མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔེ་སྟོན་སློབ་གྲྭའི་འགྲེམས་སྟོན་བྱ་འགུལ།

བོད་ཀྱི་དུས་བབ།
༢༠༠༨/༡༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

མེས་དཔོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་དགེ་ལས་ཡོངས་ཀྱིས། འདས་པའི་ལོ་གསུམ་རིང་དཀའ་སྡུག་མཐའ་དག་ལ་གདོང་ལེན་བྱས་ཏེ་སློབ་མའི་རིག་གནས་སློབ་སྦྱོང་དང༌། ཀུན་སྤྱོད་སོགས་ཡར་རྒྱས་སུ་ཕྱིན་ཡོད་པ་མ་ཟད། ལག་ཤེས་སློབ་སྦྱོང་ལའང་འཕེལ་རྒྱས་ཆེན་པོ་ཕྱིན་འདུག 

  ཟླ་ ༡༢ པའི་ཚེས་ ༡ ཉིན་གྱི་སྔ་དྲོ་དཔེ་སྟོན་སློབ་གྲྭའི་གོ་སྒྲིག་འོག་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་རིག་གནས་འགྲེམས་སྟོན་གྱི་བྱ་འགུལ་ཞིག་སྤེལ་སོང་ལ། དེ་ནི་སློབ་མ་ཚོས་བྲིས་པའི་རི་མོ་དང༌། བོད་ཡིག་དང་དབྱིན་ཡིག་གི་རྩོམ་ཡིག བསྒྱུར་རྩོམ། ཚུགས་རིང་དང་ཚུགས་ཐུང་། འཁྱུག་ཚུགས་སོགས་ཀྱི་ཡིག་གཟུགས། གཞན། སློབ་མའི་ལག་ཤེས་སྐོར་གྱི་ཐོན་རྫས་མང་པོ་ཞིག་འགྲེམས་སྟོན་བྱས་སོང༌། གསར་འགོད་པས་འདིའི་ཐད་ཀྱི་གནས་ཚུལ་སློབ་སྤྱི་ཚེ་རིང་གཡུ་སྒྲོན་ལགས་སུ་དྲིས་པར། ཁོང་གིས། དཔེ་སྟོན་སློབ་གྲྭར་མཚོན་ན་བྱ་འགུལ་འདི་ཐེངས་དང་པོ་ཆགས་ཡོད། ང་ཚོས་གངས་སྐྱིད་ནས་འགྲེམས་སྟོན་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་སློབ་མའི་ཕ་མ་མང་ཆེ་བ་གངས་སྐྱིད་དུ་ཡོད་པ་དང༌། ཕ་མ་ཚོར་བྲེལ་བ་ཆེ་བ། ང་ཚོར་འགྲེམས་སྟོན་བྱེད་སའི་ས་ཆ་མེད་པ་སོགས་ཀྱིས་ད་ལྟའི་བར་སྒྲུབ་ཐུབ་མ་སོང༌། དེ་རིང་ང་ཚོས་ཕ་མ་ཚོར་རང་གི་བུ་ཕྲུག་གིས་སློབ་སྦྱོང་བྱས་པའི་གྲུབ་འབྲས་སྟོན་ཆེད་བྱ་འགུལ་འདི་སྤེལ་བ་ཡིན་ཅེས་བརྗོད་སོང་ལ། ཡང་ཁོང་གིས། སློབ་གྲྭའི་ནང་ཟླ་རེའི་གཟའ་སྤེན་པ་དང་པོ་དང་བཞི་བ། ཉིན་གོང་རྒྱབ་ཀྱི་དུས་ཚོད་ནང་ལག་ཤེས་སྐོར་སློབ་སྦྱོང་བྱེད་ཀྱིན་ཡོད། དངོས་རྫས་འདི་དག་ནི་འགྲེམས་སྟོན་ལ་དམིགས་ཏེ་བཟོས་པ་མིན་པར་སློབ་མས་ལག་ཤེས་སློབ་སྦྱོང་སྐབས་བཟོས་པ་རེད། སློབ་མ་ཚོར་འདི་ལ་སྤྲོ་སྣང་ཆེན་པོ་འདུག འདི་ཐེངས་དང་པོ་ཡིན་པ་དང་རྗེས་མར་འདི་ལྟ་བུའི་ལས་འགུལ་མུ་མཐུད་སྤེལ་འཆར་ཡོད་ཅེས་བརྗོད་སོང༌། དེ་བཞིན་ཚོགས་ཁང་གི་ཕྱོགས་བཞི་རུ་སྡེ་ཚན་མི་འདྲ་བ་ལྔའི་ཐོག་འགྲེམས་སྟོན་བྱེད་བཞིན་ཡོད་འདུག་ལ། སྡེ་ཚན་ལྔ་ལ་སློབ་མ་ལྔ་ཡིས་འགྲེལ་བཤད་རྒྱག་གིན་འདུག སློབ་མ་དེ་དག་གིས་བོད་ཆས་གཙང་དག་རེ་གྱོན་ཞིང༌། ལག་ཏུ་དབྱིག་པ་ཆུང་ཆུང་རེ་བཟུང་སྟེ་སྡེ་ཚན་རེ་རེའི་འགྲེམས་སྟོན་སྐོར་ཕ་མ་དང་གཟིགས་མོ་བ་ཡོངས་ལ་འགྲེལ་བཤད་རྒྱག་གིན་འདུག ངས་ཡིག་གཟུགས་སྡེ་ཚན་གྱི་འཛིན་གྲྭ་ལྔ་བའི་སློབ་མ་བསྟན་འཛིན་ཆོས་འཛོམས་ལ་ཡིག་གཟུགས་མི་འདྲ་གསུམ་གྱི་ཐོག་ཀློག་འདོན་བྱེད་དུ་བཅུག་པ་ཡིན་ལ། མོས་བྱང་ཆ་ལྡན་པའི་ངང་བཀླགས་པ་མ་ཟད་དོན་ཡང་འགྲེལ་བཤད་བརྒྱབས་སོང་། དེ་བཞིན་རྩོམ་ཡིག་སྡེ་ཚན་དུ་ཡོད་པའི་སློབ་མ་དེས་སྐད་གསེང་མཐོན་པོས་རྩོམ་ཡིག་ཀློག་འདོན་བྱས་རྗེས། དེར་ཡོད་ཀྱི་ཕ་མ་སོགས་ལ་བོད་རང་བཙན་དང་འབྲེལ་བའི་རྩོམ་ཡིག་ཅིག་ལ་འགྲེལ་བཤད་བྱེད་ཀྱིན་འདུག ངས་སྡེ་ཚན་གཞན་གྱི་སློབ་མ་ཚོས་འགྲེལ་བཤད་རྒྱག་སྟངས་ལ་ཞིབ་ཉན་བྱས་པ་ཡིན་ལ། སློབ་མ་དེ་དག་གིས་རེ་རེ་བཞིན་སྐུ་མགྲོན་དང་ཕ་མ་རྣམས་ལ་བོད་སྐད་གཙང་མས་འགྲེལ་བཤད་རྒྱག་གི་འདུག  

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 5

  1. jamyangdakpa says:
    ལོ་ 18 སྔོན།

    who can guide me to use tibetan in my computer .so plz help me

    Reply
  2. jamyangdakpa says:
    ལོ་ 18 སྔོན།

    very good . i support you all

    Reply
  3. གངས་ཅན། says:
    ལོ་ 18 སྔོན།

    ང་ཚོར་འདི་ལྟ་བུ་སློབ་གྲྭ་མང་པོ་ཞིག་ཡོད་ན་བོད་པའི་རིག་གཞུང་མྱུར་སྐྱོབ་བྱེད་པ་ལ་རེ་བ་ཆེན་པོ་འདུག ང་ཚོར་སེམས་ཁྲལ་ཞིག་ཡོད་པ་ནི་སློབ་གྲྭ་འདི་ནས་མཐར་ཕྱིན་ན་རང་འཇགས་དབྱིན་ཇི་ཡི་ཁ་དབུགས་ཆེ་སའི་སློབ་གྲྭ་ཞིག་ཏུ་འགྲོ་དགོས་བྱུང་ན་ཕངས་པོ་མ་རེད་དམ། བཀའ་བློན་ཁྲི་པས་ཤེས་ཡོན་སྲིད་བྱུས་གསར་པའི་སྟེང་ཤར་བསྐྱོད་བྱེད་ཐུབ་ན་བོད་པའི་རིག་གཞུང་སྲུང་སྐྱོབ་བྱེད་པ་ལ་རེ་བ་ཆེན་པོ་ཞིག་ཡོད་པར་གསུངས་པ་འདྲ། ཡིན་ན་འང༌། བོད་ཁྱིམ་གྱིས་ཤེས་རིག་ལས་ཁུངས་མཉམ་དུ་ཚོགས་འདུ་ཚོགས་སྐབས་ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་ལེན་རྒྱུ་མོས་མཐུན་བྱུང་མེད་པ་འདྲ། ཁོང་ཚོས་རྒྱུ་མཚན་ཕ་མ་རྣམས་ཀྱིས་འདོད་པ་མེད་པ་བཀོད་གྱིན་འདུག་ཟེར། ང་ཚོས་བོད་ཁྱིམ་གྱི་སློབ་མའི་ཡོང་ཁུངས་ལ་བསམ་བློ་བཏང་ན། བུ་ཕྲུག་བརྒྱ་ཆ་མང་ཤོས་དེ་བོད་ཀྱི་རྒྱ་མིའི་སློབ་གསོ་ལ་འདོད་པ་མ་ཁེངས་པ་དང༌། སློབ་སྦྱོང་གོ་སྐབས་མ་རེག་པར་ཤ་སྟག་ཡིན་སྟབས། ཕ་མས་འདོད་པ་མེད་པ་དེ་བོད་ནང་གི་ཕ་མ་ཚོའི་བསམ་ཚུལ་ཏིལ་འབྲུ་ཙམ་ཡང་མེད་པར། རྡ་ས་གཡས་གཡོན་གྱི་ཕ་མ་ཁ་ཤས་ཀྱི་བསམ་ཚུལ་ལ་བརྟེན་ནས་ཐག་གཅོད་གནང་བ་ཞིག་ཡིན་པ་འདྲ། ཤེས་རིག་བཀའ་བློན་གྱི་ནམ་རྒྱུན་བུ་ཕྲུག་རྣམས་རང་གི་སྐད་ཡིག་སྟེང་རྨང་གཞི་ཚུགས་ནས་སྐད་ཡིག་གཞན་པ་ལ་སློབ་སྦྱོང་བྱས་ན་ལམ་སེང་ཡར་རྒྱས་འགྲོ་བ་དང་ཤེས་པ་ཕན་ནུས་ཆེན་པོ་ཐོན་གྱི་འདུག དེའི་དཔེ་མཚོན་ནི་སུ་ཇ་སློབ་གྲྭའི་སློབ་ཕྲུག་རྣམས་བོད་ནས་འབྱོར་སྐབས་རང་གི་སྐད་ཡིག་གི་རྨང་གཞི་ཡོད་སྟབས་ལོ་གཅིག་གཉིས་ཀྱི་ནང་དུ་དབྱིན་ཇི་སྟེང་འདི་ནས་འཚར་ལོངས་བྱུང་བའི་བུ་ཕྲུག་གི་རྗེས་ཟིན་པ་རྒྱུ་མཚན་དུ་བཀོད་ཀྱི་ཡོད་ལ། ཤེས་རིག་དྲུང་ཆེ་ཡིས་ལུང་པ་ཆུ་ཡིས་འཁྱེར་ས་ན། རྡོ་ལེབ་སྐམ་པོ་ལུས་དོན་མེད་ཟེར་བའི་དཔེ་ལྟར་འཛམ་གླིང་འདིར་དེང་རབས་རིག་གནས་ཆེས་ཆེར་དར་བའི་སྐབས་ང་ཚོར་དེའི་སྐལ་བ་ཆད་འགྲོ་བའི་སེམས་ཁྲལ་མེད། ད་ལྟ་བར་དུ་ང་ཚོས་དེང་རབས་རིག་གནས་སྟེང་ཤུགས་བརྒྱབ་ཡོད་ན་ཡང༌། ཚད་ལོངས་པ་དང་འདོད་པ་ཁེངས་པ་ཞིག་བྱུང་མེད། ང་ཚོ་རང་གི་སྐད་ཡིག་དང་རིག་གནས་ ཉམས་ཆག་ཏུ་ཕྱིན་ཏེ་སྟོངས་ན་གང་ནས་ཇི་ལྟར་སླར་གསོ་བྱེད་དམ། ཞེས་གསུངས་
    འདུག
    དྲ་གྲོགས་རྣམ་པ། ༸གོང་ས་མཆོག་གིས་མི་སུམ་ཅུ་རིང་བཙན་བྱོལ་དུ་འབྱོར་སྐབས་ཤུགས་བསྐྱོན་སའི་གཞིས་ཆགས་དང་སློབ་གྲྭ་གཉིས་འཐུས་ཤོར་དུ་སོང་བ་དང་། ཤུགས་མ་བསྐྱོན་པར་འདི་ལྟར་ད་དུང་མུ་མཐུད་དེ་མི་ལོ་ཉི་ཤུ་སོང་ན་འགྱོད་པ་གཏིང་ནས་སྐྱེས་པའི་དུས་ཤིག་ཤར་བའི་སྡོམ་ཚིག་བརྒྱབ་ཟིན་སྟབས། ང་ཚོས་སྔོན་གྱི་མི་ལོ་ལྔ་བཅུའི་རིང་ལག་བསྟར་བྱས་ཀྱང་གྲུབ་འབྲས་མེད་པའི་ལམ་ཁ་དེ་རྒྱུན་འཁྱོངས་བྱེད་དགོས་སམ། ད་ལྟའི་ཤེས་ཡོན་སྲིད་བྱུས་གསར་པ་དེ་ལ་བསྐྱོད་དགོས་པའི་སྐོར་ཤེས་ཡོན་པ་གང་ན་སུ་བཞུགས་ཀྱི་དེའི་སྟེང་དཔྱད་བརྗོད་སྤེལ་བའི་དུས་ཚོད་སླེབས་པར་གདའོ། །

    Reply
  4. འཁྱམས་པོ། says:
    ལོ་ 18 སྔོན།

    འདི་ནི་དངོས་གནས་དྭངས་བ་སྐྱེས་པ་ཞིག་རེད། འདིར་བོད་ཡིག་དང་བོད་སྐད། བོད་ལྭ་གྱོན་པ་གཅིག་པོ་མ་ཡིན་པར་བཟོ་ལས་ལག་ཤེས་ཀྱི་འགྲེམ་སྟོན་དེའང་ཕར་ལྟ་ཚོད་ལ་བཀོད་ཆགས་པོ་ཞིག་ཡོད་བསམ་པ་འདྲ་འདུག དེ་ནི་བསམ་བློ་ཡར་ཐོན། དེང་རབ་དང་ལྷག་པར་ང་ཚོས་གནས་བབ་ལ་མཁོ་པའི་དོན་བྱ་ཞིག་རེད།
    ངོ་མ་སྙིང་ཐག་པ་ནས་དགའ་བསུ་ཞུ།

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 18 སྔོན།

    བོད་སྐད་གཙང་མ་བཤད་ཤེས་པས་བོད་ཀྱི་བུ་རེ་འམ་བོད་ཀྱི་བྱིས་པ་སྐོར་ཞིག་བཙན་བྱོལ་ནང་དུ་འཚར་ལོངས་བྱུང་ཐུབ་ཀྱི་ཡོད་ན་ནི། དེ་ནི་དངོས་ནས་གཏམ་བཟང་དང་བོད་ལ་དགོས་པས་དོན་གོ་དེ་རེད། བདེན་པ་ཡིན་པར་ཤོག རྗེས་སུ་ལེ་བདའ་བྱེད་སའི་སློབ་གྲ་ཞིག་མི་ཆགས་པར་ད་ལྟ་ནས་འབོད་སྐུལ་ཡོད།
    བོད་པས་བོད་ཡིག་ཀློག་ནས་བོད་ཡིག་བྲིས། །བོད་པས་བོད་ཡིག་སྤྱང་ནས་བོད་དོན་སྒྲུབ། །བོད་པས་བོད་ལ་གྱོན་ནས་རང་ཚུགས་བཟུང་།། སྐད་ཆ་འདི་ནི་དངོས་ནས་སྙན་པོ་འདུག། སྐད་ཆ་འདི་ནི་དངོས་ནས་གཏམ་བཟང་རེད།། ཡང་ཡང་འདི་འདྲ་ཐོས་པར་འབོད་སྐུལ་ཞུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese