མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

བོད་ཀྱི་དུས་བབ།
༢༠༢༦/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp
རྩོམ་པ་པོ། ཤུལ་ལུས་ཁེར་རྐྱང་།
རྩོམ་ཁུངས། བོད་ཀྱི་དུས་བབ།

ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༢༤ ཉིན་གྱི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་བརྒྱད་པའི་ཐོག བཀུར་འོས་མདོ་སྟོད་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་ཀྱིས། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་ཀྱི་གསུང་བཤད་ལ་ལས་རིམ་རྣམ་བཞག་བཏོན་ཏེ། “དཔལ་ལྡན་ཚོགས་གཙོ་མཆོག ད་ལྟ་གནས་ཆུང་ཆོས་རྒྱལ་ཆེན་པོའི་གནད་དོན་དེ་གཅིག་རེད། རྒྱལ་བ་ཇོ་ནང་པའི་གནད་དོན་དེ་གཉིས་རེད། གནད་དོན་འདི་ཚོ་ཚང་མ་གྲོས་ཚོགས་ནང་ལ་དཀའ་ངལ་ཡོད་པའི་གནད་དོན་རེད།” ཅེས་གསུངས་པར་གཞིགས་ཏེ། གཤམ་གསལ་དྲི་བ་འདི་དག་ལ་སྐུ་ངོ་མཆོག་ནས་ངེས་པར་དུ་ལན་འདེབས་གསལ་པོ་གནང་དགོས་པའི་རེ་སྐུལ་ཞུ་རྒྱུ་ལ།

༡༽ རྒྱལ་བ་ཇོ་ནང་པ་ནི། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཡ་གྱལ་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འཇུག་ཡང་དག་པ་དང་། དུས་རབས་ ༡༣ པའི་ནང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས། གནས་མཆོག་ཇོ་ནང་དཔལ་གྱི་རི་ཁྲོད་དུ་རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་བསྟན་པ་བཤད་སྒྲུབ་གཉིས་ཀྱིས་གཏན་ལ་ཕབ་པས། ལྟ་གྲུབ་དང་ལོ་རྒྱུས་གང་གི་ཆ་ནས་ཀྱང་རང་རྐང་ཚུགས་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཞིག་ཡིན། བསྟན་པ་འདི་ཉིད་བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་ “དཀའ་ངལ་” ཞིག་ཏུ་ཇི་ལྟར་གྱུར་བ་ཡིན་ནམ། ཆོས་བརྒྱུད་ཅིག་གིས་རང་གི་ཐོབ་ཐང་རྩོད་པ་དེ་གྲོས་ཚོགས་ཀྱི་དཀའ་ངལ་ཡིན་ནམ། ཡང་ན་གྲོས་ཚོགས་ཀྱིས་འོས་བབ་ཀྱི་ཐག་གཅོད་མ་ཐུབ་པ་དེ་ཉིད་དཀའ་ངལ་དུ་གྱུར་བ་ཡིན།

༢༽ ཆོས་བརྒྱུད་ཆེན་པོ་འདི་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་དང་། བསྟན་བདག་བླ་ཆེན་རྣམ་པས་དབུས་པའི་དད་ལྡན་སེར་སྐྱ་ཡོངས་ཀྱིས་ཐུགས་བརྩེ་བ་ཆེན་པོས་ཇོ་ནང་པར་ཆོས་བརྒྱུད་གཞན་དང་ཐོབ་ཐང་འདྲ་མཉམ་དགོས་པའི་རྒྱབ་སྐྱོར་དུས་ནས་དུས་སུ་གནང་བཞིན་པ་འདི། བཙན་བྱོལ་བོད་མིའི་གྲོས་ཚོགས་ནང་གི་ “དཀའ་ངལ་” ཞིག་ཏུ་ཇི་ལྟར་ཆགས་པ་ཡིན་ནམ། འདི་ནི་༧གོང་ས་མཆོག་གི་བོད་ཀྱི་ཆོས་བརྒྱུད་རྣམས་དག་སྣང་དང་མཐུན་སྒྲིལ་གྱིས་གནས་དགོས་པའི་ལམ་སྟོན་དང་འགལ་བ་ཆགས་ཀྱི་མེད་དམ། བོད་ཀྱི་ཆོས་རིག་གོང་སྤེལ་དང་འདྲ་མཉམ་གྱི་ཐོབ་ཐང་སྤྲོད་རྒྱུ་དེ་ཁྱེད་ཀྱིས་དཀའ་ངལ་ཞིག་ཏུ་གཟིགས་ཀྱི་ཡོད་དམ།

༣༽ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་ན། ཆོས་ལུགས་དད་མོས་རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་ཡོད། ཇོ་ནང་པས་རང་ཉིད་ཀྱི་ཐོབ་ཐང་རྩོད་པ་དེ་ “དཀའ་ངལ་” དུ་བརྩི་བ་ནི། མང་གཙོའི་ཀ་བ་གསུམ་གྱི་ནང་ནས་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོས་ནས་འགན་ཁུར་མ་བཞེས་པ་དང་། ཐོབ་ཐང་འདྲ་མཉམ་ལ་བརྩི་འཇོག་མ་བྱས་པའི་རྟགས་མ་ཡིན་ནམ།

༤༽ 《འོད་སྲུང་གིས་ཞུས་པའི་མདོ་》 ལས། “འོད་སྲུང་ངའི་བསྟན་པ་ནི་མུ་སྟེགས་ཅན་དགུ་བཅུ་རྩ་དྲུག་གིས་ནི་འཇིག་པར་བྱེད་མི་ནུས་ཏེ། ངའི་དགེ་སློང་ང་དང་འདྲ་བས་འཇིག་པར་བྱེད།” ཅེས་གསུངས་པ་ལྟར། ནང་པ་སངས་རྒྱས་པའི་གྲུབ་མཐའ་ཁག་གི་བར་ལ་མཐོང་ཆུང་དང་། ཁྱད་གསོད། ཕྱོགས་རིས་བཅས་བྱེད་པ་ནི་བསྟན་པ་ནང་ནས་བཤིག་པའི་རྒྱུ་རེད། ཇོ་ནང་པའི་ཆོས་བརྒྱུད་འདི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་གཞན་དང་འདྲ་བར་སངས་རྒྱས་ཀྱི་བསྟན་པའི་ཆ་ཤས་གལ་ཆེན་ཞིག་ཡིན་པས། འདི་ལ་དབྱེ་འབྱེད་བྱེད་པ་དེས་སངས་རྒྱས་ཀྱི་བསྟན་པ་ནང་ནས་བཤིག་པའི་ཉེན་ཁ་བཟོ་བཞིན་ཡོད་པ་མ་ཡིན་ནམ།

༥༽ བཀུར་འོས་སྐུ་ངོ་ལགས་ཀྱིས་མཁྱེན་གསལ་ལྟར། རྒྱལ་བ་ཇོ་ནང་པས་མི་ལོ་ ༣༠ ལྷག་གི་རིང་ལག་གཉིས་ཐལ་མོ་སྦྱར་ཏེ། མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་ཁྲིམས་བཟོ་ལྷན་ཚོགས་སུ་ཁྲིམས་མཐུན་གྱི་རེ་སྐུལ་ཞུས་པ་དེ། བཅའ་ཁྲིམས་ཀྱི་དགོངས་དོན་གང་དང་འགལ་བ་ཡིན་ནམ། དྲང་བདེན་གྱི་རེ་འདུན་འདིས་གྲོས་ཚོགས་ཀྱི་ལས་དོན་གང་ལ་གནོད་ཀྱི་ཡོད་དམ། བོད་ཀྱི་ཆོས་རིག་དང་མཐུན་སྒྲིལ་གང་ལ་གནོད་ཀྱི་ཡོད་དམ། ཡང་ན་སྐུ་ངོ་མཆོག་གི་ལྟ་བ་དང་ཕྱོགས་རིས་ཀྱི་གོ་ས་འདི་ཉིད་སྲུང་སྐྱོབ་བྱེད་ཆེད་དུ། བོད་ཀྱི་ཆོས་བརྒྱུད་དྭངས་མ་ཞིག་གི་ཐོབ་ཐང་དེ་ “དཀའ་ངལ་” གྱི་མིང་བྱང་འོག་ནས་མེད་པར་བཟོ་འདོད་པ་ཡིན་ནམ། མང་གཙོའི་ལམ་ལུགས་ནང་མི་མང་གི་རེ་འདུན་ཞུ་བ་དེ་དཀའ་ངལ་ཞིག་ཡིན་ནམ། ཡང་ན་དེ་ལ་ལན་འདེབས་དང་འགན་ཁུར་མི་ཕོད་པའི་ཁྱེད་ཀྱི་ལངས་ཕྱོགས་དེ་དཀའ་ངལ་ཡིན།

སྐུ་ངོ་ལགས་ཀྱིས་གནད་དོན་འདིའི་ཐད་གཞིས་བྱེས་ཇོ་ནང་པ་ཡོངས་དང་། བསྟན་པ་འདིར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ངེས་པར་དུ་དགོངས་གསོལ་དང་གསལ་བཤད་གནང་དགོས།

མཆན། གོང་འཁོད་རྩོམ་ཡིག་འདི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ། 

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རྣམ་གླིང་རྫོང་ཁོངས་སུ་ཁུང་ཙིའི་སློབ་གསོ་ལག་བསྟར་མགོ་འཛུགས་བྱས།

ཆུ་ཚོད་ ༦ སྔོན་ལ།
TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

ཆུ་ཚོད་ ༡༠ སྔོན་ལ།
རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢

མཆན། 2

  1. ཚེ་རིང་དངོས་གྲུབ། says:
    ཟླ་བ། 3 སྔོན།

    སྤྱི་འཐུས་ཚོགས་ཆེན་སྐབས་ལས་དོན་གྱི་གྲོས་གཞི་གང་ཡིན་ལ་གཞི་བཟུང་གནང་ནས་ཞི་འཇམ་དང་ཡ་རབས་སྤྱོད་བཟང་གི་ཐོག་ནས་བཀའ་མོལ་གནང་བ་མ་གཏོགས་ཁུངས་བསྐྱེལ་ར་སྤྲོད་རྩ་བ་ནས་མེད་པར་དོགས་གཞི་འདྲ་མིན་དང་ཁུངས་ལུང་གང་ཡིན་གསལ་པོ་གསལ་དག་གང་ཡང་མེད་པར་སྐྱོན་རྗོད་འདྲ་མིན་སྣ་ཚོགས་གནང་གི་འདུག་པ་དེ་དག་ནི་མི་མང་ནང་ལ་སེམས་ཚབ་དང་དོགས་པ་མང་ཙམ་དང་འགའ་ཤས་ལ་གཞུང་ལ་དོགས་པ་མང་དག་ཡོང་རྒྱུ་ཡོད་པ་དེ་དག་ལ་ཐུགས་བསམ་རྣམ་དག་གནང་དགོས་འདུག་སེམས་ཀྱི་འདུག ། ཁྱེད་རང་རྣམ་པ་སྒེར་གྱི་མི་ལ་དགའ་མིན་གྱི་བཀའ་མོལ་ཡོང་སྲིད་པ་རེད། དེ་འདྲ་ཡོད་ན་ནང་ཁུལ་བཀའ་མོལ་གནང་ནས་ཞི་འཇམ་ཡོང་བ་བཟོ་གནང་ན་ཡག་གི་རེད། དེ་མིན་དྲ་རྒྱའི་ནང་ཐད་ཀར་རྙོག་མོལ་དེ་དག་ནི་གཞིས་བྱེས་བོད་མི་མང་ལ་སེམས་ཚབས་ཡོང་རྒྱུ་དང་ཡིད་ཐང་ཆད་རྒྱུ་མ་ཟད་སྤྱིར་རྙོག་མོལ་དེ་དག་བསྟན་དགྲ་རྒྱ་དམར་ལ་དགོས་རྒྱུ་དང་བེད་སྤྱོད་ངན་པ་གཏོང་རྒྱུ་སོགས་དང་ང་ཚོར་དགའ་ཞེན་ཅན་གྱི་ཕྱིའི་རྒྱལ་ཁབ་དང་མི་མང་རྣམས་ལའང་དོགས་ཟོན་གནང་དགོས་པ་ཡོང་ཉེན་རེད་ཞུ་རྒྱུ་ཡིན། འགན་བཞེས་མཁན་རྣམ་པས་ཕྱག་ལས་གང་དག་མ་གནང་བའི་ཁུངས་ར་སྤྲོད་རྒྱུ་ཡོད་ན་ཁུངས་གྲངས་ནས་ཕྱིས་སུ་དེ་དག་གནང་རོགས་ཞུ་བ་དང་། ནོར་འཁྲུལ་འདུག་ན་དེ་དག་མ་གནང་རོགས་གནང་ཞུ་བ་ལས་སྐྱོན་བརྗོད་ཚིག་ངན་གནང་ན་ཕན་གནོད་གང་ཡོང་སོམ་ཉི་རེད། དེ་ལས་ཞི་འཇམ་གྱི་ཐོག་བཀའ་མོལ་ཡ་རབས་སྤྱོད་བཟང་ཐོག་ནས་མ་འོངས་གསོན་རྩ་ཚོར་མིག་དཔེ་ཡོང་བ་གནང་རྒྱུ་གལ་ཆེན་རེད། ཞལ་ནས་མ་འོངས་སོན་རྩ་སོན་རྩ་གསུང་བཞིན་ཡ་རབས་སྤྱོད་བཟང་གི་མིག་དཔེ་མེད་ན་ཞལ་ཞེ་མཐུན་མིན་ཡིན་པ་དངོས་གསལ་རེད། སྤྱི་འཐུས་རྣམས་འཛིན་སྐྱོང་གི་ཁ་གཏད་མ་རེད་པ། རྒྱལ་ཁབ་རང་བཙན་ཅན་རྣམས་ཀྱི་ནང་ལ་སྲིད་དོན་ཚོགས་པ་འདྲ་མིན་ཡོད་པ་རྣམས་རང་ཉིད་རྒྱལ་ཁབ་ཀྱི་འཛིན་སྐྱོང་གི་རྒྱལ་ཁ་ཐོབ་ཆེད་འཛིན་སྐྱོང་གནང་མཁན་གྱི་སྲིད་དོན་ཚོགས་པ་ལ་སྐྱོན་བརྗོད་འདྲ་མིན་གནང་གི་ཡོད་པ་དེ་འདྲ་ང་ཚོའི་ཀ་བ་གསུམ་གྱི་གནང་སྟངས་དེ་མ་རེད། ང་ཚོ་ནི་རང་སྒེར་དང་སུ་གང་ཞིག་ལ་ཕྱོགས་ཞེན་མེད་པའི་ཐོག་ནས་བོད་གཞུང་གི་ཀ་བ་གསུམ་མཉམ་རུབས་ཀྱིས་གཞིས་བྱེས་སྤྱི་ལ་ཕན་པའི་ཐུགས་བཞེས་གནང་ནས་ལུས་ངག་ཡིད་གསུམ་གྱི་ལྷག་བསམ་རྣམ་དག་གིས་ཕྱར་བ་གྲུ་འདེགས་གནང་དགོས་རྒྱུ་དེ་རེད་ཞུ་རྒྱུ་ཡིན།

    Reply
  2. tsul2741@gmail.com says:
    ཟླ་བ། 3 སྔོན།

    གནས་ཚུལ་ཚ་བོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese