མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀློག་པ།

བོད་ཀྱི་དུས་བབ།
༢༠༠༨/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp

སུན་ཧྲུ་ཡང་ནི་རྒྱ་ནག་གི་རྩོམ་པ་པོ་ཆ་འཇོག་ཆེ་ཤོས་དང་། ཤུགས་རྐྱེན་ཆེ་ཤོས་ཤིག་ཡིན། ཁོང་གིས་དཔེ་དེབ་མང་པོ་བརྩམས་པར་གྲགས། དེ་ལས་ཀྱང་རྒྱ་ནག་ཀློག་པ་ཞེས་པའི་དེབ་དེ་བཏོན་པ་ནས་བཟུང་ཁོང་ལ་ཆ་འཇོག་ཇེ་ཆེ་དང་། ཤུགས་རྐྱེན་ཡང་ཇེ་ཆེར་ཕྱིན་ཟེར། ད་ཆ་ཁོང་གིས་བོད་ཀློག་པ་ཞེས་པའི་དེབ་ཅིག་བཏོན་འདུག

སུན་ཧྲུ་ཡང་གིས་བོད་ཀློག་པ་ཞེས་པའི་དེབ་དེ་གྲགས་ཅན་དཔེ་དེབ་ ༢༠༠ དང་བོད་འབྲེལ་དོན་བརྗོད་གློག་བརྙན་ ༥༠ ལྷག་ལ་བལྟས་རྗེས་བྲིས་ཤིང་ཐེངས་གསུམ་ལ་བསྐྱར་བཅོས་ཀྱིས་སྒྲིག་པ་ཡིན་ཟེར། ཁོའི་དེབ་དེ་ནི་རྒྱ་བཟའ་ཀོང་ཇོ་བོད་དུ་སླེབས་པ་ནས་མགོ་བཙུགས་ཤིང་། བོད་ཀྱི་དེ་རིང་དང་མ་འོངས་པའི་སྐོར་ལ་འགྲེལ་བཤད་དང་བཅས་མཇུག་བསྡུས་ཡོད་འདུག

སུན་ཧྲུ་ཡང་གིས་བཤད་དོན། འདི་ནི་སྤྱིར་བཏང་གི་ལོ་རྒྱུས་དང་ཆེད་ལས་པའི་ཞིབ་འཇུག་མིན་པར། མི་རྣམས་ཀྱིས་བོད་ཐོག་ལ་བཟུང་བའི་མགོ་རྙོག་ཅིག་རེད། འདི་ན་བོད་དང་བོད་མི་རིགས་རང་ལ་ཁེ་ཕན་གྱི་ཕྱོགས་ཤིག་ཡོད་པ་རེད། ཅེས་བརྗོད་འདུག

འདི་ཙམ་གྱིས་ག་ལ་ཚད། སུན་གྱིས་བཤད་དོན། ཁོང་ནི་འདོད་ཕྱོགས་གསུམ་ལ་འཐད་པ་མེད་ཟེར། ༡། ཕྱི་གླིང་བ་ནི་ཀྲུང་གོའི་བོད་ཀྱི་ཐོག་ལ་ཀྲུང་གོ་བ་ལས་ཀྱང་བརྩེ་བ་ཆེ་བར་བཤད་ན་ཡིད་མེ་ཆེས་པ་དང་། ༢། ནུབ་ཕྱོགས་པ་ཚོས་རྒྱ་ནག་གི་ལོ་རྒྱུས་དང་རིག་གཞུང་ལ་འཁྱོག་བཤད་བྱས་པ། ༣། ནུབ་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གིས་བོད་དོན་ཐོག་གནས་ཚུལ་སྤེལ་སྟངས་བཅས་དོན་ཚན་གསུམ་གྱི་སྟེང་ཡིད་ཆེས་མེད་པར་བཤད་འདུག

འབྲེལ་ཡོད་གསར་འགྱུར།

Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༡༠ སྔོན་ལ།
རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཡུ་ཤཱ་(zhang youxia) དང་དབུས་དམག་དོན་མཉམ་འབྲེལ་སློབ་སྟོན་ཁང་གི་འགན་འཛིན་ལུའུ་ཀྲིན་ལི་(Liu Zhenli)གཉིས་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པ་རེད།
Mobile App

རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་མགོ་འཁྲིད་གཉིས་ལ་ཞིབ་བཤེར་བྱེད་ཀྱིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
Farmers in Tibet: In the first seven months of this year over 500,000 rural Tibetan labourers have been pushed into military-style training centres.AP
Mobile App

རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པའི་སྙན་ཐོ་བཏོན།

༢༠༢༦/༠༡/༢༣
རྒྱ་ནག་པེ་ཅིན་ནས་ཡིན་པའི་ཁྲིམས་རྩོད་པ་ཏུང་ཕུང་ལགས་ཀྱིས་བོད་ཀྱི་མཚོ་སྔོན་པོའི་འབྲོག་ཁུལ་ནས་གནས་ཚུལ་སྤེལ་བ། ཁོང་གི་བརྙན་ལམ་གྱི་པར།
Mobile App

འབྲོག་མང་བཙན་གྱིས་གནས་སྤོར་བཏང་བ་དང་གུན་གསབ་སྤྲོད་ཀྱི་མེད་པ་སོགས་ཀྱི་གནད་དོན་ལ་རོགས་རམ་བྱེད་ཀྱི་འདུག

༢༠༢༦/༠༡/༢༣
Mobile App

བལ་བཟའ་ཁྲི་བཙུན་བལ་ཡུལ་གྱི་ལོ་རྒྱུས་མི་སྣའི་ཁོངས་སུ་འཇུག་དགོས་པའི་རེ་སྐུལ་ཞུ་བཞིན་འདུག

༢༠༢༦/༠༡/༢༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགེ་འདུན་པ་ཞལ་གྲངས་ ༥༤ ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ནས་བླངས། ༢༠༢༦།༡།༢༢
༸གོང་ས་མཆོག གསར་འགྱུར།

དགེ་འདུན་པ་ཞལ་གྲངས་ ༥༤ ལ་དགེ་སློང་གི་སྡོམ་པ་བསྩལ། 

༢༠༢༦/༠༡/༢༢

མཆན། 8

  1. བསེ་རུ། says:
    ལོ་ 17 སྔོན།

    ང་ཚོས་བོད་ཀློག་རྗེས།
    ང་ཚོས་བོད་བསམ་དགོས།
    དེ་རྗེས་ང་ཚོས་སྲུན་ཧྲུ་ཡང་གི་ངོ་གདོང་ངོ་མ་དེ་མཐོང་ངེས།
    དེའི་རྗེས་ང་ཚོས་གནད་དོན་མང་པོ་ཞིག་ལ་ངེས་ཤེས་རྙེད་པ་མ་ཟད།
    ང་ཚོས་མཛུབ་འདི་སུ་ལ་འཛུགས་དགོས་མིན་དེ་ཤེས་ངེས་རེད།
    སྤྱིར་ངའི་བསམ་པར་བོད་པའི་ཤེས་ཡོན་ཅན་ཚོས་
    རྒྱ་རིགས་ཀྱིས་བོད་པའི་སྐོར་བྲིས་པའི་རྩོམ་རིགས་ཀྱི་ཐོག་ལ་
    བདེན་གཏམ་གང་བཤད་ཡོད་པར་རྗེས་སུ་ཡི་རང་དང་།
    འཁྱོག་བརྗོད་རྫུན་གཏམ་གང་བཤད་ཡོད་པར་རྣག་ཐོག་བཙག་འཁེལ་གྱི་ལན་འདེབས་བྱ་རྒྱུ་ནི་ཤེས་ཡོན་ཅན་ཚོས་གཡོལ་དུ་མེད་པའི་ལས་འགན་ཞིག་རེད་བསམས།
    དེར་བརྟེན་གནས་ལུགས་ཤེས་པའི་ཐོག་ནས་དཔྱད་བརྗོད་དང་དགག་རྒྱག་རྩོམ་རིགས་གང་མང་སྤེལ་གལ་ཆེ་བར་མཐོང་།

    ཅི་སྟེ་འདི་ལྟར་གནང་ཚེ་བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་ལ་འགལ་རྐྱེན་དུ་འགྲོ་སྲིད་དམ།
    བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་ཕྱོགས་གཉིས་ཀས་བསྐྲུན་དགོས་སྟབས།
    ང་ཚོ་གཅིག་པུས་འགན་ཡོད་ཚད་འཁྱེར་དགོས་པ་ནི་ང་ཚོ་སེམས་ཆུང་བའི་སྐྱོན་མ་ཡིན་ནམ།

    Reply
  2. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    སུན་ཧྲུ་ཡང་གིས་ཁོང་གི་དེབ་དེ་ནི་སྤྱིར་བཏང་གི་ལོ་རྒྱུས་དང་ཆེད་ལས་པའི་ཞིབ་འཇུག་ལྟ་བུ་མིན་པར། བོད་ཀྱི་ཐོག་མི་རྣམས་མགོ་ཉོག་བསྡད་པ་དེ་ཐག་གཅོད་ཕྱོགས་ཀྱི་ལམ་ཁ་ཞིག་ཞིབ་ཆ་དང་ཁ་ཐུག་གིས་བསྟན་ཡོད་པར་བརྗོད་འདུག

    ཁོའི་སྐད་ཆ་གཞན་ཞིག་ནི། བོད་དོན་ཐག་གཅོད་ཕྱོགས་ཐད་ཁོ་རང་བློ་གཟུ་བོར་གནས་ཡོད་ལུགས་དེ་རེད།

    Reply
  3. མགྲིན་པ་ཟབ་མོ། says:
    ལོ་ 17 སྔོན།

    ཁོ་ངོ་མ་རྒྱ་ནག་དམར་ཤོག་ཚོགས་པའི་མགྲིན་ཚབ་ཀྱི་རྩོམ་པ་པོ་ཞིག་ཡིན་མིན་དང་། རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་གང་ཡིན་ང་ཚོས་རྩད་གཅོད་བྱས་ན་རེད། ད་སྐབས་རྒྱ་ནག་གི་རྩོམ་པ་པོ་ཞིག་ལ་སྐད་གྲགས་དང་ཤུགས་རྐྱེན་གཉིས་ཀ་ཡོད་དགོས་ཚེ་དམར་ཤོག་གི་ཕྱོགས་ཁག་ནས་ཡོང་ཁག་པར་འདོད། ལར་ནས། བོད་མི་ཚོས་དགའ་མོས་བྱེད་ཀྱིན་པའི་རྒྱ་ནག་གི་ཉམས་ཞིབ་པའམ་རྩོམ་པ་པོ་ཝང་ལི་ཞོང་དང་། ཁོའི་བཟའ་ཟླ་འོད་ཟེར་གཉིས་ཀྱིས་རྩོམ་པ་པོ་འདི་ངོ་ཤེས་ཐག་ཆོད་ཡིན་པས། ཁོང་གཉིས་ལ་འདྲི་བརྩད་ཀྱིས་དེབ་འདི་དང་འདི་རྩོམ་མཁན་གང་ཟག་བཅས་ལ་རྒྱུས་ལོན་བྱ་རྒྱུ་གལ་ཆེན་རེད། མ་གཞི་ནས་ད་སྐབས་སྐྱབས་མགོན་ཚང་དང་སྡེ་བ་གཞུང་གི་སྲིད་བྱུས་ནི་མི་འདིའི་རིགས་ལ་འབྲེལ་བ་འཛིན་རྒྱུ་དེ་ཡིན།

    Reply
  4. དགེ་བཤེས་འོད་ཟེར་རྒྱལ་མཚན། says:
    ལོ་ 17 སྔོན།

    འདི་ནི་ལོ་ནག་འདིའི་ནང་གི་འུ་བོད་པ་ཚང་ལ་རྫོགས་རྒྱ་མེད་པའི་གོད་ཆག་གི་དུམ་བུ་ཞིག་རེད་ལ། ཤ་ཟོས་པས་མ་རྒྱག་པར་ཀོ་བ་མཉེ་འདོད་ཀྱི་གཡོ་རྒྱ་ཞིག་ལས་མ་འདས་པས་བདེན་པ་དག་སེལ་གྱི་ལན་འདེབ་ཞིག་གནང་ན་བཟང༌།

    Reply
  5. དགྲ་འདུལ། says:
    ལོ་ 17 སྔོན།

    གོང་གི་གསར་འགྱུར་ནང་དུ། ༼འདི་ནི་སྤྱིར་བཏང་གི་ལོ་རྒྱུས་དང་ཆེད་ལས་པའི་ཞིབ་འཇུག་མིན་པར། མི་རྣམས་ཀྱིས་བོད་ཐོག་ལ་བཟུང་བའི་མགོ་རྙོག་ཅིག་རེད། འདི་ན་བོད་དང་བོད་མི་རིགས་རང་ལ་ཁེ་ཕན་གྱི་ཕྱོགས་ཤིག་ཡོད་པ་རེད། ༽ཅེས་པའི་བརྗོད་དུམ་འདིའི་དོན་བཤད་ཤེས་མཁན་ཡོད་དམ།

    Reply
  6. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    རྒྱ་རྒན་འདི་ཚོས་དེ་འདྲ་མང་པོ་བྲིས་ཡོད་རྒྱུ་རེད། འདིར་དེབ་དེ་ངོ་སྤྲོད་བྱེད་དོན་དེ་དེབ་དེའི་ནང་དེའི་དམིགས་བསལ་གྱི་བརྗོད་བྱ་གནད་ཅན་རེ་བྲིས་ཡོད་པ་རེད་དམ།

    Reply
  7. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ཁོ་རང་གི་དེབ་དེའི་མིང་ལ་བོད་ཀློག་པ་ཟེར་བ་ལས་བོད་གཏོར་བ་ཞེས་བཏགས་ཡོད་ན་དངོས་ནས་ཕན་པོ་ཡོད་རྒྱུ་རེད། དེ་མ་གཏོགས་དེབ་དེ་འདྲ་ཞིག་ལ་ཆ་འཇོག་བྱེད་མཁན་ནི་རྒྱ་ནག་རང་གི་སྲིད་གཞུང་ནང་གི་མི་སྣ་ལོ་རྒྱུས་དང་དྲང་བདེན་ལ་བརྩི་མཐོང་མེད་མཁན་དག་གི་ཡིད་ཆེས་བྱེད་ས་ཞིག་ལས་གང་ཡང་མིན་ངེས་རེད།

    Reply
  8. འཁྱམས་པོ། says:
    ལོ་ 17 སྔོན།

    རེད ཁོས་དོན་ཚན་གསུམ་པོ་འདིས་ ཁོ་ ནི་ཡང་རྒྱ་གཞུང་གི་ཀླད་མེད་དཔོན་རིགས་ཚོའི་རྒྱུག་ཁྱི་ཞིག་ཡིན་པ་རྟོགས་ཐུབ། ད་དུང་རྒྱ་གཞུང་གིས་ཁོ་ལ་མཐོང་ཆེན་དེ་འདྲ་དང་དངུལ་ཕོགས་ཀྱང་དེ་ཚོད་ཅིག་སྤྲོད་གྱིན་ཡོད་ཡོད་པ་རེད། ཁོའི་དོན་ཚན་གསུམ་དེས་ བོད་ཀློག་པ་ཞེས་པ་དེ་གང་འདྲ་ཞིག་ཡིན་པ་བསྟན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese