མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཚོགས་དྲུང་ཆེའི་འབོད་སྐུལ།

བོད་ཀྱི་དུས་བབ།
༢༠༠༨/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

        རྒྱ་ནག་གཞུང་གིས། བོད་ཀྱི་གནད་དོན་ཐད་ཏཱ་ལའི་བླ་མའི་སྐུ་ཚབ་དང་མཉམ་དུ་ལྷག་བསམ་ཟོལ་མེད་ཀྱིས་འབྲེལ་མོལ་བྱ་རྒྱུ་དང༌། ཕན་ཚུན་གྱི་དཀའ་རྙོག་དེ་འབྲེལ་མོལ་གྱིས་ལམ་ནས་སེལ་ཐུབ་པའི་རེ་བ་ཡོད། ཅེས་བརྗོད་འདུག

ཕྱི་ཚེས་ ༡༢ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་ཡིག་སྤེལ་ནས་ལོ་དྲུག་ཅུ་འཁོར་བའི་དུས་དྲན་གྱི་ཉིན་མོ་དང་བསྟུན། སུད་སིའི་རྒྱལ་ས་རྗེ་ནེ་ཝར་རྒྱལ་ཁབ་ཞེ་བདུན་གྱི་འཐུས་མི་འདུ་འཛོམས་གནང་ཡོད་པ་དང༌། སྐབས་དེར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་བྷན་ཀེ་མོན་   Ban Ki-moon  མཆོག་གིས། བོད་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་ནས་ཏཱ་ལའི་བླ་མའི་སྐུ་ཚབ་དང་མཉམ་དུ་ལྷག་བསམ་ཟོལ་མེད་ཀྱིས་འབྲེལ་མོལ་བྱ་རྒྱུ་དང༌། ཕན་ཚུན་གྱི་དཀའ་རྙོག་དེ་འབྲེལ་མོལ་ཐོག་སེལ་ཐུབ་པའི་རེ་བ་ཡོད་ཅེས་དང༌། དེ་བཞིན། འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་བསྒྲགས་ཡིག་སྤེལ་ཏེ་ལོ་ ༦༠ འཁོར་བའི་དུས་དྲན་གྱི་ཉིན་མོ་དང་བསྟུན། སྐུ་ཞབས་བྷན་ཀེ་མོན་གྱིས། འཛམ་གླིང་ཡུལ་གྲུ་གང་སར་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པའི་མི་མང་གི་ཆེད་དུ་ཁ་ཡོད་ལག་ཡོད་ཀྱི་ལས་དོན་བསྒྲུབ་དགོས་པའི་སྐུལ་མ་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་འདུག ཡང་ཁོང་གིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་ལས་དོན་སྒྲུབ་པའི་ནུས་པ་ཡོད་པ་བཞིན། ལྷན་ཁང་གི་ཚོགས་མི་རྣམས་ཕྱོགས་ལྷུང་གི་ལྟ་ཚུལ་ལས་བརྒལ་དགོས་པའི་རེ་སྐུལ་དང༌། འགྲོ་བ་མིའི་ལས་དོན་སྟེང་སྤྱི་ཡོངས་ནས་འགྲུབ་ཀྱིན་མེད་པའི་སྐོར་བརྗོད་ཡོད་པ་རེད། དེ་བཞིན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་རང་དབང་གི་ཚོགས་པ་ཁག་གིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་ཁག་ནང་ར་ཤི་ཡ་དང༌། རྒྱ་ནག ཁེའུ་པཱ་གསུམ་གྱིས་ཕན་ཚུན་སྐྱོབས་ཐབས་བྱེད་བཞིན་ཡོད་པའི་གནས་ཚུལ་ལས། འགྲོ་བ་མིའི་ལས་དོན་གྱི་ཕྱོགས་ལ་སྤྱི་ཡོངས་ཀྱི་གྲུབ་འབྲས་ཤིག་ཡོང་གི་མེད་པ་དང༌། ཨི་རག་གི་གནད་དོན་དང༌། ཨབ་རི་ཀ། འབར་མ་སོགས་ཀྱི་གནད་དོན་སོགས་གླེང་སློང་བྱེད་ཀྱིན་ཡོད་ནའང༌། རྒྱ་ནག་གཞུང་གིས། བོད་ནང་གི་མི་མང་ཚོར་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པའི་ཐད་ཀྱི་གནད་དོན་གླེང་སློང་བྱེད་ཀྱི་མེད་པ་མ་ཟད།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐེངས་འདིའི་རྒྱ་ནག་གི་ཚོགས་ཞུགས་མི་སྣས་ཀྱང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་ལ་སྲུང་གཙི་བྱེད་བཞིན་ཡོད་པའི་སྐོར་གྱི་གནས་ཚུལ་ཁོ་ན་སྙན་སེང་ཞུས་ཡོད་འདུག  

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༥ ལོའི་བཙན་འོག་རྒྱལ་ཁབ་ཀྱི་བདུན་ཕྲག་ཅེས་པ་སྲུང་གཙི་ཞུས་ཏེ་ཉན་ཞིབ་གནང་བཞིན་པ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཁག་གི་གནད་དོན་ཐད་ཉན་ཞིབ་གནང་།

ཆུ་ཚོད་ ༡༡ སྔོན་ལ།
ཟངས་དཀར་གྱི་ཚོགས་པ་གསུམ་གྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༥།༠༧།༢༣  དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཟངས་དཀར་གྱི་ཚོགས་པ་གསུམ་གྱིས་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༢ སྔོན་ལ།
Vladimir Putin, left, and Xi Jinping in 2019.Source: Pool/Getty Images
Mobile App

རྒྱ་ནག་དང་ཨུ་རུ་སུ་ལ་འབྲེལ་བ་ཡོད་པའི་ཡུ་ཊུབ་ཁ་བྱང་ ༡༡༠༠༠ ལྷག་ནག་གསུབ་བཏང་།  

ཆུ་ཚོད་ ༡༣ སྔོན་ལ།
འཇང་སྒང་དགོན། པར་དབང་། བོད་ཀྱི་དུས་བབ། ༢༠༢༥།༧།༢༣
Mobile App

རྒྱ་ནག་གཞུང་གིས་བོད་བྲག་མགོ་རྫོང་ནས་མཆོད་རྟེན་དང་གུ་རུའི་སྐུ་བརྙན་བཙན་གྱིས་གཏོར་ཡོད་འདུག

༢༠༢༥/༠༧/༢༢
ཉེ་ལམ་ནག་ཉེས་ཕོག་པའི་བོད་རང་སྐྱོང་ལྗོངངས་ཟེར་བའི་མཐོ་རིམ་མགོ་འཁྲིད་ཁག་ཅིག པར་དུས་བབ་ཀྱིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་ཆེ་དགྲ་ལྷར་ནག་ཉེས་ཚབས་ཆེན་བཙུགས།  

༢༠༢༥/༠༧/༢༢
Mobile App

ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་གླེང་སློང་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༧/༢༢

མཆན། 2

  1. འཁྱམས་པོ། says:
    ལོ་ 17 སྔོན།

    འདི་ལ་ངས་བསམ་ན་ཡང་དེ་ལྟར་རེད་་་མཉམ་འབྲེལ་རྒྱལ་ཚོགས་ནི་དེང་སྐབས་རྒྱ་ནག་དང་ར་ཤི་ཡ་སོགས་ཀྱི་ཁེ་ཕན་གྱི་རྒྱབ་དཔུང་ལས་འགྲོ་བ་མིའི་ཐོབ་ཐང་ཞེས་པ་དེ་ཁ་གཡར་ས་ཙམ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐེངས་འདིའི་རྒྱ་ནག་གི་ཚོགས་ཞུགས་མི་སྣས་ཀྱང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་ལ་སྲུང་རྩི་བྱེད་བཞིན་ཡོད་པའི་སྐོར་གྱི་གནས་ཚུལ་ཁོ་ན་སྙན་སེང་ཞུས་ཡོད་འདུག་ པ་དེ་ནི་ཤེས་བཞིན་དུ་་་མཉམ་འབྲེལ་རྒྱལ་ཚོགས་་་དམའ་འབེབས་དང་མཐོང་ཆུང་གི་མཆུལ་ཞགས་གདོང་ལ་འཕངས་པ་ཞིག་རེད།
    མ་ཟད་ད་ནས་ང་ཚོའང་རྒྱ་ནག་གི་གཡོ་གཏམ་དེ་ཡིད་ཆེས་གཏན་ནས་མི་རུང་པར་རང་ས་བརྟན་པོར་ལངས་རྒྱུ་དེ་རེད།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    རྒྱ་ནག་གཞུང་གིས། བོད་ཀྱི་གནད་དོན་ཐད་ཏཱ་ལའི་བླ་མའི་སྐུ་ཚབ་དང་མཉམ་དུ་ལྷག་བསམ་ཟོལ་མེད་ཀྱིས་འབྲེལ་མོལ་བྱ་རྒྱུ་དང༌། ཕན་ཚུན་གྱི་དཀའ་རྙོག་དེ་འབྲེལ་མོལ་གྱིས་ལམ་ནས་སེལ་ཐུབ་པའི་རེ་བ་ཡོད། ཅེས་སྐད་ཆ་རྙིང་བ་ཞིག་བསྐྱར་ཟློས་བྱས་དེ་སླར་ཡང་འཛམ་གླིང་མི་དམངས་ལ་སྤྲེལ་ལད་ཅིག་འཁྲབ་པ་མ་གཏོགས། བོད་བཙན་བྱོལ་གཞུང་དང་ལྷན་དུ་བོད་རྒྱ་ཞི་མོལ་བྱེད་ཀྱི་ཡིན་ཟེར་ནས་གླེང་མི་འདུག དེ་ནི་རྒྱ་ནག་སྲིད་གཞུང་གི་ནམ་རྒྱུན་རང་བཞིན་གྱི་གཡོ་སྒྱུའི་གཏམ་ཞིག་ལས། བོད་མི་དམངས་ལ་དགོས་འཁོ་ཡོད་པའི་གཏམ་གསར་བ་གང་ཡང་རེད་མི་འདུག ད་དུང་རྒྱ་ནག་གིས་བོད་ནང་གི་བཙན་གནོན་འོག་གནས་པའི་བོད་མི་དག་གི་བསྐོར་གང་ཡང་གླེང་མི་འདུག་པ་དེ་རེད། རྒྱ་ནག་འདི་བ་ཚང་གི་གཡོ་སྒྱུའི་བཤད་ལུགས་དེ་ལ་ངེད་ཅག་གི་མགོ་འཁོར་མི་རུང་བ་ཡིན། དེ་ལས་རང་རིགས་ཀྱི་རྐ་ལག་འགུལ་བསྐྱོད་བྱས་དེ་རྒྱ་ནག་སྲིད་གཞུང་གིས་བོད་རྒྱ་ཞི་མོལ་བྱེད་འདོད་ཡོད་ཅེས་ཚུར་ལ་འགྲེལ་བ་འཛིན་རོགས་བར་དུ་ངེད་ཅག་གི་ལས་འགུལ་སྤེལ་དགོས་ཀྱི་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese