ད་ལོའི་བོད་ནང་གི་ཞི་རྒོལ་ཁྲོད་འཛིན་བཟུང་བྱས་པའི་མདོ་དབུས་ཁམས་གསུམ་གྱི་གྲྭ་བཙུན་དང༌། མི་སྐྱ་ ༢༧ ཙམ་ལ་ཉིན་འདི་འགར་རྒྱ་གཞུང་གིས་ཉེས་མིང་སྣ་ཚོགས་བཙུགས་ཏེ། ལོ་ ༡༥ ནས་ ༢ བར་གྱི་ཁྲིམས་ཐག་བཅད་འདུག
འདི་གར་གནས་ཚུལ་འབྱོར་བ་ལྟར་ན། ཟླ་ ༡༠ བའི་ཚེས་ ༢༨ ཉིན་ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་འབྲིང་རིམ་ཁྲིམས་ཁང་གིས་ཨ་མཆོག་མཚན་ཉིད་དགོན་པའི་རང་ལོ་ ༣༣ ཡིན་པ་གྲྭ་ཀླུ་སྒྲུབ་ཤེས་རབ་དང༌། སྨྲ་སེང་བཞད་སྒྲ་ཡི་དུས་དེབ་རྩོམ་སྒྲིག་པ་རང་ལོ་ ༢༣ ཡིན་པ་གྲྭ་ཀླུ་སྒྲུབ་ཕུན་ཚོགས་གཉིས་ལ་ལོ་ངོ་ ༡༣ རེ་དང༌། ། སྐྱོར་དཔོན་རང་ལོ་ ༤༣ ཡིན་པའི་དམེ་རུ་ཚུལ་ཁྲིམས་རྒྱ་མཚོ་ལ་ལོ་ ༩ དང༌། མཐའ་བ་མའི་སྐྱོར་དཔོན་རང་ལོ་ ༤༣ ཡིན་པ་གྲྭ་ཀླུ་སྒྲིབ་བསྟན་དར་ལ་ལོ་ ༧ བཅས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག
ཟླ་ ༡༠ ཚེས་ ༢༥ ཉིན་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་ཁྲིམས་ཁང་གིས་སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་རང་ལོ་ ༢༧ ཡིན་པ་གཟའ་རུ་བསྟན་པ་རྒྱ་མཚོ་དང༌། རྔ་བ་ཁྱུང་ཆུ་རྫོང་གི་ཁྱུང་ཆུ་རྫོང་ཁྲིམས་འཛིན་ཅུའུ་ནས་ཡིན་པ་རང་ལོ་ ༣༠ ཡིན་པའི་དབལ་བཟའ་ནོར་འཛིན་དབང་མོ་གཉིས་ལ་ལོ་ ༥ རེ་དང༌། རང་ལོ་ ༢༧ ཡིན་པའི་རྐ་ཆུ་ཁ་པ་དཀོན་མཆོག་ཚུལ་ཁྲིམས་དང༌། རང་ལོ་ ༢༤ ཡིན་པའི་གཟའ་རུ་དཀོན་མཆོག་གྲགས་པ་གཉིས་ལ་ལོ་ངོ་ ༤ རེ་བཅས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག
ལྷ་ས་ལྷུན་གྲུབ་རྫོང་གྲོང་བརྡལ་དུ་ཞི་རྒོལ་གནང་མཁན་བོད་མི་བློ་བཟང་ཚེ་རིང་དང༌། རྡོ་ལགས་དང༌། སྤྱི་ཟླ་ ༩ བའི་ཚེས་ ༢༥ ཉིན་བོད་ཁྱིམ་སློབ་ཟུར་བསྟན་འཛིན་ཆོས་འཕེལ་བཅས་ལ་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག་པ་དང༌། དེ་བཞིན་སྐལ་ལྡན་ཆོས་གྲགས་དང༌། ལྷག་སྒྲོན། བསྟན་པ་དོན་གྲུབ། བློ་བཟང་མཁས་མཆོག རྡོ་རྗེསྒྲོལ་མ། བསྟན་འཛིན་ཡེ་ཤེས། བཀྲ་ཤིས་རྣམ་རྒྱལ་བཅས་ལ་ལོ་ ༡༤ ནས་ ༥ བར་གྱི་ཁྲིམས་ཐག་བཅད་འདུག ལྷ་ས་གྲོང་ཁྱེར་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་ཟིང་སློང་བའི་ཉེས་མིང་འོག་ཞི་རྒོལ་བ་ཕུན་ཚོགས་བསྟན་དར་ལ་ལོ་ ༣ དང༌། ཕུན་ཚོགས་ཁྲ་ལྡན་ལ་ལོ་ ༢ ཀྱི་ཁྲིམས་ཐག་བཅད་འདུག ཆུ་ཤུལ་རྫོང་མི་མང་ཁྲིམས་ཁང་གིས་རྭ་སྟོད་དགོན་གྱི་གྲྭ་བློ་བཟང་ཚེ་འཕེལ་ལལོ ༩ དང༌། སྒྲིག་བཀོད་གཏོར་བཤིག་གི་ཉེས་མིང་འོག་བོད་མི་ཚེ་རྣམ་ལ་ལོ་ ༥ བཅས་ཀྱི་ཁྲིམས་ཐག་བཅད་འདུག
སྤྱི་ཟླ་ ༡༠ ཚེས་ ༢༨ དང་ ༢༩ ལ་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་མདོ་རྫོང་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གདོང་ཐོག་དགོན་གྱི་རང་ལོ་ ༢༦ ཡིན་པ་ཤེས་རབ་བཟང་པོ་ལ་ལོ་ ༦ དང༌། མིང་གསལ་ཁ་མེད་པའི་གསེར་རྟ་རྫོང་ཁོངས་ཀྱི་བོད་མི་ཞིག་ལ་ལོ་ ༡༠ ། གསེར་ཆུ་སྟེང་ནས་ཡིན་པ་དངོས་དགའ་ཞུ་བར་ལོ་ ༨ ། གྲུ་ཁ་སྟེང་ནས་ཡིན་པ་ཚེ་རིང་ནོར་བུ་ལ་ལོ་ ༡༠ ། ཕ་ཡུཡ་དཀར་མཛེས་ནས་ཡིན་པ་བློ་དགའ་ལ་ལོ་ ༣ གྱི་ལོ་ ༣ བཅས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག
གོང་གི་ཁྲིམས་ཐག་བཅད་ཡོད་པའི་བོད་མི་འདི་དག་ནི་ཉེ་ཆར་གསར་དུ་ཁྲིམས་ཐག་བཅད་པ་དག་ཡིན་ལ། ད་དུང་གར་སོང་ཆ་མེད་དུ་སོང་བའི་དང་ཁྲིམས་ཁང་གང་དུ་ཡོད་མེད་མི་ཤེས་པའི་གང་མང་ཡོད་འདུག
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།