མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་དབང་ཀྱི་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༠༨/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

ལོ་འདིའི་ཞི་བའི་གྱེན་ལངས་སྐབས་འཛིན་བཟུང་བྱས་པའི་ཆབ་མདོ་ཁུལ་གོ་འཇོ་ཐང་སྐྱ་དགོན་པའི་གྲྭ་བ་འགར་ཚེ་བཙོན་དང་ལོ་ངོ་ལྔའི་ཡན་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག
 
སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ཟླ་ ༩ ཚེས་ ༢༣ ཉིན་བོད་ལྗོངས་ཆབ་མདོ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རང་ལོ་ ༢༧ ཡིན་པའི་གྲྭ་འགྱུར་མེད་དོན་གྲུབ་ལགས་ལ་ཚེ་བཙོན་དང༌། རང་ལོ་ ༣༡ ཡིན་པའི་བཤད་གྲྭའི་སྐྱོར་དཔོན་རྡོ་རྗེ་དབང་རྒྱལ་ལ་ལོ་ངོ་ ༡༥ ། རང་ལོ་ ༢༨ ཡིན་པའི་གྲྭ་རིན་ཆེན་རྒྱལ་མཚན་ལ་ལོ་ ༡༠ བཅས་དོན་དངོས་བདེན་དཔང་འཕེར་བའི་ཁྲིམས་གཤེར་ར་སྤྲོད་གང་ཡང་མེད་པའི་ཐོག་བཙོན་འཇུག་ཁྲིམས་ཐག་བཅད་འདུག ཕྱི་ཟླ་ ༣ ཚེས་ ༢༢ ཉིན་སྐྱ་འབལ་ཤང་མི་དམངས་སྲིད་གཞུང་དུ་གཡག་གི་རྭ་ཅོའི་ནང་ས་རྡོ་གཏོར་བྱེད་ཀྱི་འགད་རྫས་བླུག་སྟེ་གཡུག་པར་བརྟེན། ཟླ་ ༤ ཚེས་ ༡ ཉིན་ཆབ་མདོ་ནས་དྲག་དམག་རླངས་འཁོར་བཞི་སྐྱ་ཐང་དགོན་པར་འབྱོར་ཏེ་ར་སྤྲོད་གང་ཡང་མེད་པའི་ཐོག་འབར་རྫས་གཡུག་པར་ཁག་དཀྲི་བྱས་ཏེ་གོང་གི་གྲྭ་བ་དེ་དག་བཟུང་བ་ཡིན་འདུག ཟླ་ ༤ ཚེས་ ༣ ཉིན་གྲྭ་མང་གིས་ཁོ་ཚོ་གློད་དགོས་པ་དང༌། གལ་ཏེ་གློད་གྲོལ་མ་བཏང་ཚེ་ང་ཚོ་ཡང་མཉམ་ཤི་བྱ་རྒྱུ་ཡིན་ལུགས་བཤད་ཅིང༌། སྨྲ་བརྗོད་དང་ཆོས་དད་རང་མོས། བོད་རང་བཙན་སོགས་ཀྱི་འབོད་སྒྲ་བསྒྲགས་པར་བརྟེན། ཡང་བསྐྱར་བཟུང་བའི་རང་ལོ་ ༣༠ ཡིན་པ་གྲྭ་ཚེ་བརྟན་ད་དུང་ཡང་གོ་འཇོ་རྫོང་དུ་བཀག་ཉར་བྱེད་བཞིན་པ་རེད། རང་ལོ་ ༡༩ ཡིན་པ་གྲྭ་ཀུན་དགའ་ཕུན་ཚོགས་ལ་ལོ་ ༡༠ ཡི་ཁྲིམས་ཐག་བཅད་ཡོད་པ་དང༌། རང་ལོ་ ༢༠ ཡིན་པ་གྲྭ་ཚེ་དབང་ཡེ་ཤེས་ལ་ལོ་ ༩ ། རང་ལོ་ ༢༡ ཡིན་པ་གྲྭ་འཕྲིན་ལས་དབང་རྒྱལ་ལ་ལོ་ ༥ བཅས་ཀྱི་ཁྲིམས་ཐག་བཅད་འདུག ཁོང་ཚོ་དང་མཉམ་དུ་བཟུང་བའི་གྲྭ་ཀུན་བཟང་ཚེ་རིང་དང༌། གྲྭ་ཚེ་རིང་དབང་འདུས་གཉིས་ཟླ་གཅིག་རིང་བཙོན་འཇུག་ཉེས་རྡུང་བཏང་རྗེས་གློད་གྲོལ་བཏང་འདུག དེ་རྗེས་ཡང་བསྐྱར་གྲྭ་བ་གསུམ་བཟུང་བ་ལས་རང་ལོ་ ༡༧ ཡིན་པ་གྲྭ་ཚེ་རིང་ལ་ལོ་ ༡༠ དང༌། རང་ལོ་ ༢༠ ཡིན་པ་གྲྭ་ཀུན་བཟང་བསྟན་འཛིན་ལ་ལོ་ ༡༥ བཅས་ཀྱི་ཁྲིམས་ཐག་བཅད་འདུག་ལ། ཁོང་གཉིས་དང་མཉམ་དུ་བཟུང་བའི་རང་ལོ་ ༢༧ ཡིན་པ་གྲ་ཉི་མ་དབང་ཕྱུག་ཟླ་གཅིག་རིང་བཙོན་འཇུག་ཉེས་རྡུང་བཏང་རྗེས་གློད་གྲོལ་བཏང་འདུག དེ་བཞིན་ཞིན་ཧྭ་གསར་འགྱུར་ཁང་ཞེས་པ་ནས་གོང་གི་གྲྭ་བ་འདི་དག་གིས་འབར་རྫས་གཡུག་གཏོར་བྱས་པ་ཡིན་ཚུལ་སོགས་ཀྱི་ཁྱབ་བསྒྲགས་ཀྱང་བྱས་འདུག་ལ། ད་དུང་གོང་གི་གྲྭ་བ་དེ་དག་བཟུང་བའི་སྐབས་རླངས་འཁོར་དུ་བླུག་ཅིང་ཁྲོམ་སྐོར་གྱིས་ཁོ་ཚོ་ནི་རྒྱལ་ཁབ་དང་མི་རིགས་ཁ་བྲལ་གཏོང་མཁན་རེད་ཅེས་དང༌། མི་སུ་ཡིན་རུང་ཁོ་ཚོ་ནང་བཞིན་གྱི་བྱ་བ་བསྒྲུབ་མི་རུང་བ་དང༌། གལ་ཏེ་སུ་ཞིག་གིས་ཁོ་ཚོ་ནང་བཞིན་གྱི་བྱ་ངན་བསྒྲུབ་ན་ཉེས་ཆད་ཕོག་རྒྱུ་ཡིན་ལུགས། ཁོ་ཚོ་ནི་རང་སྲོག་ལ་བདག་པོ་རྒྱག་མི་ཤེས་མཁན་གྱི་མི་རེད་ཅེས་བརྗོད་དེ་མི་མང་ལ་འཇིགས་སྐུལ་བྱས་འདུག

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese