ཕྱི་ཚེས་ ༣༠ ཉིན་ཐའེ་ཝན་རྒྱལ་སྤྱིའི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༧གོང་ས་མཆོག་གིས་འཆར་ལོའི་ནང་ཁོང་ཉིད་ཐའེ་ཝན་དུ་ཆིབས་བསྒྱུར་གནང་སྲིད་པའི་སྐོར་ཉེ་ཆར་བཞུགས་སྒར་ནས་གསར་འགོད་པའི་དྲི་བའི་སྐབས་གསུངས་ཡོད་པ་དང་། སྐབས་དེར་ཁོང་གིས་ཐའེ་ཝན་གྱི་དམངས་གཙོར་བསྟོད་བསྔགས་གནང་བ་མ་ཟད། ཁོང་ཉིད་ནས་འཆར་ལོའི་ནང་གླིང་ཕྲན་དེའི་ནང་གཟིགས་སྐོར་གནང་ཐུབ་པའི་ཐུགས་རེ་གནང་གི་ཡོད་སྐོར་གསུངས་ཡོད་འདུག
གལ་སྲིད་༧གོང་ས་མཆོག་འཆར་ལོ་ཐའེ་ཝན་དུ་ཕེབས་ཐུབ་ཚེ་དེ་ནི་ཁོང་ཉིད་ལོ་ ༧ གྱི་རྗེས་ནས་གླིང་ཕྲན་དེ་ཆིབས་བསྒྱུར་གནང་བ་ཆགས་གི་ཡོད་པ་རེད།
༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཉེ་ཆར་བཞུགས་སྒར་ནས་གསུངས་དོན། ད་ལྟ་རྒྱ་ནག་དང་ཐའེ་ཝན་གྱི་འབྲེལ་བ་དེ་ག་ལེར་ཡར་རྒྱས་སུ་འགྲོ་གི་ཡོད་སྟབས། འདི་ནི་དུས་སྐབས་ཡག་པོ་ཞིག་ཡིན་པ་འདྲ། ངོས་རང་ཐའེ་ཝན་དུ་ལོ་འགའི་རང་འགྲོ་ཐུབ་མ་སོང་། ཡིན་ནའང་ངོས་ནས་ཐའེ་ཝན་ག་དུས་ཡིན་ནའང་བརྗེད་གི་མེད་ཅེས་གསུངས་ཡོད་ཚུལ་གོང་གསལ་ཐའེ་ཝན་གྱི་རླུང་འཕྲིན་ཁང་གིས་བརྗོད་ཡོད་པ་རེད།
གཤག་བཅོས་བྱ་རན་རེད།
སྤྱིར་བོད་ཡིག་དང་བོད་སྐད་ཀྱི་བར་ལ་ཅུང་མི་མཐུན་ས་རེ་ཡོད་པ་རེད་དེ་ནི་ང་ཚོ་གཅིག་བུ་མ་རེད་ཕྱིའི་རྒྱལ་ཁབ་ཁག་གི་སྐད་ཡིག་ལའང་ཡོད་པ་རེད་ལྷག་པར་དུ་ཡིག་ཐོག་དུ་འབྲི་བ་དང་ངག་ཐོག་ནས་ཤོད་དུས་ཡུལ་སྐད་སོཊ་མ་འདྲ་པས་འགྱུར་བ་ཐེབས་སྲིད་པས་ཡིག་ཐོག་གི་གཞུངས་ལུགས་དེ་རྩ་འཛིན་བྱེད་དགོས། དེའི་ཕྱིར་བོད་ཡིག་ལ་སུམ་རྟགས་དག་གསུམ་གྱི་གཞུངས་ལུགས་དེ་རྩ་འཛིན་བྱེད་རྒྱུ་གལ་ཆེན་རེད། གལ་སྲིད་གི་དང་གྱི་སོཊ་ཀྱི་ཐོབ་ཁུང་ལ་འགྱུར་བཏང་ཚེ་རིམ་པས་གཞུངས་ལའང་འགྱུར་བ་ཐེབས་སྲིད་པས་ཟབ་ཟབ་བྱེད་རྒྱུ་གལ་ཆེན་རེད་སྙམ།
“ཆགས་གི་ཡོད་པ་རེད”ཚིག་འདི་རྡོ་ཆགས་བཙན་སྒྲིག་བྱས་པ་ཞིག་མ་རེད་དམ། ཆགས་ཀྱི་ཡོད་པ་རེད་ཅེས་བྲིས་ན་ག་འདྲ་བབ་ཆགས་པོ་འདུག རྩོམ་སྒྲིག་པ་ཚོས་གི་སྒྲ་སྤྱོད་སྟངས་དེ་ལ་གནས་ལུགས་རྩ་བ་ནས་མི་འདུག ཐ་ན་ཁྱེད་རང་ཚོ་ལ་ཡིད་ཆེས་དང་གདེངས་ཚོད་གང་ཡང་མེད་པར་འཆོལ་འདུག་པ་གསལ་བོ་རེད།
ཁྱེད་ཚོས་སྐབས་རེ་གང་བྲིས་ན་འཚམ་པོ་ཡོད་མེད་མ་ཤེས་པའི་དམར་འཐོམ་བརྒྱག་གི་ཡོད་པ་གསལ་བོ་མཐོང་གི། དེ་ལས་ཡི་གེའི་ཁྲིམས་ལུགས་གཞིར་བཟུང་གིས་འབྲི་ཐུབ་ན་ཡག་པོ་ཡོད་པ་རེད། འོ། གོང་གི་གནས་ཚུལ་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ།
འདི་ནི་གཏམ་བཟང་ཞིག་རེད། ༧གོང་ས་མཆོག་གི་ཐུགས་སྨོན་བཞིན་ཕེབས་ཐུབ་པར་ཤོག ཡིན་ཡང་། ཁོང་ལ་ག་དུས་ཡིན་ཡང་སྐུ་ངལ་གསོ་བས་དུས་ཚོད་མེད་པར་བོད་དང་འགྲོ་བས་དོན་བྱེད་ཀྱི་ཡོད་ཀྱང་། བོད་པ་ཚང་གི་སྐུ་ངོ་དག་གིས་རང་ཉིད་ལྷོད་བསྡོད་བྱེད་སའི་རྐུབ་སྟེགས་རྒས་རྒྱུ་མེད་པ་དེའི་སྟེང་ནས་མི་དམངས་ལ་འདི་༧གོང་ས་མཆོག་གི་བཀའ་རེད་ཟེར་ནས་བསྡོད་བཞིན་པས་རྣམ་པ་འདི་དག་མཐོང་ཐེངས་རེ་སེམས་ནང་དུ་སྡུག་རེ་ཡོང་།