མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོགས་གཙོར་སྒུག་པ།

བོད་ཀྱི་དུས་བབ།
༢༠༠༨/༡༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༡ ཉིན་ནས་སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་ནི་ཚོགས་གཙོའི་ལས་གནས་ནས་འཁྱུར་དགོས་བྱུང་ཡོད་པ་དང་། ཡིན་ནའང་སྤྱི་འཐུས་ཚོགས་གཙོར་གསར་དུ་ཕེབས་མཁན་སྤྱི་འཐུས་སྤེན་པ་ཚེ་རིང་གིས་༧གོང་ས་མཆོག་མཆོག་ཕྱིར་མ་ཕེབས་བར་དུ་ཚོགས་གཙོའི་དམ་བཅའ་འབུལ་ཐུབ་གི་མེད་སྟབས། ཕྱི་ཚེས་ ༡ ཉིན་ནས་བདུན་ཕྲག་གཉིས་རིང་ལ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་སྤྱི་འཐུས་ཚོགས་གཙོ་མེད།

མདོ་སྨད་སྤྱི་འཐུས་སྤེན་པ་ཚེ་རིང་ལགས་ཀྱིས་ཕྱི་ཟླ་ ༡༢ པའི་ཚེས་ ༡ ཉིན་ནས་བོད་མི་མང་སྤྱི་འཐུས་ཀྱི་ཚོགས་གཙོའི་འགན་འཁྱེར་དགོས་ཡོད་ནའང་། དམ་འབུལ་གྱི་གོ་སྐབས་མ་བྱུང་བར་བསྡད་ཡོད། ༧གོང་ས་མཆོག་གིས་ལོ་ཤས་གོང་དུ་ཁོང་ཉིད་བཞུགས་མེད་དུས་བཀའ་ཁྲི་དང་སྤྱི་འཐུས་ཚོགས་གཙོ་གཞོན་གྱི་དམ་འབུལ་དེ་བོད་མིའི་ཁྲིམས་ཞིབ་པ་ཆེན་མོའི་མདུན་ནས་དམ་བཅའ་འབུལ་ཆོག་རྒྱུའི་ལམ་སྟོན་གནང་ཡོད་ནའང་། སྤྱི་འཐུས་གྲོས་ཚོགས་ནས་བགྲོ་གླེང་གནང་མཐར་ད་མུས་བཞིན་༧གོང་ས་མཆོག་གི་མདུན་ནས་མ་གཏོགས་དམ་བཅའ་འབུལ་མི་ཆོག་པའི་གྲོས་ཐག་བཅད་ཡོད་པ་རེད།

མདོ་སྨད་སྤྱི་འཐུས་སྤེན་པ་ཚེ་རིང་ལགས་སྤྱི་འཐུས་ཚོགས་གཙོར་ཕེབས་སྐབས་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར། ལས་གནས་གཞན་ནས་དགོངས་པ་ཞུ་དགོས་ཀྱི་ཡོད་པས། ཁོང་གིས་ད་ལྟའི་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ནས་དགོངས་པ་ཞུས་ཡོད་པ་དང་། ཁོང་གི་ཚབ་ཏུ་མདོ་སྟོད་སྤྱི་འཐས་ཆོས་སྐྱོང་དབང་ཕྱུག་ལས་བསྐོས་ཡོད་པ་རེད།

གཞན་ཡང་ཚོགས་དྲུང་ལས་ཁུངས་ནས་ཟླ་ ༡༡ ཚེས་ ༢༧ ཉིན་འཁོད་གསལ་བསྒྲགས་ལྟར་ན། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་དེ་ ༢༠༠༩ ཟླ་ ༣ ཚེས་ ༩ རེས་གཟའ་ཟླ་བ་ནས་ཟླ་ ༣ ཚེས་ ༢༡ རེས་གཟའ་སྤེན་པ་བར་ལས་དུས་ཉིན་གྲངས་བཅུ་གཅིག་རིང་བཞུགས་སྒར་སྤྱི་འཐུས་ཚོགས་ཁང་དུ་འཚུག་གཏན་འཁེལ་ཡོད་པ་དང་། སྤྱི་འཐུས་རྣམས་ཕྱི་ཟླ་ ༣ ཚེས་ ༨ ཉིན་ཚོགས་དྲུང་ལས་ཁུངས་སུ་ངོ་བཅར་འབྱོར་ཐོ་འགོད་དགོས་ཀྱི་ཚོགས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

ཆུ་ཚོད་ ༡༩ སྔོན་ལ།
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

ཆུ་ཚོད་ ༡༩ སྔོན་ལ།
Mobile App

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་ཡོད་པའི་གྲོས་ཆོད་གཏན་འབེབས་གནང་།

ཆུ་ཚོད་ ༢༤ སྔོན་ལ།
ttttt
Mobile App

བསྐལ་བའི་མེ་འཕྲིན་དམར་པོའི་སྙན་དེབ་དབུ་འབྱེད་དང་བགྲོ་གླེང་འཚོགས།

༢༠༢༦/༠༣/༢༦
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

༢༠༢༦/༠༣/༢༥
Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

༢༠༢༦/༠༣/༢༥

མཆན། 12

  1. དབྱངས་ཅན་རོལ་བའི་འོ་མཚོ་། says:
    ལོ་ 17 སྔོན།

    མི་མང་གིས་གཞུང་ལ་ཡིད་ཆེས་མི་བྱེད་པའི་རྒྱུ་མཚན་གཅིག་འདི་རེད། རྒྱ་རི་རིན་པོ་ཆེར་ཨ་རི་དང་ཡུ་རོབ་ན་ལས་ཁུངས་ཡོད་པ་ལྟར། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ནི་ཟམ་གདོང་རིན་པོ་ཆེ་མཆོག་གི་ལས་ཁུངས་རེད། རྒྱ་རི་རིན་པོ་ཆེ་ལ་བུ་ཆུང་ཚེ་རིང་དང་ཚེ་རིང་བྱམས་པ་ལྟ་བུའི་སྐུ་ཚབ་ཡོད་པ་ལྟར། ཟམ་གདོང་རིན་པོ་ཆེ་ལའང་སྤེན་པ་ཚེ་རིང་དང་ཆོས་སྐྱོང་དབང་ཕྱུག ཐུབ་བསྟན་ལུང་རིགས་སོགས་ཡོད་པ་རེད། ཐེངས་རྗེས་མར་གལ་སྲིད་བཀའ་ཁྲིའི་འོས་ཤོག་རྒྱ་རི་རིན་པོ་ཆེར་ཐོབ་ཚེ། ཡུ་རོབ་ཀྱི་ཚེ་རིང་བྱམས་པ་སོགས་བཀའ་ཤག་གི་ནང་སླེབ་གི་རེད། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་དུ་སྤེན་པ་ཚེ་རིང་དང་ཆོས་སྐྱོང་དབང་ཕྱུག་གཉིས་ཀྱི་སུ་བསྡད་ཀྱང་ཁྱད་པར་ཡོད་མ་རེད།

    Reply
  2. བོད་ཀྱི་བུ། says:
    ལོ་ 17 སྔོན།

    དགྲ་འདུལ་གྱིས་བཤད་པའི་སྲིད་དོན་པའི་གྲས་སུ་ད་དུང་ཚོགས་གཞོན་རྒྱ་རི་སྒྲོལ་མ་ཡང་ཚུད་ཡོད་རེད། མོས་བཀའ་དྲིན་ལ་བརྟེན་ནས་ཨོ་རྒྱན་བསྟན་འཛིན་དང༌། ཆོས་སྐྱོང་དབང་ཕྱུག་གཉིས་ལ་གོ་སྐབས་ཡག་པོ་ཐོབ་ཡོད་རེད་གདའ།

    Reply
  3. དོན་འགྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    གོང་གི་གསར་འགྱུར་སྙིང་བསྡུས་ཐད། ཁྱེད་ཅག་གིས་སྤེལ་བའི་དཔྱད་གཏམ་གྱི་སྤུས་ཚད་ཅུང་མཐོ་ཞིང་གནད་དུ་འཁེལ་འདུག ལྷག་པར་དུ་སྐུ་ཞབས་དགྲ་འདུལ་དང་བོད་ཀྱི་བུ་གཉིས་ཀྱི་དཔྱད་གཏམ་ལ་གནད་དོན་སྔོག་འདོན་དང་ཐེར་འདོན་གྱི་ནུས་པ་ལྡན་ཞིང་། སྐུ་ཞིབ་ཁྱུང་ལྡིང་གི་དཔྱད་གཏམ་ལ་གནད་དོན་ཞིབ་བཤེར་གྱི་ཁྱད་ཆོས་ལྡན་གི

    Reply
  4. ཁྱུང་ལྡིང༌། says:
    ལོ་ 17 སྔོན།

    དྲ་གྲོགས་ཚོར་དགོངས་སེལ་ཞུ་རྒྱུ་དང་སྦྲགས། ཁ་སང་ངས་བྲིས་པའི་ཡི་གེ་ཆ་ཚང་དྲ་ངོས་སུ་ཡག་པོ་འཆར་ཐུབ་ཀྱི་མི་འདུག་པས་ནོར་བཅོས་ཞུས་ཡོད།
    རེད་ཡ། སྔོན་མ་ཟམ་གདོང་རིན་པོ་ཆེས་2001 སྤྱི་ཟླ་ 3 ཚེས་ 28 ནས་སྤྱི་འཐུས་ཚོགས་གཙོ་དགོངས་པ་ཞུས་ཏེ་2001 སྤྱི་ཟླ་ 5 ཚེས་ 30 བར་ཚོགས་གཙོ་མེད་པ་ཆགས་མྱོང་ཡོད་རེད་དེ། དེ་དུས་ཚོགས་གཙོ་མེད་ན་འཐུས་ཤོར་རེད་ཟེར་མཁན་གོ་མ་མྱོང་། དེ་ཡང་འཐུས་ཤོར་གྱི་གྲས་སུ་བརྩི་དགོས་སམ། ད་དུང་སྤྱི་འཐུས་སྐབས་ 11 དང་ 12 སྐབས་སུ་ཚོགས་གཙོ་དུས་ཚོད་མང་ཆེ་བ་ཝཱ་ར་ཎ་སིར་བཞུགས་ཡོད་པ་ལས་རྡ་རམ་ས་ལར་མ་བཞུགས་པ་དེ་ཡང་འཐུས་ཤོར་དུ་བརྩི་འོས་སམ། མདོར་དོན་སྐབས་ 11 པ་ནས་བཟུང་ཚོགས་གཙོའི་ལས་དོན་ལ་འཐུས་ཤོར་ཕྱིན་མི་འདུག་གམ།

    Reply
  5. བོད་ཀྱི་བུ། says:
    ལོ་ 17 སྔོན།

    བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་འདི་སྲིད་དོན་པ་རྣམས་འཁྲབ་སའི་སྟེགས་བུ་ཡག་ཤོས་ཤིག་ཡིན་པ་མ་ཟད། འདི་དང་འདྲ་བ་གཞན་ཞིག་ཡོད་པ་ནི་བོད་ཀྱི་འགྲོ་བ་མི་ཡི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དེ་ཡང་ཆགས་ཡོད་རེད་ཟེར་གྱི་འད྄ུག
    ད་སྤྱི་འཐུས་ཚོགས་གཙོ་ལ་འཐུས་ཤོར་ཡང་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པར་འཐུས་ཤོར་མེད་པ་འདྲ། ཧ་ཧ།

    Reply
  6. བོད་ཀྱི་བུ། says:
    ལོ་ 17 སྔོན།

    བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་འདི་སྲིད་དོན་པ་རྣམས་འཁྲབ་སའི་སྟེགས་བུ་ཡག་ཤོས་ཤིག་ཡིན་པ་མ་ཟད། འདི་དང་འདྲ་བ་གཞན་ཞིག་ཡོད་པ་ནི་བོད་ཀྱི་འགྲོ་བ་མི་ཡི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དེ་ཡང་ཆགས་ཡོད་རེད་ཟེར་གྱི་འད྄ུག
    ད་སྤྱི་འཐུས་ཚོགས་གཙོ་ལ་འཐུས་ཤོར་ཡང་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པར་འཐུས་ཤོར་མེད་པ་འདྲ། ཧ་ཧ།

    Reply
  7. དགྲ་འདུལ། says:
    ལོ་ 17 སྔོན།

    རྒྱ་རི་རིན་པོ་ཆེར་ཨ་རི་དང་ཡུ་རོབ་ན་ལས་ཁུངས་ཡོད་པ་ལྟར། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ནི་ཟམ་གདོང་རིན་པོ་ཆེ་མཆོག་གི་ལས་ཁུངས་རེད། རྒྱ་རི་རིན་པོ་ཆེ་ལ་བུ་ཆུང་ཚེ་རིང་དང་ཚེ་རིང་བྱམས་པ་ལྟ་བུའི་སྐུ་ཚབ་ཡོད་པ་ལྟར། ཟམ་གདོང་རིན་པོ་ཆེ་ལའང་སྤེན་པ་ཚེ་རིང་དང་ཆོས་སྐྱོང་དབང་ཕྱུག ཐུབ་བསྟན་ལུང་རིགས་སོགས་ཡོད་པ་རེད། ཐེངས་རྗེས་མར་གལ་སྲིད་བཀའ་ཁྲིའི་འོས་ཤོག་རྒྱ་རི་རིན་པོ་ཆེར་ཐོབ་ཚེ། ཡུ་རོབ་ཀྱི་ཚེ་རིང་བྱམས་པ་སོགས་བཀའ་ཤག་གི་ནང་སླེབ་གི་རེད། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་དུ་སྤེན་པ་ཚེ་རིང་དང་ཆོས་སྐྱོང་དབང་ཕྱུག་གཉིས་ཀྱི་སུ་བསྡད་ཀྱང་ཁྱད་པར་ཡོད་མ་རེད།

    Reply
  8. དབྱངས་ཅན་རོལ་བའི་འོ་མཚོ་། says:
    ལོ་ 17 སྔོན།

    དངོས་ནས་འཐུས་ཤོར་རེད། ཁོང་གི་ཚབ་ཏུ་མདོ་སྟོད་སྤྱི་འཐས་ཆོས་སྐྱོང་དབང་ཕྱུག་ལས་བསྐོས་ཡོད་པ་རེད།
    ད་ནི་བཙན་བྱོལ་བོད་པ་ཚང་ལ་ལྟད་མོ་དངོས་ནས་འདུག

    Reply
  9. ཁྱུང་ལྡིང༌། says:
    ལོ་ 17 སྔོན།

    རེད་ཡ། ས྄ྔོན་མ་ཟམ་གདོང་རིན་པོ་ཆེས་2001་ ས྄ྤྱི་ཟ྄ླ་ 3་ཚེས་ 28་ནས་ཚོགས་གཙོ་དགོངས་པ་ཞུས་ཏེ་2001 ས྄ྤྱི་ཟ྄ླ་ 5 ཚེས་ 30 བར་ཚོགས་གཙོ་མེད་པ་ཆགས་མྱོང་ཡོད་རེད་དེ། དེ་དུས་ཚོགས་གཙོ་མེད་ན་འཐུས་ཤོར་རེད་ཟེར་མཁན་གོ་མ་མྱོང་། དེ་ཡང་འཐུས་ཤོར་གྱི་གྲས་སུ་བར྄ྩི་དགོས་སམ། ད་དུང་ས྄ྤྱི་འཐུས་ས྄ྐབས་ 11 དང་ 12 ས྄ྐབས་སུ་ཚོགས་གཙོ་དུས་ཚོད་མང་ཆེ་བ་ཝ་ར་ཎ་སིར་བཞུགས་ཡོད་པ་ལས་ར྄ྡ་རམ་ས་ལར་མ་བཞུགས་པ་དེ་ཡང་འཐུས་ཤོར་དུ་བར྄ྩི་འོས་སམ། མདོར་དོན་ས྄ྐབས་ 11 པ་ནས་བཟུང་ཚོགས་གཙོའི་ལས་དོན་ལ་འཐུས་ཤོར་ཕྱིན་མི་འདུག་གམ།

    Reply
  10. བསོད་དེ། says:
    ལོ་ 17 སྔོན།

    མི་མང་གིས་གཞུང་ལ་ཡིད་ཆེས་མི་བྱེད་པའི་རྒྱུ་མཚན་གཅིག་འདི་རེད། འདི་ནི་གཞུང་ཕྱོགས་ནས་བསམ་བཞིན་དུ་བཏང་བའི་འཐུས་ཤོར་ཞིག་མ་རེད་དམ། བསམ་བློ་གཞན་ཞིག་ནས་བཏང་ན་ངོ་ཚ་དགོས་པ་ཞིག་ཀྱང་རེད་འདུག།

    Reply
  11. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    གྲོགས་པོ་བཙན་བྱོལ་བོད་པ་ཚང་ཟེར་བ་དེ་ཡང་རྒྱང་རིང་ཞིག་ཏུ་མེད་པར་ཁྱེད་དང་ང་ཡི་མགོ་ན་ལྷབ་ལྷུབ་ཏུ་གཡོ་བའི་སྦྲ་རྒན་ནག་ལྡང་འདི་རེད་ཡ། ཁང་པ་མེད་པའི་སྔ་རོལ་ཏུ་སྦྲ་རྒན་འདི་བཀའ་དྲིན་རེ་ཆེ་ཨང་།

    Reply
  12. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དངོས་ནས་འཐུས་ཤོར་རེད། ལས་ཀ་གལ་ཆེན་ཡོད་མེད་ལ་མ་བལྟས་པར་ཚོགས་གཙོ་ནི་ཉིན་མ་གཅིག་གི་རིང་དུ་ཡང་མེད་དུ་མི་རུང་བ་ཡིན། ད་ནི་བཙན་བྱོལ་བོད་པ་ཚང་ལ་ལྟད་མོ་དངོས་ནས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese