མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གི༷་སྒྲའི་བཙན་འཛུལ་སླེབས་འདུག

བོད་ཀྱི་དུས་བབ།
༢༠༠༨/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

 

ས་རཱ། ངག་དབང་རྡོ་རྗེ།
ཀློག་པ་པོའི་འཕྲིན།

    རེས་གཟའ་ཉི་མའི་ཕྱི་དྲོ་དྷ་སར་ལས་དོན་ཞིག་གི་ཆེད་དུ་བསྐྱོད་དགོས་བྱུང༌། ངའི་གོམས་གཤིས་ཡག་ཤོས་ཤིག་ནི་དྷ་སའི་དཔེ་དེབ་ཁང་དེ་སྒོ་ཕྱེ་ཡོད་ན་དུས་བབ་སོགས་གསར་ཤོག་གསར་པ་ཞིག་ཡོད་ན་ངེས་པར་ཉོ་དགོས་པ་དེ་ཡིན། དེ་རིང་ཡང་སྒོ་ཕྱེ་འདུག་པས་བོད་ཀྱི་དུས་བབ་དང་སྤྱི་ཚོགས་མེ་ལོང་གཉིས་ཀ་གསར་པ་རེད་འདུག དེ་གཉིས་རེ་རེ་ཉོས་ཀྱང་ཀློག་སྟེ་འདུག་ཁོམ་མེད། དྷ་ས་ནས་ཕྱིར་ལོག་རྗེས་ལམ་སེང་རང་གནས་སུ་ལོག་སྟེ་ནང་དུ་འབྱོར་མ་ཐག་ངལ་གསོ་ཙམ་ཡང་མ་བརྒྱབ་པར་དུས་བབ་སྔོན་དུ་ལག་ཏུ་བླངས།

    རིམ་པ་བཞིན་རགས་ཙམ་བལྟས་རྗེས་ངའི་དོ་སྣང་ཡོད་ཚད་བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༢༦ སྤྱི་ལོ་ ༢༠༠༨ ལོའི་ ༩ པའི་ཚེས་ ༣༠ ཉིན་ཐོན་པའི་ཤོག་ངོས་འཕར་མ་ ༣ པའི་གཤམ་དུ། བཀའ་བློན་བཀྲས་ཟུར་བསྟན་འཛིན་རྣམ་རྒྱལ་ལགས་སུ་བཅར་འདྲི་ཞུས་པའི་དྲི་བ་དྲིས་ལན་འགོ་བརྗོད་དུ་༼རང་ཐག་རང་གཅོད་ལས་ལྷག་མི་འདུག༽ཅེས་པའི་བརྗོད་དོན་ལ་དལ་གྱིས་ཕྱོགས། དེ་རྣམས་ཀྱི་ནང༌། བོད་ཀྱི་དུས་བབ་འཇིག་རྟེན་འདིར་བྱོན་ནས་ལོ་ངོ་བཅུ་གསུམ་འགྲོ་བཞིན་པའི་དེ་རིང་གི་དུས་འདིར་གློ་བུར་དུ། བོད་ཀྱི་བརྡ་སྤྲོད་པའི་གཞུང་ནས་གསུངས་པའི་སྒྲ་སྦྱོར་གྱི་འགྲོས་དང་མི་མཐུན་འབྲེལ་སྒྲའི་སྦྱོར་ཚུལ་དམིགས་བསལ་བ་ཞིག་ཐོན་འདུག་པས། ངས་དུས་བབ་ཤོག་ངོས་ཚང་མར་སླར་ཡང་རགས་ཙམ་ཞིག་བལྟས་པ་ཡིན། ཤོག་ངོས་གཞན་ཚང་མའི་ནང་དེ་ལྟ་བུའི་སྦྱོར་ཚུལ་ཞིག་མེད་ཀྱང༌། བརྗོད་གཞི་བྱེ་བྲག་པ་འདིའི་ནང་དེ་ལྟར་ཡོང་དགོས་དོན་ཅི་ཡིན་ནམ་བསམ་བཞིན་ཐེ་ཚོམ་དུ་ལུས། ཡང་བསྐྱར་ཐེངས་ཤིག་བཀླགས་པས་ད་དུང་དེའི་ནང་འབྲེལ་སྒྲའི་སྦྱོར་ཚུལ་དམིགས་བསལ་བ་འགའ་ཞིག་གསར་དུ་རྙེད། ངའི་བསམ་པར་བོད་ཀྱི་སྐད་ཡིག་གིས་ཀྱང་མནར་གཅོད་མྱོང་བཞིན་པའི་དུས་སྐབས་དེའི་ནང་མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བཏུས་ཞེས་པའི་དེབ་སོགས་ཀྱི་ནང་ཨི་ལྡན་གྱི་ཕྲད་གི༷་མ་གཏོགས་མེད་པར་ཕྲད་གཞན་རྣམས་རྒྱང་ཕུད་དུ་བཏང་བའི་གཏམ་རྒྱུད་གོ་མྱོང་བ་དེ་སླར་ཡང་དྲན་བྱུང༌། འོན་ཀྱང་བློ་ཕམ་པ་ཞིག་ལ་དཔེ་དེབ་དེ་རིགས་ལྟ་མྱོང་ཙམ་ཡང་མེད། ང་རང་བཙན་བྱོལ་དུ་འབྱོར་བ་དང་དུས་མཉམ་དུ་གསར་དུ་ཐོན་ཅིང༌། དུས་དེ་ནས་ང་དང་ལྷན་དུ་འགྲོགས་མྱོང་ལ། ང་རང་ཆེས་ཀློག་འདོད་པའི་བོད་ཀྱི་དུས་བབ་ནང་ཕྲད་ཀྱི་སྦྱོར་ཚུལ་དེ་མཐོང་སྐབས། འདས་པའི་ལོ་ངོ་བཅུ་གཉིས་ལ་ཕྱིར་བལྟས་བྱས་ཏེ་བསམ་གཞིགས་བྱེད་པའི་ཚེ། འདི་ལྟ་བུའི་སྦྱོར་ཚུལ་མཐོང་བ་དེ་རིང་ཐོག་མ་ཡིན། དེ་བས་ན། བླུན་རྨོངས་ཁོ་བོ་བློ་ཕམ་ཡིད་ཆད་ཀྱི་གནས་སུ་གྱར་ཞིང་སེམས་པ་དུས་བབ་རྩོམ་སྒྲིག་ཁང་ལ་ཕྱོགས། 

    སྤྱིར་ཚིག་ཕྲད་ཀྱི་སྦྱོར་ཚུལ་ཞུས་ཚེ། སངས་རྒྱས་ལ་ཀ་ཁའི་དཔེ་རུ་འགྲོ་བ་གདོན་མི་ཟ་ཡང༌། དུས་བབ་ཀྱི་མཚན་སྙན་དང་བོད་ཀྱི་སྐད་ཡིག་གི་བླ་སྲོག་ལ་བསམས་ཏེ་གཞེན་སྐུལ་གྱི་ཚུལ་དུ་མི་སྨྲ་མཐུ་མེད་བྱུང༌། བརྡ་སྤྲོད་པའི་གཞུང་ལུགས་ལྟར། གོ་བདེར་བཤད་ན། ལེགས་བཤད་ལྗོན་དབང་ལས། སྦྱོར་ཚུལ་ན་མ་ར་ལ་གྱི། །ད་བ་ས་ཀྱི་ག་ང་གི། འ་དང་མཐའ་མེད་འི་དང་ཡི། །ཞེས་ཨི་ལྡན་གྱི་ཕྲད་རྣམས་ཀྱི་སྦྱོར་ཚུལ་ནི། རྗེས་འཇུག་ན་མ་ར་ལ་རྣམས་ཀྱི་རྗེས་སུ་གྱི་དང༌། ད་བ་ས་རྣམས་ཀྱི་རྗེས་སུ་ཀྱི་དང༌། ག་དང་ང་གཉིས་ཀྱི་རྗེས་སུ་གི། འ་དང་མཐའ་མེད་ཀྱི་རྗེས་སུ་རྐང་པ་ཁ་མི་སྐོང་ན་འི་དང་སྐོང་དགོས་ན་ཡི་འཐོབ་ཅེས་གསལ་བར་གསུངས་པ་བཞིན་དོན་ལག་ལེན་གྱི་སྟེང་དུ་དེ་ལྟར་བེད་སྤྱོད་བྱེད་མུས་ཡིན་ལ་གསར་འགོད་པ་ཁྱེད་རྣམས་ལ་ཡང་དེ་བློ་ལ་གཤར་མར་འདོན་རྒྱུ་ཡོད་པ་ང་ལ་ཡིད་ཆེས་ཡོད།

     དེའི་ནང་གི་འབྲེལ་སྒྲའི་ཕྲད་ཀྱི་སྦྱོར་ཚུལ་ནི། རྗེས་འཇུག་ ས་ ད་ ན་ མ་ བ་ ར་ མི་ཉུང་བ་ཞིག་གི་རྗེས་སུ་འབྲེལ་སྒྲའི་ཕྲད་གི༷་ཁོ་ན་བེད་སྤྱོད་གནང་འདུག དཔེ་མཚོན་ཙམ་ཞུས་ན། མིང་ཡང་འདོགས༷་གི༷་ཡོད་པ་མ་རེད། ཡིན་ཚུལ་བཤད༷་གི༷་ཡོད་པ་རེད། རྩ་དོན་ལ་ཕན༷་གི༷་རེད་བསམ༷་གྱི༷་འདུག ལབ་ཐུབ༷་གི༷་མ་རེད། ཟེར་གི༷་རེད། ཐག་གཅོད༷་གི༷་ཡིན་ལབ་ན་དེ་ཡོད་མ་རེད་ཟེར་ཐུབ༷་གི༷་མ་རེད། ཆགས༷་གི༷་ཡོད་པ་རེད། ཅེས་སོགས་རྗེས་འཇུག་དེ་རྣམས་ཀྱི་རྗེས་འབྲེལ་སྒྲའི་ཕྲད་བེད་སྤྱོད་གནང་བ་ཁྱོན་སུམ་ཅུ་སོ་བཞི་འདུག་པས། ངའི་བསམ་པར་དེ་རིང་དུས་བབ་གསར་ཤོག་ནང་གི༷་སྒྲའི་ཕྲད་ཀྱི་བཙན་འཛུལ་སླེབས་འདུག་བསམས་ཏེ། བོད་ཀྱི་དུས་བབ་དང་བོད་ཀྱི་སྐད་ཡིག་བར་གྱི་ལས་དབང་ལས་འཕྲོས་པའི་བསམ་ཚུལ་འདི་ཞུ་དགོས་བྱུང༌། ཅི་སྟེ་གོང་འཁོད་ཕྲད་རྣམས་དེ་ལྟར་བེད་སྤྱོད་གནང་དགོས་པའི་དགོས་པ་རྒྱུ་མཚན་དང་རྒྱབ་ལྗོངས་ཀྱི་འགྲེལ་བཤད་སོགས་ཡོད་ན་གནང་དགོས་ཤིང༌། སླད་མར་བཅར་འདྲི་དང་བཀའ་སློབ་རིགས་ཡིག་ཐོག་ཏུ་ཕབ་སྐབས་ཀྱང་བོད་ཀྱི་ཡིག་སྐད་དང་བརྡ་སྤྲོད་པའི་གཞུང་ལུགས་དང་མཐུན་པའི་ཐོག་ནས་ཚགས་ཤོག་སྟེང་སྔར་མུས་བཞིན་འགོད་གནང་ཡོད་པ་ཞུ་རྒྱུ་དང༌། འདི་ནི་བོད་ཀྱི་དུས་བབ་དང་ལྷན་དུ་འགྲོགས་མྱོང་བའི་ཀློག་པ་པོ་ཞིག་གི་ལྷད་མེད་པའི་སྙིང་ཁོང་གི་འབོད་སྒྲ་ཐོག་མ་དེ་ཡིན། འདི་ནི་སྒྲོ་འདོགས་སྐུར་འདེབས་དང༌། ཕྱོགས་ལྷུང་ལིང་ཏོག་གི་ཡོལ་བས་བསྒྲིབས་པའི་བཙག་བུ་དེ་བས་ཀྱང་མིན་པས་ཡིད་འཇགས་ཡོད་པ་ཞུ། མཐར་བོད་ཀྱི་དུས་བབ་འཇིག་རྟེན་འདིར་བོད་མི་རིགས་ཀྱི་ཆེད་དུ་ཡུན་དུ་བརྟན་པར་སྨོན།  

འབྲེལ་ཡོད་གསར་འགྱུར།

The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

སྐར་མ ༥༧ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༢ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩

མཆན། 5

  1. བསེ་རུ། says:
    ལོ་ 17 སྔོན།

    ང་ད་དུང་དེའི་ཐོག་བློ་ཡིད་ཚིམ་གྱི་མི་འདུགའདི་བྲིས་དང་དེ་བྲིས་དོན་ལ་འགྱུར་བ་མེད་ཀྱང་།བརྗོད་བདེ་དང་སྒྲ་སྦྱོར་གྱི་ཕྱོགས་གཉིས་ནས་རྩོད་གཞི་དེ་བྱུང་བ་རེད།དུས་བབ་ཀྱིས་གི་སྒྲའི་རང་བཙན་སླར་གསོ་གནང་ཡང་།
    བོད་མི་ཤེས་ལྡན་པ་ཚོས་རང་དབང་སྤྲོད་པའི་ཆིངས་ཡིག་ཅིག་མ་བཞག་པ་དེ་སྲིད་དུ་གི་སྒྲར་རང་དབང་ཐོབ་ཀྱི་མ་རེད།

    Reply
  2. རྣམ་གླིང་པའི་བྱ་རྒོད། says:
    ལོ་ 17 སྔོན།

    ས་རའི་ཕོ་རྒོད་ངག་དབང་ལགས། ངོ་མ་ཁྱོད་ཀྱིས་བཤད་པ བདེན་ལ་དུས་བབས་ལྷན་ཁང་ནས་ཀྱང་དེའི་ཐོག་ཐུགས་སྣང་དགོས་པ་གལ་ཆེར་བསམ། ཕྱོགས་གཅིག་ནས་ཡར་རྒྱས་གཏོང་བཞིན་ཕྱོགས་གཞན་ནས་མ་དག་རྒྱུན་འཇགས་སུ་གཏོང་བཞིན་པར་བློ་འཕམས་ཡོད།

    Reply
  3. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    སུམ་རྟགས་ཁ་སྐོང་ཐོ་རེ་མ།

    དགེ་འདུན་རབ་གསལ་གྱིས།

    དུས་གསུམ་རྣམ་དབྱེ་སྟོན་པའི་ཕྲད༎
    བོད་ཀྱི་སྐད་ལ་འདི་ལྟར་འགྲེལ༎
    རྗོད་པའི་དུས་ཀྱི་རྣམ་དབྱེ་ལ།
    སྨྲ་བ་བོ་དང་བྱེད་པ་པོའི༎
    དབྱེ་བས་རྣམ་པ་གཉིས་སུ་འགྱུར།།
    སྨྲ་བོ་བྱེད་པོ་གཅིག་ཡིན་ཚེ།།
    ངས་བྱ་ངས་བྱེད་ལྟ་བུ་ལ།།
    གི་ཡིན་གི་ཡོད་པ་ཡིན་འབྲི།།
    བྱེད་པོ་དངོས་སུ་ཡོད་མེད་ཀྱིས༎
    ཚིག་ཕྲད་འདི་ལ་ཁྱད་འབྱིན་ཏེ༎
    ངས་མཐོང་ང་ཤི་ལྟ་བུ་ལ༎
    གི་རེད་གི་འདུག་པ་རེད་འབྲི༎
    འདི་ལ་བྱ་བའི་རྣམ་པ་ཡིས༎
    འདས་པའི་ཕྲད་ལ་ཁྱད་པར་འབྱིན༎
    ཤེས་སོང་གོ་བྱུང་ལྟ་བུ་ཡིས༎
    འདི་དག་རིམ་གྱིས་བསྒྲེས་པར་བྱ༎
    སྨྲ་བོ་བྱེད་པོ་ལས་གཞན་ཚེ༎
    འདས་དང་མ་འོངས་ད་ལྟ་ལ༎
    པ་རེད་གི་རེད་གི་འདུག་འབྲི།།
    སྨྲ་བོས་བྱ་བ་མཐོང་མིན་གྱིས༎
    འདས་པའི་ཕྲད་ལ་གཉིས་ཡོད་དེ༎
    བྱ་ཚིག་མཐའ་ལ་སོང་དང་བཞག
    སྦྱོར་བའི་རིམ་པ་ཤེས་པར་བྱ༎
    དྲི་བ་དང་ནི་ཐེ་ཚོམ་དང་༎
    དེ་བཞིན་མཐའ་བཟུང་ཅན་རིགས་ལ༎
    ཡིན་མིན་ཡོད་མེད་གཙོ་བོར་སྤྱོད༎
    ཁམས་དང་ཨ་མདོའི་སྐད་ལུགས་ལ༎
    དེ་མཚུངས་ཕྲད་ཀྱི་རྣམ་དབྱེ་མཆིས༎
    ཕྱིན་ཐལ་འགྲོ་ལེ་ལྟ་བུ་དང་༎
    བཏང་ང་བཏང་ཐལ་ལྟ་བུའོ༎
    ༼གོང་གསལ་འདི་ནི་གླེང་ སློང་གི་བསམ་ཚུལ་ཙམ་ཡིན་ལ། རིམ་གྱིས་རྗོད་པའི་རྣམ་དབྱེ་གཞན་ཡང་འདི་ལྟར་འབྲི་འཆར་ཡིན་པ་ལ་དགོངས་འཆར་ གནང་རོགས་ཞུ།༽
    ཁ་བརྡ་དྲ་ཚིགས་ལས་བཤུས་པ་ཡིན།

    Reply
  4. འབིག says:
    ལོ་ 17 སྔོན།

    ངག་དབང་རྡོ་རྗེ་ལགས་ཀྱིས་དུས་བབ་ཚགས་པ་ཉོ་བཞིན་པར་བལྟས་ན་ཚགས་པར་ལས་དུས་བབ་དྲ་ངོས་སྟེང་ཕེབས་གི་མེད་པ་འདྲ། སྤྱིར་བོད་ཀྱི་སྐད་ཡིག་ལ་ཤ་ཞེན་ཆེ་ཐོག་ཆུང་ཚགས་ཕྲད་དང་རྣམ་དབྱེ་ཚུན་ལའང་ཐུགས་ཞིབ་གནང་བཞིན་པ་ནི་དགའ་འོས་པ་ཞིག་རེད། འོན་ཀྱང་གི་སྐོར་ལ་སུམ་རྟགས་གཞུང་ནས་གང་གསུངས་ལྟར་སྦྱོར་དགོས་མིན་དང་དེའི་འཇུག་ཚུལ་ཀྱང་སུམ་རྟགས་གཞུང་དང་བསྟུན་དགོས་མིན་དཔྱད་པ་གཏོང་དགོས་པར་འདོད། འདིའི་སྐོར་ཉེ་ཆར་དྲ་གྲོགས་སྟག་སྨྱོན་དང་རབ་གསལ། ལུང་རིགས་རྒྱལ་གསུམ་གྱི་བགྲོ་གླེང་ཐུང་ཞིང་གནད་དུ་འཁེལ་བ་ཞིག་གནང་འདུག་པས། ངག་རྡོ་ལགས་དྲ་ངོས་དེར་ཕེབས་ཐུབ་མིན་མི་ཤེས་ནའང་རྐང་གླིང་བས་ཐེངས་ཤིག་གཟིགས་ཐུབ་ན་སྙམ། ངའི་བསམ་པར་རིག་གསར་སྐབས་ལྟར་གི་སྒྲའི་བཙན་འཛུལ་སླེབས་པའི་རྣམ་པ་གང་ཡང་མི་འདུག རིག་གསར་སྐབས་གི་སྒྲས་བྱེད་འབྲེལ་གྱི་ཕྲད་གཞན་གི་སྤྱོད་སྒོ་རྒྱ་ནག་གཞུང་གི་དབང་ཤུགས་དང་འགྲོགས་འཕྲོག་ཡོད་སྟབས་དེ་ལ་༼ བཙན་འཛུལ ༽ ཞེས་པའི་མིང་འདི་འབྱོར་བ་ཞིག་རེད། འོན་ཀྱང་གོང་ནས་དྲངས་པའི་བཅར་འདྲི་དེ་ནང་གི་སྒྲའི་སྦྱོར་འཇུག་རྒྱ་ཆེ་རུ་བཏང་འདུག་པས་འདི་ལ་༼ ཡར་རྒྱས་ ༽སམ། དེ་སྔ་ང་ཚོའི་བརྡ་སྤྲོད་མཁན་པོ་དག་གི་ཐུགས་ཉམས་མ་བཞག་པའི་གནད་ཅིག་ལྷིང་ལ་ཕུད་འདུག་པས་༼ ཁ་སྐོང་༽ཞིག་བྱས་འདུག་སྙམ།

    Reply
  5. རྐང་གླིང་བུ། says:
    ལོ་ 17 སྔོན།

    ཡག ་པོ ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese