོལ་བའི་གནས་འདིར་ ༸གོང་ས་མཆོག་ལ་འདི་ལྟ་བུའི་མཚན་སྨད་བྱེད་པ་ནི་ཁྱེད་ཀྱིས་ཅི་ཞིག་གི་ཆེད་ཡིན། རང་བཙན་རྩོད་ལེན་ལ་རང་སྲོག་འཕང་མེད་གཏོང་བའི་གངས་ཅན་པའི་འཐབ་རྩོད་པ་དྲག་ཅན་དག་གིས་འདི་ལྟར་བརྗོད་ཀྱི་མེད། རང་བཙན་རི་ལ་ཡིབ། དབུ་མ་དབུ་ནས་རུལ། ལོ་རྒྱུས་ལབ་མི་ཆོག་ན་ཁྱེད་ལྟར་ཉིན་མོ་ཁ་སྟོང་ནས་ཚིག་སྟོང་བརྗོད་བཞིན་སྤྱི་ཚོགས་ལ་མགོ་རྔ་མེད་པར་བསྐྱོད་དགོས་ཀྱི་རེད་དམ།

    Reply
  34. གནས་ཚང་། says:
    ལོ་ 17 སྔོན།

    དོན་ཞིག་བསམ་གྱི་ཡོད་ན།
    འདི་དག་གླེང་བའི་དུས་ཡིན།
    དེ་མིན་ཉོག་བཤད་ལོང་གཏམ།
    གནས་འདིར་ཤོང་དགོས་མི་འདུག

    Reply
  35. གནས་ཚང་། says:
    ལོ་ 17 སྔོན།

    རང་བཙན་རི་ལ་ཡིབ་སོང་།
    དབུ་མ་དབུ་ནས་རུལ་ཐལ།
    ལོ་རྒྱུས་ལབ་ཀྱི་མ་འདུག
    མགོ་བསྒུར་མགོ་ཆད་གཅིག་ཡིན།
    གཞན་གྱི་དབང་དུ་གྱུར་རྗེས།
    སྟོང་འདང་མ་གཏོགས་ལྷག་མེད།

    Reply
  36. མྱི་སྨྱོན། says:
    ལོ་ 17 སྔོན།

    གནས་ཚང་། ཁྱེད་ལྟར་ན་ལོ་རྒྱུས་ནང་རྒྱལ་ཁབ་གཅིག་གིས་གཅིག་ལ་མགོ་་བསྒུར་བ་མེད་པར་་་མགོ་ཆད་རྐྱང་རྐྱང་ཡིན་པ་འདྲ།

    Reply
  37. མྱི་སྨྱོན། says:
    ལོ་ 17 སྔོན།

    ཁྱེད་སེམས་ལྷོང་ལྷོང་བོར་གྱུར་བའི་དབང་གིས་རྩ་འཁྲིག་ཡོད་པ་འདྲ། ངལ་གསོ་ཞིག་རྒྱབ་ནས་གློག་ན་ཤེས།

    Reply
  38. གནས་ཚང་། says:
    ལོ་ 17 སྔོན།

    གལ་སྲིད་༼རང་བཙན་དང་དབུ་མ་ལས་གཞན་པའི་འདམས་ཀ་དེ་རྒྱ་ནག་ལ་མགོ་སྒུར་རྒྱུ་རེད།༽བདེན་ཚེ། མང་གཙོ་ནས་སྤྱི་ཚོགས་རིང་ལུགས་ལ་འགྲོ་བ་དང་བོད་ཀྱི་དབུ་ཁྲིད་ནས་ཏང་གི་དབུ་ཁྲིད་ལ་གོམ་ཁ་ཕྱོགས་ཀྱིན་པ་འདི་མགོ་བསྒུར་བ་རེད་དམ། ཡང་ན། མགོ་ཆད་པ་རེད།

    འདི་ངའི་གོང་གསལ་དྲི་བ་ཁག་གི་མཇུག་འཕྲོས་དྲི་བ་ཡིན་པས། གནས་ལུགས་ཕྱར་ནས་བརྡར་ཤ་གཅོད་མཁན་ཚོར་ཡི་རངས་ཡོད་པ་ལས་ཆགས་སྡང་རྨོངས་སྡང་དུ་གྱུར་ཞིང་། ཚིག་རྩུབ་སྤྱོད་ལམ་དུ་འཇགས་མཁན་ཚོ་ག་དུས་ཀྱང་སྐུ་ཞབས་གནས་ཚང་གི་དོ་ཡ་མིན།

    Reply
  39. སྐར་མ། says:
    ལོ་ 17 སྔོན།

    དགོངས་དག ངས་ཁྱེད་ཀྱི་སྐད་ཆ་དེ་གསལ་བོ་ཞིག་གོ་གི་མི་འདུག ༼རང་བཙན་དང་དབུ་མ་ལས་གཞན་པའི་འདམས་ཀ་དེ་རྒྱ་ནག་ལ་མགོ་སྒུར་རྒྱུ་རེད།༽ ཅེས་པ་འདི་གསལ་བོ་ཞིག་གསུང་ཐུབ་ཀྱི་ཡོད་དམ།

    Reply
  40. མྱི་སྨྱོན། says:
    ལོ་ 17 སྔོན།

    སྐར་མ། སྨན་བླ་སྐྱབས་ཀྱི་ཚིག་དེ་དག་འདིར་ཡོང་ནས་རང་ཉིད་ཀྱི་ཡིན་འདོགས་་མ་བྱེད་སྐུ་མཁྱེན། རང་བཙན་དང་དབུ་མ་ལས་གཞན་པའི་འདམས་ཀ་དེ་རྒྱ་ནག་ལ་མགོ་སྒུར་རྒྱུ་རེད། ལྡར་མའི་ངང་ཚུལ་འདི་བཞིན་ཁྱེད་ཕ་ཡུལ་ལ་འགྲོ་འདོད་ན་སུ་གཅིག་གི་བཀག་འགོག་བྱེད་ཀྱི་ཡོད་པ་མ་རེད། རང་རང་ལ་གང་དགོས་ཧུར་བརྩོན་བྱས་པའི་དབང་གིས་འདིར་དབུ་མའི་ལམ་དང་རང་བཙན་བརྗོད་ཀྱི་ཡོད་པ་རེད་མི་ཤེས་ན་ཁ་ཙུམ་ཡང་སྐྱོན་ཡོད་པ་མ་རེད།

    Reply
  41. སྐར་མ། says:
    ལོ་ 17 སྔོན།

    ཁ་སང་དེ་རིང་ངའི་སེམས་ཁམས་འདི་སུ་ལའང་རྗེས་སུ་ཡི་རངས་ཞུ་འདོད་པ་ཞིག་ཏུ་གྱུར་འདུག ཡིན་ནའང་ཡ་མཚན་པ་ཞིག་ལ་བོད་ཀྱི་བུད་མེད་འདི་ཚོས་ལས་སླ་བོར་ཤི་རུ་འཇུག་རྒྱུ་མིན་པ་འདྲ། ད་ནངས་ཞོགས་པ་ངས་ཕ་ཡུལ་དྲ་རྒྱ་ཁ་ཕྱེ་བ་ཡིན། ཁ་ཕྱེ་མ་ཐག་གསལ་བསྒྲགས་ཤིག་གིས་དྲ་ངོས་བཀབས་འདུག དེ་ཅིག་བཀླགས་སྐབས་སེམས་ལྷོང་ལྷོང་བོར་གྱུར། རྐང་པའི་ཉའང་འདར་གི་འདུག གལ་སྲིད་ང་ལངས་བསྡད་ཡོད་དུས་ཕལ་ཆེར་རིལ་ཚར་ཡོད། ཅི་བྱས་འདུག་ལབ་ན། ནེའུ་ཡོག་དང་ནེའུ་རྗེར་སི་ཡི་ན་གནས་བུད་མེད་ཚོས་སྟོན་པ་ཡི་ཤུའི་འཁྲུངས་སྐར་གྱི་སྔ་ནུབ་སྤྲོ་སྐྱིད་གཏོང་གི་ཡིན་པས། ཚང་མ་སྤྲོ་སྐྱིད་ལ་འཛོམས་རོགས་ཟེར། ཁ་ཐལ་གྱིས་གཅོད་རྒྱུ་འདི་དག བོད་མི་ཚོའི་མགོར་སྡུག་ཡོང་ནས་ཟླ་བ་ ༧ མ་གཏོགས་འགྲོ་གི་མེད། བོད་ནང་ནས་ད་ལོ་ལོ་གསར་ཡང་གཏོང་གི་མོན་ཟེར། འདི་ལ་གོ་རྒྱུ་བསམ་རྒྱུ་མང་པོ་ཡོད་པ་རེད། ཡིན་ནའང་། ནེའུ་ཡོག་གི་བུད་མེད་འདི་ཚོར་ངོ་མ་རུས་པ་ཞིག་མི་འདུག

    Reply
  42. སྐར་མ། says:
    ལོ་ 17 སྔོན།

    དྲ་གྲོགས་ཚོ། ང་ཁ་ཆུང་དབང་ཆུང་ཡིན་རུང་། ངས་ཀྱང་ཁ་ཞིག་གྲག་ན་འདོད་གི ངའི་རེ་བ་རྡོག་རྡོག་པོ་དེ་རང་གི་ཕ་ཡུལ་ལ་འགྲོ་འདོད་པ་དེ་ཡིན། ཡུལ་ལ་སླེབས་དུས་རང་དབང་གི་ཁོར་ཡུག་ཅིག་དགོས་པ་འདི་ཡིན། ང་འགྲོ་ཁར་རྒྱལ་བ་རིན་པོ་ཆེ་ཚང་གདན་འདྲེན་ཞུ་འདོད་ཀྱི་ཡོད། ངའི་མ་འོངས་པའི་བུ་རབས་ཚ་རྒྱུད་དེ་དག་ལ་ཡང་འགྲོ་བ་མིའི་རིགས་ཀྱི་ཐུན་མོང་གི་བདེ་སྐྱིད་དང་རང་དབང་དེ་རག་དགོས་ཀྱི་འདུག འདི་ཚོ་གཙོ་བོ་ཡིན། དེའི་ཕན་ནས་ངས་དམིགས་བསལ་གྱི་ཆ་རྐྱེན་འདོན་ཤེས་ཀྱི་མི་འདུག མ་གཞི་ཆ་རྐྱེན་བཏོན་ནའང་ཨ་ཞང་ཚང་གིས་ཁས་ལེན་མིན་གནས་ཚུལ་ལོག་ཀ་ཅིག་རེད། ངའི་རེ་བ་འདི་དག་ཁྱེད་ཚོས་བཤད་ཀྱིན་པའི་ལམ་དབུ་མ་དང་རང་བཙན། ཡང་ན། རང་སྐྱོང་བཅས་ཀྱི་གང་ལ་གཏོགས་ཀྱི་འདུག
    ངས་བལྟས་ན་ད་ཁྱེད་ཚོས་ལམ་དབུ་མ་དང་རང་བཙན་ཟེར་ནས་ཐ་སྙད་རེ་བརྩད་ནས་མ་འདུག ཆབ་སྲིད་ཀྱི་ལྟ་བ་ཡན་གར་བ་རེ་དང་བརྗོད་དུམ་ཡན་གར་བ་རེ་བཤད་བསྡད་ན་ཡོང་རྒྱུ་ཅི་ཡང་ཡོད་པ་མ་རེད། རང་རང་ལ་གང་དགོས་པ་དང་གང་མཁོ་བ་དེ་ངོས་ཟིན་པར་བྱས་ནས་དེའི་ཐོག་ལ་ཧུར་བརྩོན་བྱེད་དགོས་པ་རེད། འདི་བསམ་ཚུལ་ཙམ་ཡིན།

    Reply
  43. མྱི་སྨྱོན། says:
    ལོ་ 17 སྔོན།

    གནས་ཚང་དབུ་མའི་ལམ་འདི་སྤེལ་ནས་མི་ལོ་སུམ་བཅུ་འགྲོ་བཞིན་པ་རེད། དབུ་མའི་ལམ་ལ་སྐྱོན་བརྗོད་བྱེད་འདོད་ན་དང་པོ་ག་དུས་འགོ་ཚུགས་པ་གསལ་བོ་ཤེས་དགོས།
    མི་ལོ་འདི་དག་གི་རང་ལ་ཁྱེད་དང་ཁྱེད་ལྟ་བུའི་རང་བཙན་ལ་ཁ་དབྱར་མཁན་དང་དབུ་མའི་ལམ་ནས་རྐང་བརྐྱངས་བྱེད་པ་དེ་དག་གིས་༸གོང་ས་མཆོག་བསྐྱོར་བ་མ་ཡིན་པར་འཐེན་པ་རེད། འདི་དག་གི་གནམ་ས་མུ་ཤོང་བའི་ཧམ་སེམས་དབང་གིས་མི་ལོ་སུམ་བཅུ་འདི་ལྟར་འདས་པ་རེད།

    Reply
  44. གནས་ཚང་། says:
    ལོ་ 17 སྔོན།

    འོ་ན། ངས་ལྷན་རྒྱས་དྲི་བ་གཞན་ཞིག་འགོད་ཀྱི་ཡིན་པས། བསམ་བློ་བཏང་ནས་ལན་རྒྱག་དགོས་པ་ལས་ཚིག་སྣེ་ཙམ་ལ་ཤི་འཇུ་རོ་འཇུ་བྱས་ཚེ། གསལ་ཁ་ཞིག་ག་དུས་ཀྱང་ཐོན་མི་སྲིད། དྲི་བ་གཤམ་གསལ།

    ༡ དམིགས་བསལ་སྐུ་ཚབ་ཀྱིས་ནེའུ་ཡོག་གྲོང་ཁྱེར་དུ་ཚོགས་འདུ་ཞིག་གི་སྒང་བརྗོད་དོན། མ་འོངས་བོད་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་འགྲོ་འདུན་ཡོད་ཅེས་ཐེངས་བརྒྱད་པའི་གྲོས་མོལ་ལ་སྔོན་འགྲོའི་གཏམ་བཤད་སྤེལ་སོང་། ཚང་མས་ཤེས་གསལ་ལྟར། དེ་ནི་མང་གཙོ་དོར་རྩིས་ཡིན་པས། གལ་སྲིད་ཏྰ་ལའི་བླ་མ་ཐ་མའི་འབབ་ས་འདི་ཡིན་ཚེ་ད་ལྟའི་བར་གསུངས་པ་དང་འབད་པ་ཐ་དག་རྫུན་དུ་འགྲོ་བཞིན་ཡོད་ན། དགེ་སློང་ལྕེ་གཉིས་མ་ཞིག་ཆགས་སོང་བ་མིན་ནམ།

    ༢ དེ་བས། སྡོམ་པ་ལྷ་ལ་ཕུལ་རྗེས་སྤྱི་ཚོགས་རིང་ལུགས་ལམ་ཆེན་སྒང་ཤར་བསྐྱོད་གནང་དགོས་པའི་དུས་ཚོད་ལ་འཁེལ་གྱི་ཡོད་དམ།

    ༣ སྤྱིར་དབུ་མའི་ལམ་ནི་བརྐྱངས་བསྐུམ་མཉེན་འགུག་ཡོད་པའི་གཞུང་ལུགས་ཡག་པོ་ཞིག་རེད། ཡིན་ནའི། འདི་ལྟར་འདོན་མཁན་རང་ངོས་ནས་སྤྱི་ཚོགས་རིང་ལུགས་ཁོ་ནའི་མཐར་ལྷུང་བ་ཡིན་ན། བསྐྱོར་ནས་ཤི་སོང་བ་རེད་མ་གཏོགས་རྐྱང་བར་གཤེགས་སོང་བ་མིན་པས། ང་ཚོ་ཚང་མ་མི་ལོ་ཉི་ཤུར་བསླུ་བྲིད་ཀྱི་འོག་ཏུ་ཚུད་སོང་བ་མིན་ནམ།

    Reply
  45. ཁྲི་འབྲིང་བཙན། says:
    ལོ་ 17 སྔོན།

    མེ་འོད། དབུ་མའི་ལམ་ ༸གོང་ས་མཆོག་གི་གནང་རེད་འདིའི་བསླུ་མི་སྲིད་ཞེས་པའི་ཚིག་སྡོམ་འདི་དག་གིས་༸གོང་ས་མཆོག་བསླུ་བཞིན་པ་རེད། བཙན་བྱོལ་བོད་གཞུང་གིས་རང་བཙན། ལམ་དབུ་མ། བདེན་པའི་ཨུ་ཚུགས། རང་ཐག་རང་གཅོད་ཀྱི་ལམ་ཁ་འདི་དག་ལ་འོས་འདེམས་ཀྱི་ལམ་དབུ་མ་ཐོན་པ་ལས་ ༸གོང་ས་མཆོག་གིས་ལམ་དབུ་མ་ཡག་པོ་ཡིན་འདི་ལས་གཞན་ཡག་པོ་མེད་བརྗོད་ཀྱི་མེད། ཁྱེད་ཀྱི་གང་འདེམས་ཁྱེད་ཀྱི་རང་དབང་ལས་མིའི་སྨྲ་བརྗོད་ལ་རང་དབང་མེད་པར་རྒྱ་ནག་གི་གཡོ་ཚོང་ཡིན་པར་སྨྲ་བ་ནི་ད་ལྟོས་དུས་འདིར་དགོས་དོན་མེད། རང་བཙན་བརྗོད་མཁན་ཚོ་བོད་ལ་ལྷག་བསམ་མེད་པ་ཡིན་པ་སུ་གཅིག་གིས་ཁ་ཙམ་གཅོད་དཀའ། ང་རང་ཉིད་བོད་ཀྱི་རིག་ཆེན་ཆེ་ལ་དུང་སེམས་ཡོད་ཡང་རང་བཙན་གྱི་ལྟ་བ་ཤི་ཡང་འཇུག་སྐྱོང་ངེས་མཁན་ཞིག་ཡིན།

    Reply
  46. མྱི་སྨྱོན། says:
    ལོ་ 17 སྔོན།

    གནས་ཚང་ཁྱེད་ཀྱི་གང་ལ་ཐེ་གཏོག་མ་བྱས་ན་ཁྱེད་གླེན་པ་རེད་བརྗོད་མི་སྲིད། ཡིན་ཡང་ཁྱེད་ཀྱི༸ གོང་ས་མཆོག་༼མི་ལོ་ཉི་ཤུར་བསྐྱོར་༽ཞེས་པ་འདི་ངོ་ནས་སེམས་ཀྱི་ཡ་མཚན་དངོས་བྱུང་རེད། ཡང་ན་ཁྱེད་ང་ཚོས་མི་མཐོང་སར་ཡོད་པའི་སྐྱོན་གང་ཡིན་བརྗོད་དཀའ་ཡང་འདི་དག་བོད་མིའི་སེམས་ལ་བཟོད་དཀའ་བའི་མེ་ལྕེ་དམར་པོ་ཡིན།

    Reply
  47. གླེན་པ་ལུག says:
    ལོ་ 17 སྔོན།

    གནས་ཚང་ལགས་ལ། བོད་མིའི་བརྩེ་དུངས་ལ་རྨ་ཁ་མ་འདེབས། ས་ཡ་དྲུག་ལ་བློ་སྦྱོང་མེད་ཀྱང་ཆོག མཐོང་རྒྱ་ཞན་ཡང་རུང་། མདོར་ན་ལོ་རྒྱུས་ཀྱི་སྙིང་ནད་ལས་༸གོང་ས་མཆོག་ལ་ཟུར་ཟ་དང་སྡིག་སྨོད་བྱས་པ་དེ་ཆེས་བཟོད་དཀའ་བ་ཞིག་ཏུ་གྱུར་ཡོད། འདི་ནི་ཆེས་གཏིང་ཟབ་ན་འཕྱུར་བའི་དྲན་གདུང་ཞིག་དང་མཚུངས་ལ། ཆེས་འགོག་ཐབས་མེད་པའི་རྦ་རླབས་ཞིག་དང་ཡང་འདྲ། མི་ལོ་ཉི་ཤུར་བསྐྱོར་ཡོད་ཅེས་པ་སུ་ལ་ཟེར་བ་ཡིན། ཁྱོད་ཀྱིས་བསྐྱོར་བ་རེད་དམ། ཡང་ན་མི་ལོ་ཉི་ཤུའམ་ཡང་ན་ཁྱེད་རང་འཚར་ལོངས་བྱུང་བ་ན་ལམ་དབུ་མ་ཇི་ལྟར་བསྐྱོར་བ་ཡིན། རང་ཐོག་ལ་འདང་རྒྱོབས། ཚིག་སྟོང་རྐྱང་རྐྱང་གིས་མི་ཚེ་འཕཱུལ་ཐབས་མ་བྱེད། ཁྱོད་དང་ང་ལྟ་བུས་རང་ཉིད་ལ་ངེས་པར་དུ་གཤག་བཅོས་བྱེད་དགོས་པ་འདུག

    Reply
  48. གནས་ཚང་། says:
    ལོ་ 17 སྔོན།

    སྐུ་རྐྱང་རེད་ཅེས་མ་གསུང་། འཁོར་ན་མེ་ཡི་འོད་འདུག
    དབུ་མ་ཡག་རབ་མ་གསུང་། མི་ལོ་ཉི་ཤུར་བསྐྱོར་ཡོད།
    མངོན་འདོད་ཐབས་སུ་སྒྲིལ་བའི། སྨྲ་བརྗོད་ཡོད་དོ་ཅོག་པོ།
    ཤི་གསོན་རྡོག་སྣེར་བརྒྱུས་པའི། མི་རིགས་ཤིག་གི་ངག་ཡིན།
    ངག་དེ་འཆལ་བར་འདོད་ཚེ། མི་དེ་གཡམ་རྒྱུགས་རང་ཡིན།
    ཁེ་བཟང་ཟ་འདོད་ཡོད་ན། ད་ཐེངས་ཡོང་ས་འདི་མིན།

    Reply
  49. འོད་དཀར། says:
    ལོ་ 17 སྔོན།

    མེ་འོད། ༸ གོང་ས་མཆོག་སྐུ་རྐྱང་ལ་མ་ཕུད་རོགས། ཞེས་པའི་ཟིན་བྲིས་འདི་ང་ཚོ་ལྟ་བུ་ལ་སྨྲ་བཞན་ཡོད་མོད། དོན་དངོས་སུ་ཁྱེད་ཀྱི་དབུ་མའི་ལམ་ལ་བསྐྱོད་མཁན་ཚོའི་དུས་ད་ལྟའི་བར་༸གོང་ས་མཆོག་གི་དབུ་མའི་ལམ་འདི་་དངོས་སུ་ལག་ལེན་ལ་འདེབས་ཀྱི་ཡོད་དམ། འདི་ལྟ་བུ་དག་གི་བྱེད་ཕྱོགས་དང་མ་འོངས་པའི་དམིགས་ཡུལ་ལ་བསམ་གཞུགས་བྱས་ཡོད་དམ། གང་ཡང་མ་ཤེས་པར་ཧོལ་རྒྱུག་མ་བྱེད། ཁྱེད་ཀྱི་ཟིན་བྲིས་ལྟོས་མ་ཐག་ལྟ་མཁན་ལ་འདྲ་བོ་ཡོད་ཡང་དོན་ངེས་ནས་ཆབ་སྲིད་ཀྱི་ཕྱོགས་མ་སིན་པའི་མི་ནག་ལག་སྙོབས་རེད་འདུག དང་པོ་༸ གོང་ས་མཆོག་ལ་སེམས་གཏང་ནས་དད་པ་ཡོད་པ་བྱེད་དགོས། བོད་མི་སུ་གཅིག་གིས་གོང་ས་མཆོག་སྐུ་རྐྱང་ལ་འཇོག་བསམ་འདོད་ཡོད་པ་མ་རེད་ལ་འདི་ཡོང་མི་སྲིད་པ་ཞིག་རེད།

    Reply
  50. འཇིགས་བྲལ་བསྟན་འཛིན། says:
    ལོ་ 17 སྔོན།

    ཁྱོད་ཀྱི་མཐོང་ཚུལ་དེ་བདེན་པ་རེད། ང་ཚོ་མགོ་འཁོར་མི་ཡོང་། བསམ་ཚུལ་འདི་འདྲ་མུ་མཐུད་དེ་སྤེལ་རོགས། མ་ཟད་ང་ལ་ཡང་བསམ་ཚུལ་རེ་གནང་རོགས།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese