མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱེད་ལ་དམ་བཅའ་ཡོད་དམ།

བོད་ཀྱི་དུས་བབ།
༢༠༠༩/༠༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༣༥ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

༢༠༠༩ ལོ་ནས་བཟུང་ང་ཚོར་སླར་ཡང་ལོ་གཅིག་སར་བ་མ་རེད། ལོ་ ༥༠ པ་དེ་སར་པ་རེད། དུས་རབས་ཤིག་གི་ཕྱེད་ཀ་ཚང་བ་རེད། དེ་བས་ཁྱེད་ལ་དམ་བཅའ་འདྲ་ཡོད་དམ། ལོ་གཅིག་གི་དམ་བཅའ་མིན་པར། མ་འོངས་པའི་ལོ་ ༥༠ རིང་གི་དམ་བཅའ།

ང་ཚོས་འདི་ལྟར་མིག་རྒྱང་ཇེ་རིང་དུ་གཏོང་དགོས་པར་འདུག ང་ཚོའི་ཤེས་རིག་ཟབ་མོ་དེའི་ཆུ་མགོ་སྐམ་གྱིན་འདུག ང་ཚོའི་གདེང་སྤོབས་མཐོན་པོ་དེའི་རྨང་རྡོ་ཆག་གིན་འདུག དོན་དམ་དུ་ང་ཚོའི་འདས་ཟིན་པའི་ལོ་ ༥༠ ནི་ས་མཐའི་ཉམས་མྱོང་ཙམ་ལས་གཞི་འཇོག་ས་མེད་པར་གྱུར་འདུག ཡིན་ཡང༌། མ་འོངས་པའི་ལོ་ ༥༠ དེ་ཉམས་མྱོང་འདི་དག་གཞི་ལ་བཞག་སྟེ། ང་ཚོས་དོན་དམ་གྱིས་མི་རིགས་ཀྱི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ། མི་རིགས་ཀྱི་འཐབ་རྩོད་ལ་ཆོད་སེམས་ཡོད་པ་དང༌། འཆར་གཞི་ཡོད་པའི་ཐོག་སྙུགས་སྲིང་ནས་ལས་དོན་སྒྲུབ་དགོས་པར་འདུག

ང་ཚོའི་ལས་དོན་མཐའ་དག་གི་དང་པོ་ནི་བོད་མིའི་ནུས་པ་གསོ་རྒྱུ་དེ་ཡིན་ངེས། ནུས་པ་གང་གསོས་པ་དེ་དག་ཁ་འཐོར་མིན་པར་དབུས་ཀྱི་ནུས་པ་གཅིག་གི་སྟེང་སྤུངས་དགོས་པར་འདུག འདིའི་མཐར་ཐུག་གི་གོ་དོན་ནི་བོད་མི་ཚང་མས་འགྲོ་བ་མིའི་རྣམ་དཔྱོད་དང་དངོས་པོའི་གནས་ལུགས་ཀྱི་སྟེང་ནས་བོད་དོན་འཐབ་རྩོད་ཀྱི་ཆོད་སེམས་བརྙེད་དགོས་པ་དང༌། ཆོད་སེམས་དེ་ཡང་ཆིག་སྒྲིལ་གྱི་ངོ་བོར་གནས་དགོས་པ་དེ་ཡིན། རྨང་གཞི་འདི་ལྟ་བུ་ཞིག་གི་སྟེང་ནས་ང་ཚོས་འབྱུང་འགྱུར་གྱི་ལོ་ ༥༠ དེ་མགོ་འཛུགས་དགོས་པ་ནི་བོད་མི་རིགས་ཀྱི་དམ་བཅའ་ཡིན་འོས།

འདས་ཟིན་པའི་ལོ་ ༥༠ རིང་ང་ཚོས་རང་ཉིད་ཀྱི་ནུས་པ་སྐྲུན་མ་ཐུབ་པ་དང༌། ནུས་པ་གང་འཚམ་ཡོད་པ་དེའང་དབུས་ཀྱི་ནུས་པ་གཅིག་གི་སྟེང་སྤུངས་མ་ཐུབ་པའི་རྐྱེན་གྱིས་ཤེས་ཡོན་འཐུས་ཤོར་དང་ལས་དོན་གང་ཅིར་ཚགས་ཚུད་མེད་པའི་རྣམ་པ་བྱུང་བར་འདོད། ང་ཚོར་རང་དབང་དང་དམངས་གཙོ་དགོས་པ་རེད། ཡིན་ཡང་འདི་དག་ནི་ང་ཚོའི་ཐུན་མོང་གི་མངོན་འདོད་དང་གོང་བུའི་ནུས་པར་མི་གནོད་པ་ཞིག་དགོས་པ་རེད། ང་ཚོར་དཔལ་འབྱོར་འཚོལ་སྒྲུབ་ཀྱི་གོ་སྐབས་དགོས་པ་རེད། འོན་ཀྱང་དཔལ་འབྱོར་གྱི་འཚོལ་སྒྲུབ་ཀྱི་དོན་དུ་མི་རིགས་ཀྱི་འཐབ་རྩོད་བློས་གཏོང་བྱེད་པ་ནི་ག་ལ་རུང༌། དེས་ན། ང་ཚོས་འཆར་ལོར་བཙན་བྱོལ་གྱི་མི་ལོ་ ༥༠ སྲུང་གཙོ་བྱེད་སྐབས་ཀྱང་ཁ་ཕྱོགས་འདི་འདྲ་ཞིག་ལ་བསམ་བློ་བཏང་སྟེ། གཞུང་སྒེར་གྱི་སྒྲིག་འཛུགས་ཁག་དང་མི་སྒེར་རེ་རེ་ནས་དམ་བཅའ་འདི་འདྲ་ཞིག་ལེན་པའི་དུས་ལ་བབ་ཡོད་པར་འདོད་དོ།།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

ཆུ་ཚོད་ ༡༣ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༡༡
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་།

ཆུ་ཚོད་ ༡༣ སྔོན་ལ།
བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོ་དེབ་ནས་བླངས།
Mobile App

ཨ་རིར་ཉིན་གྲངས་གཉིས་རིང་བོད་དོན་ཞུ་གཏུག་བྱས། 

ཆུ་ཚོད་ ༡༣ སྔོན་ལ།
Advertisement for App

རྩོམ་སྒྲིག་པའི་ས་མིག་གསལ་བསྒྲགས།

༢༠༢༦/༠༦/༡༠
Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

༢༠༢༦/༠༦/༡༠
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩

མཆན། 3

  1. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བོད་ཀྱི་དུས་བབ་ཚང་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། མི་མང་ནི་ཁ་རྫུན་བཤད་རྒྱུར་དགའ་བས་དཀའ་གནད་དེ་དག་ཁྱེད་ཅག་གིས་འབྲེལ་ཡོད་ཀྱི་མི་སྣ་དག་ལ་ཞིབ་འདྲི་བྱས་དེ་༧གོང་ས་མཆོག་གི་སྐུའི་བདེ་ཐང་བསྐོར་འདིར་བཀོད་གནང་བ་ལ་སླར་ཡང་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  2. འཁྱམས་པོ། says:
    ལོ་ 17 སྔོན།

    དམ་བཅའ་གང་བཞགས་ཀྱང་ཡག་པ་རེད འོན་ཀྱང་དམ་བཅའ་གང་མ་འགྲུབ་པའམ་མ་སྒྲུབ་ན་སྡུག་པ་རེད།

    Reply
  3. བསེ་རུ། says:
    ལོ་ 17 སྔོན།

    མི་རེ་རེར་དམ་བཅའ་རེ།
    ཁྱིམ་ཚང་རེ་རེར་དམ་བཅའ་རེ།
    ཚོགས་པ་རེ་རེར་དམ་བཅའ་རེ།
    དེ་རིང་ནས་ང་ཚོས་དམ་བཅའ་ཞིག་འཇོག་དགོས་པ་ནི་ཐུན་མོང་གི་འོས་འགན་ལགས།
    གནད་དོན་ཅི་ཞིག་གི་ཐོག་ཏུ་དམ་བཅའ་འཇོག་དགོས་སམ།
    ཐབས་ཚུལ་ཅི་འདྲ་ཞིག་སྤྱད་དེ་དམ་བཅའ་འཇོག་དགོས་སམ།
    འདི་ལྟར་ད་དུང་མི་ལོ་ལྔ་བཅུའི་རིང་འདུག་མི་དགོས་པར་དམ་བཅའ་འཇོག་དགོས་སམ།
    ཡང་ན།
    ད་དུང་མི་ལོ་ལྔ་བཅུའི་རིང་འདི་ལྟར་ཡུལ་གྱར་ནས་ཡུལ་གྱར་དུ་གྱེས་པའི་དམ་བཅའ་འཇོག་དགོས།
    དེའི་ཐོག་ང་ཚོས་མནོ་བསམ་བཏང་ནས་ཉིས་སྟོང་དགུ་ལོའི་ཉིན་དང་པོ་འདིར་དམ་བཅའ་ཞིག་དགོས།
    མདོར་ན།
    རང་དང་གཞན།
    ཁྱིམ་ཚང་དང་སྤྱི་ཚོགས།
    མི་རིགས་དང་རྒྱལ་ཁབ།
    འཛམ་གླིང་གི་ཆེད་དུའང་དམ་བཅའ་ཞིག་ང་ཚོས་འཇོག་ཐུབ་མིན་ལ་འབད་བརྩོན་བྱ་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese