མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་ཞབས་ལིའུ་ཞའོ་པོ་དང་ང་ཚོ། ཡང་ན་ང་ཚོ་དང་ཁོ་ཚོ།

བོད་ཀྱི་དུས་བབ།
༢༠༠༩/༠༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

——ས་བྱི་ལོའི་བཙན་རྒོལ་སྙིང་སྟོབས་ཀྱི་ཟུར་ཞིག
མེ་ལྕེ།
1
  ས་བྱི་ལོ་ནི་གངས་ཅན་པ་དག་ལ་མཚོན་ན་ལོ་རྒྱུས་དེབ་ཐེར་སྟེང་གསེར་ཡིག་གིས་འབྲི་ཆོག་པའི་ལོ་ཞིག་རེད་ལ། ས་བྱི་ལོ་ནི་རྒྱ་ནག་དམར་པོའི་གཞུང་ལ་མཚོན་ན་རང་གི་དུར་ས་རང་གིས་བརྐོས་པའི་ལོ་ཞིག་རེད།
  ས་བྱི་ལོ་ནི་གངས་ཅན་པ་དག་ལ་མཚོན་ན་རང་དབང་གི་ངར་སྐད་སྒྲོག་པའི་ལོ་ཞིག་རེད་ལ། ས་བྱི་ལོ་ནི་རྒྱ་ནག་དམར་པོའི་གཞུང་ལ་མཚོན་ན་དཔའ་བོ་དཔའ་མོའི་སྨྲ་ལྕེ་གཅོད་པའི་ལོ་ཞིག་རེད།
  ས་བྱི་ལོར་གངས་ཅན་པ་དག་དཔའ་གདེང་དང་རྟུལ་ཕོད་ཀྱིས་བརྟས་ཏེ་ལམ་ལ་ཆས་བྱུང་ལ། ས་བྱི་ལོར་གངས་ཅན་པ་དག་རིགས་ཞེན་དང་རྒྱལ་གཅེས་ཀྱིས་དེད་དེ་ཡར་ལ་ལངས་བྱུང༌།
  ས་བྱི་ལོར་དྲག་གནོན་དང་འཇིགས་སྐུལ་ནི་རྒྱ་ནག་དམར་པོའི་གཞུང་གིས་རྒྱལ་གཅེས་པ་རྣམས་ལ་ཕུལ་བའི“ལེགས་སྐྱེས”རེད་ལ། ས་བྱི་ལོར་དམར་གསོད་དང་འཇུ་བཟུང་ནི་རྒྱ་ནག་དམར་པོའི་གཞུང་གིས“ཆབ་སྲིད་ཉེས་ཅན”རྣམས་ལ་གནངས་པའི“གཟིགས་བཟོས”རེད།
  ས་བྱི་ལོ……
ས་བྱི་ལོ……
2
སྤྱི་ལོ2008ལོའི་ཟླ12པའི་ཚེས8ཉིན་གྱི་དགོང་མོ་རྒྱ་ནག་གི་སྲིད་ཀྱི་ལྟ་ཚུལ་གཞུང་དང་མི་མཐུན་པ་སྒྲོག་མཁན་དང༌། འགྲོ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན། རྩོམ་མཁན་དང་རང་དབང་ཤེས་ཡོན་ཅན་སྐད་གྲགས་ཅན་སྐུ་ཞབས་ལིའུ་ཞའོ་པོ་ལགས་ཁོང་གི་ཁྱིམ་དུ་རྒྱ་ནག་ཉེན་རྟོག་པས་འཇུ་བཟུང་བྱས་འདུག  ཁོང་གི“ཉེས་པ”ནི“རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པར་ངན་སྐུལ་རྒྱག་པའི་ནག་ཉེས”རེད་འདུག  དེ་ནི་ཏག་ཏག《འགྲོ་བ་མིའི་ཐོབ་ཐང་བསྒྲགས་གཏམ》སྤེལ་ནས་ལོ་འཁོར་དྲུག་ཅུ་ལོན་པའི་དུས་དྲན་གྱི་ཉིན་གཉིས་ཀྱི་སྔོན་ལ་འཁེལ་འདུག་པ་རེད། གསར་ལམ་དག་ཏུ་བཀོད་པ་ལྟར་ན། ཁོང་ཉིད་འཛིན་བཟུང་བྱེད་དོན་ནི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང༌། དམངས་གཙོ། ཁྲིམས་སྲིད་སོགས་གོང་སྤེལ་གཏོང་བའི་ཐད་ཀྱི་ཡིག་ཆ《08རྩ་ཁྲིམས》ཞེས་པར་མིང་རྟགས་ཐོག་མར་འགོད་མཁན་གྱི་གྲས་དང་རྩ་ཁྲིམས་དེའི་གྲོས་འགོ་འདོན་མཁན་གྱི་གྲས་ཡིན་པས་རེད་ཟེར།
ཐེངས་འདིའི་འཛིན་བཟུང་བརྩིས་ཚེ་སྐུ་ཞབས་ལིའུ་ཞའོ་པོ་ལགས་རྒྱ་ནག་དམར་པོའི་གཞུང་གིས་སྔ་ཕྱིར་ཐེངས་བཞི་ལ་བཙོན་དུ་བཅུག་པ་དང༌། ལྷག་པར་དུ་ད་ཐེངས་ཁོང་ཉིད་གར་བཅུག་འདིར་བཟུང་གི་གནས་ཚུལ་ཙམ་ཡང་མ་ཤེས་པར་ལུས་འདུག  དེ་ནི་སྲིད་དབང་སྒེར་གཅོད་ཀྱི་སྤྱི་ཚོགས་འདིའི་སྐྱོ་གར་ཞིག་ཡིན་པར་མ་ཟད། རྒྱུ་འབྲས་བློ་མིག་ལྡན་པའི་ཤེས་ཡོན་ཅན་དག་གི་སྐྱོ་གར་ཞིག་ཀྱང་ཡིན་པ་རེད།
སྐུ་ཞབས་ལིའུ་ཞའོ་པོ་ལགས་ཀྱིས་བོད་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བླ་མེད་མཛད་མྱོང་ཞིང༌། ཁོང་ནི་བོད་ཕྱོགས་ནས་ལངས་ཏེ་རྒྱུ་འབྲས་ཀྱི་དྲང་གཏམ་སྨྲ་བའི་རྒྱ་རིགས་ཤེས་ཡོན་ཅན་ཐོག་མའང་ཡིན་པ་རེད། སྤྱི་ལོ1996ལོའི་ཟླ9པའི་ཚེས30ཉིན་ཁོང་གིས་རྒྱ་ནག་གི་སྐབས་དེའི་སྲིད་འཛིན་ཅང་ཙེ་རྨིན་ལ་འཕྲིན་ཡིག་ཕུལ་ཡོད་པ་དང༌། འཕྲིན་ཡིག་དེའི་ནང་དུ་བོད་ཀྱི་གནད་དོན་རང་ཐག་རང་གཅོད་ཀྱི་ལམ་ལ་འགྲོ་བར་རྒྱབ་སྐྱོར་གནང་འདུག་ལ། རྒྱ་ནག་གཞུང་གིས་གོང་ས་མཆོག་དང་ཞི་བའི་གྲོས་མོལ་གནང་རྒྱུར་ཡང་འབོད་སྐུལ་ཞུས་འདུག་པ་རེད། ད་ལོའི་སྤྱི་ཟླ་གསུམ་པའི་ནང་བོད་ཆོལ་ཁ་གསུམ་དུ་རྒྱ་ནག་དམར་པོའི་གཞུང་ལ་ཞི་བའི་ངོ་རྒོལ་གྱིས་སྒེར་ལངས་ཆེན་པོ་བྱེད་བཞིན་པའི་སྐབས་ལ། རྒྱ་ནག་དམར་པོའི་གཞུང་གིས་དྲག་གནོན་རབ་དང་རིམ་པ་བྱས་ཏེ་བོད་ཡུལ་ཀུན་ཏུ་དམར་པོ་ཁྲག་གི་རྒྱ་མཚོ་བསྐྱིལ། སྐབས་དེར་རྒྱ་ནག་གི་ཤེས་ཡོན་ཅན30ཡིས་མཉམ་དུ་མིང་རྟགས་བཀོད་དེ་རྒྱ་ནག་དམར་པོའི་གཞུང་ལ“བོད་ཀྱི་གནས་སྟངས་ཐག་གཅོད་ཕྱོགས་ཀྱི་བསམ་ཚུལ་བཅུ་གཉིས”ཞེས་པ་ཞིག་བཏོན། ཁོང་ནི་བསམ་ཚུལ་བཅུ་གཉིས་ཀྱི་གྲོས་འགོ་འདོན་མཁན་གཙོ་བོའི་གྲས་རེད་འདུག  མ་ཟད། ཛ་དྲག་གི་སྐབས་དེ་དག་ལ་བསྟུད་མར《བོད་ཀྱི་འཇིགས་ཉེན་འདི་ནི་དངོས་གཙོ་རིང་ལུགས་སྒེར་གཅོད་ཀྱི་ཕམ་ཁ་རང་རེད》ཅེས་པ་དང༌། 《རྒྱ་མི་ལ་རང་དབང་མེད་ཚེ། བོད་མི་ལ་རང་སྐྱོང་མི་འདུག》ཅེས་པ། 《བདག་གིས་རྒྱ་ནག་དམར་པོའི་གཞུང་གིས་གྲོས་མོལ་གྱི་སྒོ་མོ་འབྱེད་པར་ལྟ་བ》ཞེས་པ་བཅས་སྤེལ་འདུག  ཁོང་གི་གཏམ་སྦྱོར་འདི་དག་གི་སྟེང་ནས་ང་ཚོས་ཁོང་ཉིད་ཀྱི་གཞོམ་གཞིག་བྲལ་བའི་བློ་སྤོབས་དང་སྒེར་ཚུགས་ཐོབ་པའི་མི་གཞི་རྟོགས་ཐུབ་ལ། ཤེས་ཡོན་ཅན་ཞིག་གི་དྲང་བདེན་སྐྱོང་བའི་བློ་མིག་དང་དབང་ཤུགས་ལ་རྒོལ་བའི་སྙིང་སྟོབས་ཀྱང་མཐོང་ཐུབ།
3
  ད་ལྟ་རྒྱ་ནག་གི་རྒྱུ་འབྲས་བློ་མིག་གི་འཐུས་ཚབ་སྐུ་ཞབས་ལིའུ་ཞའོ་པོ་ལགས་ལ་རྒྱ་ནག་དམར་པོའི་གཞུང་གི་བཙོན་ཁང་དུ་མི་སྤྱོད་ལས་འདས་པའི་འདྲི་གཅོད་ཡང་ཡང་གཏོང་གི་ཡོད་ལས་ཆེ། ད་ལྟ་རང་རེའི་དཔའ་བོ་དཔའ་མོ་གང་མང་ལ་ཡང་རྒྱ་ནག་དམར་པོའི་གཞུང་གི་བཙོན་ཁང་དུ་མི་སྤྱོད་ལས་འདས་པའི་མནར་གཅོད་ཡང་ཡང་གཏོང་གི་ཡོད་ལས་ཆེ།
  ད་ལྟ་རྒྱ་ནག་དམར་པོའི་གཞུང་གིས་སྒེར་གཅོད་ཀྱི་རལ་གྲི་སོ་གཉིས་མ་དེ་གང་སར་གཡུག་གིན་འདུག  ད་ལྟ་རྒྱ་ནག་དམར་པོའི་གཞུང་གིས་དམ་དྲག་གི་ཞགས་ནག་རིང་མོ་དེ་གང་སར་སྐོན་གྱིན་འདུག 
  ད་ལྟ་རྒྱ་ནག་དམར་པོའི་གཞུང་གི་དབང་འོག་ཏུ་ཚུད་པའི་ས་སྒང་འདི་ན་རང་དབང་དང་དམངས་གཙོ། ཞི་བདེ་དང་འདྲ་མཉམ་སོགས་གླེང་ས་ཡེ་ནས་མི་འདུག  ད་ལྟ་རྒྱ་ནག་དམར་པོའི་གཞུང་གི་ནང་སེམས་ལྕགས་རས་བསྐོར་བའི་བཙོན་ར་དེ་ན་སྐད་འབོད་དང་ང་རོ། འབོད་སྐུལ་དང་རེ་ཞུ་སོགས་བྱེད་ས་ཡེ་ནས་མི་འདུག 
  སྐུ་ཞབས་ལིའུ་ཞའོ་པོ་ལགས་འཛིན་བཟུང་བཀག་སྐྱིལ་བྱས་པ་དེས་དོན་གྱིས་ང་ཚོའི་སྨྲ་ལྕེ་བསྡམས་པ་རེད་ལ། ང་ཚོའི་མགྲིན་པ་བསྒགས་པ་ཡང་རེད། སྐུ་ཞབས་ལིའུ་ཞའོ་པོ་ལགས་ཀྱི་རང་དབང་འཕྲོག་པ་དེས་དོན་གྱིས་ང་ཚོའི་རང་དབང་འཕྲོག་པ་རེད་ལ། ང་ཚོའི་མི་བུའི་ཐོབ་ཐང་བརླགས་པ་ཡང་རེད།
  རང་དབང་ཁྱུར་མིད་གཏོང་ཞིང་དམངས་གཙོ་རྡོག་རོལ་དུ་གཏོང་བའི་ཁོ་ཚོས་ང་ཚོ་ལ་འདི་ལྟར་བཙན་འཛུལ་དང་གཉའ་གནོན་བྱེད་ཀྱི་ཡོད་པ་རེད། རྩ་ཁྲིམས་ཁ་ནས་གླེང་ཞིང་དམར་གསོད་ལག་ཏུ་བསྟར་བའི་ཁོ་ཚོས་ང་ཚོ་ལ་འདི་ལྟར་བརྙས་བཅོས་དང་ཐུབ་ཚོད་བྱེད་ཀྱི་ཡོད་པ་རེད།
  དེ་རིང་ཁོ་བོས་ཤེས་ཡོན་ཅན་གྱི་སྒལ་ཚིགས་སུ་མཐོང་བའི་སྐུ་ཞབས་ལིའུ་ཞའོ་པོ་ལགས་དྲན་པའི་མོད་ལ། རྒྱ་ནག་དམར་པོའི་གཞུང་གི་བཙོན་དུ་ཡོད་པའི་རང་མི་རིགས་ཀྱི་བཙན་རྒོལ་རྒྱལ་གཅེས་པ་རྣམས་དང༌། ན་གཞོན་ཤེས་ཡོན་ཅན་སྐུ་ཞབས་སྒྲོལ་མ་སྐྱབས་ལགས། བདེན་པ་སྨྲ་བའི་བླ་བྲང་ཨ་ཁུ་འཇིགས་མེད་ལགས། པེ་ཅིན་དུ་བཟང་བཙོན་བྱས་ཡོད་པའི་མཛངས་མ་འོད་ཟེར་ལགས་སོགས་ལྷག་ཏུ་དྲན་འོངས། དུས་མཚུངས་སུ་ཁོང་རྣམ་པར་སེམས་ཁོང་རུས་པའི་གཏིང་ནས་གུས་འདུད་ཞུ་ན་འདོད།
ང་ཚོའི་བདེན་པ་དང་རང་དབང་དང་དམངས་གཙོའི་ཆེད་དུ་འཆི་ཕོད་པའི་སྙིང་སྟོབས་དེ་ཡིས། ཁོ་ཚོའི་རྫུན་པ་དང་གཏུམ་དབང་དང་སྒེར་གཅོད་ཀྱི་སྲིད་དབང་དེ་ནམ་ཞིག་རྫོགས་ཐུབ་པར་ཤོག
ཁོ་ཚོའི་དྲག་གནོན་དང་དམར་གསོད་དང་འཇུ་བཟུང་གི་ལས་དེ་མཇུག་མ་རྫོགས་བར་དུ་ང་ཚོའི་དཔའ་ངར་དང་བློ་སྤོབས་དང་སྙིང་སྟོབས་བཅས་ལ་ནམ་ཡང་འཛད་མཐའ་མེད་པར་ཤོག

                                    2008ལོའི་ཟླ12པའི་ཚེས30—31ཉིན་ལན་གྲུ་རུ།

ཟུར་རྒྱན།
དང་པོ། 2008ལོའི་བོད་ཀྱི་དོན་ཆེན་བཅུ།
1.ས་བྱི་ལོའི་ཞི་རྒོལ་ཆེན་མོ།
2.བོད་རྒྱ་འབྲེལ་མོལ་ཐེངས་བདུན་པ་དང་བརྒྱད་པ།
3.བོད་ཀྱི་གཞོན་ནུ་ཚོགས་པས་ཞི་བའི་གོམ་བགྲོད་ཆེན་མོ་ཐེངས་གཉིས་པ་སྤེལ་བ།
4.དྷ་རམ་ས་ལའི་བོད་ཀྱི་དམིགས་བསལ་ཚོགས་ཆེན།
5.ལྷ་སའི་དགུང་ལོ་བརྒྱད་ཅུ་གྱ་གཅིག་ཅན་གྱི་སྲོལ་རྒྱུན་དཔར་སྐྲུན་པ་དཔལ་འབྱོར་ནོར་བུ་ལགས་ལ་རྒྱ་ནག་དམར་པོ་གཞུང་གིས་ལོ་ངོ་བདུན་གྱི་ཁྲིམས་ཐག་བཅད་པ། 
6.རྒྱ་ནག་གི་ཤེས་ཡོན་ཅན་དང་རྒྱལ་སྤྱིའི་བོད་རིག་པ་མཁན་སྐོར་ཞིག་གིས་བོད་དོན་སྐོར་ལ་སྐད་འབོད་བྱས་པ།
7.“མི་བུ་གཅིག་གི་གསར་ལམ་དང་སྲིད་གཞུང”སྟེ་མཛངས་མ་འོད་ཟེར་ལགས་ཀྱི་ཟིན་བྲིས《མཐོང་མི་ཐུབ་པའི་བོད་ཡུལ》ཞེས་པར་བོད་དོན་དང་འབྲེལ་བའི་ལྗགས་རྩོམ་དྲག་ཆར་བབས་པ་བཞིན་སྤེལ་བ།
8.དམངས་ཁྲོད་དུས་དེབ《ཤར་དུང་རི》སྙིང་སྟོབས་ཆེན་པོས་སྲིད་དོན་དཔྱད་བརྗོད་ལ་ཁ་ཕྱོགས་པ།
9.དཔྱོད་ཤེས་དང་དགག་སྒྲུབ། རང་དབང་དང་དྲང་བདེན་གྱིས་ཕྱུག་པའི《བླ་དཔེ་ཚོགས》དེབ་ཚོམ་གཉིས་པར་སྐྲུན་འགྲེམ་སྤེལ་བྱས་པ།
10.《ཁ་བརྡ》དྲ་དེབ་དང《བོད་ཀྱི་དུས་བབ་ཟིན་བྲིས》《བོད་ཀྱི་སྐད་ཡིག་ཟིན་བྲིས》སོགས་ཀྱིས་གཙོས་པའི་དྲ་རྒྱའི་རིག་གནས་ཤིག་གམ། དྲ་ཐོག་གི་ཤེས་རིག་བགྲོ་གླེང་དང་སྨྲ་བརྗོད་རང་དབང་གི་སྡིངས་ཆ་ཞིག་ཁད་ཀྱིས་ཆགས་པ།
གཉིས་པ། སྐུ་ཞབས་ལིའུ་ཞའོ་པོ་ལགས་ཀྱི་གསུང་རྩོམ་ཁག་གཅིག་གི་ཐོ་ཡིག
1.《选择的批判──与李泽厚对话》 上海人民出版社1987年版
2.《审美与人的自由》 北京师范大学出版社1988年版
3.《形而上学的迷雾》 上海人民出版社1989年版
4.《赤身裸体,走向上帝》 时代文艺出版社1989年版
5.《末日幸存者的独白》 台湾中国时报出版社1993年版
6.《中国当代政治与中国知识份子》 台北唐山出版社1990年版
7.《刘晓波刘霞诗选》 香港夏菲尔国际出版公司2000年版
8.《向良心说谎的民族》 捷幼出版社2002年版
9.《未来的自由中国在民间》 劳改基金会2005年版
10.《单刃毒剑——中国当代民族主义批判》 博大出版社2006年6月出版

འབྲེལ་ཡོད་གསར་འགྱུར།

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

སྐར་མ ༡༣ སྔོན་ལ།
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༤ སྔོན་ལ།
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

ཆུ་ཚོད་ ༤ སྔོན་ལ།
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

༢༠༢༥/༠༧/༠༢
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

༢༠༢༥/༠༧/༠༢

མཆན། 1

  1. jamyangdakpa says:
    ལོ་ 16 སྔོན།

    very very good

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese