མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཛ་དྲག་གི་ཤོག་ལྷེ་ཞིག

བོད་ཀྱི་དུས་བབ།
༢༠༠༨/༡༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

 བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༣༡ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

བོད་མི་རིགས་ཀྱིས་དེ་རིང་འབྲི་བཞིན་པ་ནི་བོད་ཀྱི་ལོ་རྒྱུས་ཐོག་ཚད་མཐོ་ཤོས་དང་ཆེས་ཛ་དྲག་གི་ཤོག་ལྷེ་དེ་ཡིན། ཤོག་ལྷེ་འདིའི་སྒང་དུ་བོད་གངས་ཅན་པའི་མཐོ་རིམ་མི་སྣའི་ཐུགས་རེ་དང་གཞི་རིམ་མང་ཚོགས་ཀྱི་བསམ་ཚུལ་བཅས་གཞི་གཅིག་ཏུ་འབྲི་གི་ཡོད། ཡིན་ཡང༌། གནས་སྟངས་དང་གནས་ཚུལ་ཁག་ཅིག་ནམ་རྒྱུན་ཁ་གསལ་གཏིང་གསལ་དུ་མེད་པའི་དབང་གིས། དམིགས་བསལ་ཚོགས་ཆེན་འདི་གྲོལ་བའི་ཕྱི་ཉིན་ང་ཚོས་ཤོག་ལྷེ་གསར་བ་འདིའི་སྟེང་ནས་ལོ་རྒྱུས་རྙིང་བ་ཞིག་བསྐྱར་དུ་མི་ཀློག་པའི་ངེས་པ་མི་འདུག

བོད་མིའི་དམིགས་བསལ་ཚོགས་ཆེན་དེ་ཉིན་འདི་དག་རིང་ངྷ་སར་འཚོགས་བཞིན་ཡོད་ལ། ཚོགས་མི་ ༥༠༠ ལྷག་བོད་མི་ཁ་འཐོར་དུ་གནས་སའི་འཛམ་གླིང་གི་ཡུལ་ལུང་གང་ས་ནས་ཕེབས་ཤིང༌། ཁོང་ཚོས་ཐབས་དང་ཤེས་རབ་གསར་པ་འཁྱེར་ཏེ་རྒྱལ་བ་རིན་པོ་ཆེ་མཆོག་དང་བཙན་བྱོལ་བོད་གཞུང་ལ་ཕྱར་གྲུ་མཉམ་འདེགས་བྱེད་པར་ཡོང་ཡོད། ཡིན་ཡང༌། ཚོགས་ཆེན་འདིའི་སྟེང་གི་ཞན་ཆ་གཙོ་བོ་ནི་ཚོགས་ཞུགས་པ་དག་ལ་ནམ་རྒྱུན་རང་རང་གི་དྲན་ཕྱོགས་དང་འདོད་ཕྱོགས་ཀྱི་བསམ་ཚུལ་ཙམ་མ་གཏོགས། ལོ་རྒྱུས་ཀྱི་རིན་ཐང་འཇོག་ཐུབ་པའི་ཐབས་དང་ཤེས་རབ་འཁྱེར་ཡོང་རྒྱུ་མེད་ལ། ལྷག་པར་དུ། ད་ལྟའི་བོད་མིའི་འཐབ་རྩོད་ཀྱི་གོ་རིམ་དང་གནས་བབ། འཐབ་བྱུས་སོགས་ཀྱི་ཐད་ནས་ནམ་རྒྱུན་འདེང་ངེས་ཀྱི་གནས་ཚུལ་རག་གི་མེད་ལ། བཙན་བྱོལ་བོད་གཞུང་གིས་ཀྱང་བོད་རྒྱའི་འབྲེལ་མོལ་འདི་མཚམས་མ་ཆད་བར་དུ་བོད་མིའི་ཕྱོགས་ཀྱི་དགོས་འདུན་ཁག་ཁ་གསལ་གཏིང་གསལ་གྱིས་མ་བསྒྲགས་པ་དང༌། རང་གི་མང་ཚོགས་ཁྲོད་དུས་ཐོག་ཏུ་སྦྱང་བཤད་དང་གསལ་བཤད་བྱས་པ་ཉུང་དྲག་པའི་དབང་གིས་མང་ཚོགས་འདི་དག་དུས་ལ་སླེབས་དུས་ཁ་གྲག་མི་ཤེས་པ་ཞིག་ཏུ་གྱུར་ཡོད། འདིའི་དཔེ་མཚོན་ཉེ་ཤོས་ཤིག་ནི། དམིགས་བསལ་ཚོགས་ཆེན་གྱི་ཚོགས་ཞུགས་པ་མང་བོ་ཞིག་གིས་སྐུ་ཚབ་རྣམ་གཉིས་ཀྱི་གསལ་བསྒྲགས་མཐའ་མ་དེ་གོ་མེད་པ་དང༌། ཁག་ཅིག་གིས་༧གོང་ས་མཆོག་གིས་དམིགས་བསལ་ཚོགས་ཆེན་སྟེང་བསྩལ་བའི་གསུང་འཕྲིན་ཡང་གོ་མེད་པ་ལྟ་བུས་མཚོན། འདི་ལྟའི་ཉེར་ལེན་ལ་བརྟེན་ཁ་སང་དེ་རིང་གི་ཚོགས་ཆེན་སྟེང་དུའང་ད་ལྟའི་བོད་རྒྱའི་ཆབ་སྲིད་ཀྱི་གནས་བབ་མ་རྟོགས་པ་དང༌། ༧གོང་ས་མཆོག་དང་བཀའ་ཤག་གི་ཐུགས་རེ་ཅི་ཡིན་མ་རྟོགས་པའི་དབང་གིས་ཚོགས་ཆེན་འདིར་ཞིབ་ལྷོད་ཀྱི་གོ་བསྡུར་ཞིག་ཡོང་ཁག་པར་གྱུར་ཡོད་ཚུལ་ཀྱང་སྒྲོག་གི་ཡོད།

ཚོགས་ཞུགས་པ་དག་གི་དཀའ་རྙོག་གཞན་ཞིག་ནི། ཚོགས་ཆེན་གྱི་གྲོས་གཞི་དང་ཚོགས་ཆེན་གྱི་དམིགས་ཡུལ་གཉིས་མཉམ་དུ་མཐུད་མ་ཐུབ་པའམ་གསལ་བོར་མ་རྟོགས་པའི་དབང་གིས་ཡིན་པར་སྣང༌། བཀའ་ཁྲི་མཆོག་ལྟར་ན། ཚོགས་ཆེན་གྱི་གྲོས་གཞི་ལྟེ་བ་ནི་ད་ལྟའི་དངོས་ཡོད་གནས་ཚུལ་ལ་གཞིགས་པའི་མ་འོངས་པར་བོད་མིའི་རྩ་དོན་སྒྲུབ་ཕྱོགས་ཇི་དགེ་ལ་གཞི་རིམ་མང་ཚོགས་ཀྱི་དགོངས་ཚུལ་དང་མངོན་འདོད་མཚོན་ཐུབ་པ་ཞིག་དགོས་པ་དེ་ཡིན་ལ། དམིགས་ཡུལ་མཐའ་མ་ནི་འབྱུང་འགྱུར་བོད་མིའི་རྩ་དོན་སྒྲུབ་ཕྱོགས་ཇི་འདྲ་ཞིག་བཟུང་ཡང་མང་ཚོགས་ཀྱི་བཀའ་ལུང་ཡོད་པ་གསལ་བོ་ཆགས་ཐུབ་པའི་ཆེད་དུ་ཡིན་འདུག འད྄ིའི་གོ་དོན་ནི་མ་འོངས་པར་མི་དམངས་ཀྱི་མངོན་འདོད་མཚོན་ཞིང༌། མི་དམངས་ཀྱི་བཀའ་ལུང་ཡོད་པའི་སྲིད་བྱུས་ཤིག་འཚོལ་གྱི་ཡོད་པ་གསལ་བོ་ཆགས་ཡོད་པར་འདོད། དེས་ན་ད་རེབ་ཀྱི་ཚོགས་ཞུགས་པ་རྣམས་ཀྱིས་ཀྱང་འདི་ལྟར་མི་དམངས་ཀྱི་མངོན་འདོད་མཚོན་ཐུབ་པ་དང༌། མི་དམངས་ཀྱི་བཀ྄འ་ལུང་ཆགས་ཐུབ་པའི་སྲིད་བྱུས་འཛིན་ཕྱོགས་ཤིག་ལ་གོ་བསྡུར་གནང་རྒྱུ་ནི་གནད་ཆེ་བར་འདོད་དོ།།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

ཁྱེད་བཞུད་ཤུལ་ན།

ཆུ་ཚོད་ ༦ སྔོན་ལ།
དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

༢༠༢༦/༠༧/༠༣
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

༢༠༢༦/༠༧/༠༣
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡

མཆན། 3

  1. སྐར་མ། says:
    ལོ་ 18 སྔོན།

    ད་ནི་ང་ཚོས་བོད་དོན་འཐབ་རྩོད་ཀྱི་རི་མོ་འདི་ཆེ་རུ་འབྲི་དགོས་གི་འདུག ང་ཚོས་བོད་གཅིག་པུ་མིན་པར་ཧི་མ་ལ་ཡའི་མངའ་ཁུལ་བརྟན་ལྷིང་གླེང་དགོས་གི་འདུག ཆབ་སྲིད་ལ་དབྱེ་ཞིབ་བྱེད་དུས་ཀྱང་ཁ་ཐུག་ཏུ་པེ་ཅིན་དང་ངྷ་ས་གཉིས་ཀྱི་འབྲེལ་བའི་གནས་སྟངས་ལ་བལྟ་བ་ཙམ་མིན་པར། མངའ་ཁུལ་ཧྲིལ་བོ་གླེང་དགོས་པ་རེད། འདི་དང་མཉམ་དུ་རྒྱ་ནག་གིས་བོད་བཙན་འཛུལ་བྱེད་ཀྱིན་པ་འདིས་ཧི་མ་ལ་ཡའི་མངའ་ཁུལ་དང་འབྲེལ་བའི་རྒྱལ་ཁབ་ཚང་མར་ཉེན་ཁ་དང་འཇིགས་སྐུལ་བྱེད་ཀྱིན་པའི་གནས་བབ་བཤད་དགོས་ལ། ཧི་མ་ལ་ཡའི་མངའ་ཁུལ་གྱི་བརྟན་ལྷིང་གླེང་མཁན་མི་རིགས་ས་སྐྱེས་རྡོ་སྐྱེས་ལྟ་བུ་ནི་བོད་མི་རིགས་ཡིན་དགོས་པ་རེད། བོད་མིའི་ཁྲོད་དུ་བོད་དོན་ཁོ་ན་གླེང་མཁན་མང་མོད་ཡུལ་བབ་སྲིད་བྱུས་ཀྱི་ཐོག་ནས་བོད་དོན་འདི་རྒྱལ་སྤྱིའི་རིམ་པ་ཞིག་ལ་སྐྱེལ་མཁན་དཀོན་པོ་རེད། འདི་ང་ཚོས་དོ་སྣང་བྱེད་དགོས་ས་གཙོ་བོ་ཞིག་རེད་སྙམ།

    Reply
  2. འཁྱམས་པོ། says:
    ལོ་ 18 སྔོན།

    དེ་ལྟར་རེད་བདག་གི་ཟིན་བྲིས་ནང་དུ་གསལ་བ་ལྟར་དེ་ནི་གཞུང་དམངས་གཉིས་ཀྱི་ཆབ་སྲིད་བསམ་བློའི་ཆུ་ཚད་མ་ལོན་པའི་མངོན་རྟགས་ཤིག་རེད། གཞུང་གི་ངོས་ནས་དུས་ཐོག་ལྟར་ཆབ་སྲིད་ཀྱི་གནས་བབ་མང་ཚོཊ་ལ་རྒྱུད་བསྒྲག་མ་བྱས་པ་དང་དམངས་ཚོཊ་ཀྱི་ངོས་ནས་ཀྱང་ད་ནི་མངོན་འདོད་ཤོད་ཟེར་དུས་བསམ་བློ་ལ་གཏད་སོ་མེད་པ་ཞིག་ཆཊ་འགྲོ་གིན་ཡོད་པ་ནི་ང་ཚོའི་སྤྱི་ཚོཊ་ནང་དུ་ཆབ་སྲིད་ལ་དོ་སྣང་མེད་པའམ་མ་བྱས་པའི་རྟགས་རེད། དེ་ནི་ཆེས་ནོར་འཕྲུལ་ཆེ་ཤོས་རེད་ང་ཚོ་ནི་ཆབ་སྲིད་ཀྱི་སྐྱབས་བཅོལ་པ་ཡིན་པས་ཆ་ནས་རང་གཞུང་གི་ཆབ་སྲིད་ལངས་ཕྱོཊ་དང་ལྟ་པ་སོཊ་ལ་བྱང་ཆུབ་པས་སྒོ་ནས་རྒྱལ་སྤྱིའི་ཆབ་སྲིད་ལའང་དོ་སྣང་ཤུགས་ཆེན་པོ་བྱེད་དགོས་པ་རེད། ད་ནི་གང་ལྟར་འདི་དང་དེ་ལྟ་བུའི་ནོར་འཕྲུལ་གང་མང་ཞིག་གི་ཁྲོད་ནས་ཐ་མའི་མི་མང་གི་མངོན་འདོད་དམ་འབབ་ས་ཞིག་རག་ཐབས་ལ་འབད་རྒྱུ་ལས་མ་ཐོན་མ་འཕྱུང་གི་ཚིག་དེ་བཤད་བསྡད་ན་གང་ཡང་ཡོང་རྒྱུ་མེད་པ་འདྲ། དེ་ལས་མ་འོངས་པར་ང་ཚོའི་སྤྱི་ཚོགས་ནང་དུ་ཆབ་སྲིད་ལ་དོ་སྣང་ཡག་ཙམ་ཞིག་བྱེད་རྒྱུ་གལ་ཆེན་རེད།

    Reply
  3. དགྲ་འདུལ། says:
    ལོ་ 18 སྔོན།

    མི་ཚོས་ལྟོག་པས་ཟས་དང་སྐོམ་པས་ཆུ་ལ་རེ་བ་ལྟར་སྒུག་པའི་དམིགསབསལ་ཚོགས་ཆེན་འདིའི་སྟེང་། རྒོད་པོ་ཐེད་ལ་འབབ་འབབ་དང་། སྤྱང་ཀི་ཤ་ལ་རྒྱུག་རྒྱུག་བྱས་ནས་མི་རྣམས་འཚོགས་རུང་། ད་ནི་སླར་ཡང་འ་ཆད་འུ་ཐུག་གི་སྒོ་ནས་གྲོལ་དགོས་པ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese