མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུ་མའི་ལམ་ནས་འཆམ་མཐུན་སྤྱི་ཚོགས་བསྐྲུན་དགོས།

བོད་ཀྱི་དུས་བབ།
༢༠༠༨/༡༠/༣༡
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོ་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་དགའ་ཞེན་ཆེ་བ་དེ་ནི་འགོག་ཐབས་ཡོད་པ་ཞིག་མ་རེད། ཏཱ་ལའི་བླ་མ་བོད་དུ་གདན་འདྲེན་ཞུས་ཏེ་དབུ་མའི་ལམ་གྱི་སྒང་ནས་གྲོས་བསྡུར་བྱེད་པ་ཡིན་ན་ད་གཟོད་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་ཐུབ་རྒྱུ་རེད། ཁོང་དང་གྲོས་མོལ་མ་བྱས་ན་འཆམ་མཐུན་སྤྱི་ཚོགས་ཡོང་ཐབས་མེད་ཟེར།

ཕྱི་ཚེས་ ༢༧ ཉིན་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་ནང་དུ་གནས་ཚུལ་རྒྱུས་ལོན་བྱས་པ་ཡིན་ལ། སྐབས་དེར་བོད་ནང་གི་འབྲེལ་ཡོད་མི་སྣ་ཞིག་གིས་བརྗོད་དོན། ཕྱི་ཚེས་ ༢༠ ནས་ ༢༦ བར་ཉིན་དྲུག་རིང་རྒྱ་ནག་གཞུང་གིས། ལོ་འདིར་མཚོ་སྔོན་གྱི་ས་ཁུལ་རིམ་པའི་དགོན་པ་ཁག་གི་འཐུས་མི་འདེམས་སྒྲིག་གིས་མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭ་རུ་ཚོགས་འདུ་ཞིག་སྐོང་འཚོགས་གནང་ཡོད་འདུག་ལ། ཉེ་སྔོན་མཚོ་ལྷོ་ས་ཁུལ་གྱི་དགོན་སྡེ་ཁག་གི་མི་སྣ་འཚོགས་ཟིན་པ་དང༌། ཐེངས་འདིའི་ཚོགས་འདུ་ནི་རྨ་ལྷོ་ཁུལ་འོག་གི་དགོན་པ་ ༣༦ གྱི་དགོན་པའི་དོ་དམ་ལྷན་ཁང་གི་འཐུས་མི་ ༣༢ ཙམ་སླེབས་ཡོད་པ་དང༌། ཚོགས་འདུ་དེའི་སྟེང་མཚོ་སྔོན་ཞིང་ཆེན་རིམ་པའི་མགོ་ཁྲིད་མང་པོ་ཕེབས་ཡོད་པ་དང༌། ཉིན་དྲུག་གི་ཚོགས་འདུ་དེའི་སྟེང་རྒྱ་ནག་གི་དཔོན་རིགས་ཚོས་ཚོགས་ཞུགས་གྲྭ་བ་ཚོར་ཐེངས་འདིར་སོ་སོའི་བསམ་ཚུལ་ཞེད་སྣང་མེད་པར་བཤད་རྒྱུའི་ཆོག་མཆན་སྤྲད་ཡོད་པ་དང༌། ཚོགས་འདུའི་བརྗོད་གཞི་ནི། ཏཱ་ལའི་རུ་ཚོགས་ཀྱི་བཟོ་ལྟ་ངོ་མར་དགག་རྒྱག་བྱས་ཏེ་སྤྱི་ཚོགས་འཆམ་མཐུན་ལ་སློབ་སྦྱོང་བྱེད་དགོས། དགོན་པའི་སྒྲིག་ཁྲིམས་དང་སྲུང་སྐྱོབ་སྐོར། རང་སྐྱོང་ལྗོངས་ཀྱི་བདག་དབང་གི་སྐོར་བཅས་གནད་དོན་གསུམ་གྱི་སྟེང་གྲོས་བསྡུར་དང་བསམ་འཆར་སྤེལ་རེས་བྱས་ཡོད་འདུག་འདུག 

སྐབས་དེར་ཚོགས་ཐོག་ཏུ་གྲྭ་བ་དྲུག་གིས་རང་ཉིད་ཀྱི་བསམ་ཚུལ་བཏོན་ཡོད་པ་དང་དེའི་ནང་གི་ཚོགས་མི་ཞིག་གིས་བློ་སྟོབས་ཆེན་པོས། ཏཱ་ལའི་བླ་མ་ལ་དགག་རྒྱག་ཟབ་མོ་བྱས་ཏེ་འཆམ་མཐུན་སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་དགོས་ཞེས་པའི་སྐོར་ལ། ཁོང་གིས། ཏཱ་ལའི་བླ་མར་དགག་རྒྱག་ཟབ་མོ་བྱས་ཏེ་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་བརྗོད་གཞི་དེའི་སྒང་ང་རང་འཐད་པ་མེད། ཁྱེད་རང་ཚོས་ཏཱ་ལའི་བླ་མ་མེས་རྒྱལ་ཁ་བྲལ་གཏོང་མཁན་དང་མི་ངན་པ་ཞིག་ཏུ་ངོས་བཟུང་ཡོད་པ་རེད། དེ་གཏན་ནས་མ་རེད། ཏཱ་ལའི་བླ་མ་ནི་བོད་ཆོལ་ཁ་གསུམ་གྱི་རྒྱལ་པོ་དང༌། ཏཱ་ལའི་བླ་མ་ནི་ནམ་མཁའི་ཉི་མ་ལྟ་བུ། ཁོང་ནི་ང་ཚོའི་ཁོག་གི་སྙིང་དང་དཔྲལ་བའི་མིག་ལྟ་བུ་ཡིན། ཏཱ་ལའི་བླ་མར་དགག་པ་རྒྱབ་སྟེ་འཆམ་མཐུན་སྤྱི་ཚོགས་ཡོང་དགོས་ཞེས་པ་དེ་ཡོང་ཐབས་མེད་པ་ཞིག་རེད། ཁྱེད་མགོ་ཁྲིད་རྣམ་པས་ཀྱང་ཧ་གོ་གི་རེད། ཏཱ་ལའི་བླ་མ་ཞུ་བ་འདི་ནི་འཛམ་གླིང་ན་སྙན་གྲགས་ཆེ་བ་དང༌། འཛམ་གླིང་མི་མང་གིས་གུས་བཀུར་བྱེད་བཞིན་པའི་མི་སྣ་གྲགས་ཆེན་ཞིག་རེད། ད་ལྟའི་དུས་འདིར་ཏཱ་ལའི་བླ་མ་ནི་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་མོ་དང༌། འཛམ་གླིང་ཞི་བདེའི་ལྡེ་མིག་ལྟ་བུ་རེད། ཏཱ་ལའི་བླ་མར་དགག་པ་རྒྱག་པའི་ཐད་ལ་ང་རང་གཏན་ནས་འཐད་པ་མེད། ང་རང་ཉིད་ལ་དཔེ་བཞག་ན། ང་ཐོག་མར་འཇིག་རྟེན་འདིར་སླེབས་པའི་དུས་དེར་བོད་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མ་བོད་ནང་ཁུལ་ཏུ་ཡོད་པ་མ་རེད། རྒྱ་གར་ཏུ་བྲོས་བྱོལ་ཏུ་ཕེབས་ཡོད་པ་རེད་ཅེས་གོ་མྱོང༌། ཡིན་ནའང༌། ངའི་སེམས་ཁོང་ན་ཁོང་ཡོད། ཁོང་དང་ན་མཉམ་གྱི་མི་དེ་དག་ཁོང་ལ་དགའ་ཞེན་ཆེ་བ་མ་ཟད་བོད་ཀྱི་གཞོན་སྐྱེས་ཚང་མའང་ཁོང་ལ་དགའ་གི་རེད། ཁོང་ལ་དགའ་ཞེན་ཇི་འདྲ་ཞིག་ཆེ་མིན་དེ་ང་ལ་བལྟས་པས་ཀྱང་ཤེས་ཐུབ། ངས་ཁོང་ཉིད་དངོས་སུ་མ་མཐོང་ནའང་ང་ཁོང་ལ་ཧ་ཅང་དགའ། དེ་བཞིན་ང་ལྟ་བུ་བོད་ཆོལ་ཁ་གསུམ་གྱི་བོད་མི་ཡོངས་ཁོང་ལ་དགའ་ཞེན་ཆེ། དེ་ནི་འགོག་ཐབས་མེད་པ་ཞིག་རེད།

ཏཱ་ལའི་བླ་མས་དབུ་མའི་ལམ་གླེང་གི་ཡོད་པ་རེད། སྤྱི་ཚོགས་འཆམ་མཐུན་ཡོང་དགོས་ན་ཏཱ་ལའི་བླ་མའི་དབུ་མའི་ལམ་ལ་ཡིད་ཆེས་བྱ་དགོས། ཏཱ་ལའི་བླ་མའི་གསུང་རྩོམ་འཛམ་གླིང་ནང་དར་ཁྱབ་ཆེ་བ་དང་རྒྱ་ནག་ནང་ཁུལ་ཏུའང་ཡོད་པ་རེད། དབུ་མའི་ལམ་སྐོར་གྱི་དཔྱད་པ་མང་པོ་ཡོད་པ་རེད། ཁྱེད་རྣམས་ཀྱིས་ཀྱང་ཁོང་གི་གསུང་ལ་བལྟས་རྗེས་བསམ་ཚུལ་རྒྱུས་ལོན་དང་བགྲོ་གླེང་བྱ་དགོས་པ་དང༌། ཁོང་གི་དབུ་མའི་ལམ་གྱི་སྒང་ལ་གྲོས་བྱས་ན་ཡག་པོ་ཡོང་གི་རེད། ཁྱེད་རང་ཚོས་ཏཱ་ལའི་བླ་མ་སྐུ་མྱ་ངན་ལས་འདས་པ་ཡིན་ན་བོད་ཀྱི་གནད་དོན་མཇུག་རྫོགས་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད། དེ་འདྲ་ཞིག་གཏན་ནས་མ་རེད། དེ་ལྟར་བྱུང་བ་ཡིན་ན་གནས་ཚུལ་ཚབས་ཆེན་དུ་འགྱུར་གི་རེད། ཁོང་ཉིད་བཞུགས་པའི་དུས་འདིར་དབུ་མའི་ལམ་གྱི་སྒང་ནས་གྲོས་བསྡུར་མ་བྱས་ན་བོད་ཀྱི་གནད་དོན་དེ་ཧ་ཅང་ཛ་དྲག་ཏུ་འགྱུར་རྒྱུ་རེད། གནས་ཚུལ་ཛ་དྲག་ཏུ་གྱུར་བ་ཡིན་ན་དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོ་ཚ་རེད། གལ་སྲིད་ཁོང་ཉིད་བོད་དུ་གདན་འདྲེན་བྱེད་མ་ཐུབ་ན་མཚོ་སྔོན་ཞིང་ཆེན་དང་ས་གནས་མི་མང་གི་ངོ་ཚ་རེད། ཏཱ་ལའི་བླ་མ་བོད་དུ་གདན་འདྲེན་ཞུས་ཏེ་དབུ་མའི་ལམ་གྱི་སྒང་ནས་གྲོས་བསྡུར་བྱེད་པ་ཡིན་ན་ད་གཟོད་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་ཐུབ་གི་རེད། ཁོང་དང་གྲོས་མོལ་མི་བྱེད་པ་ཡིན་ན་འཆམ་མཐུན་སྤྱི་ཚོགས་ནི་ཡོང་ཐབས་མེད་པ་ཞིག་རེད། གལ་སྲིད། ཁྱེད་ཚོའི་ཕ་མ་སྡུག་བསྔལ་ཆེན་པོ་ཞིག་གིས་མནར་ཏེ་ས་མཐར་འཁྱམས་པ་ཡིན་ན། ཁྱེད་ཚོ་ཡིན་ནའང་ཕ་བུ་ལྷན་འཛོམས་འབྱུང་འདོད་སྐྱེས་གི་རེད། དེ་བཞིན་བོད་ཆོལ་ཁ་གསུམ་གྱི་སྐྱེས་བོ་རྣམས་ཀྱི་ཕ་མ་ལྟ་བུའི་ཁོང་ཉིད་དང་ང་ཚོ་ཡང་མཉམ་འཛོམས་འབྱུང་འདོད་ཧ་ཅང་ཆེ། དེ་བཞིན་ཟླ་མཇུག་གི་བོད་རྒྱའི་གྲོས་མོལ་དེ་ལམ་སློང་ཡོང་བ་དང་ཞི་བདེ་ངང་ཐག་གཅོད་བྱ་རྒྱུ་དེ་མགོ་ཁྲིད་རྣམས་ལ་རེ་བ་ཡིན་ཅེས་དང༌། དེ་དང་ཆབས་ཅིག་ངའི་བསམ་ཚུལ་འདི་ཀྲུང་དབྱང་གི་མགོ་ཁྲིད་རྣམས་ལ་བརྗོད་རོགས་གནོངས་ཤེས་རེ་བ་ཞུས་ཡོད་པ་རེད་ཟེར།

ཁོང་གིས་མུ་མཐུད་དུ་ངོ་སྤྲོད་བྱས་དོན། སྐབས་དེར་རྒྱ་གཞུང་གི་དཔོན་རིགས་ཚོས་ཀྱང་ཁྱེད་ཅག་གིས་ཐེངས་འདིར་མངོན་ཀློག་མེད་པར་རེ་འདུན་བཏོན་པར་ང་ཚོ་དགའ་བོ་བྱུང་ཡོད། ཚོགས་འདུའི་སྟེང་གི་རེ་འདུན་ཁག་གོང་རིམ་ལ་སྙན་སྒྲོན་ཁ་གསལ་ཞུ་རྒྱུ་ཡིན་ཟེར་ཞིང༌། ཁྱེད་ཅག་གིས་བཤད་པའི་མི་རིགས་ས་གནས་རང་སྐྱོང་ཟེར་གྱིན་ཡོད་པ་ལས། བོད་པའི་སྐད་ཡིག་རིག་གཞུང་ཉམ་ཆགས་སུ་འགྲོ་བཞིན་ཡོད་པ་དེ་བོད་རིགས་གཅུག་པུ་མ་རེད། མི་རིགས་གཞན་མང་པོ་ཞིག་གི་རིག་གཞུང་རྩ་མེད་དུ་སོང་ཚར་ཡོད་པ་རེད་ཟེར་ཞིང༌། ཟླ་བཅུ་བའི་ཟླ་མཇུག་ཙམ་ལ་རྒྱ་གར་ནས་༧གོང་ས་མཆོག་གི་སྐུ་ཚབ་པེ་ཅིན་དུ་ཕེབས་ཏེ། བོད་རྒྱའི་གནད་དོན་ཐད་གྲོས་མོལ་གནང་འཆར་ཡོད་པ་རེད་ཟེར་སྐབས་རྒྱ་ནག་གི་དཔོན་རིགས་ཚོ་ཅུང་ཧང་སང་སྟེ། དོ་སྣང་ཆེན་པོས་གསན་གྱིན་འདུག་ཟེར། ཚོགས་འདུ་འདི་ནི་རྒྱ་ནག་གཞུང་གིས་ལོ་ངོ་གསུམ་རིང་རྒྱུན་བསྐྱངས་པའི་ཚོགས་འདུ་ཞིག་ཡིན་འདུག་ལ། གཙོ་བོ་ཏཱ་ལའི་བླ་མར་དགག་པ་རྒྱག་ཆེད་ཡིན་པས་གྲྭ་བ་མང་པོས་ཐེངས་འདིར་ཡང་ཚོགས་འདུ་འདིའི་ཐད་ལ་དགག་པ་དང་བསམ་ཚུལ་ཤུགས་ཆེར་གླེང་ཡོད་འདུག

 

 

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

མཆན། 5

  1. མྱི་སྨྱོན། says:
    ལོ་ 18 སྔོན།

    རེད་ཡ། འགག་པ་བརྒྱབ་ཡ་མང་ན་དེང་སྐབས་བོད་ཀྱི་བསྟན་དགྲ་ཆག་ཉེན་ཆེན་པོ་འདུག གཟབ་གཟབ་བྱེད་དགོས་སྨྱོན་པ་བསྐོར་ལ་སྐྱོན་མེད་ཡང་ཁྱེད་ཚོ་ལ་སླབ་བྱ་ཡིན། ལྷག་པར་པཱ་ལེ་བ་ཁྱོད་ཀྱི་པཱ་ལེ་ཡང་བཙོངས་མི་ཆོག་པ་བཟོ་ཡོང་།

    Reply
  2. གནས་ཚང་། says:
    ལོ་ 18 སྔོན།

    འོ། དགག་པའང་རྒྱབ་ཆོག་གི་རེད། སྒོས་སུ་གནས་ལུགས་ལྡན་པའི་བསམ་ཚུལ་ལ་དགའ་བསུ་ཞུ་གི་ཡིན།

    Reply
  3. གནས་ཚང་། says:
    ལོ་ 18 སྔོན།

    བོད་རྒྱ་ཆེ་མི་མང་མེད་ན། བཙན་བྱོལ་བ་ཆ་ཚང་ཚར་ཟིན་པ་རེད། ཁོང་རྣམ་པའི་ཐུགས་རྗེ་བསྟེན་ནས་ད་དུང་བོད་དོན་གནས་ཡོད་པས། ཚང་མ་ལོས་མ་འགྱོད་མ་ལན་པ་ཞིག གཡས་ཁག་གཡོན་དཀྲི་མེད་པ་ཞིག་གི་སྒང་ལ་བསམ་བློ་བཏང་ནས་ལམ་ཁ་འཚོལ་ཡ་ལས་འཁྲུལ་སྣང་བཤད་ནས་ཆོ་ཡོད་པ་མ་རེད། དེ་བས། ངས་རང་ཉིད་པཱ་ལེ་བ་ཞིག་ཡིན་པའི་གནས་རིམ་ལ་བསམ་བློ་མ་བཏང་བར་༼རང་ཐག་རང་གཅོད༽ཀྱི་ཐབས་ལམ་བཤད་ཡོད། རང་ཚོར་ཐབས་ཡོད་ན་ཐབས་ཤོད། དེ་མིན་ན་ཇི་ལྟར་ཡར་རྒྱས་གཏོང་ཕྱོགས་ལབ་ཤོག

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 18 སྔོན།

    དྲ་གྲོགས་རྣམ་པ་དང་བཙན་བྱོལ་ལ་གནས་པའི་བོད་རིགས་རྣམ་སྤུན་ཟླ་རྣམ་པ་ལགས། གཟིགས་དང་ཉོན་དང་། བོད་ནང་གི་བོད་མི་འདི་དག་གིས་རྒྱ་ནག་སྲིད་གཞུང་གིས་མེ་མདའི་འོག་ནས་རང་གི་གཅེས་པའི་ལུས་སྲོག་དང་ལོང་སྤྱོད་ཡོངས་སུ་རྫོགས་པ་ལོས་གཏོང་གིས་བོད་གཞིས་བྱེས་གཉིས་ཀྱི་བདེ་སྡུག་གླེང་པའི་སྙིང་སྟོབས་དང་སེམས་ཤུགས། ལར་ཞེན་དང་སྤོབས་པ་ལ་གཟིགས་དང་ཉོན་དང་། ང་ཚོས་ཁོང་ཚོས་གླེང་བཞིན་པའི་སྤོབས་པའི་ངང་བདེན་པ་སྐྱོར་ལུགས་དང་དྲི་མེད་ཀྱི་སེམས་ཤུགས་འདིས་ཅེར་བའི་དབྱངས་རྟ་ཐོས་དུས། ཅི་ཞིག་འདོད་བྱུང་། བོད་ནང་གི་རྒྱལ་གཅེས་དཔའ་བོ་དང་དབའ་མོ་ཡོངས་ཀྱི་སྙིང་སྟོབས་དང་ལར་ཞེན་ལ་གུས་མདུད་སེམས་གཏིང་ནས་ཞུ།

    Reply
  5. མྱི་སྨྱོན། says:
    ལོ་ 18 སྔོན།

    བོད་ནང་གི་མི་མང་འདི་དག་གི་སྙིང་སྟོབས་ལ་རྗེས་སུ་ཡི་རང་ཙམ་མ་ཡིན་པར་བཙན་བྱོལ་མི་མང་གིས་སློབ་སྦྱོང་བྱེད་དགོས་ཀྱི་འདུག ངེས་གོ་ཐོས་ལ་ཐེང་འདིའི་གྲྭ་ས་ཁག་གི་ཚོགས་འདི་སྐབས་གྲྭ་མང་གི་བསམ་ཚུལ་བཏོན་པ་ཡང་ཡག་པོ་འདུག་སེར་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese