མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངོས་ཀྱིས་འགན་དེ་ཁྱག་གི་མི་འདུག

བོད་ཀྱི་དུས་བབ།
༢༠༠༨/༡༠/༢༧
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོས་བོད་ནང་གི་དོན་རྐྱེན་ལ་བརྒྱུད་སྐུལ་བྱས་པ་རེད་ཟེར་བར་གསལ་བཤད་མཐིལ་ཕྱིན་བྱས་ཀྱང༌། ཡིད་ཆེས་བྱེད་ཀྱིན་མི་འདུག ཧ་ལམ་བོད་དོན་དཀའ་ངལ་སེལ་རྒྱུའི་ཚབ་ལ་འགོག་རྐྱེན་བཟོ་བཞིན་ཡོད་པ་ལྟ་བུ་ཆགས་འདུག དེར་བརྟེན། ངས་སྤྱི་ཟླ་ ༩ ཚེས་ ༡༡ ནས་ཐག་གཅོད་དེ་བྱས་པ་ཡིན། ངེད་ཀྱི་ངོས་ནས་འགན་དེ་ཐེག་གིན་མི་འདུག་ལ། འགན་འཁུར་དགོས་པ་ཤིག་ལའང་མཐོང་གི་མི་འདུག དྲང་པོ་དྲང་བཞག་གི་སྐད་ཆ་བཤད་ན། ངས་འགན་འཁྱེར་ཐུབ་གི་རེད། ང་ལ་རྒྱུ་མཚན་བཤད་རྒྱུ་ཡོད། བསམ་པ་རྣམ་དག་ཡིན།

 

 

ཕྱི་ཚེས་ ༢༥ ཉིན་ངྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་ལོ་ངོ་ ༤༨ འཁོར་བའི་མཛད་སྒོའི་སྟེང༌། སྤྱི་ནོར་༧གོང་ས་མཆོག་གིས་བོད་རྒྱའི་གནད་དོན་སྐོར་དང༌། ལྷག་པར་དུ་འབྱུང་འགྱུར་སྤྱི་ཟླ་ ༡༡ ཚེས་ ༡༧ ནས་ ༢༢ བར་གྱི་བོད་དོན་དམིགས་བསལ་ཚོགས་ཆེན་དང་འབྲེལ་བའི་བཀའ་སློབ་བསྩལ་ཡོད། སྐབས་དེ་ཁོང་གིས་གསུངས་དོན། ང་ཚོ་བཙན་བྱོལ་བ་ཆགས་ཏེ་ལོ་ལྔ་བཅུ་འགྲོ་བཞིན་ཡོད། མི་རིགས་ཤིག་གི་ལོ་རྒྱུས་སུ་བྱས་ན་ཐུང་ཐུང་རེད། མི་རབས་ཤིག་གི་ལོ་རྒྱུས་སུ་བྱས་ན་ཧ་ཅང་རིང་པོ་རེད། མི་ཐོག་བརྗེ་འགྲོ་གི་ཡོད། ང་ཚོ་བཙན་བྱོལ་བ་ཆགས་དོན། མི་ཉུང་ཤས་ཤིག་གི་ལྟོ་གོས་དང་མི་ཚེ་འགྲོ་ལམ་གསར་བ་འཚོལ་ཆེད་མ་རེད། ལོ་རྒྱུས་ཡོད་པའི་བོད་གངས་ཅན་པའི་ལྗོངས་སུ་དུས་ཚོད་གཉན་འཕྲང་ཅིག་ལ་ཐབས་ཤེས་ཡོད་དགུ་བྱས་ཀྱང༌། ལམ་གཞན་མེད་པ་ཆགས་ཏེ་ ༡༩༥༩ ཟླ་ ༣ ཚེས་ ༡༧ གྱི་དགོང་མོ་བྲོས་བྱོལ་དུ་ཡོང་བ་རེད། རྒྱ་གར་རང་དབང་ལུང་པ་ནས་བཙན་བྱོལ་བའི་ལས་འགན་དང་དམིགས་ཡུལ་བཟུང་སྟེ་སྒྲིག་འཛུགས་བཙུགས་པ་རེད། གལ་ཆེ་ཤོས་གཅིག་སློབ་གྲྭ་རེད། སྐབས་དེར་བོད་དོན་རྒྱལ་ཚོགས་ལ་ཞུ་གཏུགས་ཀྱི་འབད་བརྩོན་བྱས་ཀྱང༌། དཔལ་ལྡན་ནའེ་རི་ཡིས་མ་འོངས་པར་བོད་དོན་མུ་མཐུད་གནས་དགོས་ན་སློབ་ཕྲུག་ལ་ཤེས་ཡོན་སྤྲོད་དགོས་ཟེར། དེ་ཧ་ཅང་བདེན་པ་རེད།

ད་ལྟ་བར་དུ་གྲུབ་འབྲས་ཡག་པོ་རེད། བསྟོད་ར་གཏོང་རྒྱུའི་ཡག་ས་དེ་མི་གཞན་ལ་བཤད་དུ་འཇུག་དགོས། སྐྱོན་ཆ་རང་གིས་བཤད་དེ་གོ་བསྡུར་བྱ་དགོས། སྤྱི་ལོ་ ༡༩༦༠ ལོ་ནས་སློབ་གྲྭ་འདི་ཐོག་མར་བཙུགས་པ་རེད། ཐོག་མའི་ལོ་བཅུ་དང་ཉི་ཤུ་དེ་ས་འཛིན་པའི་གོ་རིམ་རེད། འཛིན་རིམ་བཅུ་བ་དང་བཅུ་གཉིས་ཀྱི་ལག་ཁྱེར་ཡོད་ཟེར་བ་ཙམ་གྱིས་མི་ཆོག རིགས་གཅིག་རྐང་འཛིན་འཐོན་དགོས་ཀྱི་འདུག ཅེས་ངས་འབོད་སྐུལ་རིམ་པར་ཞུས་པ་ཡིན། འབོད་སྐུལ་ཞུས་ཏེ་ལོ་སུམ་ཅུ་ཙམ་འགྲོ་བཞིན་ཡོད། དེ་ཡག་པོ་ཞིག་འགྲུབ་ཨེ་ཡོད་བསམ་པ་བྱུང༌། ལས་སྡོམ་ནང་མང་པོ་ཞིག་བྲིས་ཡོད་ཀྱང༌། ལས་རིགས་སྡེ་ཚན་བྱེ་བྲག་པ་ཞིག་གི་ནང་དུ་འབུར་དུ་ཐོན་པ་འདི་ཡིན་ཟེར་བ་ཞིག་སྟོན་རྒྱུ་མི་འདུག དེ་ནི་རྗེས་ལུས་རེད། འཐུས་ཤོར་རེད། དེ་བཞིན་བོད་ནང་དང་རྒྱ་གར་ནང་བསྡུར་ན། བོད་ཡིག་གི་ཚད་གཞི་རྒྱ་གར་ནང་སྐྱོ་བོ་འདུག་ཟེར། དེ་ཡོངས་གྲགས་རེད། དེ་བཞིན་དབྱིན་ཡིག་གི་སྐུར་ཡིག་ཚད་ལྡན་ཞིག་ཀྱང་འབྲི་ཤེས་ཀྱིན་མི་འདུག་ཟེར། བསམ་བློ་ཏན་ཏན་བཏང་ན་མ་གཏོགས་ཐབས་སྐྱོ་བོ་རེད། འདི་ལྟར་བསྡད་ན་ཉི་མ་གཅིག་ལ་འགྱོད་པའི་གནས་སུ་ལྷུང་རྒྱུའི་ཉེན་ཁ་ཏན་ཏན་འདུག དེ་བཞིན་ཤེས་རིག་ལས་ཁུངས་ནས་ཀྱང་འཆར་ཅན་གྱི་ལས་ཀ་ལྟ་བུ་བྱས་བསྡད་ན་ནོར་འཁྲུལ་རེད། བོད་ནང་གི་རྒྱ་ཆེའི་མི་དམངས་ཀྱིས་ང་ཚོར་རེ་བའི་མིག་འབུར་གཏོད་ཀྱིན་འདུག རྒྱ་ནག་གི་བཀག་འགོག་དང་གནོན་ཤུགས་ཡོད་ཀྱང༌། བུ་ཕྲུག་ག་ཚོད་ཅིག་བཏང་སོང༌། ང་ཚོས་འདི་ནས་ཉི་མ་གང་འཁྱོལ་དང་སྐད་ཆ་འདྲ་ཆགས་པོ་བཤད་བསྡད་ན། ལས་རྒྱུ་འབྲས་ལའང་མི་མཐུན།

 

 

རྒྱ་བོད་འབྲེལ་བ་བྱེད་ཕྱོགས་སྐོར་ལ་ཉེ་སྔོན་སྤྱི་ ༩ ཚེས་ ༡༡ བཀའ་སྤྱི་ལྷན་རྒྱས་ལ། ད་ལོ་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ནས་སེམས་ནང་གི་ནད་ཚ་ཕྱིར་བཏོན་པ་རེད། རྒྱ་ནག་གཞུང་གིས་དངོས་ཡོད་གནས་ཚུལ་དེ་ལ་རན་པའི་ཐབས་ཤེས་ཤིག་ཡོང་རྒྱུར་རེ་བ་བརྒྱབས་པ་ཡིན། འོན་ཀྱང་བྱུང་མ་སོང༌། བོད་མིའི་སེམས་ཀྱི་འདོད་དོན་བཏོན་པར་ནག་བསྲུབ་ཀྱིས་ཁ་བྲལ་བ་དང༌། ཆབ་སྲིད་ངོ་ལོག་པ་ཟེར་བའི་མིང་བཏགས་ཏེ་དྲག་གནོན་ཅི་ཆེ་བྱས་སོང༌། བོད་རྒྱ་ཆེའི་མི་དམངས་ཀྱིས་བློས་གཏོང་དེ་ཙམ་བྱས་ཏེ། ཛ་དྲག་དེ་ཙམ་ལ་ཐུག་སྐབས། ང་ཚོས་ཤེས་མ་སོང་མདོག་མདོག་བྱས་ན་འགྲིག་གི་མི་འདུག ད་ལྟའི་བར་ང་ཚོས་གཉིས་ཕན་ལ་ཐབས་ཤེས་བྱས་པ་རེད། དེ་ལ་རྒྱ་གར་གཞུང་མཚོན་པའི་རྒྱལ་ཁབ་མང་པོས་རྒྱབ་སྐྱོར་བྱས་ཡོད། རྒྱ་རིགས་ཤེས་ཡོན་པའི་ནང་རྒྱབ་སྐྱོར་མང་དུ་འགྲོ་བཞིན་ཡོད། དེ་ཚོ་རྒྱལ་ཁ་རེད། ང་ཚོའི་ལས་འགན་དང་དམིགས་ཡུལ་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུ་དེ་ཡིན་ཡང༌། དེ་མ་འགྲུབ་པ་རེད། ངས་ཐོག་མ་ཡུ་རོབ་གྲོས་ཚོགས་ནས་གཏམ་བཤད་བྱས་སྐབས། མཐའ་མའི་ཐག་གཅོད་མི་དམངས་ཀྱིས་བྱ་དགོས་པ་རེད་ཅེས་བཀོད་ཡོད། བོད་སྤྱི་བའི་དོན་དག་དེ་བོད་མི་དམངས་ཀྱིས་ཐག་གཅོད་བྱ་དགོས། ང་ཚོ་ཐོག་མཐའ་བར་གསུམ་དུ་ཁ་ཞེ་གཉིས་མེད་ཀྱིས་དམངས་གཙོའི་ལམ་དུ་འགྲོ་བཞིན་ཡོད། ཁ་ནས་དམངས་གཙོ་ཟེར་བཞིན་ལག་ལེན་གཅིག་སྡུད་འོག་འགྲོ་བ་རྩ་བ་ནས་མེད། དེར་བརྟེན། ང་ཚོ་གང་ཞིག་ཏུ་འགག་འདུག མི་དམངས་ལ་བསམ་ཚུལ་གང་འདྲ་འདུག་དེ་ལ་བསམ་བློ་གཏོང་དགོས། གོ་བསྡུར་བྱ་དགོས།

ང་ཚོས་བོད་ནང་གི་དོན་རྐྱེན་ལ་བརྒྱུད་སྐུལ་བྱས་པ་རེད་ཟེར་བར་གསལ་བཤད་མཐིལ་ཕྱིན་བྱས་ཀྱང༌། ཡིད་ཆེས་བྱེད་ཀྱིན་མི་འདུག ཧ་ལམ་བོད་དོན་དཀའ་ངལ་སེལ་རྒྱུའི་ཚབ་ལ་འགོག་རྐྱེན་བཟོ་བཞིན་ཡོད་པ་ལྟ་བུ་ཆགས་འདུག དེར་བརྟེན། ངས་སྤྱི་ཟླ་ ༩ ཚེས་ ༡༡ ནས་ཐག་གཅོད་དེ་བྱས་པ་ཡིན། ངེད་ཀྱི་ངོས་ནས་འགན་དེ་ཐེག་གིན་མི་འདུག་ལ། འགན་འཁུར་དགོས་པ་ཤིག་ལའང་མཐོང་གི་མི་འདུག དྲང་པོ་དྲང་བཞག་གི་སྐད་ཆ་བཤད་ན། ངས་འགན་འཁྱེར་ཐུབ་གི་རེད། ང་ལ་རྒྱུ་མཚན་བཤད་རྒྱུ་ཡོད། བསམ་པ་རྣམ་དག་ཡིན།

ད་རེབ་ཚོགས་ཆེན་སྟེང་ནས་ལམ་སང་ཐག་གཅོད་ཐུབ་པ་ཡོང་གི་མ་རེད་སྙམ། མི་དམངས་ཚང་མས་ཁུར་བླངས་ཏེ་ཁ་ཡོད་ལག་ཡོད་དང་ཕྱར་བ་གྲི་འདེགས་ཀྱིས་ཐག་གཅོད་དགོས་པ་རེད།

མཐའ་དོན། ང་ཚོ་ཛ་དྲག་གཉན་འཕྲང་ཞེ་དྲག་ཅིག་ཏུ་སླེབས་ཡོད་པ་རེད། ཚང་མས་སྙིང་ལ་རུས་པ་བཅུག་སྟེ་འཐབ་རྩོད་བྱ་དགོས། ང་ཚོར་བདེན་དོན་ཡོད་སྟབས། འཚེ་བ་མེད་པའི་ལམ་ལ་བརྟེན་ཏེ་འགྲོ་རྒྱུའི་སྤོབས་པ་དང་སྙིང་སྟོབས་ཡོད། འཚེ་བ་མེད་པའི་ལམ་ལ་བརྟེན་ཏེ། བདེན་པ་བདེན་ཐོག་ལ་འཁྱོལ་རྒྱུར་ཤེས་བྱ་ཡོན་ཏན་དགོས། ཤེས་ཡོན་དེ་ཡང་བྱམས་པ་དང་སྙིང་རྗེ། སྟོང་ཉིད་ཀྱི་ལྟ་བ་གཅིག་པུས་མི་ཕན། རྒྱལ་རབས་ལོ་རྒྱུས་དང་ཆབ་སྲིད་འགྱུར་འགྲོས། དེང་དུས་ཀྱི་ཤེས་ཡོན་ཆ་ཚང་བ་ཞིག་དགོས། ཞེས་གསུངས་བྱུང༌།

འབྲེལ་ཡོད་གསར་འགྱུར།

Former Pakistan prime minister Imran Khan, gestures as he speaks with Reuters during an interview, in Lahore, Pakistan March 17, 2023. REUTERS/Akhtar Soomro
Mobile App

པཱ་ཀི་སི་ཐན་གྱི་གྲོས་ཚོགས་འཐུས་མི་ཟུར་བ་ ༡༠༨ ལ་ལོ་བཅུ་རེའི་ཁྲིམས་ཐག་བཅད།

ཆུ་ཚོད་ ༢༢ སྔོན་ལ།
ལྷོ་སོག་གི་མགོ་ཁྲིད་ཟུར་བ་ཏུའུ་ཙེ་ལ་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག
Mobile App

ལྷོ་སོག་གི་མགོ་ཁྲིད་ཟུར་བ་ཏུའུ་ཙེ་ལ་མི་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༢༣ སྔོན་ལ།
Mobile App

ལོ་ངོ་ ༡༢༧ རྗེས་ནས་སངས་རྒྱས་ཀྱི་རིག་དངོས་ཕྱིར་སློག་བྱས།

༢༠༢༥/༠༧/༣༡
Flood in Bhotekoshi river washes away Nepal-China border bridge-at-Rasuwagadhi
Mobile App

བོད་མཐོ་སྒང་གི་འཁྱག་རོམ་བཞུས་རྐྱེན་བལ་ཡུལ་ནང་ཆུ་ལོག་འབྱུང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༥/༠༧/༣༡
སྲིད་སྐྱོང་མཆོག་གིས་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་། ༢༠༢༥།༠༧།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་གནས་སྡོད་མངའ་སྡེ་ལྔའི་ནང་ཕྱོགས་ཕེབས་གནང་བཞིན་པ།

༢༠༢༥/༠༧/༣༡
ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཏ་ཕིར་གྷའོ་མཆོག་བཞུགས་སྒར་དྷ་རམ་ས་ལར་ཆེད་ཕེབས་ཀྱིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༤།༠༩།༠༦
Mobile App

འཚེ་མེད་ཞི་བདེའི་གནས་མཆོག་རྒྱ་གར་གྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞི་བདེའི་རླབས་ཆེན་མཛད་པར་ཆེ་བསྟོད་གཟེངས་རྟགས་དབུལ་དགོས་པའི་འབོད་སྐུལ་ཞུས།

༢༠༢༥/༠༧/༣༡

མཆན། 26

  1. གཞིས་ལུས་བོད་པ། says:
    ལོ་ 17 སྔོན།

    གང་ལྟར་ཡང་བོད་མི་ཚོས་མ་འོངས་པའི་ཆེད་དུ་གྲ་སྒྲིག་བྱེད་དགོས་པ་གནད་ཆེན་པོ་རེད་སྙམ།

    Reply
  2. lobsang Namkha Tashi says:
    ལོ་ 17 སྔོན།

    ཤེས་ལྡན་པ་ཚོ། ངས་ཁྱག་གི་མི་འདུག་ཞེས་པའི་གོ་དོན་གང་ཡིན་ནམ།

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དྲ་གྲོགས་མ་གད་སྙིགས་ཁྲོད་ཀྱི་ནོར་བུ་ལགས། འདི་ནས་ངས་ཁྱེད་ཀྱི་ཟིན་བྲིས་ཚང་མ་ཀློག་མ་ཐུབ་མོད། ཡིན་ཡང་། གོང་གི་ཟིན་བྲིས་ཐུང་ཐུང་འདི་ཀློག་ཐུབ་སོང་། ཐུགས་རྗེ་ཆེ། ཁྱེད་ཀྱིས་ཉོན་རྨོངས་དུག་གསུམ་གྱི་དབང་བསྒྱུར་ཟིན་པའི་ང་རང་ལྟ་བུ་ལ་ཁ་ཡ་མ་བྱས་པ་དེ་ནི། ང་རྒྱལ་དང་ཞེ་སྡང་ཕྲག་དོག་དང་བྲལ་བས་ནོར་བཙུན་ལ་ཁྱེད་ཀྱིས་བྱས་རྗེས་རེད། རྗེས་སུ་ང་རང་གི་ཁོར་ཡུག་གང་རུང་དུ་ཡོང་ན་གཟབ་གཟབ་བྱོས་མ་གཏོགས། ང་ནི་སོ་སྐྱེས་ཕལ་པ་ཞིག་ཡིན།

    Reply
  4. ནོར་འཛིན་དོན་འགྲུབ། says:
    ལོ་ 17 སྔོན།

    དྲ་གྲོགས་ཁྱེད་རྣམ་པའི་རྒྱལ་ཁབ་ལ་ལ་རྒྱ་མཚོན་པའི་དགོངས་ཚུལ་གནང་བ་བཅོས་མིན་སྙིང་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

    Reply
  5. གད་སྙིགས་ཁྲོད་ཀྱི་ནོར་བུ། says:
    ལོ་ 17 སྔོན།

    ཤ་ཁྲག་རུས་གསུམ། ངས་ང་རྒྱལ་དང་ཞེ་སྡང་གིས་དབང་སྒྱུར་ཟིན་པའི་ཁྱོད་ཀྱི་ཟིན་བྲིས་དག་ཀློག་པར་མི་འདོད།

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དྲ་གྲོགས་གད་སྙིགས་ཁྲོད་ཀྱི་ནོར་བཙུན་མ་ལགས། ངས་ཁྱེད་ཀྱིས་བསམ་ཚུལ་འདི་ནས་ཡིག་གཟུགས་འགྱུར་འདུག་སྟབས་ཀློག་ཐུབ་ཀྱི་མི་འདུག དགོངས་དག་ལན་རྒྱག་འདོད་མེད་པ་མ་ཡིན། དྲ་གྲོགས་གད་སྙིགས་ཁྲོད་ཀྱི་ནོར་བཙུན་མ་ཁྱེད་རང་ངའི་ཟིན་བྲིས་ནང་དུ་ལྟ་སྐོར་ལ་སོང་དང་། དེ་རུ་ཡང་ངས་ཁྱེད་རང་ལ་བསམ་ཚུལ་ཞིག་བྲིས་ཡོད།

    Reply
  7. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ༢༠༠༨/༡༠/༣༡ ཉིན་འདོན་སྤེལ་བྱས། དྲང་བདེན་དང་ཞི་བདེའི་ཡང་དག་པའི་ལམ་ལས་འཁྱོགས་ཅིང་རྒྱ་དམར་གྱི་བལྟ་དཔྱོད་སྲིད་དབང་སྒེར་འཛིན་གྱི་ལམ་ལ་ཕྱོགས་བཞིན་པའི་ཤ་ཁྲག་རུས་གསུམ་ལགས།
    དྲ་གྲོགས་གད་སྙིགས་ཁྲོད་ཀྱི་ནོར་བུ་ལགས། ཁྱེད་ཀྱིས་ང་རང་བསྐྱར་དུ་འདི་ལྟར་སྡུག་དམོད་བྱས་པ་མཐོང་འོང་སྐབས། ངས་ངོ་མ་ཁྱེད་ཀྱིས་ང་རང་ལ་སྡུག་དམོད་བྱེད་དོན་ཤེས་ན་འདོད་་་་་་་་་་་་་་་་
    གསལ་པོ་ཞིག་གསུང་རོགས་ཞུ། ང་ཇི་ལྟར་འཁྱོགས་འདུག འཁྱོགས་སྟངས་གང་ན་འདུག རྒྱ་དམར་གྱི་བལྟ་དཔྱོད་སྲིད་དབང་སྒེར་འཛིན་གྱི་ལམ་ལུགས་ལ་ང་ཇི་ལྟར་ཕྱོགས་ཀྱི་འདུག གང་ནས་བཟུང་འགོ་འཛུགས་འདུག ཧ་་་ཧ་་ཧ་་་་ ངོ་མ་མི་ཟེར་བ་འདི་ཡ་མཚན་རེད། དོན་མེད་དུ་སྡུག་དམོད་བྱས་དེ་་་་་་་

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དྲ་གྲོགས་གད་སྙིགས་ཁྲོད་ཀྱི་ནོར་བུ་མའམ་ནོར་བཙུན་མ་ལགས། དོན་དངོས་སུ་ཁྱེད་རང་གིས་སྐད་ཆ་ངོ་མའི་ཐོག་གང་ཞིག་བཤད་འདོད་ཀྱི་ཡོད་མེད་དེ་ནི་ང་རང་གིས་ཀྱང་གསལ་པོ་ཞིག་ཤེས་མ་སོང་ཡང་། ཁྱེད་ཀྱིས་འདི་འདྲ་ཞིག་གསུང་འདུག འོན་ཀྱང་བལྟ་བ་བརྟེན་འབྱུང་དང་དཔྱོད་པ་འཚེ་བ་མེད་པའི་ཡང་དག་ལམ་དུ་བསྐྱོད་རྒྱུར་སྤྱང་ཀི་ཤ་རྔམས་ཀྱི་དཔེ་ལྟར་ལས་ཤ་ཁྲག་རུས་གསུམ་རང་དང་འདྲ་བར་ཁྱི་རྒན་ཀུ་ཅོས་ཁུ་སིམ་གྱི་ཞི་བདེར་གཏོར་རྒོལ་གཏོང་འདོད་པ་དང་སྲིད་དབང་སྒེར་འཛིན་གྱི་ལམ་བུར་བསྐྱོད་མཁན་ཇབ་ཆུང་ཞིག་རྩ་བ་ནས་མིན་པས་ཁྱོད་ཀྱི་དོན་མེད་ཁུངས་ལུང་གང་ཡང་མེད་པའི་དཀྲོགས་གཏམ་དག་ངེད་དུས་བབས་ཚང་ལ་ནམ་ཡང་སྟོང་པར་སྨོན་གྱི་ཡོད། གད་སྙིགས་ཁྲོད་ཀྱི་ནོར་བུ། འདི་འདྲ་ཞིག་གསུང་གསལ་ལ་བལྟས་ན་ང་རང་གིས་དབུ་མའི་ལམ་དང་ཡང་ན་འཚེ་མེད་ཞི་བ། ལྟ་བ་རྟེན་འབྱུང་སོགས་ཆེས་རླབས་ཆེན་གྱི་སྐྱེ་བུ་དག་གི་འགྲུལ་བཞུད་དེ་དག་ལ་ངས་སྐྱོན་བརྗོད་བྱེད་ཀྱི་འདུག་གསུང་གི་ཡོད་པ་ཡིན་ན་ནི། ང་རང་དངོས་ནས་ཧང་སངས་དུ་བཅུགས་སོང་། གང་སྙིགས་ཁྲོད་ཀྱི་ནོར་བུ་མ་ལགས། ཁྱེད་ཀྱིས་གང་ཞིག་ནས་ངས་དུས་བབ་ཚང་གི་ཟིན་བྲིས་ནང་དུ་དབུ་མའི་ལམ་དང་། ལྟ་བ་རྟེན་འབྱུང་། སྤྱོད་པ་འཚེ་བ་མེད་པ་སོགས་ལ་སྐྱོན་བརྗོད་བྱས་པའི་ཟིན་བྲིས་ཤིག་མཐོང་སོང་། ཁྱེད་ཀྱིས་ང་རང་ལ་གསལ་བཤད་ཞིག་བྱས་ན་ཨེ་འགྲིག ཁྱེད་རང་ང་ལ་སྡུག་དམོད་བྱས་པའི་རྒྱུ་མཚན་ཡང་གང་ཡིན་ནམ། གད་སྙིགས་ཁྲོད་ཀྱི་ནོར་བཙུན་མ་ཁྱེད་རང་གིས་ལན་ཞིག་བཏབ་ན་ཨེ་འགྲིག་གི ངས་ཐག་རིང་ས་ཞིག་ནས་ནོར་བཙུན་མ་ཁྱེད་ཀྱིས་ལན་གནང་བར་སྒུག་ནས་འདུག ཨོ་རེད་ ཁྱེད་རང་གིས་གད་སྙིགས་ཁྲོད་ཀྱི་ནོར་བུ་དེ་ཇི་ལྟར་རྙེད་པ་ཡིན་ནམ། གད་སྙིགས་སུ་རེད། ནོར་བུ་དེ་གད་སྙིགས་གང་གི་ཁྲོད་དུ་རྙེད་བྱུང་།

    Reply
  9. དོན་འགྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    ༼ -དོ་དམ་པའི་བསྐྱར་སྒྲིག -༽
    གོང་བཀོད་དཔྱད་གཏམ་གཉིས་ཀ་གཅིག་པ་ཡིན་སྟབས་འདིར་ཡ་གཅིག་ལས་བཀོད་མེད།

    གད་སྙིགས་ཁྲོད་ཀྱི་ནོར་བུ།
    ༢༠༠༨/༡༠/༣༡ ཉིན་འདོན་སྤེལ་བྱས། དྲང་བདེན་དང་ཞི་བདེའི་ཡང་དག་པའི་ལམ་ལས་འཁྱོགས་ཅིང་རྒྱ་དམར་གྱི་བལྟ་དཔྱོད་སྲིད་དབང་སྒེར་འཛིན་གྱི་ལམ་ལ་ཕྱོགས་བཞིན་པའི་ཤ་ཁྲག་རུས་གསུམ་ལགས།

    རེད་ངོ་མ་ང་ རང་དང་དུས་ནམ་ཡང་མི་འདྲ་བའི་སྐྱེས་མ་ཞིག་ཡིན་པས་ངས་དུས་ནམ་ཡང་ཁྱོད་དང་ཁྱོད་འདྲའི་སྐྱེས་པ་དག་གི་ཁ་བཙུམ་མིན་ལ་ཇུས་ལྡོག་བྱ་དབང་མེད་མེད་མོད་ཀྱང་ཤ་ཁྲག་རུས་གསུམ་ཟེར་བ་ཁྱོད་གངས་ཅན་གདོང་དམར་རིག་རྒྱུད་ངོ་མ་ཞིག་ཡིན་པའི་ཆ་ནས་ངོ་མ་བོད་བསྟན་སྲིད་མི་རིགས་རིག་གནས་ཀྱི་སྐུ་ཚེ་སྲ་བརྟན་ཡོང་རྒྱུའི་ཐབས་ལམ་དང་ཡར་རྒྱས་གོང་འཕེལ་གཏོང་ཕྱོགས་ལ་བསམ་བཞེས་ནི་རུས་སྦལ་གྱི་སྤུ་དང་ཤིན་ཏུ་མཚུངས་མོད་ཀྱང་དྲ་གྲོགས་དག་ལ་རྒྱ་དམར་གྱི་གཡོ་སྒྱུ་ཁྲམ་གསུམ་ལ་མཁས་པའི་འགོ་ཁྲིད་ཚོའི་ལམ་ལུགས་སྲིད་དབང་སྒེར་འཛིན་གྱི་ལམ་དུ་བསྐྱོད་རྒྱུའི་ངན་སེམས་བཅངས་བཞིན་གང་བྱུང་ལབ་རྡོལ་གྱིས་མིག་དཔེ་ངན་པ་བསྟོན་བཞིན་པ་དེ་ལྟར་མི་ཡོང་བར་རེ་བཞིན་པ་ལས་ཁྱོད་ལ་སྡིག་མོ་བྱས་ཏེ་ཕན་རེ་མེད་པ་ངས་ཤེས་ལ་ང་རང་བུད་མེད་ཞིག་ནས་ཁྱོད་ལ་སྡིག་མོ་ཟེར་བ་རང་གི་བློ་ཡུལ་དུ་ཚུད་ན་ཡང་གཞན་གྱི་དེ་ལྟར་དཀའ་བ་མ་ཡིན་ནམ། དེ་བས་ངས་ཁྱོད་ལ་འཕྱ་མོད་བྱེད་དོན་མིན་འདུག་ལ་ཁྱོད་ལ་གནོད་ཀྱི་དོགས་པ་ཡང་རྩ་བ་ནས་མིན། འོན་ཀྱང་ངས་འདིར་གང་བཀོད་ཡོད་པ་ཤ་ཁྲག་རུས་གསུམ་རང་དང་རང་འདྲ་བའི་ཀླད་ཆུང་དག་ལ་གནོད་སྲིད་པས་དེ་ལ་ངས་གདོང་ལེན་བྱ་རྩིས་མེད། སྤྱིར་ང་གནས་ལུགས་དང་སོ་སོའི་ཕུག་འདུན་ལྷག་པར་ཤེས་ཡོན་དང་ཉམས་མྱོང་གྱི་དབེན་པའི་སྐྱེས་མ་ཞིག་ཡིན་པ་བདཻན་མོད་ཀྱིས་རང་ཉིད་ལ་ཤེས་ཚད་ཡོད་འདོག་བྱེད་དགོས་པའི་་དམིགས་ཡུལ་གང་ཡང་མེད། འོན་ཀྱང་བལྟ་བ་བརྟེན་འབྱུང་དང་དཔྱོད་པ་འཚེ་བ་མེད་པའི་ཡང་དག་ལམ་དུ་བསྐྱོད་རྒྱུར་སྤྱང་ཀི་ཤ་རྔམས་ཀྱི་དཔེ་ལྟར་ལས་ཤ་ཁྲག་རུས་གསུམ་རང་དང་འདྲ་བར་ཁྱི་རྒན་ཀུ་ཅོས་ཁུ་སིམ་གྱི་ཞི་བདེར་གཏོར་རྒོལ་གཏོང་འདོད་པ་དང་སྲིད་དབང་སྒེར་འཛིན་གྱི་ལམ་བུར་བསྐྱོད་མཁན་ཇབ་ཆུང་ཞིག་རྩ་བ་ནས་མིན་པས་ཁྱོད་ཀྱི་དོན་མེད་ཁུངས་ལུང་གང་ཡང་མེད་པའི་དཀྲོགས་གཏམ་དག་ངེད་དུས་བབས་ཚང་ལ་ནམ་ཡང་སྟོང་པར་སྨོན་གྱི་ཡོད། གད་སྙིགས་ཁྲོད་ཀྱི་ནོར་བུ།

    Reply
  10. གད་སྙིགས་ཁྲོད་ཀྱི་ནོར་བུ། says:
    ལོ་ 17 སྔོན།

    ཁ་དྲོ།

    Reply
  11. དོན་འགྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    དོ་དམ་པས་བསྐྱར་སྒྲིག
    གད་སྙིགས་ཁྲོད་ཀྱི་ནོར་བུ་ལགས་ཀྱིས་གོང་དུ་བཀོད་པའི་དཔྱད་གཏམ་གྱི་ནང་དོན་འདི་ལྟར།

    དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས་ཁྱོད་ཀྱིས་དེ་ཤུས་ཏེ་ནམ་ཀུན་ལྟར་ཀྲི་སི་ཨར་སི་ཡིག་གཟུགས་སུ་ཕབ་ཏེ་གཟིགས་རོགས་ཞུ་རྒྱུ་ཡིན།
    དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས། རེད་ངོ་མ་ང་ རང་དང་དུས་ནམ་ཡང་མི་འདྲ་བའི་སྐྱེས་མ་ཞིག་ཡིན་པས་ངས་དུས་ནམ་ཡང་ཁྱོད་དང་ཁྱོད་འདྲའི་སྐྱེས་པ་དག་གི་ཁ་བཙུམ་མིན་ལ་དེ་བས་ཇུས་ལྡོག་མེད་མོད་ཀྱང་ཤ་ཁྲག་རུས་གསུམ་ཟེར་བ་ཁྱོད་གངས་ཅན་གདོང་དམར་རིག་རྒྱུད་ངོ་མ་ཞིག་ཡིན་པའི་ཆ་ནས་ངོ་མ་བོད་བསྟན་སྲིད་མི་རིགས་རིག་གནས་ཀྱི་སྐུ་ཚེ་སྲ་བརྟན་ཡོང་རྒྱུའི་ཐབས་ལམ་དང་དེ་ལ་བསམ་བཞེས་རི་བོང་ར་དང་འདྲ་ཡང་དོན་མེད་དྲ་གྲོགས་དག་ལ་གང་བྱུང་ལབ་རྡོལ་གྱིས་མིག་དཔེ་ངན་པ་བསྟོན་བཞིན་པར་རྒྱ་དམར་གྱི་རྒྱུག་ཁྱི་ལས་མི་འོས་པས་ངས་ཁྱོད་ལ་དེ་ལྟར་མི་ཡོང་བར་རེ་བཞིན་པ་ལས་ཁྱོད་ལ་སྡིག་མོ་བྱས་ཏེ་ཕན་རེ་མེད་པ་སྔར་ནས་ཤེས་ལ་ང་བུད་མེད་ཞིག་ནས་ཁྱོད་ལ་སྡིག་མོ་ཟེར་བ་རང་གི་བློ་ཡུལ་དུ་ཚུད་ན་ཡང་གཞན་གྱི་དེ་ལྟར་དཀའ་བ་མ་ཡིན་ནམ། དེ་བས་ང་ཁྱོད་ལ་འཕྱ་མོད་བྱེད་དོན་མིན་འདུག་ལ་ཁྱོད་ལ་གནོད་ཀྱི་དོགས་པ་ཡང་རྩ་བ་ནས་མིན། འོན་ཀྱང་ངས་འདིར་གང་བཀོད་ཡོད་པ་རང་དང་རང་འདྲ་བའི་ཀླད་ཆུང་དག་ལ་གནོད་སྲིད་པས་དེ་ལ་ངས་གདོང་ལེན་བྱ་རྩིས་མེད། སྤྱིར་ངས་གནས་ལུགས་དང་སོ་སོའི་ཕུན་འདུན་ཤེས་ཡོན་དང་ཉམས་མྱོང་གྱི་དབེན་པའི་སྐྱེས་མ་ཞིག་ཡིན་པ་ལས་རང་ཉིད་ལ་ཤེས་ཚད་ཡོད་འདོག་བྱེད་དགོས་པའི་་དམིགས་ཡུལ་གང་ཡང་མེད། ད་དུང་རང་དང་འདྲ་བར་ཁྱི་རྒན་ཀུ་ཅོས་ཁུ་སིམ་གྱི་ཞི་བདེར་གཏོར་རྒོལ་གཏོང་འདོད་པ་ཡང་རྩ་བ་ནས་མིན་པས་ཁྱོད་ཀྱི་དོན་མེད་ཁུངས་ལུང་གང་ཡང་མེད་པའི་དཀྲོགས་གཏམ་དག་ངེད་དུས་བབས་ཚང་ལ་ནམ་ཡང་སྟོང་པར་སྨོན་གྱི་ཡོད།

    Reply
  12. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དྲ་གྲོགས་གནས་ཚང་ལགས། འདིས་ནང་གི་ཚིགས་ཁ་ཤས་ཤིག་འབྲི་ནོར་ཐེབས་འདུག དེ་ནི་ཁྱེད་རང་ལ་བྲིས་པ་ཞིག་མ་ཡིན་པར། དྲ་གྲོགས་གད་སྙིགས་ཁྲོད་ཀྱི་ནོར་བུ་ལ་བྲིས་པ་ཡིན། དཔེར་ན་འདི་དག་དྲ་གྲོགས་གད་སྙིགས་ཁྲོད་ཀྱི་ནོར་བུ་ལགས་ལ་བྲིས་པ་ཡིན། གཤམ་དུ་བཀོད་ཡོད་པས་དྲ་གྲོགས་གནས་ཚང་ལགས་དགོངས་པ་མ་ཚོམས། འོན་ཀྱང་། དེ་རིང་ཁྱེད་ཀྱིས་ང་རང་ལ་དྲ་ཐོག་ནས་ཁྱི་རྒན་ཁ་བཙུམ་ནས་བསྡོད་ཟེར་བ་ལ་བལྟས་ན། ཁྱེད་རང་ཡང་རྒྱ་ནག་སྲིད་གཞུང་གིས་ལས་བྱེད་ཞིག་དང་འདྲ་བར་ཉམ་ཐག་པའི་བོད་མི་ལ་སྡུག་ར་བྱེད་པས་སྲོལ་ལུགས་དེ་དང་འདྲ་ཡང་། ང་ལ་མཚོན་ན་ཁྱེད་རང་གིས་འཕྱ་དམོད་དང་སྡུག་ར་བྱས་ཀྱང་མི་གནོད། ཡིན་ཡང་། ཁྱེད་ཀྱིས་ག་དུས་ཡིན་ཡང་རང་གིས་བསམ་ཚུལ་ལ་ཨུ་ཚུགས་བྱས་དེ་དྲི་བ་ཆོད་མེད་འགའ་རེ་དྲིས་ནས་རང་ཉིད་ལ་ཤེས་ཚད་ཡོད་འདོག་སྟོན་རྒྱུར་དགའ་པའི་མི་ཞིག་ལས། བོད་མི་དམངས་ཀྱི་མཐུན་སྒྲིལ་དང་ཆིག་སྒྲིལ་ལ་བསམ་བློ་གཏོང་མི་ཤེས་པའི་ཨུ་ཚུགས་ཅན་ཞིག་དུ་མཐོང་སོང་། ལྷག་པར་དུ་ཆིག་སྒྲིལ་དང་དབུ་ཁྲིད་ཀྱི་བཀའ་ལ་ལག་ལེན་དུ་མི་སྟར་མཁན་གྱིས་མི་རིགས་དེ་ནམ་ཡང་རང་དབང་དང་རང་བཙན། ཡང་ན་སྲོག་འགོ་ཡང་ཐོན་དཀའ་བ་ཡིན། གནས་ལུགས་དང་ཕུགས་འདུན་མི་ཤེས་པའི་མི་དག་གིས་ནམ་རྒྱུན་དུ་མི་ལ་སྡུག་དམོད་བྱེད་པ་ལས་ཆིག་སྒྲིལ་བྱེད་རྒྱུས་ཐབས་ཤེས་མི་རྙེད་པ་ཡིན། ཁྱེད་རང་ཡང་དེ་ལྟར་ཞིག་མིན་པར་རེ་བ་རྒྱག་གི་ཡོད། འདི་བར་དུ་ཡིན། འདི་ནི་དྲ་གྲོགས་གནས་ཚང་ཁྱེད་ལ་བྲིས་པ་མ་ཡིན་པར་དྲ་གྲོགས་གསར་བ་གད་སྙིགས་ཁྲོད་ཀྱི་ནོར་བུ་ལ་བྲིས་པ་ཡིན།

    Reply
  13. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དྲ་གྲོགས་གནས་ཚང་ལགས། ང་རང་ལ་མཚོན་ནས་བཤད་ན་འབྲི་མཁན་ལས་ཀློག་མཁན་གལ་ཆེན་ཡིན། འོན་ཀྱང་། དེ་རིང་ཁྱེད་ཀྱིས་ང་རང་ལ་དྲ་ཐོག་ནས་ཁྱི་རྒན་ཁ་བཙུམ་ནས་བསྡོད་ཟེར་བ་ལ་བལྟས་ན། ཁྱེད་རང་ཡང་རྒྱ་ནག་སྲིད་གཞུང་གིས་ལས་བྱེད་ཞིག་དང་འདྲ་བར་ཉམ་ཐག་པའི་བོད་མི་ལ་སྡུག་ར་བྱེད་པས་སྲོལ་ལུགས་དེ་དང་འདྲ་ཡང་། ང་ལ་མཚོན་ན་ཁྱེད་རང་གིས་འཕྱ་དམོད་དང་སྡུག་ར་བྱས་ཀྱང་མི་གནོད། ཡིན་ཡང་། ཁྱེད་ཀྱིས་ག་དུས་ཡིན་ཡང་རང་གིས་བསམ་ཚུལ་ལ་ཨུ་ཚུགས་བྱས་དེ་དྲི་བ་ཆོད་མེད་འགའ་རེ་དྲིས་ནས་རང་ཉིད་ལ་ཤེས་ཚད་ཡོད་འདོག་སྟོན་རྒྱུར་དགའ་པའི་མི་ཞིག་ལས། བོད་མི་དམངས་ཀྱི་མཐུན་སྒྲིལ་དང་ཆིག་སྒྲིལ་ལ་བསམ་བློ་གཏོང་མི་ཤེས་པའི་ཨུ་ཚུགས་ཅན་ཞིག་དུ་མཐོང་སོང་། ལྷག་པར་དུ་ཆིག་སྒྲིལ་དང་དབུ་ཁྲིད་ཀྱི་བཀའ་ལ་ལག་ལེན་དུ་མི་སྟར་མཁན་གྱིས་མི་རིགས་དེ་ནམ་ཡང་རང་དབང་དང་རང་བཙན། ཡང་ན་སྲོག་འགོ་ཡང་ཐོན་དཀའ་བ་ཡིན། གནས་ལུགས་དང་ཕུགས་འདུན་མི་ཤེས་པའི་མི་དག་གིས་ནམ་རྒྱུན་དུ་མི་ལ་སྡུག་དམོད་བྱེད་པ་ལས་ཆིག་སྒྲིལ་བྱེད་རྒྱུས་ཐབས་ཤེས་མི་རྙེད་པ་ཡིན། ཁྱེད་རང་ཡང་དེ་ལྟར་ཞིག་མིན་པར་རེ་བ་རྒྱག་གི་ཡོད། དྲི་བ་མ་བཏོན་གོང་དུ་དྲི་ལན་རྙེད་ཡོད་ན། ད་གཟོད་ཁྱེད་ཀྱིས་བྱས་རྗེས་ཡིན་པ་ལས། དྲི་ལན་མ་རྙེད་པར་དྲི་བ་གཏོང་རྒྱུར་དགའ་མཁན་དག་ནི་གླེན་ལུགས་རེད།

    Reply
  14. གནས་ཚང་། says:
    ལོ་ 17 སྔོན།

    ཤ་ཁྲག་རུས་གསུམ་ལགས།

    རང་གིས་ང་ལ་དྲ་གྲོགས་ཀྱི་གོ་གནས་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཡིན་ནའི། ང་ཀློག་མཁན་ཙམ་རེད་མ་གཏོགས་རང་ཚོ་ནང་བཞིན་རྩོམ་ཡིག་སྤེལ་ཐུབ་མཁན་དེ་འདྲ་མ་རེད། འདི་གཅིག་ཡིན།

    གཞན་དེ་རང་གིས་ལབ་ན་༼ནི་ད་ལྟའི་འཆར་བོད་ནང་གི་བོད་མི་ཚོའི་ཚེ་སྲོག་ལ་འགན་ཡོད་པ་ནས་བོད་མི་དམངས་གཞིས་བྱེས་གཉིས་ཀྱི་རེ་འདོད་དེ་གླེང་གི་ཡོད་པ་ལས་སྟོང་གཏམ་བཤད་ཀྱི་མེད་༽ཟེར། འོ་ན། སྦར་བོད་མི་ས་ཡ་གཅིག་དང་འབུམ་གཉིས་དུས་མིན་རྐྱེན་ལམ་དུ་ཤོར་སོང་ཞེས་ཚང་མས་ལབ་ཀྱིན་ཡོད་ན། སྐབས་དེ་དག་ལ་བོད་མིའི་ཚེ་སྲོག་གི་འགན་འཁུར་མི་དགོས་པའི་དོན་ཅི།

    Reply
  15. gangcheng says:
    ལོ་ 17 སྔོན།

    ཆུ་བྱ་༡༩༣༣ ཟླ་དང་པོའི་ནང༌། སྲིད་བཀའ་ལྷན་རྒྱས་ནས་བསྟན་སྲིད་དང༌། ྋགོང་ས་ཆེན་པོའི་སྐུ་ཕྱྭའི་སྐོར་ཐུགས་དམ་ཞིག་ཕུལ་བའི་ཕྱིར་ཕེབས་སུའང་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་བསྟན་འཛིན་སྐྱེས་འཕགས་དང༌། སེ་འབྲས་དགའ་གསུམ་ཐོག དཔལ་ལྡན་རྒྱུད་གྲྭ་སྟོད་སྨད་ཀྱིས་མཚོན་པའི་རིས་མེད་དགེ་འདུན་གྱི་སྡེ་རྣམས་ནས་དགེ་བསྐུལ་ཇི་ལྟར་བཏབ་པའི་དོན་རྣམས་འབད་བརྩོན་ཆེར་བསྐྱེད་གནང་མུས་རྗེས་སུ་ཡི་རང་གི་གནས་སུ་གྱུར་ཅིང༌། གནམ་བསྐོས་གཞུང་སའི་ཆབ་སྲིད་འདི་ཉིད་ཀྱང་ལེགས་བྱས་སྲི་ཞུ་ལམ་དུ་ལྷོངས་ཆེད་ཙམ་ལས་རིམ་གྲོ་ལ་མ་ལྟོས་པར་ཆབ་སྲིད་ཀྱི་ཁུར་རང་ཐོག་ཏུ་འཁྲི་བའི་ལས་ཁུངས་སེར་སྐྱ་མཆོག་དམན་མཐའ་དག་ནས། ལས་འབྲས་དཔང་པོར་བཞག་སྟེ་ཆབ་སྲིད་ཀྱི་བདེ་དོན་ལ་ངལ་བ་ཁྱད་བསད་སྤང་བླང་གི་འཇུག་ལྡོག་མ་འཆོལ་བའི་རྒྱབ་མདུན་ཁ་གཏིང་མཚུངས་མེད་རང་དོན་ཁྱད་མེད་གཏམ་དོན་སོན་པ་ཞིག་འབད་ན། ཞི་དྲག་གང་ཅིའི་ལས་ཐབས་འདུ་འགོད་ལམ་དུ་འགྲོ་བ་གདོན་མི་ཟ་ཞིང༌། སྔ་སོང་ད་འགྲོའི་ར་གན་གསེར་བརྫུས། ཉི་མ་དང༌། མི་ཚེ་གང་འཁྱོལ་འདི་མུར་ལུས་ན་ནམ་ཞིག་དུས་འགྱུར་བགེགས་འཚུབ་ཆེ་བ་འབྱུང་ངེས་ཡིན་པས་དེ་སྐབས་སྔར་འགྱོད་བསྲན་མི་ཚུགས་པ་བསྐྱེད་པས་ད་ལྟ་སྡོམ་རན་གྱི་སྐབས་འདིར། རང་དབང་རང་ལག་ཏུ་ཡོད་དུས་མཛུབ་མོ་ནང་དུ་བཀུགས་ནས་མནོ་བསམ་ཞིབ་ཏུ་གཏོང་ནུས་ན་ཆབ་སྲིད་སྔར་སོར་ཆུད་ཐབས་འདི་ལས་ལྷག་པ་མེད་པས་ཆབ་སྲིད་ཕྲ་ཚུགས་དང་ཚུགས་མིན་གཞུང་ཞབས་སྲི་ཞུ་བ་མཐའ་དག་ནས་ཞུ་བྱ་འཐུས་སྒོ་ཚང་མིན་ལ་རག་ལས། བྱམས་བརྩེ་དང་དྲང་བདེན་གྱི་བླ་སྲོག་ལས་ཁོལ་དུ་ཕྱུང་བ་ཡིན།

    Reply
  16. gangcheng says:
    ལོ་ 17 སྔོན།

    བོདཁྱིམ་གྱི་མཛད་སྒོ་སྟེང་ྋགོང་ས་མཆོག་གིས་སྐུ་མདུན་སྐུ་གོང་མའི་ཆུ་སྤྲེལ་ལོའི་ཞལ་གདམས་ལྟ་བུའི་བཀའ་སློབ་འདི་ལ་མགོ་བཀའ་བློན་ནས་འོག་མི་སེར་དཀྱུས་མ་ཚུན་ནས་བསམ་ཞིབ་ཀྱིས་ནུབ་ཕྱོགས་ཨ་རི་སོགས་ལ་འགྲོ་བར་མི་རྔམ་པར་ལས་དོན་སྒྲུབ་པ་དང༌། རིགས་གཅིག་ལ་མཁས་པ་དང་སེམས་ཤུགས་ཅན། ཤེས་ཡོན་པའི་དཔུང་ཁག་སྒྲིག་འཛུགས་ཀྱི་ལས་དོན་ལ་མ་ལན་མ་འགྱོད་པ་ཞིག་སྒྲུབ་དགོས་པའི་དུས་ལ་བབས་ཡོད་པ་མཐོང་ངོ༌། །ངའི་བཀའ་སློབ་འདི་ཐོས་པ་ནས་གཉིད་ཀྱང་ཁུག་མ་བྱུང༌།

    Reply
  17. གད་སྙིགས་ཁྲོད་ཀྱི་ནོར་བུ། says:
    ལོ་ 17 སྔོན།

    དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས། དེ་འདྲའི་མི་འོས་པའི་ཁྱི་རྒན་ཀུ་ཅོ་མ་གནང་ན་ལེགས་པར་མཐོང་།

    Reply
  18. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དྲ་གྲོགས་གནས་ཚང་འགོ་འཐོམ་ཁྱོད། ངས་བོད་འདི་གནའ་སྔ་མོ་ནས་རང་བཙན་ཡིན་མིན་དང་བོད་མི་དམངས་ལ་རང་བཙན་ཐོབ་ན་མ་དགའ་བར་གླེང་གི་མེད། རང་གིས་འཐོམ་ཞ་གྱོན་ནས་ང་རང་ལ་འཐོམ་འདུག་གསུང་ན་ཅི་འདྲ་ཡིན་ན། ངས་གླེང་བཞིན་པ་ནི་ད་ལྟའི་འཆར་བོད་ནང་གི་བོད་མི་ཚོའི་ཚེ་སྲོག་ལ་འགན་ཡོད་པ་ནས་བོད་མི་དམངས་གཞིས་བྱེས་གཉིས་ཀྱི་རེ་འདོད་དེ་གླེང་གི་ཡོད་པ་ལས་སྟོང་གཏམ་བཤད་ཀྱི་མེད་ལ། སྐྱག་ལབ་ཀྱང་རྒྱག་གི་མེད་ལ། འཁྲུལ་སྣང་ཡང་བཤད་ཀྱི་མེད། ཐོག་མར་སྲོག་འགོ་ཐོན་པའི་ཐབས་ལམ་མ་བཙལ་བར་རང་ཁྱིམ་གླེང་བ་ནས་དགོད་སྤྲོ་བ་ཞིག་རེད་ཅེས་བཤད་ཀྱི་ཡོད། སྲོག་འགོ་མ་ཐོན་པར་རང་ཁྱིམ་བརྩད་དེ་ཅི་ཞིག་ཡོད། ཚེ་སྲོག་ཤོར་རྗེས་ཀྱི་རང་ཁྱིམ་ཞིག་ཡོད་སྟངས་མེད།

    Reply
  19. གནས་ཚང་། says:
    ལོ་ 17 སྔོན།

    མྱི་སྨྱོན་ལགས། དེ་སེ་སྔ་དྲག་མེད་འགྲོ ༼མང་མོས་འོས་བསྡུ་༽ཐེངས་གཅིག་ལ་མ་གཏོགས་ཡོང་ཁག་པོ་ཡིན་ཙང་། མ་འོངས་པར་བོད་མི་ཆ་ཚང་གིས་འོས་ཤོག་འཕེན་པའི་ཉི་མ་དེར་ཁྱོད་ཀྱི་དམིགས་བྱ་དེ་གསལ་བོ་ཆགས་ཀྱི་རེད། རྒྱུ་མཚན་ནི་ལམ་ཁ་གཉིས་ལས་ཡོད་པ་མ་རེད།
    ༡ རྒྱ་ཁོངས་སོར་གནས། ༢ རྒྱ་ཁོངས་ལས་ལོགས་སུ་ཐོན་རྒྱུ།

    ཤ་ཁྲག་རུས་གསུམ་ལགས། རང་གིས་ང་ལ་ལན་ཆ་ཚང་རྒྱག་མི་ཐུབ་ཀྱང་གསར་འགྱུར་༼ཆིབས་བསུ༽ཞེས་པའི་མཇུག་ཏུ་གཟིགས་དང་དྲི་བ་ཁ་ཤས་ཡོད། དེ་དག་ལངས་ཡ་དང་བཤད་ཡ། འཚོལ་ཡའི་སྦོན་འགྲོ་ཡིན་པ་ལས་དཀྲོགས་ཡ་ལས་སླ་བོ་ཡོད་པ་མ་རེད་དཱ། གལ་སྲིད་ཁྱོད་རང་གིས་མི་བདེན་པ་རེད་འདོད་ན། རང་གིས་༼བོད་སྔོན་མ་ནས་རང་བཙན་མ་རེད་༽ཅེས་ལབ་དང་ལན་བོད་མིས་རྒྱག་དགོས་ཀྱི་མ་རེད། རང་ལ་རྒྱ་གར་གཞུང་མང་གཉིས་ནས་ལན་རྒྱག་གི་རེད། ད་གཟོད་རང་ལ་༼རང་བཙན་༽དམོད་རྐྱང་མིན་པའང་ངོ་འཕྲོད་ཡོང་གི་རེད།

    Reply
  20. མྱི་སྨྱོན། says:
    ལོ་ 17 སྔོན།

    རེད་ཡ། བོད་གཞུང་གིས་འདི་ལྟར་ཁ་ཕྱོགས་གང་ཡང་མ་བརྗོད་པའི་དབང་གིས་མི་མང་ཐོམ་ཡོད་པ་གསལ་བོ་རེད། དེ་བཞིན་བོད་ཀྱི་ཆབ་སྲིད་པར་རློམ་པ་དག་ཀྱང་ཐོམ་འདུག སྤྱིར་བཤད་ན་གྲོས་ཚོགས་ཀྱིས་འགན་ཁུར་ཆེ་ཙམ་ཞིག་བླང་ནས་མི་མང་གི་སྣེ་ཁྲིད་དགོས་པ་ཡིན་མོད། སྐབས་འདིར་མི་མང་གི་སྔོན་དུ་ཐོན་པ་ནི་རྩོམ་ཡིག་འཁྱར་འཁྱོར་དང་སྐད་ཆ་ལྡོམ་པོ་ལས་གཞན་ཅི་ཡང་མི་ཤེས་པའི་སྐབས་འཚོལ་བ་རེ་འགའ་རེད། གལ་སྲིད་འདི་ལྟར་མུ་འཐུད་འགྲོ་རྒྱུ་ཡིན་ན། གྲོས་ཚོགས་ཕྱིར་བསྡུ་བྱས་ཡང་གནོད་སྐྱོན་གང་ཡང་མི་འདུག

    Reply
  21. དབྱངས་ཅན་རོལ་བའི་འོ་མཚོ་། says:
    ལོ་ 17 སྔོན།

    ལངས་ཕྱོགས་དེ་ཐབས་ཤེས་གང་འདྲའི་འོག་ནས་ལག་ལེན་བྱེད་རྒྱུ་ཡིན་ན་་ཚོགས་ཆེན་་འཚོགས་ནས་ཐག་གཅོད་གང་བྱས་ན་ངས་དེར་མོས་མཐུན་ཡོད་ཅེས་བཀའ་ཕེབས་སོང༌། ལངས་ཕྱོགས་རང་བཙན་་དང་༌། རང་ཐག་རང་གཅོད་གངཡིན་ན་དེ་་ད་ལྟ་ནས་བསམ་བློར་གྲ་སྒྲིག་དགོས་ཀྱི་རེད། གངལྟ་ཚོགས་ཆེན་མ་འཚོགས་གོང་གྲོས་ཚོགས་ཀྱི་ངོས་ནས་ལམ་སྟོན་གསལ་བོ་མ་གནང་ན་མི་མང་དེ་ཚོ་མགོ་འཐོམས་ཀྱི་རེད།

    Reply
  22. ཡེ་ཤེས་རིན་ཆེན། says:
    ལོ་ 17 སྔོན།

    དྲ་གྲོགས་ལྷན་རྒྱས།
    ་་་་་་་་་་་་་་ད་ཆ་ང་ཚོས་ཁ་རྒྱགས་རེས་ཕན་ཚུན་གླེང་མོལ་བྱེད་པའི་དུས་ཚོད་རེད་མི་འདུག།་༧གོང་ས་མཆོག་སྙིང་ཁམས་བརྟག་དཔྱད་གྲུབ་ནས་རྡ་སར་ཕེབས་སོང་ལ་ཁོང་རྡ་སྟེང་བོད་ཁྱིམ་དུ་ཕེབས་ནས་བཀའ་སློབ་གང་འདྲ་ཕེབས་འདུག་ཅིག་ལྟོས་དང་ད་གཟོད་ང་ཚོས་ཅི་ཞིག་བྱ་དགོས་སམ།་ང་ནི་ངོ་མ་ངུ་ཤོར་ལ་བྱེད་ཐབས་མི་འདུག།་ང་བཙན་བྱོལ་ནང་གི་སློབ་ཕྲུག་ཅིག་གི་ལག་གཉིས་ཐལ་མོ་སྦྱར་ཏེ་ཁྱེད་རྣམ་དཔྱོད་རྕལ་གྱིས་ཕྱུག་པའི་མཁས་དབང་རྣམ་པས་དུས་འགྱངས་རྣམ་གཡེང་དུ་མ་སོང་བར་བོད་པའི་རྩ་དོན་གཤའ་མ་ཞིག་བསྒྲུབ་པའི་ཐབས་ལ་འབད་རོགས་ཞུ་རྒྱུ་ཡིན།

    Reply
  23. ལྕགས་རྒྱ་འགྲམ་ནག says:
    ལོ་ 17 སྔོན།

    ཆབ་སྲིད་དང་ཆོས་ལུགས་མི་ཤེས། སྐད་ཡིག་དང་རིག་གཞུང་གི་ཐོག་ནས་བོད་དང་རྒྱ་གར་གཉིས་བསྡུར་ན། བོད་ཡིག་གི་ཚད་གཞི་བོད་དུ་ཡག་པ་༧རྒྱལ་བ་རིན་པོ་ཆེས་གསུངས་པ་ལྟར་རེད། བཙན་བྱོལ་དུ་ཁ་ཤས་ཀྱིས་ད་བར་དུ་ཉི་མ་གང་འཁྱོལ་དང་སྐད་ཆ་འདྲ་ཆགས་པོ་བཤད་དེ་༧རྒྱལ་བ་རིན་པོ་ཆེ་ལ་མགོ་སྐོར་བཏང་ནས་བསྡད་པ་རེད། མིན་ན་གོང་དུ་༧རྒྱལ་བ་རིན་པོ་ཆེས་ “ལས་སྡོམ་ནང་མང་པོ་ཞིག་བྲིས་ཡོད་ཀྱང༌། ལས་རིགས་སྡེ་ཚན་བྱེ་བྲག་པ་ཞིག་གི་ནང་དུ་འབུར་དུ་ཐོན་པ་འདི་ཡིན་ཟེར་བ་ཞིག་སྟོན་རྒྱུ་མི་འདུག དེ་ནི་རྗེས་ལུས་རེད། འཐུས་ཤོར་རེད”ཅེས་གསུངས་ཀྱི་མ་རེད། ད་ནི་རྒྱ་གཞུང་དང་བོད་གཞུང་གཉིས་ཀས་༧རྒྱལ་བ་རིན་པོ་ཆེ་འུ་ཐུག་ཏུ་བཅུག་ཡོད་པ་གསལ་བོ་རེད།

    Reply
  24. མྱི་སྨྱོན། says:
    ལོ་ 17 སྔོན།

    གནས་ཚང་། རང་ཐག་རང་གཅོད་ལ་ཁྱོད་ཀྱི་ཨུ་ཚུགས་བྱེད་ན། ངས་རང་བཙན་ལ་རང་ཐག་རང་གཅོད་བྱེད་རྒྱུ་ཡིན་ཁྱོད་ལ་བསམ་ཚུལ་གང་ཡོད།

    Reply
  25. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དྲ་གྲོགས་རྣམ་པ་ལགས། ད་ལོངས་ཡ་ད་ཤོད་ཡ།

    བོད་མིས་རེ་འདོད། བོད་མིས་བདེ་སྡུག བོད་མིས་ཚེ་སྲོག བོད་མིས་རང་དབང་། བོད་མིས་རིག་གཞུང་། བོད་མིས་འདས་མ་འོངས།བོད་མིས་ཡོད་ཚད་ཀྱི་ཡོད་ཚད། ད་ནི་གངས་ཅན་བོད་པ་ཚང་གི་ལག་དུ་བཞག་ཡོད་པས། ད་ལོངས་ཡ། ད་ཤོད་ཡ། ད་སྒྲུབ་ཡ། ད་སྣེ་ཁྲིད་ཡ། དབུ་མའི་ལམ་གྱིས་ཕར་རོལ་ཞིག་ནས་་་

    Reply
  26. གནས་ཚང་། says:
    ལོ་ 17 སྔོན།

    ༡ ཏཱ་ལའི་བླ་མས་དབུ་མའི་ལམ་གྱི་མཐའ་ཐུག་གི་ཐག་གཅོད་མི་མང་ལ་ཡོད་ཅེས་པ་ནི་༼རང་ཐག་རང་གཅོད་༽ཆགས་ཀྱི་ཡོད་དམ།

    རང་ཐག་རང་གཅོད་ལ་དགེ་མཚན་གསུམ་ཡོད།
    ༼༡༽པེ་ཅིང་གིས་རང་ཐག་རང་གཅོད་ངོས་ལེན་ཡོད་པའི་རྒྱལ་སྤྱིའི་ཡིག་ཆ་གཉིས་མིང་རྟགས་བཀོད་ཡོད་པས། འདི་བོད་མིས་ཁྲིམས་ལུགས་ཀྱི་རྒྱབ་བརྟེན་དུ་བཟུང་ཆོག་པར་མ་ཟད། པེ་ཅིང་གིས་ཀྱང་དེར་ཞཱ་མོ་གང་བྱུང་འདི་བྱུང་དུ་གཡོགས་ཐུབ་ཀྱི་མེད།
    ༼༢༽ པེ་ཅིང་གིས་རང་ཐག་རང་གཅོད་ངོས་ལེན་ཡོད་པའི་རྒྱལ་སྤྱིའི་ཡིག་ཆ་གཉིས་མིང་རྟགས་བཀོད་ཡོད་པའི་ཆ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་པེ་ཅིང་གིས་ཁྲིམས་སྲོལ་དེ་རིགས་ལག་ལེན་དོན་འཁྱོལ་ཡོང་བར་བསྐུལ་འདེད་བྱེད་པའི་འོས་འགན་ཡོད་ལ། ཁ་གཡར་སའང་གཙོ་བོ་ཞིག་ཆགས་ཡོད།
    ༼༣༽ ལམ་ཁ་འདི་གདམ་པ་ཡིན་ན། ད་ལྟའི་བོད་མིས་མ་འོངས་པའི་མི་རབས་ཀྱི་ལམ་ཁ་འགག་ཏུ་བཅུག་མེད། དེ་ལས་ལྡོག་ན། མ་འོངས་མི་རབས་ལ་ནུས་པ་ཡོད་སྲིད་ཀྱང་གཞི་འཛིན་ས་འཆོལ་ཟིན་པའི་དཀའ་ངལ་ཡོང་གི་ཡོད།

    ༢ སྐུ་ཚབ་ཚོགས་པ་ཤར་རྒྱག་ཏུ་ཐའི་ཝན་ནང་བཞིན་༼སྐམ་ས་ཚོགས་པ༽ལྟ་བུའི་ངོ་བོར་བསྒྱུར་རན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese