མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཚེ་སྲོག་གི་བདེན་དཔང༌།

བོད་ཀྱི་དུས་བབ།
༢༠༠༨/༡༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

བདག་གིས་རང་སྲོག་རང་གིས་གཅོད་དོན། ང་རང་སྒེར་གྱི་དོན་དག་གང་ཡང་མིན། བོད་ལ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་མེད་པའི་གནས་སྟངས་ཐབས་རྡུགས་འདི་འཛམ་གླིང་མི་དམངས་ཡོངས་ལ་གསལ་སྟོན་བྱ་ཆེད་ཡིན། བོད་པའི་གནས་སྟངས་དངོས་དེ་ཐེངས་འདིར་ངས་རང་ཉིད་ཀྱི་ཚེ་སྲོག་གིས་བདེན་དཔང་བྱ་རྒྱུ་ཡིན།

འདི་གར་གནས་ཚུལ་འབྱོར་གསལ་ལྟར་ན། སྤྱི་ཟླ་ ༡༠ ཚེས་ ༡༨ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ ཡས་མས་ལ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྐང་ཚ་རྫོང་གཡུ་ལུང་སྡེ་བའི་སློབ་ཕྲུག་མིང་ལ་ལྷུན་འགྲུབ་ཞུ་བ་ཞིག རྨ་ལྷོ་ཁུལ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་མའི་ཉལ་ཁང་གི་སུམ་ཐོག་ནས་མཆོངས་ཏེ་རང་ཤི་བརྒྱབས་ཡོད་འདུག སྐབས་དེར་ཁོའི་སྟོད་ཐུང་གི་ཨམ་ཕྲག་ནང་དུ་ཡི་གེ་ཞིག་ཡོད་པ་དང༌། དེ་ནི་ཁོ་རང་གི་ཕུ་བོར་བཞག་པའི་ཁ་ཆེམས་ཡིན་འདུག ཁ་ཆེམས་ཀྱི་ཡི་གེ་དེའི་ནང༌། བདག་གིས་རང་སྲོག་རང་གིས་གཅོད་དོན། ང་རང་སྒེར་གྱི་དོན་དག་གང་ཡང་མིན། བོད་ལ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་མེད་པའི་གནས་སྟངས་ཐབས་རྡུགས་འདི་འཛམ་གླིང་མི་དམངས་ཡོངས་ལ་གསལ་སྟོན་བྱ་ཆེད་ཡིན། བོད་པའི་གནས་སྟངས་དངོས་དེ་ཐེངས་འདིར་ངས་རང་ཉིད་ཀྱི་ཚེ་སྲོག་གིས་བདེན་དཔང་བྱ་རྒྱུ་ཡིན། ངའི་ཚེ་སྲོག་མཆོད་འབུལ་བྱེད་དོན་ལ་རེ་བ་གཉིས་ཡོད། དང་པོ། བོད་ལ་རང་དབང་མ་ཐོབ་བར་ཚང་མའི་དེའི་ཕྱོགས་ལ་འབད་བརྩོན་བྱ་དགོས། གཉིས་པ། དགེ་སློབ་ཚང་མས་བོད་ཀྱི་ཕ་སྐད་རྒྱུན་འཛིན་བྱ་རྒྱུར་འབད་བརྩོན་བྱ་དགོས། ཞེས་བཀོད་ཡོད་འདུག

སློབ་ཕྲུག་ལྷུན་འགྲུབ་ལགས་ནི་ད་ལོ་རང་ལོ་ ༡༧ ཡིན་ཞིང༌། གཅན་ཚ་རྫོང་མི་རིགས་སློབ་འབྲིང་དང་པོའི་མཐོ་འབྲིང་དང་པོའི་སློབ་མ་ཡིན་འདུག ཁོང་སློབ་གྲྭ་དེར་ཞུགས་ཏེ་ལོ་གཅིག་ཙམ་ལས་སོང་མེད་ནའང༌། སློབ་སྦྱོང་དང་ཀུན་སྤྱོད། བསམ་བློ་གཏོང་ཕྱོགས་གང་ཅིའི་ཐད་ནས་ཕུལ་བྱུང་སློབ་མའི་གྲས་སུ་ཚུད་ཡོད་འདུག་པ་མ་ཟད། བོད་ཡིག་དང་བོད་སྐད་ལ་ཤིན་ཏུ་དུང་ཞེན་ཆེ་ཞིང་མཐོ་རིམ་སློབ་མའི་ཤེས་ཚད་དང་མཉམ་པ་ཡོད་འདུག ཁོས་བྲིས་པའི་རྩོམ་ཡིག་མང་པོ་ཞིག་ཚགས་པར་དང་དུས་དེབ་སོགས་སུ་ཐོན་ཡོད་པ་མ་ཟད། ཁོང་གི་ཕུ་བོ་ཡང་རྩོམ་པ་པོ་ཞིག་ཡིན་ཞིང༌། མིང་ལ་འཇམ་དབྱངས་རྒྱ་མཚོ། སྨྱུག་མིང་ལ་འོད་ཞུ་བཞིན་ཡོད་འདུག སྔོན་ཆད་ཁོང་སྤུན་མཆེད་གཉིས་ཀྱིས་སྔ་རྗེས་སུ་དཔེ་དེབ་རེ་བརྩམས་ཡོད་པ་དང༌། འདས་པོ་ལྷུན་འགྲུབ་ཀྱི་དཔེ་དེབ་ཁ་བྱང་ལ་རྒྱུད་སྐུད་ཕྲ་མོ་ཟེར་གྱིན་ཡོད་འདུག འདས་པོ་ལྷུན་འགྲུབ་ལགས་ནི་ད་ལོའི་གསུམ་བཅུའི་དུས་དྲན་རྗེས་སུ་བོད་ནང་དོན་རྐྱེན་བྱུང་སྐབས། གཅན་ཚ་རྫོང་སློབ་འབྲིང་གི་ཐང་ཆེན་དང༌། རྫོང་སློབ་ཆུང་ར་བའི་རྒྱ་ནག་གི་དར་ཆ་ཕབ་སྟེ། མེར་བསྲེག་གཏོང་མཁན་གྱི་གྲས་སུ་ཡང་ཡོད་འདུག གནས་སྟངས་འདི་དག་གི་རྐྱེན་གྱིས་ད་ཆར་སློབ་གྲྭ་དེར་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེ་རུ་གཏོང་མགོ་བརྩམས་ཡོད་འདུག

གནས་ཚུལ་འདི་དག་བོད་ནས་ཁ་པར་བརྒྱུད་འབྱོར་བ་ཞིག་ཡིན་ཞིང༌། གནས་ཚུལ་མཁོ་སྤྲོད་པའི་མུ་མཐུད་བརྗོད་དོན། ངས་གནས་ཚུལ་འདི་ཕྱིར་བསྒྲགས་བྱེད་དོན་ནི། ལྷུན་འགྲུབ་ཀྱི་ཚེ་སྲོག་བོད་དོན་ཆེད་ཕུལ་བ་དེ་བོད་མི་ཡོངས་ཀྱི་སྙན་ལམ་དུ་འབུལ་ཆེད་ཡིན་ལ། གཞིས་ལུས་བོད་མི་སྙིང་སྟོབས་ཡོད་རིགས་ཚོས་འདི་ལྟར་རང་ཉིད་ཀྱི་ཚེ་སྲོག་བདེན་དཔང་དུ་འཇོག་གིན་ཡོད། དེ་མིན་གཞན་དག་གིས་ཀྱང་ལྷག་བསམ་རྣམ་དག་གིས་ལས་དོན་མང་པོ་ཞིག་སྒྲུབ་བཞིན་ཡོད། མ་འོངས་པར་ཡང་གང་ཐུབ་ཀྱིས་བསྒྲུབ་རྒྱུ་ཡིན། ཕྱིར་རྒྱལ་དུ་སྡོད་པའི་བོད་རིགས་ཚང་མའི་སེམས་ཤུགས་མ་ཆགས་པར་ཧུར་ཐག་བྱ་རྒྱུ་ངའི་རེ་བ་ཡིན་ཞེས་བརྗོད་ཡོད་འདུག

གོང་གི་གནད་དོན་འདིའི་ཐད། བཙན་བྱོལ་བོད་གཞུང་གི་ད་ལོའི་བོད་ནང་གི་དོན་རྐྱེན་ཐད་ཆེད་འཛུགས་གནང་བའི་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དང༌། བསྒྲགས་གཏམ་དེའི་ནང༌། རྒྱ་ནག་གཞུང་གིས་ད་དུང་བོད་ས་ཡོངས་སུ་ཧ་ཅང་དམ་དྲག་དང་འཇིགས་སྐུལ་བྱེད་བཞིན་ཡོད་པ་གསལ་པོ་རེད། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ། ང་ཚོས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱལ་སྤྱིའི་མི་སྤྱོད་ལས་འདས་པའི་མནར་གཅོད་འགོག་པའི་ཚོགས་པའི་ལམ་སྟོན་ལྟར། རྒྱ་གཞུང་ནས་ལག་བསྟར་འཕྲལ་མར་ཡོང་ཆེད། གཤམ་གསལ་ཛ་དྲག་གི་རེ་འབོད་ཞུ་རྒྱུ་ཡིན། དང་པོ། བོད་ཡོངས་སུ་རྒྱལ་སྤྱིའི་རང་དབང་ཅན་གྱི་ཞིབ་འཇུག་ཚོགས་པ་ཁག་འཕྲལ་དུ་གཏོང་དགོས། གཉིས་པ། རིས་སུ་མ་ཆད་པའི་གསར་འགོད་པ་བོད་ས་ཡོངས་སུ་གཏོང་དགོས། གསུམ་པ། བོད་ས་ཡོངས་སུ་དྲག་གནོན་གསོད་བརྡུང་གི་སྦྱོར་ངན་འཕྲལ་དུ་མཚམས་འཇོག་དགོས། བཞི་བ། འཛིན་བཟུང་དང་བཙོན་འཇུག་བྱས་པའི་བཙོན་པ་ཡོངས་འཕྲལ་དུ་གློད་དགོས། ལྔ་བ། བོད་མིའི་ཐོག་དྲང་བདེན་མིན་པའི་ཁྲིམས་ཐག་གཅོད་བཞིན་པ་རྣམས་འཕྲལ་དུ་མཚམས་འཇོག་དགོས། ཞེས་དོན་ཚན་ལྔ་ཡི་དགོས་འདུན་བཏོན་འདུག

 

 

 

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

ཆུ་ཚོད་ ༧ སྔོན་ལ།
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

ཆུ་ཚོད་ ༩ སྔོན་ལ།
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

མཆན། 12

  1. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    མི་རིགས་ལ་རྒྱ་སྙིང་ལ་བཅིངས་ནས་བཞུད་ཐལ།།
    མ་ཡུབ་སློབ་གྲྭ་ཞིག་ནས་ཕྱིར་མིག་ལྟ་བཞིན།།
    སྲོག་གིས་འགྲོ་སོང་བཏང་པས་ཡིག་འབྲི་དམར་པོ།།
    མགོ་ནག་བོད་ལ་བཞག་པས་ཁ་ཆེམས་ལོས་ཡིན།།

    Reply
  2. རྐང་གླིང་བུ། says:
    ལོ་ 15 སྔོན།

    གཡུང་ལྷུན་འགྲུབ་ཅེས་པའི་ལོ་ཆུང་ཤེས་ལྡན་ཞིག་གིས་བོད་མི་རིགས་ཀྱི་བདེ་དོན་གྱི་ཆེད་དུ་གཅེས་སྲོག་བདེན་དཔང་དུ་བཞག་ཡོད་ལ།མངོན་པར་མཐོ་བའི་ཁང་བརྩེགས་བརྗིད་པོའི་སྟེང་དུ་མཆོངས་སྐབས་༼དཀོན་མཆོག་རྣམ་གསུམ་གཙུགས་ཏུ་བཀུར་ནས།།རྒྱལ་དབང་བླ་མར་གསོལ་བ་འདེབས།།༽ཞེས་ངག་ནས་ལྷང་ལྷང་དུ་གྲག་གིན་འདུག་སྐད།བདག་གིས་རང་སྲོག་རང་གིས་གཅོད་དོན།ང་ལ་ཟས་གོས་གནས་མལ་གྱིས་མནར་ཞིང་ནད་ཀྱིས་གཟེར་བཏབ་པ་མིན་ལ། གཅེས་པའི་ལུས་སྲོག་འདི་ལ་གཙི་བཀུར་མ་བྱས་པ་ནི་དེ་བས་མིན། དེང་བོད་གངས་ཅན་ལ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་མེད་པར་སྡུག་བསྔལ་གྱིས་གདུང་ཞིང་ཉིན་མཚན་འཁྱོལ་དཀའ་བ་འདི་འཛམ་གླིང་མི་དམངས་ཡོངས་ཀྱིས་གསལ་རྟོགས་ཡོངས་སླད།བདག་གི་མི་ལུས་རིན་ཆེན་འདི་བློས་གཏོང་བྱས་ཏེ་བདེན་དཔང་བྱེད་རྒྱུ་ཡིན།བདག་གི་སེམས་ཁོང་ན་ལྷོག་ལྷོག་ཏུ་འཕྱུར་བའི་གཏམ་མཆིད་གཉིས་ནི།དང་པོ།བོད་ལ་རང་དབང་མ་ཐོབ་བར་ཚང་མའི་དེའི་ཕྱོགས་ལ་འབད་བརྩོན་བྱ་དགོས།གཉིས་པ།དགེ་སློབ་ཚང་མས་བོད་ཀྱི་ཕ་སྐད་རྒྱུན་འཛིན་བྱ་རྒྱུར་འབད་བརྩོན་བྱ་རྒྱུ་དེ་ཡིན།ད་དུང་ཕྲན་གྱི་ལག་གཡོན་པར་རྣོན་པོ་རལ་གྲིས་༼བོད༽ཅེས་བྲིས་ཡོད་པ་འདི་ཕྲན་སླར་ཡང་ཉིང་མཚམས་སྦྱར་ཏེ་ལུས་རྟེན་གསར་བ་ཞིག་ལེན་སྐབས་སྐྱེས་པ་འདི་ངེས་འཛིན་བྱེད་ཀྱི་མཚོན་རྟགས་ཡིན་ཞེས་ཁོའི་ཨམ་ཕྲག་ནང་དུ་བཅུག་ཡོད་པའི་ཤོག་ངོས་སྟེང་གསལ་འདུགད་དུང་ལུས་རྟེན་མ་ཞིག་པའི་ཉིན་གཉིས་ཀྱི་སྔོན་ཕ་ཡུལ་དུ་སྤྲིངས་པའི་འཕྲིན་ཡིག་གི་དབུར་༼དཀོན་མཆོག་རྣམ་གསུམ་གཙུགས་ཏུ་བཀུར་ནས།།རྒྱལ་དབང་བླ་མར་གསོལ་བ་འདེབས།།༽ཞེས་བྲིས་འདུགགཡུང་རུང་ལྷུན་འགྲུབ་ཚེ་རིང་ནི༡༩༩༢ལོར་མཚོ་བྱང་ཁུལ་རྐང་ཚ་རྫོང་གཡུང་རུང་དཔོན་སྐོར་གྱི་ཕ་བཀྲ་ཤིས་རྣམ་རྒྱལ་དང་མ་ཆོས་མཚོ་གཉིས་ཀྱི་བུར་བཙས།རང་ལོ་བཅུ་བ་སྟེ་༢༠༠༡ལོར་འོམ་བུ་ཆུ་ཞིང་བཅའ་སྡོད་སློབ་གྲར་ཞུགས་ཤིང་འཛིན་གྲ་རིམ་འཕར་གྱིས་སློབ་ཆུང་མཐར་སོན།ཉིས་སྟོང་དྲུག་དང་བདུན།བརྒྱད་ཀྱི་ལོ་མགོའི་བར་རྐང་ཚ་རྫོང་མི་རིགས་སློབ་འབྲིང་དུ་སློབ་སྦྱོང་ལ་འབད་པ་མི་དམན་པ་བྱས་ཏེ་ཕུལ་བྱུང་སློབ་མའི་བྱ་དགའ་ཡང་ཐོབ་མྱོང་།་སློབ་གྲའི་གུང་སེང་སྐབས་རྣམས་སུ་རྐང་ཚའི་དགོན་ཆེན་གྱི་སློབ་གྲ་ཞི་བདེ་ཤེས་རིག་གླིང་དུ་བོད་ཀྱི་རིག་གནས་ཐུན་མོང་བ་སུམ་དག་སྙན་གསུམ་དང་རྒྱ་དབྱིན་སྐད་ཡིག་ལའང་ཟུར་སྦྱོང་བྱས།ཁོས་བྲིས་པའི་རྩོམ་ཡིག་མང་པོ་ཞིག་ཚགས་པར་དང་དུས་དེབ་སོགས་སུ་ཐོན་ཡོད་པ་མ་ཟད།༼རྒྱུད་སྐུད་ཕྲ་མོ་༽ཞེས་པའི་སྙན་དེབ་ཞིག་པར་བསྐྲུན་བྱས།༢༠༠༨ལོིའི་སུམ་བཅུ་དུས་དྲན་ནས་བཟུང་བོད་ས་སྟོད་སྨད་ཀུན་ཏུ་རྒྱ་གཞུང་གི་སྲིད་ཇུས་ནོར་འཁྲུལ་ཅན་ལ་བོད་མི་དམངས་ཀྱིས་མི་འདོད་པའི་འོས་ལངས་ཆེན་པོ་བྱས་དང་བྱེད་བཞིན་པ་ཐོས་པས།རང་དང་བསམ་བློ་གཅིག་པའི་སློབ་མ་ཁག་ཅིག་དང་ལྷན་དུ་སྤྱི་ཟླ་གསུམ་པའི་ཚེས་བཅུ་དྲུག་ནས་བཟུང་སྲིང་ལམ་ཁག་ཏུ་ཡིག་ཆ་གཏོར་བ་དང་བརྩིགས་པ་དང་གྱང་ངོས་སོགས་སུ་སྦྱར་ཡིག་སྦྱར་བ་དང་སྣག་ཚ་དང་ལྕགས་མཚོན་སོགས་ཀྱིས་བོད་རང་དབང་རང་བཙན་གྱི་ཡི་གེ་བྲིས་བ་མ་ཟད།སློབ་གྲའི་མདུན་ཐང་དུ་དཔྱངས་པའི་རྒྱ་མིའི་དར་དམར་མར་ཕབ་ཅིང་།ཤུལ་ཏུ་ལག་བྲིས་བྱས་པའི་གངས་སེང་རྟགས་ཅན་གྱི་བོད་ཀྱི་རྒྱལ་དར་བཏགས་པ་སོགས་ཀྱི་ལས་འགུལ་སྣ་ཚོགས་བྱས་མོད།འོན་ཀྱང་ཚེས་༡༨ནས་བཟུང་སློབ་གྲའི་ཕྱི་ནང་ཀུན་ཏུ་དམ་དྲག་ཤུགས་ཆེན་བྱས་པར་བརྟེན་རེ་ཞིག་དེ་མུར་ལུས།ཟླ་དྲུག་པའི་ནང་བོད་ཡིག་སློབ་པར་ཆེད་དུ་དམིགས་ཏེ་རྨ་ལྷོ་ཁུལ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་དང་པོའི་མཐོ་འབྲིང་དུ་འཛུལ་ཞུགས་བྱས་ཏེ་ཟླ་འགའ་ལས་སོང་མེད་ནའང༌།སློབ་སྦྱོང་དང་ཀུན་སྤྱོད།བསམ་བློ་གཏོང་ཕྱོགས་གང་ཅིའི་ཐད་ནས་ཕུལ་བྱུང་སློབ་མའི་གྲས་སུ་ཚུད་ཡོད་འདུག་པ་མ་ཟད།བོད་ཡིག་དང་བོད་སྐད་ལ་ཤིན་ཏུ་དུང་ཞེན་ཆེ་ཞིང་མཐོ་རིམ་སློབ་མའི་ཤེས་ཚད་དང་མཉམ་པ་ཡོད་འདུགད་དུང་ཁོས་ཡུན་རིང་དུ་བོད་མི་རིགས་ཀྱི་རྩ་་དོན་གྱི་ཐད་ཟིན་བྲིས་མཛད་པ་འབྲི་དེབ་བཞི་ཡོད་པ་ལས་གཅིག་གི་ཁ་བྱང་ལ་༼བཙོན་འོག་ཏུ་ལུས་པའི་བོད་མི་༽བྱས་པ་མ་གཏོགས་གཞན་རྣམས་ཉེན་རྟོགས་པའི་ལག་ཏུ་ཤོར་ཟིན།ཁོས་དེ་ལྟར་བོད་ཀྱི་བདེ་སྡུག་ལ་མནོ་བསམ་བཏང་།སློོབ་སྦྱོང་ལ་སྦྱང་བརྩོན་ལྷོད་མེད་བྱེད་བཞིན་པའི་མུར་ལུགས་རྙིང་གི་ཟླ་༡༠པའི་ཚེས་༡༨ཉིན་བོད་མི་རིགས་ཀྱི་བདེ་དོན་གྱི་ཆེད་དུ་གཅེས་སྲོག་བདེན་དཔང་དུ་བཞག་ཡོད་ལ།མངོན་པར་མཐོ་བའི་ཁང་བརྩེགས་བརྗིད་པོའི་སྟེང་དུ་མཆོངས་སྐབས་༼དཀོན་མཆོག་རྣམ་གསུམ་གཙུགས་ཏུ་བཀུར་ནས།།
    རྒྱལ་དབང་བླ་མར་གསོལ་བ་འདེབས།།༽ཞེས་ངག་ནས་ལྷང་ལྷང་དུ་གྲག་བཞིན་སྤོབས་པ་དང་གཟི་བརྗིད་ཀྱི་ངང་ནས་འཇིག་རྟེན་གཞན་ཞིག་ཏུ་བཞུད་པའི་ལོ་རྒྱུས་ཉུང་བསྡུས་སོ།།
    འབྲེལ་གཏུག་ཁ་པར། ༩༩༠༢༥༤༢༦༨༦
    འབྲས་སྤུངས་སྒོ་མང་བྱ་བྲལ་ཁང་ཚན།

    Reply
  3. མྱི་སྨྱོན། says:
    ལོ་ 15 སྔོན།

    ཨོཾ་མ་ནི་པདྨེ་ཧྰུཾ ངས་ཡང་གུས་འདུད་ཞུ།
    གངས་ཅན་པའི་དཔའ་བོ་ཁྱེད
    ཚེ་སྲོག་བོད་ཡུལ་ལ་ཕུལ
    འདིར་ ཁྱེད་ལ་མྱ་ངན་དང་གུས་འདུད་ཞུ་མཁན་
    བོད་མི་གཅེས་མ་རེ་ལས་གཞན་གང་
    འདི་ནི་ ཁྱེད་ཀྱི་ཕྱིར་མིག་གིས་མཐོང་བའི་ལག་སྐྱེས་རེད
    ནུ་བོ་ཆུང་ཆུང་་
    འདི་ལྟར་ བོད་ཀྱི་དཔའ་བོ་གང་མང་ཞིག་གི་རྨི་ལམ་
    ད་དུང་རྨི་ལམ་ན་གནས
    དངོས་གནས་སྐྱོ་ཞིང་ ངུ་འདོད་་་་་་་དཔའ་བོ་ཚོ་་་

    Reply
  4. གླེན་པ་ལུག says:
    ལོ་ 15 སྔོན།

    དྲ་གྲོགས་ལྷན་རྒྱས། དེ་རིང་ངའི་ཁོར་ཡུག་གི་མི་རྣམས་ཀྱིས་བརྗོད་པ་ལྟར་ན་པན་ཆེན་ཆུང་སྲིད་རིན་པོ་ཆེ་གློད་གྲོལ་བྱས་འདུག་ཟེར། སྐད་ཆ་དེ་བདེན་པ་རེད་དམ། བདེན་པ་ཡིན་ན་གནས་ཚུལ་དེའི་འབྱུང་ཁུངས་གང་རེད་གསལ་བཤད་ཅིག་གནང་རོགས་མཁྱེན་མཁྱེན།

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    དྲ་གྲོགས་སྟག་སྨྱོན་ལགས། མིག་སྡེབས་ཐེངས་གཅིག་ལ་མ་ནི་གྲངས་ཀྱི་མི་ལོངས་པ་ཞིག་བཏོན་འདུག ངོས་ནས་མི་ཡ་རབས་ཤིག་འདུག མིང་ལ་སྨྱོན་པ་ཟེར་ནོ་མ་གཏོགས་དོན་ལ་སྨྱོན་པ་ཞིག་རེད་མི་འདུག ཡག་པོ་རེད། ཨོཾ་མ་ནི་པདྨེ་ཧྰུཾ ཨོཾ་མ་ནི་པདྨེ་ཧྰུཾ ཨོཾ་མ་ནི་པདྨེ་ཧྰུཾ
    འདས་པོ་ལྷུན་འགྲུབ་ཀྱི་མཚོན་པའི་བོད་གངས་ཅན་ཚང་གི་འདས་པའི་དབའ་བོ་དབའ་མོ་ཡོངས་ཀྱི་ཆེད་དུ། ཨོཾ་མ་ནི་པདྨེ་ཧྰུཾ། ཨོཾ་མ་ནི་པདྨེ་ཧྰུཾ །ཨོཾ་མ་ནི་པདྨེ་ཧྰུཾ་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་འཛིན་པར་ཤོག

    Reply
  6. སྟག་སྨྱོན། says:
    ལོ་ 15 སྔོན།

    ཨོཾ་མ་ནི་པདྨེ་ཧྰུཾ x 90000000000000000000000000000000000

    Reply
  7. dokbu says:
    ལོ་ 15 སྔོན།

    དྲ་གྲོགས་རྣམ་པ། ང་ཚོའི་འདི་ལྟར་ན་ཆུང་ཁོའི་སྙིང་སྟོབས་དང་ཁ་ཆེམས་ལ་སྟོད་ར་
    རེ་བྲིས་ནས་སྡོད་པ་ལས་ཁོའི་ཆེད་དུ་ཁ་འདོན་དང་བསྔོ་སྨོན་རེ་བྱེད་
    རྒྱུ་གལ་ཆེ་བ་མ་རེད་དམ།

    Reply
  8. སྟག་སྨྱོན། says:
    ལོ་ 15 སྔོན།

    སྙིང་སྟོབས་དང་ལ་རྒྱ་ཅན་གྱི་གཞོན་ནུ་འདི་གཅིག་པོ་ལག་སྟོང་དུ་ཕེབས་སོང་བར་མྱ་ངན་ཡོད། འོན་ཀྱང་འདི་ལྟར་གཅིག་པོས་རང་སྲོག་བཏང་བ་ཙམ་མ་ཡིན་པར། ཁྱིམ་མཚེས་རྒྱ་རྒན་གཅིག་གཉིས་ཤིག་གི་སྙིང་བཏོན་ནས་ཁྱེར་ཐུབ་ཡོད་ན་ཅི་མ་རུང་། ད་ནས་དཔའ་པོ་ཚོས་རང་ཤི་བརྒྱག་རྒྱུ་མཚམས་བཞག་ནས། གཡུལ་ཤི་བརྒྱག་དགོས་པ་རེད། དེ་ལྟར་བྱས་ཚེ་སྤྱི་དོན་ཆེད་རང་སྲོག་བཏང་བའི་བྱས་རྗེས་སྟེང། དགྲ་བོ་གཅིག་རྩ་མེད་བཟོས་པའི་བྱས་རྗེས་ཀྱང་ཡོད་པ་རེད།

    Reply
  9. གད་སྙིགས་ཁྲོད་ཀྱི་ནོར་བུ། says:
    ལོ་ 15 སྔོན།

    རེད་ཡ།
    ངོ་མ་ཁོང་ན་ཆུང་ལྷུན་གྲུབ་ང་ཚོར་དཔེ་སྟོན་དཔའ་བོ་རེད།
    ཡོད་ཚད་བོད་ལ་གནག་པའི་ལོ་ཆུང་བོད་པའི་དཔའ་བོ་རེད།
    ནམ་ཡང་བོད་ལ་ཞེན་པའི་ལྷུན་གྲུབ་བོད་པའི་ཕོ་རྒོད་རེད།
    ནམ་ཡང་བརྗེད་དུ་མི་རུང་ལོ་ཆུང་དཔའ་བོའི་སྙིང་སྟོཔས་རེད།

    Reply
  10. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    བཞུད་སོང་། བོད་ཀྱི་བདེ་སྡུག་ལ་ཚེ་སྲོག་གི་བདེན་དབུང་བྱེད་མཁན་གྱི་དབའ་བོ་ལགས། ལྷུན་འགྲུབ། ལས་ངན་བོད་པ་ཚང་གི་བདེན་དོན་ཕྱིར་ལ་བསྒྲགས་ཆེད་དང་། ལས་ངན་བོད་པ་ཚང་གི་བོད་ཡིག་དང་བོད་ཀྱི་རང་དབང་དོན་དུ། ཁྱེད་རང་དེ་ལྟར་བཞུད་སོང་། ལས་ངན་པའི་མི་རིགས་འདིས། ཁྱེད་ཀྱིས་སྙིང་གཏམ་དང་ཁ་ཆེམས་གོ་བར་སྨོན།
    ལྷག་པར་དུ་མགོ་ནག་མི་ལ་ཆེས་ལྐོག་གྱུར་དུ་གྱུར་བའི་ཡུལ་ཁམས་དེ་ན། ཁྱེད་རང་ལ་ངལ་བ་དང་སྡུག་བསྔལ་མེད་པར་ཤོག
    དྲ་གྲོགས་ཚོ། ང་ཚོས་དབའ་བོ་ལྷུན་འགྲུབ་ལ་རྒྱལ་གླུ་ལེན། སྲིད་ཞིའི་ཕན་བདེ་འདོད་རྒུ་འབྱུང་་་་་་
    ཤི་བོ་འདིས་ཁ་ཆེམས་དང་སྙིང་གཏམ་ང་ཚོ་བོད་ལ་བཞག་ཡོད། འདས་པོ་འདིས་ཕྱིར་མིག་དང་ཞེན་ཆགས་ཀྱང་བོད་ལ་བྱས་ཡོད་པ་བརྗེད་མི་རུང་ངོ།

    Reply
  11. གནས་ཚང་། says:
    ལོ་ 15 སྔོན།

    བྱུང་རབས་ཆུ་ལ་བསྐྱུར་བའི་དུས་རབས་ཤིག
    ཚེ་སྲོག་འབེན་ལ་གཏད་པའི་མི་རབས་ཤིག
    འདི་ཡིན་དེ་མིན་འཁྲུག་པའི་མི་རིགས་ཤིག
    འདི་གསུམ་བསམ་ན་སྨྲེང་བའི་དུད་སྤྲིན་འཕྱོ།

    Reply
  12. གླེན་པ་ལུག says:
    ལོ་ 15 སྔོན།

    གང་ལྟར་ཀྱང་། ཁྱེད་རང་བུད་སོང་། ནོར་འཕྱུག་གི་སྲང་མདའི་མཐོ་དམན་གང་དུ་ཕྱོགས་ཀྱང་འགྲིག
    ཁྱེད་རང་བུད་སོང་། འདི་ལྟར་བུད་སོང་བའི་ཡིད་ཆེས་ནི།
    ངའི་རྣམ་དག་གི་སེམས་པ་ཡིན།
    ནུ་བོ་ཆུང་ཆུང་ལྷུན་གྲུབ་ལགས།
    མིག་ཟུང་གི་བསིལ་བ་ཕྲོམ་ཕྲོམ།
    མྱ་ངན་གྱི་སེམས་འགྱུ་ལྷོག་ལྷོག
    ནམ་ཞིག སུ་ཡང་འདི་ལྟར་དུ་ཡོང་ངེས་ཡིན།
    ནུ་བོ་ཆུང་ཆུང་། ཕྱིར་མིག་བོད་དུ་གཟིགས་རོགས།
    སུ་ཞིག་ཡོང་གི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist