རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ཞེས་པ་ནི་༧གོང་ས་མཆོག་གི་གསུང་རྩོམ་གྲགས་ཅན་ཞིག་ཡིན་ལ། དེབ་འདི་ཐོག་མར་༧གོང་ས་མཆོག་གི་གསུང་བསྒྱུར་བ་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་དབྱིན་ཡིག་ནང་བྲིས་ནས་བཏོན་པ་དང་། དེབ་ཀྱི་ཁ་བྱང་གཤམ་མར་ཚན་རིག་དང་ཆོས་ལུགས་ཀྱིས་ང་ཚོའི་འཛམ་གླིང་ལ་ཞབས་ཞུ་སྒྲུབ་ཐབས་ཞེས་བཀོད་ཡོད་པ་རེད།
ངྷ་སར་གནས་སྡོད་བོད་རིགས་ན་གཞོན་བསྟན་འཛིན་རིག་བཟང་ལགས་ཀྱིས་དེབ་འདི་བོད་ཡིག་ནང་བསྒྱུར་ཏེ་ད་ཆར་འགྲེམ་སྤེལ་བྱེད་ཀྱིན་ཡོད་ལ། ཁོང་གིས་དེབ་འདི་བསྒྱུར་བའི་གསལ་བཤད་ཀྱི་ནང་བཀོད་དོན། ང་ཚོའི་སྤྱི་ཚོགས་ཀྱི་དེང་རབས་ཀྱི་རྣམ་པ་ནི། དཔལ་འབྱོར་དང་འཕྲུལ་ལས། འགྲིམ་འགྲུལ། གྱོན་ཆས་ཀྱི་དཔེ་གསར་ལྟ་བུ་འཚོ་བའི་མཐུན་རྐྱེན་ཁོ་ནའི་སྟེང་དུ་འཇོག་མི་རུང་ཞིང་། སྲོལ་རྒྱུན་གྱི་བསམ་བློའི་དཔལ་ཡོན་ལ་ལྟ་སྟངས་གསར་པ་ཞིག་བཟུང་ནས་འདུ་ཤེས་གསར་པ་ཞིག་འཚོལ་རྒྱུ་ནི་དེའི་གྲུབ་ཆ་མེད་དུ་མི་རུང་བ་ཞིག་རེད། རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ཞེས་པའི་གསུང་རྩོམ་འདིས་ང་ཚོའི་སྲོལ་རྒྱུན་གྱི་བསམ་བློའི་དཔལ་ཡོན་ལ་དུས་རབས་ཉེར་གཅིག་པ་དང་འཚམ་པའི་སྤྱི་སྡོམ་བརྒྱབ་ཅིང་། དུས་རབས་གསར་པའི་འདུ་ཤེས་དེའི་འཚོལ་སྙེག་ལ་མཚན་ཉིད་རིག་པའི་སྒྲོམ་གཞི་ཞིག་གཏན་འབེབས་བྱས་ཏེ་ཚན་རིག་གི་འཇིག་རྟེན་དེར་ལེགས་ཉེས་དབྱེ་འབྱེད་ཀྱི་སྒོ་ནས་ང་ཚོར་སྣེ་ཁྲིད་བྱེད་པའི་ནུས་པ་ངེས་ཅན་ཞིག་ལྡན། གུས་པས་གསུང་རྩོམ་འདི་བསྒྱུར་བའི་དམིགས་ཡུལ་ཡང་དེ་ཉིད་ཡིན། ཅེས་བཤད་འདུག
ཁོང་གིས་གསུང་རྩོམ་འདི་ངོ་སྤྲོད་བྱས་དོན། ཚན་རིག་དང་སེམས་དོན་རིག་པ་མཉམ་སྦྲགས་ལས་གྲུབ་པའི་ཆེད་རྩོམ་འདི་ནི། ནང་བསྟན་གྱི་མཚན་ཉིད་རིག་པ་དང་ཚན་རིག་གཉིས་ཀའི་གཞི་རྩའི་ལྟ་བ་དང་། རྣམ་གཞག་དང་བརྟག་ཐབས། དེ་བཞིན་དུས་རབས་ཉེར་གཅིག་པའི་མི་རྣམས་ལ་འཕྲད་པའི་ཀུན་སྤྱོད་ཀྱི་དཀའ་ངལ་སོགས་ཀྱི་གསལ་བཤད་ཞིབ་འབྲི་དང་། ཕན་ཚུན་ཞིབ་བསྡུར་ལས་བྱུང་བའི་དཔྱད་གླེང་གི་ཁྱད་ཆོས་ཀྱིས་ཕྱུག་པར་མ་ཟད། སྐད་ཆའི་ཉམས་འགྱུར་གྱི་ཆ་ནས་ཀྱང་བློ་གཟུ་བོར་གནས་པའི་བགྲོ་གླེང་གི་རྣམ་པ་ཆེས་ཆེར་ལྡན་པ་ཞིག་རེད་ཅེས་བཤད་འདུག
བསྟན་འཛིན་རིག་བཟང་ལགས་དང་ལྷན་དུ་གསུང་རྩོམ་འདི་བསྒྱུར་བའི་བརྒྱུད་རིམ་སྐོར་ལ་གླེང་མོལ་བྱུང་སྐབས་ཁོང་གིས་གསུང་རྩོམ་འདིའི་གལ་ཆེན་རང་བཞིན་དེ་དང་པོར་འཇོག་པ་དང་། ལྷག་པར་དུ་བར་སྐབས་ཤིག་ལ་ཁོང་གིས་གསུང་རྩོམ་འདི་བོད་ཡིག་ནང་བསྒྱུར་བའི་འགྱུར་གཞན་ཞིག་མཐོང་ཞིང་། འགྱུར་དེ་དང་མ་རྩོམ་གཉིས་གཞིབ་བསྡུར་གྱིས་ཀློག་སྐབས་འགྱུར་དེས་བློ་ཡིད་མ་ཚིམས་པར་ཁོ་རང་ཉིད་ཀྱིས་བསྒྱུར་བའི་ངལ་བར་བསྟེན་ཚུལ་སོགས་བཤད་བྱུང་ལ། འདིའི་སྐོར་ཁོང་གིས་བསྒྱུར་པ་པོའི་གསལ་བཤད་ནང་དུ་འདི་ལྟར་བཀོད་འདུག སྤྱིར་འདས་པའི་ལོ་ངོ་བརྒྱད་ལྷག་གི་རང་ཉིད་ཀྱི་སློབ་གཉེར་ལ་མཚོན་ན། ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་དང་འཛམ་གླིང་གི་ལོ་རྒྱུས་སོགས་གཙོ་གནད་དུ་བཟུང་ཡོད་པས། འདི་འདྲའི་བརྩམས་ཆོས་ཤིག་བོད་བསྒྱུར་བྱེད་པའི་བསམ་བློ་འཁོར་མ་མྱོང་། འོན་ཀྱང་། ན་ནིང་གི་ཕྱི་ཟླ་བཅུ་པའི་ནང་གྲོགས་པོ་ཞིག་གི་ལག་ཏུ་གསུང་རྩོམ་འདིའི་བོད་འགྱུར་རགས་ཟིན་ཞིག་འདུག་ཅིང་། གུས་པས་དེ་དང་མ་དཔེ་གཉིས་ལ་ཞིབ་ལྟ་བྱས་ཏེ་སྒྱུར་སྟངས་ཀྱི་རིག་པ་འགའ་ཞིག་ལ་རྒྱུས་ལོན་བྱེད་དགོས་བསམས་ནས་ཞིབ་ཀློག་བྱེད་སྐབས། མ་དཔེའི་ཚིག་དོན་དང་ཁྱད་ཆོས་སོགས་ཇི་བཞིན་ཐོན་པར་ད་དུང་རྒྱང་ཐག་ཧ་ཅང་རིང་བའི་ཚོར་སྣང་སྤྲད། ལྷག་པར་རགས་ཟིན་དེའི་ལེའུ་ཞིག་ནི་མཐའ་མའི་གཏན་འབེབས་ཀྱི་ཚུལ་དུ་དུས་དེབ་ཅིག་གི་ནང་བཀོད་འདུག་པ་ཡང་མཐོང་བྱུང་སྟབས། གལ་འགང་ཤིན་ཏུ་ཆེ་བའི་གསུང་རྩོམ་འདིའི་མ་རྩོམ་གྱི་ཉམས་འགྱུར་དང་ཐག་ཉེ་བ་ཞིག་བསྒྱུར་ཐུབ་ན་ཅི་མ་རུང་སྙམ་པའི་བསམ་ཚུལ་ངང་ངམ་ཞུགས་ཀྱིས་བྱུང་། དེར་བརྟེན། ཚོད་ལྟའི་ཚུལ་དུ་པྲན་རང་ངོས་ནས་ཕྱི་ལོ་ ༢༠༠༧ ལོའི་ཕྱི་ཟླ་བཅུ་གཅིག་པ་ནས་བཟུང་ལས་ཀའི་ཞོར་དུ་གསུང་རྩོམ་འདི་བསྒྱུར་མགོ་བརྩམས་པ་དང་། ༢༠༠༨ ལོའི་ཟླ་གསུམ་པའི་ཟླ་མཇུག་ལ་རགས་ཟིན་དང་པོ་ཡོངས་སུ་རྫོགས་རྗེས་བོད་ཡིག་གི་ལམ་ནས་མི་སྣ་མང་པོ་ཞིག་ལ་ཞིབ་ཀློག་བྱེད་དུ་བཅུག་པ་ཡིན། འོན་ཀྱང་། དབྱིན་ཡིག་གི་མ་དཔེ་དང་བསྡུར་ནས་སྒྱུར་རྩོམ་འདི་ཀློག་མཁན་ཞིག་བཙལ་ཀྱང་མ་བརྙེད་པས། གལ་བཔ་ཆེ་ལ་ནན་ཏན་གྱི་ཚུལ་དུ་སྒྱུར་རྩོམ་འདི་གུས་པ་རང་ཉིད་ཀྱིས་མ་ཕྱི་དང་ཞིབ་བསྡུར་ཐེངས་བདུན་ལ་བྱས་པ་ཡིན་ཞེས་བཤད་འདུག
གསུང་རྩོམ་འདི་རྩ་བའི་ཆ་ནས། སྔོན་གླེང་དང་། ༼རྟོག་གཞིགས།༽ ༼ཚན་རིག་དང་འཕྲད་པ།༽ ༼སྟོང་ཉིད་དང་། ལྟོས་གྲུབ། ཁོན་ཏྲོམ་དངོས་ཁམས་རིག་པ།༽ ༼འབར་གས་ཆེན་མོ་དང་། ནང་པའི་ཐོག་མ་མེད་པའི་འཇིག་རྟེན།༽ ༼འཕེལ་འགྱུར་རིག་པ། ལས་ཀྱི་རྣམ་གཞག སེམས་ཅན་གྱི་འཇིག་རྟེན།༽ ༼ཤེས་པའི་གནད་དོན།༽ ༼ཤེས་པར་ཕྱོགས་པའི་ཚན་རིག༽ ༼ཤེས་པའི་རྣམ་གྲངས།༽ ༼ཀུན་སྤྱོད་རིག་པ་དང་། རིགས་རྒྱུན་གྱི་ཚན་རིག་གསར་པ།༽ མཇུག་སྡོམ་དུ། ༼ཚན་རིག་དང་། སེམས་དོན་རིག་པ། འགྲོ་བ་མི།༽ བཅས་ཚན་པ་བཅུ་གཅིག་གིས་གྲུབ་འདུག དེ་བཞིན་དུ་སྒྱུར་པ་པོ་བསྟན་འཛིན་རིག་བཟང་ལགས་ཀྱིས་ཟུར་བཀོད་ཀྱི་མཆན་འགྲེལ་ནང་དུ་ཚན་རིག་པ་ཕལ་ཆེ་བའི་ལོ་རྒྱུས་ཉུང་བསྡུས་དང་། ཚན་རིག་གི་བརྡ་ཆད་མང་པོ་ཞིག་ལ་ཁ་གསལ་ཚིག་ཉུང་དུ་འགྲེལ་བཤད་དང་བཅས་བཀོད་འདུག
འཇིག་ལྟ་ལགས་ཀྱིས་བཤད་པ་ལ་གནས་ལུགས་མི་འདུག་ཅེས་བཤད་རྒྱ་ཁག་ཙམ་འདུག རྩོམ་ཡིག་བསྒྱུར་བའི་སྐབས་རྩོམ་པ་པོའི་སྒྱུར་ཆོག་པའི་ཆོག་མཆན་དགོས་པ་གལ་ ཆེན་པོ་རེད། འོན་ཀྱང་གང་ནས་བསྒྱུར་བྱའི་མ་དེབ་དེའི་ནང་པར་སྐྲུན་སོགས་ཀྱི་བདག་དབང་འཁོད་ མེད་ན་བསྟན་འཛིན་རིག་བཟང་ལ་རྙོག་གྲ་གང་ཡང་ཡོད་པ་མ་རེད། དེ་ལ་བཀའ་འཁྲོལ་ཞུ་དགོས་དོན་མེད་པ་རེད། གལ་སྲིད་པར་སྐྲུན་བདག་དབང་སྐོར་འཁོད་ཡོད་ན་དེ་ལྟར་ཆོག་མཆན་མེད་ཀྱང་བསྒྱུར་ བ་ནི་ཁྲིམས་འགལ་རེད། ངས་དབྱིན་ཡིག་ཡག་པོ་ཤེས་ཀྱི་མེད་ཀྱང༌། པར་སྐྲུན་བདག་དགོས་མིན་ཙམ་ལ་ལྟ་ཤེས་མོད། སྟབས་མ་ལེགས་པ་ཞིག་ལ་ངས་དེབ་དེ་མཇལ་རྒྱུ་བྱུང་མ་སོང༌། དྲ་གྲོགས་རྣམས་ཀྱིས་དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས། དེ་བཞིན་སྐུ་སྒེར་ཡིག་ཚང་སོགས་ལ་མ་བཅར་བ་གཏན་ནས་རེད་འདུག་ཀྱང་དམིགས་བསལ་ གནང་གི་མིན་ཞེས་གསུངས་མེད་ཀྱང༌། ཁོང་གིས་ཞུས་པ་སྣང་མེད་དུ་བཏང་ཡོད་པ་དངོས་ཡོད་གནས་ཚུལ་རེད།
ངས་ཁྱེད་ཚོ་ངོ་མ་ཤེས་པ་མ་ཚད་བསྟན་འཛིན་རིག་བཟང་དང་ལྷག་རྡོར་ལ་འབྲེལ་བ་མེད་། འོན་ཀྱང་༢༠༠༧ལོར་རྡ་སར་ཚན་རིག་ཚོགས་འདུ་ཞིག་ལ་འགྲོ་སྐབས་དགེ་བཤེས་ལྷག་རྡོར་གྱིས་དེབ་དེའི་བསྒྱུར་གྱི་རགས་ཟིན་དང་པོ་དེ་སྤྲད་བྱུང་། དེའི་ནང་སྡེ་ཚན་ཁ་ཤས་ལྷག་རྡོར་དང་། ཁ་ཤས་བསྟན་ཚེ་དཔག ཁ་ཤས་པད་མ་རྡོ་རྗེས་བསྒྱུར་འདུག རགས་ཟིན་དེའང་ཀློག་མི་བདེ་བ་དམིགས་མི་འདུག
སྐབས་དོན།
གོང་གསལ་ཆེད་རྩོམ་དེ་ཚོ་གསར་འབྱོར་དང་བྱེས་སྐྱེས་ཀྱི་ཞེན་བྱེད་པ་འདྲ་པོ་འདུག་པས་བློ་ཕམ་བྱུང་། དེས་ན་གཟུར་གནས་བློས་ལུང་པ་དང་གསར་སྙིང་གིས་ཕྱོགས་སུ་མ་ལྷུང་པར་བསམ་ཚུལ་བརྗོད་ན་ཡག་པོ་འདུག
རིག་བཟང་ལགས་ཀྱིས་རྐུ་ཤུས་མ་བྱས་པར་བསྒྱུར་ན་ཞེ་དྲག་ཡག་པོ་རེད། འོན་ཀྱང་ཆོག་མཆན་མེད་པར་༧གོང་ས་མཆོག་གསུང་རྩོམ་དེབ་གཅིག་ཡོད་རྫོགས་ནས་དཔར་དུ་བསྐྲུན་པ་ཡག་པོ་མ་རེད། རྗེས་མ་དབྱིན་བོད་འཐོར་བུ་ཤེས་པས་མི་དེ་ཚོས་༧གོང་ས་མཆོག་གི་གསུང་རྩོམ་ཕྱག་དེབ་བསྒྱུར་པ་ཡིན་ཟེར་ནས། ༧གོང་ས་མཆོག་གིས་གཏན་ནས་མ་གསུངས་པ་དེ་འདྲ་བཀོད་སྲིད་པ་རེད། མ་གཞི་རིག་བཟང་ལགས་གསར་འབྱོར་བ་ཞིག་གིས་དབྱིན་སྐད་ཀྱི་གནས་ཚད་མཐོན་ལྡན་པའི་ཕྱག་དེབ་the universal in a single atom ཞེས་པ་བསྒྱུར་པ་ཧ་ཅང་གི་གཟི་པརྗིད་ཡིན་སྟཔས། གཞན་ལ་ཞུམ་མི་དགོས་པར་དཔལ་ལྡན་སྐུ་གེར་ཡིག་ཚང་དང་། རང་གཞུང་བཀའ་ཤག་སོགས་སུ་ད་ལྟའང་བཅར་ན་མ་འགྲིགས་པ་མེད། ཅི་སྟེ་རྒྱབ་རྩ་མེད་པས་ཕྱིར་ཕུད་བྱས་ན་སྤྱི་འཐུས་རྒྱུས་ནས་ཞུ་དགོས་རེད། ད་དུང་མ་བྱུང་ན་དུས་འབབ་གསར་ཁང་ལ་ཕྱིན་ན་འགྲིགས་གྱི་རེད།
ད་ལྟ་རིག་བཟང་ལགས་ཀྱིས་ཆོག་མཆན་མེད་པར་དེབ་བཏོན་པ་དེས། གསར་འབྱོར་བ་ཚོས་མགོ་ཚོད་ལ་མ་ཚོད་གང་བྱུང་བྱེད་ཀྱི་འདུག་ཟེར་ཡག་དེ་ཆགས་པ་རེད།
ཞབས་དྲུང་ངག་དབང་རྣམ་རྒྱལ་ལགས་ཀྱིས་དེབ་འདིའི་སྐོར་སྔ་ཕྱིར་བྲིས་པ་རྣམས་ལ་བལྟས་པ་ཡིན་ལ། དེབ་དེའི་སྐོར་གསར་འགྱུར་གྱི་བརྒྱུད་ལམ་གཞན་དུའང་ཐོན་ཡོད་པས། དེབ་དེ་རེག་ཐབས་བྱས་ནས་ཚར་གཅིག་བཀླགས་པ་ཡིན། སྤྱིར་བསྟན་འཛིན་རིག་བཟང་ཟེར་བ་ག་འདྲ་ཞིག་ཡིན་མིན་རྒྱུས་མངའ་གཏན་ནས་མེད། མཐོང་མྱོང་ཡང་མེད། དེབ་དེའི་མཇུག་ཏུ་འདྲ་པར་ནག་པོ་ཞིག་བཀོད་འདུག་ཀྱང་ངོ་ཆོད་ཁག་པོ་ཞིག་ཆགས་འདུག གོང་གི་དེ་ཚོ་ཆོ་མེད་ཀྱི་སྐད་ཆ་ལྟ་བུ་ཆགས་སོང༌། ངས་དེབ་དེ་བཀླགས་ནས་ཚོར་སྣང་ཁག་ཅིག་བྱུང་བ་གཤམ་དུ་འབྲི་རྒྱུ་ཡིན།
དང་པོ། དེབ་དེ་བསྟན་འཛིན་རིག་བཟང་གིས་བསྒྱུར་བ་རེད་ཅེས་ངས་ཁ་ཚོད་བཅད་ནས་བཤད་དགོས་དོན་མེད་ཀྱང༌། དགེ་བཤེས་ལྷག་རྡོར་སོགས་ཀྱིས་བསྒྱུར་བ་ཞིག་མིན་པ་གསལ་བོ་རེད་བསམ་གི་འདུག རྒྱུ་མཚན་དགེ་བཤེས་ལྷག་རྡོར་དང༌། ན་ག་སངས་རྒྱས་བསྟན་དར། དེ་བཞིན་ཤེས་རིག་གི་ཀརྨ་སྨོན་ལམ་སོགས་ལ་བོད་ཡིག་དང་དབྱིན་ཡིག་གི་ཤེས་ཚད་ཡག་པོ་ཡོད་ངེས་ཀྱང༌། བོད་ཡིག་གིས་གང་བྲིས་པ་དེར་ཀློག་པ་བོ་འགུགས་ཤུགས་དེ་གཏན་ནས་མི་འདུག ད་ལྟའི་དེབ་དེ་མགོ་ནས་མཇུག་བར་དང་བོ་ནས་བོད་སྐད་ཀྱིས་བྲིས་པ་ལྟ་བུ་ཞིག་འདུག བསྟན་འཛིན་རིག་བཟང་གིས་དཀའ་ལས་གང་ཡང་མ་བརྒྱབ་པར་བརྐུས་པ་ཡིན་ན། དགེ་བཤེས་ལྷག་རྡོར་སོགས་ལ་བརྐུས་པ་མ་ཡིན་པར། བོད་ཡིག་རྩོམ་རྩལ་གྱི་བྲོ་བ་ཧ་ཅང་ཆེན་པོ་ཡོད་པ་གཞན་ཞིག་ལ་བརྐུས་པ་ཡིན་ས་རེད། བཙན་བྱོལ་ནང་དུ་འཚར་ལོང་བྱུང་བ་ཚོར། སུམ་རྟགས་དང་སྙན་ངག་ཁ་ནས་བཤད་རྒྱུ་ཡོད་ཀྱང༌། བོད་ཡིག་འབྲི་བའི་སྐབས་གཡག་ལྟ་བུས་མཚོན། བོད་ཀྱི་སྤྱི་ཚོགས་ཀྱི་འཚོ་བ་དང་ཁོར་ཡུག་དེ་ཚོ་རི་མོ་དང་འདྲ་པར་ཙམ་ལས་མཐོང་མྱོང་མེད་པ་་སོགས་བོད་པའི་སྤྱི་ཚོགས་འཚོ་བ་དངོས་ལ་རྒྱུས་མངའ་གཏན་ནས་མེད་སྟབས། ཁོང་རྣམས་ཕལ་མོ་ཆེས་བྲིས་པ་དང་བསྒྱུར་བ་གང་ཡིན་ཡང༌། བོད་པ་རང་གི་བྲོ་བ་ཡོད་པ་ཞིག་གཏན་ནས་མི་འདུག་ཅེས་ངས་སྐད་གསེང་མཐོན་པོའི་ཐོག་ནས་བཤད་ཐུབ།
གཉིས་པ།
བསྟན་འཛིན་རིག་བཟང་ལ་སྐུ་སྒེར་ཡིག་ཚང་ནས་ཆོག་མཆན་མེད་ཚུལ་མང་བོ་ཞིག་བྲིས་འདུག ཕྱོགས་གཅིག་ནས་བཤད་ན་དེ་ཧ་ཅང་གལ་ཆེན་པོ་རེད། རིག་རྩལ་བདག་དབང་གི་ཕྱོགས་ལ་བསམ་བློ་གཏོང་དགོས་པའི་གོམས་གཤིས་དེ་འཇགས་དགོས་པ་བོད་པའི་སྤྱི་ཚོགས་སྤྱི་དང༌། ལྷག་པར་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་གལ་ཆེན་པོ་རེད། འོན་ཀྱང་བསྟན་འཛིན་རིག་བཟང་ཟེར་བ་དེ་དེབ་དེའི་ནང་དུ་ལོ་རྒྱུས་ཤིག་བྲིས་པ་ལྟར་ན་གསར་འབྱོར་ཞིག་རེད་འདུག དེར་བརྟེན་ཁོ་ལ་ངོ་ཤེས་གྲོགས་པོ་དང་རྒྱབ་རྩ་དཔུང་རོགས་མེད་ན། བླ་ཆེན་དང་དཔོན་ཆེན་རྣམས་ཀྱི་མདུན་དུ་དུས་ནམ་ཡང་ངོ་སོ་ཆུང་བ་དངོས་ཡོད་གནས་ཚུལ་རེད། དཔེར་ན་རྩོམ་པ་བོ་གྲགས་ཆེན་ཧོར་གཙང་འཇིགས་མེད་ལགས་ཐོག་མ་བཙན་བྱོལ་དུ་འབྱོར་བའི་སྐབས། ལས་ཀ་ཞིག་རེག་པའི་ཆེད་ཤེས་རིག་ལས་ཁུངས་སུ་སྙན་ཞུ་ཕུལ་བ་དང༌། ཁོང་གིས་བརྩམས་པའི་ཆུ་ཤིང་བསྟན་བཅོས་ཀྱི་འགྲེལ་བ་བོད་ལྗོངས་ནང་བསྟན་དུས་དེབ་ཐོག་བཀོད་པ་སྤྱན་བསྟར་ཞུས་སྐབས། སྐབས་དེའི་ཤེས་རིག་རྩོམ་སྒྲིག་འགན་འཛིན། ད་ལྟ་ནོར་གླིང་དུ་ཡོད་པ་པདྨ་རིག་འཛིན་གྱིས་འདི་ཁྱོད་ཀྱིས་བྲིས་པ་མ་རེད་ཅེས་ཁས་མ་བླངས་པ་རེད། རྒྱུ་མཚན་འདི་དག་གི་ཐོག་ནས་བསྟན་འཛིན་རིག་བཟང་ལའང་མཐོང་ཆུང་དང་བརྙས་བཅོས་བཏང་ནས། མིག་ལམ་དུ་བཞག་མེད་སྲིད་པ་ཞིག་རེད།
གསུམ་པ།
ཞབས་དྲུང་ངག་རྣམས་ཀྱིས་ད་ལྟ་བསྟན་འཛིན་རིག་བཟང་གིས་བསྒྱུར་བའི་དེབ་དེ་བརྐུས་པ་དང༌། དེ་རྫབ་ཆེན་ཡིན་པ་མང་པོ་ཞིག་བྲིས་འདུག དྲི་བ་གཅིག་ཞུ་རྒྱུ་ཡོད། གལ་སྲིད་བསྟན་འཛིན་རིག་བཟང་བོད་གཞུང་གི་གནད་ཡོད་མི་སྣ་ཞིག་ཡིན་པའམ། ཡང་ན་བླ་ཆེན་དཔོན་ཆེན་ཞིག་ཡིན་ན་ཁྱེད་ཀྱིས་དེ་ལྟར་ལབ་གི་རེད་དང་མ་རེད། ཁྱེད་ཀྱིས་ལན་འདེབས་སྐབས། ལབ་གི་རེད་ཅེས་བརྗོད་པ་ངས་ཚོད་དཔག་བྱེད་ཐུབ་ཀྱང༌། ཁྱེད་ཀྱིས་རང་སེམས་ནང་དུ་བསྐོར་ནས་བསམ་བློ་ཞིག་བཏང་ནས་ཁྱེད་ཀྱིས་བཤད་སྟངས་ཕྱོགས་གང་ནས་བསམ་ཀྱང་དེ་ལྟར་བརྗོད་མཁན་ཞིག་མ་རེད་བསམ་གྱི་འདུག དེར་བརྟེན་དངོས་ཡོད་གནས་ཚུལ་ལ་བསམ་བློ་མ་བཏང་བར། བསྟན་འཛིན་རིག་བཟང་ཟེར་བ་དེ་རྒྱབ་རྩ་མཐུག་པོ་ཡོད་མཁན་ཞིག་མ་མིན་པ་ཤེས་ནས་ཁྱེད་ཀྱིས་ཆུ་ཆུང་ས་ནས་ཉ་སྤར་འཛིན་དང༌། རི་བོང་གི་ལུས་སྟོབས་ལ་བལྟས་ནས་ཁྭ་ཏས་གཤོག་འགྱུར་རྒྱག་གི་ཡོད་པ་གསལ་བོ་རེད།
བཞི་པ།
བསྟན་འཛིན་རིག་བཟང་གིས་སྔོན་གླེང་ནང་དུ་སྔོན་མ་ནས་བསྒྱུར་ཟིན་པ་ཞིག་མཐོང་ཡང༌། འགྱུར་ཡག་པོ་མེད་ཚུལ་བཤད་ཡོད་པ་དེ། ངས་བལྟས་ན་ཁོང་གིས་སྤོབས་པས་ཐོག་ནས་དེ་ལྟར་བརྗོད་པ་དེ་ཁོང་གིས་བརྐུས་པ་མིན་པའི་རྒྱུ་མཚན་གལ་ཆེ་ཤོས་དེ་རེད་བསམ་གྱི་འདུག གལ་སྲིད་ཁོང་གིས་དགེ་བཤེས་ལྷག་རྡོར་སོགས་ཀྱིས་བསྒྱུར་བ་དེ་བརྐུས་པ་ཡིན་ན། དེ་ལྟར་བསྒྱུར་ཟིན་པ་ཞིག་མ་མཐོང་མདོག་མདོག་བྱེད་སྲིད་པ་ལས། མཐོང་སོང་ཡག་པོ་མི་འདུག་ཅེས་བརྗོད་གི་མ་རེད། རྐུ་ཤེས་ས་ནས་རྐུང་མི་ཤེས་གྱི་ཡོད་པ་མ་རེད། ངས་བལྟས་ན་དེབ་དེ་བསྟན་འཛིན་རིག་བཟང་ཁོ་རང་གིས་བསྒྱུར་འདུག་བསམ་གི་ཡོད། དེ་ང་རང་གི་བསམ་ཚུལ་རེད། ཞབས་དྲུང་ངག་རྣམས་ཁྱེ་རང་གིས་བྲིས་པ་དེ་ཁྱེད་རང་གི་བསམ་ཚུལ་རེད། བསམ་ཚུལ་མི་གཅིག་མང་པོ་ཡོང་ཆོག་གི་རེད།
(མེ་འོད་ཀྱིས་) ཕྱི་ལོ་༡༩༩༨ ལོའི་ལོ་མཇུག་ཏུ་རྒྱ་ནག་ཁྲིན་ཏུ་རུ་བོད་དོན་སྐོར་གསང་བའི་ཚོགས་འདུ་ཞིག་འཚོགས་ཏེ་གྲོས་ཆོད་དོན་ཚན་གསུམ་པའི་ནང༌། རྒྱ་གར་དུ་ཡོད་པའི་ཏཱ་ལའི་སྲིད་གཞུང་གཏོར་བཤིག་གཏོང་སླད། ཡུལ་གྱར་སྲིད་གཞུང་གི་གལ་ཆེའི་མི་སྣར་སྐྱོན་འཛུགས་དང་མིང་ཆད་བཟོས་ཏེ་བློ་ཕམ་དང་དགོངས་ཞུ་བྱ་དགོས་ཀྱི་ལས་འགུལ་སྤེལ་ཐབས་དང༌། བོད་མི་མང་ནས་ཏཱ་ལའི་སྲིད་གཞུང་ལ་ཡིད་ཆེས་བརླགས་ཏེ་འགལ་ཟླ་བཟོ་ཐབས་ཀྱི་དམིགས་བཀར་སྲིད་ཇུས་འཛིན་རྒྱུ་ཞེས་ལྐོག་ཇུས་རིམ་པར་བཏིངས་བ་ད་ནི་མངོན་འགྱུར་བྱེད་ཀི་ཡོད་པ་མིན་ནམ་བསམ་ནས་སྐྲག་གི།
འོ་ཡ། གཤག་བཅོས་སྟབས་བདེ་བསྒྲུབས་སོང་། རྨ་ཁ་མགྱོག་པོ་དྲགས་འདོད་ན་ལོ་ཙ་བ་བསྟན་འཛིན་རིག་བཟང་ལགས་ཀྱི་བོད་བསྒྱུར་གནང་བའི་༸གོང་ས་མཆོག་གི་གསུང་འབུམ་(རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན།)ཐེངས་གཅིག་ཀློག་དང་ཕན་ངེས།
ངས་རྒྱ་དྲུང་ལ་གཤག་བཅོས་ཤིག་བྱེད་ཀྱི་ཡིན།
དང་པོ་ཁྱོད་དང་ལྷག་རྡོར་ཅན་ངན་པ་ལག་འབྲེལ་ཡིན་པའི་ར་སྤྲོད། ལྷག་རྡོར་ཅན་གྱིས་༸གོང་ས་མཆོག་གི་བཀའ་ཡིག་ཕྱོགས་བསྡུ་བྱེད་ཀྱི་ཡིན་ཞེས་སྐུ་སྒེར་
ཡིག་ཚང་ནས་༸གོང་ས་མཆོག་གི་བཀའ་ཡིག་དང་འཛམ་གླིང་གི་ས་ཕྱོགས་གང་ས་ནས་
ཁོང་ལ་ཕུལ་བའི་གཟེངས་རྟགས་མི་ཉུང་བ་ཞིག་འཁྱེར་བ་དེ་དག་ཁྱོད་གཉིས་ཀྱིས་མཉམ་དུ་ལྐོག་བཟའ་བྱས་ཡོད་པ་གསལ་པོ་རེད། ད་རེས་ཡང་ཁྱོད་རས་གོ་སྐབས་འདི་བཟུང་ནས་ལྷག་རྡོར་ཅན་ལ་སྤྲད་ལད་འཁྲབ་སྟེ་དཔེ་མཛོད་ཁང་ན་སྐུ་སྲུང་ཐུགས་རྟེན་རྙིང་པ་ཁ་ཤས་ཡོད་པ་དེ་དག་ལྐོག་ཟ་བྱེད་འདོད་རེད།
གཉིས་པ་ཁྱོད་ཀྱི་བྱེད་སྟངས་དང་རྒྱལ་འགོང་ཚོགས་པའི་བྱ་སྤྱོད་གཅིག་མཚུངས་ཡིན་པ། ཁྱོད་ཀྱིས་ཐེངས་མང་བསྟན་འཛིན་རིག་བཟང་གིས་ཆོག་མཆན་མ་ཞུས་པར་རང་གར་༸གོང་ས་མཆོག་གི་གསུང་འབུམ་པར་བསྐྲུན་བྱས་པ་རེད་ཟེར་བ་དེ་དང་སྔ་ལོ་ཤུགས་ལྡན་ཚོགས་པས་༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་དོན་མེད་སྙོན་འཛུགས་ཀྱིས་ཁྲིམས་གཏུག་བྱས་པ་དེ་དག་གི་དམིགས་ཡུལ་གཅིག་པ་རེད།
གསུམ་པ་ཁྱོད་ཀྱི་དམིགས་ཡུལ་བོད་མིའི་སྤྱི་ཚོགས་དཀྲུགས་རྒྱུ་དེ་ཡིན་པ། ཁྱོད་རས་མི་ཉམ་ཆུང་མི་རིགས་ལ་ཤ་ཚ་ཡོད་མཁན་ཞིག་ལ་ལྷག་པར་དུ་སྙོན་འཛུགས་དེ་ལྟ་བུ་བྱེད་དགོས་པའི་དམིགས་ཡུལ་ཧ་ཅང་གསལ་པོ་རེད། ཁྱོད་ཀྱིས་༸གོང་ས་མཆོག་གི་གསུང་འབུམ་ཁ་ལ་ཁྱེར་ནས་གཞོར་ལ་ཆོལ་ཁ་ཡང་དཀྲུགས་ཀྱིན་འདུག་ འོ་ན་དྲ་གནས་འདིའི་ནང་ཕེབས་མཁན་ཚང་མ་བསྟན་འཛིན་རིག་བཟང་གི་ཡུལ་ལུང་གཅིག་པའི་མི་ཤ་སྟག་ཡིན་ནམ།
བཞི་པ་ཁྱོད་གཞན་མིང་རྐུ་མཁན་གྱི་རྒྱལ་འགོང་རེད། ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་མིང་རྐུས་ནས་ཁ་ཤོབ་ལུང་པ་གང་བཤད་པ་ལས་ཁྱོད་ཀྱི་ཁྱི་མིང་ངོ་མ་བེད་སྤྱད་ན་ཁྱོད་ལ་སྤྱི་ཚོགས་འདིའི་སྟེང་རིན་ཐང་ག་ཚོད་ཡོད་མེད་ཚང་མས་ཤེས་ཀྱི་རེད།
ངོ་མ་རྒྱ་གུང་ཁྲན་ཚང་གི་ཞབས་དྲུང་བ་ཁྱི་རྒན་འདིས་བོད་པ་ཚང་གི་བླ་བཙོང་གི་ཡོད་པ་གཏན་ཁེལ་རེད། ཁྱེད་ཀྱིས་ངེད་བོད་པ་ཚང་གི་མཁས་མཛངས་གཉིས་ལྡན་གྱི་སྐུ་ཞབས་ཨ་འབྲུག་དཀོན་མཆོག་ལགས་ལ་ཅིས་ཕྱིར་དམའ་འབེབ་འདི་འདྲ་ཞིག་བྱེད་བློ་འཁོར་སོང༌། རྒྱ་ནག་དམར་ཤོག་ཚང་གིས་ང་ཚོ་བོད་པ་ཚང་ལ་ཏཱ་ལའི་ཁ་བྲལ་བ་དང་ཁྲིམས་འགལ་བ་ཞེས་བསྙོན་འཛུགས་བྱེད་ཀྱིན་པ་བཞིན། ཁྱེད་ཀྱིས་ཀྱང་ཨ་འབྲུག་དཀོན་མཆོག་ལགས་ལ་སྤྱུ་ཚོགས་པའི་མིང་ངན་འདི་འདོག་དགོས་དོན་རྒྱུ་མཚན་གཞན་ཞིག་ཡོད་རྒྱུ་རེད། ད་དུང་ཁྱོད་ཀྱིས་བཤད་པ་ཡིན་ན། ཨ་འབྲུག་དཀོན་མཆོག་ལགས་ཀྱིས་ཁོང་གི་སྤྱོད་པ་ལ་གཟབ་དགོས་ཟེར། ཁོང་གི་སྤྱོད་པའི་སྟེང་ལ་མི་འགྲིག་པ་ཅི་ཞིག་འདུག ཁོང་ངེད་བོད་པ་ཚང་གི་ནང་པའི་དགེ་འདུན་པ་གཉོམ་ཆུང་ཚུལ་མཐུན་ཞིག་རེད། མི་ཚེ་གང་བོ་བསླབ་པ་སློབ་གཉེར་ཁོ་ནར་བརྩོན་བཞིན་ངེད་བོད་པ་ཚང་གི་བདེ་སྡུག་ལ་བསམ་བློ་གཏོང་མཁན་ཞིག་རེད། དེ་ལ་སྐྱོན་ཅི་ཞིག་འདུག ལོ་སྔོན་མའི་ནང་རྒྱ་ནག་གིས་བཤད་དོན། བཙན་བྱོལ་བའི་ནང་བོད་པ་རྒྱ་ནག་གི་ཟ་མ་ཟ་མཁན་ཡོད་ཚུལ་བརྗོད་པ་བཞིན། ཞབས་དྲུང་བའི་མིང་འཁོད་མྱི་ངན་ཁྱི་རྒན་འདི་ཅིས་ཀྱང་བོད་པ་ཚང་གི་ཞབས་འདྲེན་ཞིག་ཡིན་པ་ཐག་གིས་ཆོད། ཁྱོད་ཀྱིས་ལོ་ཙ་བ་བསྟན་འཛིན་རིག་བཟང་གི་སྤྱོད་པའི་ཐད་ནས་དགག་གཞག་སྤངས་གསུམ་བྱེད་འདོད་པ་ཡིན་ན། འོ་ན། ཁྱེད་ཀྱིས་ཅིས་ཕྱིར་ཨ་འབྲུག་དཀོན་མཆོག་ལགས་ནག་པོར་བཟོས་པ་ཡིན། ཁོང་གིས་སྤྱུ་བའི་བྱ་བ་ཅི་ཞིག་བྱས་འདུག ཁོང་གིས་རྒྱ་ནག་དམར་ཤོག་ཚང་གི་རྫུན་གཏམ་དང་གཡོ་སྒྱུ་ལ་བདེན་འབྲེལ་གསལ་བརྗོད་འགའ་རེ་བྱས་པ་དེ་དག་གིས། ཁྱེད་ལྟ་བུའི་རྨོངས་རྒན་ཁྲེལ་མེད་རྣམས་ལ་སྤྱུ་སོང་བ་ཨེ་རཻད། ཨ་འབྲུག་དཀོན་མཆོག་ལགས་ཀྱིས་ངེད་བོད་པ་ཚང་གི་ཐུན་མོང་མ་ཡིན་པའི་ཡ་རབས་ཚུལ་མཐུན་གྱི་སྤྱོད་པ་ཁུར་ནས་འགྲོ་བཞིན་པ་འདིས། ཁྱེད་རྒྱ་དམར་ཚང་གི་མི་གསོད་ཁྲག་སྦྱོར་གྱི་སྤྱོད་ངན་དང་སྤྱུ་སོང་བ་ཨེ་རེད། ལྟས་ངན་ཁྱོད་རྡ་ས་ཙམ་གྱི་བརྒྱ་བྱིན་པ་ག་ལ་ཡིན། མྱི་ངན་ཁྱོད་པེ་ཅིན་ཁྲེལ་མེད་ཚང་གི་བརྒྱ་བྱིན་པ་ལོས་ཡིན། ང་ཚོ་བོད་པ་ཚང་ནམ་ཡང་བདེ་སྡུག་གཅིག་ཡིན་ལ། དམིགས་ཡུལ་གཅིག་ཡིན། ཁྱེད་ལྟ་བུ་མྱི་ངན་ཞིག་གིས་ང་ཚོ་ལ་འཕོང་དཀྲུག་བྱེད་ག་ལ་ཐུབ། ཞབས་འདྲེན་པ། རྗེས་ཕྱོགས་ཅིས་ཀྱང་ང་ཚོ་ལ་འཕོང་དཀྲུག་གི་སྐད་ཆ་དེ་དག་ངེད་བོད་པ་ཚང་གི་དུས་བབས་ཐོག་འཁྱེར་མ་ཡོང་རོགས་གྱིས།
ད་ཞབས་དྲུང་ཡིན་ན་འདི་གང་ལྟར་རྒྱའི་ཞབས་དྲུང་ཡིན་ན་ཡིན་གི་ཅིག། བོད་ཀྱི་ཞབས་དྲུང་ཡིན་ན་ཡིན་གི་ཅིག གང་ལྟར་སྐུ་སྒེར་ཡིག་ཚང་གི་སྒོར་བརྐུ་མཁན་དག་གི་རྒྱབ་རྩ་བྱེད་སྟངས་ལ་ལྟོས་ན་ཁོ་རང་ཡང་སྙིང་རྗེ་བླ་སྤྲུལ་ག་གེ་མོ་ཞིག་གི་སྔ་གཞུག་ན་ཞབས་དྲུང་ཞེས་མིང་སྙན་མོ་ཞིག་བཏགས་ཏེ་དོན་གྱིས་བསྔོ་བརྟེན་འགའ་རེ་བར་དོ་བྱེད་རྒྱུ་ཨེ་རགས་བལྟ་མཁན་ཞིག་པ་ཐག་ཆོད་རེད། ད་དུང་ཆོག་མཆན་མེད་པར་དཔར་བསྐྲུན་བྱས་ནས་་་ཞེས་ཧམ་བཤད་བྱེད་སྟངས་ལ་ལྟོས་དང་། སྔོན་ཆད་རྒྱལ་ཡུམ་ཆེན་མོའི་དེབ་༼Dalai lama is my son ༽དང་མཛད་རྣམ་གཉིས་༼Freedom in Exile༽ མི་སྒེར་པ་འགས་བོད་ཡིག་ཏུ་བསྒྱུར་ཆོག་པའི་རེ་སྐུལ་ཡང་ཡང་ཞུས་ཀྱང་ལས་ཀྱི་སྣེ་མོ་བ་འགས་གཏན་འགོག་བྱེད་སྟངས་ཡང་མི་འདི་འདྲ་བ་འགའི་གྲིབ་ནག་ཡིན་པ་ད་ས་གཤར་ན་རྡོ་ལྷང་ལ་འབུད་ཀྱིན་འདུག། གོང་གི་ལན་དེ་ཁོས་དགོང་མོ་ཉལ་སའི་ནང་བྲིས་བ་ཡིན་ལབ་འདུག འདི་ངོ་མ་ཕྲག་དོགས་གིས་དགོང་མོ་གཉིད་ཀྱང་ཁུག་གི་ཡོད་ས་མ་རེད། ངོ་མ་ན་ཚ་ལྕི་མོ་རེད། འོན་ཀྱང་ང་ཚོ་ལ་ཐབས་ཤེས་མི་འདུག པེ་ཅིན་ལ་སོང་ན་ཅི་འདྲ་ཡིན་ནམ། གོང་གི་གནས་ཚུལ་འདི་དག་དགེ་བཤེས་ལྷག་རྡོར་ལ་འབྲེལ་ཆེན་པོ་ཞིག་མི་འདུག དོན་ངོ་མ་དེ་ང་ཚོའི་ཤེས་རིག་ལས་ཁུངས་ཀྱི་སྤྱིར་ཁོག་ན་ཡོན་ཏན་མེད་ལ་ནང་དགོས་སུ་བོད་ཡིག་མ་ཤེས་པའི་དྲུང་ཆེ་གཞོན་དང་རྒྱུད་ན་ལྷག་བསམ་དང་ཁོག་ན་ལར་ཞེན་མེད་པའི་སྐུ་ངོ་ཡིན་ན་དེའི་རོ་ཐོ་དེ་ཚོ་ལན་འདུག
དྲ་གྲོགས་ལྷན་རྒྱས་ལགས། གོང་གསལ་ཞབས་དྲུང་མིང་འཁོད་པ་དེས་ཅི་ཞིག་བཤད་ཀྱིན་འདུག་གམ། གལ་སྲིད་མྱི་འདི་ལོ་ཙ་བ་བསྟན་འཛིན་རིག་བཟང་ལགས་ཁོ་གཅིག་པོའི་སྟེང་ལ་འཁོན་སེམས་འདྲ་ཡོད་པ་ཡིན་ན། ཁོས་ཐད་ཀར་བསྟན་འཛིན་རིག་བཟང་ལགས་ལ་འཁོན་འཛིངས་བྱེད་རྒྱུ་རེད། དེ་མིན་བསྟན་འཛིན་རིག་བཟང་ལགས་ལ་ངོ་མ་སྐྱོན་ཞིག་ཡོད་ན། ཁོས་སྐྱོན་དེ་དག་གསལ་འདོན་དག་འབུད་བྱེད་རྒྱུ་རེད། གང་ཡང་མིན་པར་སྨྱོ་བཤད་གཟའ་བཤད་རྐྱང་རྐྱང་བྱས་པ་འདིར་གནད་དོན་ཞིག་མེད་པ་གཏད་ནས་མིན། ལྟས་ཚོད་ལ། ཁོ་ནི་ྋགོང་ས་མཆོག་གི་གསུང་རྩོམ་རྣམས་བོད་བསྒྱུར་པར་བསྐྲུན་བྱས་པར་མི་དགའ་མཁན་ཞིག་ཏག་ཏག་ཡིན་ཚོད་རེད། ང་ཚོ་ནི་མི་རབས་གསལ་བ་ཡིན་ལ། ཆོལ་གསུམ་ལག་རྡང་གཅིག་སྦྲེལ་གྱི་ན་གཞོན་སྤུན་ཟླ་ཡིན། སྤྱིར་མི་སྐྱོན་མེད་ཅིག་ཡོད་མི་སྲིད་པ་བཞིན་ལོ་ཙ་བ་བསྟན་འཛིན་རིག་བཟང་ལགས་ཀྱང་དོན་ངོ་མ་གང་འདྲ་ཞིག་ཡིན་མིན་མི་ཤེས་མོད། འོན་ཀྱང་ཁོང་གིས་ྋགོང་ས་མཆོག་གི་གསུང་རྩོམ་དེ་རང་སྐད་ཐོག་ཀློག་ཐུབ་པར་བྱས་ཡོད་པ་ནི་མིག་མཐོང་ལག་ཟིན་རེད། སྤྱིར་སྐད་ཡིག་གང་ཞིག་ལ་མཚོན་ན་ཡང་བརྡ་སྤྲོད་སྟངས་ཀྱི་དབང་གིས་མཚམས་རེར་གོ་བ་ལེན་སྟངས་ཀྱི་ཕྱོགས་ལའང་ཅུང་མི་འདྲ་བ་རེ་ཡོད་པ་བཞིན། དེ་འདྲའི་ཕྱོགས་ནས་དོགས་པ་དང་མ་འགྲིགས་པ་ཡོད་ངེས་ན་ང་ཚོའི་གླེང་མོལ་བྱེད་ཆོག་པ་ཞིག་རེད། དེ་མིན་མི་ཞིག་གིས་དཀའ་ལས་བརྒྱབས་པའི་འབྲས་བུ་མི་གཞན་གྱིས་སྤྱོད་ཚུལ་གྱིས་དོན་མེད་རྙོག་གཏམ་བཤད་པ་འདིར་བསམ་ན། ཞབས་དྲུང་ཟེར་བ་འདིས་རྙོག་དྲ་གཞན་ཞིག་བཟོ་འདོད་པ་ལས་གཞན་གནས་ལུགས་ཤིག་ཡེ་ནས་མ་མཐོང༌། གལ་སྲིད་ཞབས་དྲུང་བ་དེས་གནས་ལུགས་དེར་ཁས་ལེན་མི་བྱེད་ཁུལ་བྱས་པ་ཡིན་ན། འོ་ན། ྋགོང་ས་མཆོག་གིས་སྐུ་ཚེགས་གྲངས་མེད་ཅིག་མྱངས་ནས་གྲུབ་པའི་བཙན་བྱོལ་བའི་སྤྱི་ཚོགས་འདིའི་ནང་ཞབས་དྲུང་མིང་འཁོད་པ་ཅིས་ཕྱིར་སྐྱིད་བསྡོད་བྱེད་ནས་བསྡད་འདུག་པ་ཡིན་ནམ། དེ་མིན་དགོན་པའི་ནང་གི་གྲྭ་བ་དང༌། སློབ་གྲྭའི་ནང་གི་སློབ་མ་རྣམས་ཀྱི་ལྟོ་གོས་གང་ནས་བྱུང་བ་རེད། དེ་དག་འབད་མེད་ལྷུན་འགྲུབ་རེད་དམ། དེ་དག་ཚང་མ་གཞན་གྱིས་དཀའ་ལས་བརྒྱབས་ནས་བྱུང་བའི་བྲས་བུ་རེད། ཅི་བཤད་ཀྱང༌། ཞབས་དྲུང་བ་ལྟ་བུའི་དོག་གཞི་ཅན་གྱི་མྱི་ངན་འདི་རིགས་ཀྱི་ཁ་ལ་མི་ཉེན་པར། ང་ཚོ་ཆོལ་གསུམ་བོད་རིགས་ལག་རྡང་གཅིག་སྦྲེལ་གྱི་མི་རབས་གསར་བའི་གླེང་སྟེགས་སུ་ཆས་འགྲོ། མཐའ་དོན། ལོ་ཙ་བ་བསྟན་འཛིན་རིག་བཟང་ལགས་ཀྱི་མཛད་རྗེས་ལ་རྗེས་སུ་ཡི་རངས་ཞུ།
ཞབས་དྲུང་ལགས། ཁྱེད་ཀྱི་འགག་བཞག་སྤང་གསུམ་བྱེད་འདོད་ཀྱང་། ངེད་ཅག་གི་ཁྱེད་རང་ལ་བཤད་དུ་མ་བཅུགས་པ་ལྟ་བུ་བཤད་ཀྱི་འདུག དེ་ནི་ཁྱེད་རང་གི་སྐད་ཆ་དྲང་མོ་བཤད་མ་སོང་། ཁྱེད་རང་གི་གང་བཤད་འདོད་པ་འདི་ལས་ལྷག་ཞིག་ཡོད་ན་ནི། དོན་མེད་དུ་མི་ལ་སྡུག་དམོད་བྱེད་འདོད་པ་ལས་ད་གང་ཡང་ལུས་ཡོད་ས་མེད། མི་ལ་ནག་ཉེས་འཛུགས་མཁན་གྱི་དང་བོ་ཁྱེད་རང་གི་མགོ་བརྩམས་པ་ཡིན་མོད། ཡིན་ཡང་ཁྱེད་རང་གི་མི་དེའི་ནག་ཉེས་ཇི་ལྟར་བསགས་མིན་ད་དུང་ཁ་གསལ་བཀོད་མི་ཐུབ་དོན་ཅི་ཡིན་ནམ། ངེད་ཅག་གི་མི་ལ་ནག་ཉེས་འཛུགས་པ་ལས་སླ་བོ་གཏན་ནས་མིན། མི་དེ་དག་གི་རང་རང་གི་དཀའ་ལས་མང་བོ་ཞིག་བརྒྱབ་ཡོད་པ་ལ་ཁྱེད་རང་ཡིད་ཆེས་མེད་སྟངས་ཀྱི་ལོ་རྒྱུས་གསལ་བོ་ཞིག་ཁྱེད་རང་ལ་ཡང་བཤད་རྒྱུ་མི་འདུག་དོན་གང་རེད། ང་ཚོ་བོད་པ་ཟེར་བ་འདི་ལ་སྐྱོན་ཆེ་ཤོས་ཤིག་ཡོད་པ་ནི་རང་གི་གང་བྱས་རང་གི་མི་དྲན་ལ་གཞན་གྱི་གང་བྱེད་ནམ་ཡང་མཐོང་ནས་ཡོད་པ་དེ་རེད། འོན་ཀྱང་། མཐོང་བ་དེ་ཡང་རྒྱུ་མཚན་ཡོད་པ་དང་གོ་རིམ་ཡོད་པ་ཞིག་ཡིན་ན་ནི་དངོས་ནས་དགའ་བསུ་ལོས་བྱེད། དེ་ཡང་མིན་པར་དེ་འདྲ་ཞིག་བྱས་རབས་འདུག་ལ་དེ་འདྲ་ཞིག་གོ་སོང་ཟེར་བ་སོགས་གཅིག་བུ་རེད། ཁྱེད་རང་གི་བཤད་བཞིན་པ་དེ་དག་གནས་ལུགས་ཡིན་པ་ལས་མི་གཞན་གྱི་བཤད་པ་ཆལ་གཏམ་དང་རྙོག་གཏམ་རྐྱང་རྐྱང་ཡིན་པར་སྨྲ་བ་ནི། དངོས་ནས་བཤད་ན་དེ་ནི་དྲང་མོ་ཞིག་མ་རེད་དོ། རྗེས་སུ་སྐད་ཆ་གང་ཞིག་བཤད་འདོད་ཡོད་ན་བསམ་བློ་བཏང་ནས་དྲ་གྲོགས་ཚོ་ལ་བཤད་རོགས་གནོང་། དེ་ང་རང་གི་མཐའ་མའི་རེ་སྐུལ་ཡིན། ང་རང་ནམ་ཡང་ཚིགས་ཐོག་ན་འགྱུར་མེད་ཡིན། བོད་ཟེར་བ་ནི་གཅིག་ལས་གཉིས་མེད་ལ། རིག་གནས་སུས་ནང་འདྲེན་བྱེད་པ་ཡིན་ན་དེ་ལ་སེམས་གཏིང་ནས་དགའ་བསུ་དང་རྒྱབ་སྐྱོར་ཡོད་ལ། སུས་རིག་གནས་ཕྱི་འདྲེན་བྱས་པ་ཡིན་ན་དེ་ལ་དགའ་བསུ་ཞུ་ཐུབ་ཀྱི་མེད་དོ།
བསེ་རུའི་སྐད་ཆ་དེ་ལྟ་སྟངས་མི་འདྲ་བ་ཞིག་གི་ཐོག་ནས་བཤད་པ་རེད། ངའི་སྐད་ཆ་དེ་ལྟ་སྟངས་གཞན་ཞིག་གི་ཐོག་ནས་བཤད་པ་རེད། དེ་ལ་ངས་འདི་འགྲིགས་འདི་མ་འགྲིགས་ཞེས་རྩོད་དགོས་མི་འདུག
བོད། ཤ་ཁྲག་རུས་གསུམ་ང་ལ་ཐུགས་རྒྱལ་ཅུང་བཞེངས་ཡོད་ནི་མིན་ན། རྩོད་པའི་གཡུལ་ས་ན་དེ་འདྲ་རེད། སུས་བོད་མི་རིགས་ཀྱི་དོན་ལ་འབད་ཡོད་ན་དེ་ལ་བསྔགས་བརྗོད་དང་རྒྱབ་སྐྱོར་ལོས་ཡོད་དགོས། འོན་ཀྱང་རྒྱབ་སྐྱོར་བྱེད་ས་དེ་མ་ནོར་བ་དགོས། དཀའ་ལས་གཞན་གྱིས་བརྒྱབ། འབྲས་བུ་རང་གིས་ཟ་མཁན་ཞིག་ལ་རྒྱབ་སྐྱོར་བསྔགས་བརྗོད་བྱས་ན་མ་འགྲིགས་པ་རེད། ད་ཐེངས་ཀྱི་གནས་ཚུལ་འདིའི་ནང་གནད་དོན་རྩ་བ་ནས་མེད་པ་ཞིག་རེད་དམ་ཞེས་ན་རྩ་བ་ནས་མ་རེད། གནད་དོན་ཡོད། པར་སྐྲུན་ཆོག་མཆན་མེད་པ་ལ་པར་བརྒྱབ་པ་དེ་མངོན་གསུམ་གྱི་གནད་དོན་གཅིག་རེད། འགྱུར་སྔ་མ་ཐོན་ནས་མཐའ་མའི་གཏན་འབེབས་མ་བྱུང་གོང་འདི་ཁྲིམས་འགལ་ལུགས་འགལ་གྱིས་བཏོན་པ་གནད་དོན་གཉིས་པ་རེད། བརྐུ་བཤུ་བྱས་ཡོད་མེད་དོགས་པ་ཡོད་པ་ཙམ་གྱི་དབང་དུ་བཏང་རུང་དེ་གནད་དོན་གསུམ་པ་རེད། དེ་ཚོ་ངས་གོང་དུ་གཅིག་གཅིག་གཉིས་གཉིས་བྲིས་ཟིན་པས་བསྐྱར་དུ་མི་འབྲི།
བོད་ཤ་ཁྲག་རུས་གསུམ་གྱིས་བོད་གཅིག་མ་གཏོགས་གཉིས་གསུམ་མེད་ཚུལ་བྲིས་པ་དེར་མོས་མཐུན་ཡོད། ངས་འདི་ནས་གང་བཤད་པའང་ཆོལ་ཁ་ལུང་ཚན་གྱི་འཐེན་འཁྱེར་བྱས་པ་ཞིག་གཏན་མིན། ཁྱེད་ཅག་གིས་ངའི་ཕ་ཡུལ་རྩད་ཆོད་ནའང་དེ་འདྲ་བྱེད་དོན་མེད་པ་ཞིག་ར་འཕྲོད་ངེས།
ལྷ་རྗེ་ཨ་ཎ་རུ་ཁྱོད་ཀྱི་བཤད་སྟངས་ལ་བལྟས་ན་ལྷ་རྗེ་ཨེ་ཡིན་སྙམ། རང་གིས་མ་དགའ་ས་དེར་གུང་ཁྲན་གྱི་རྒྱུག་ཁྱི་ཡིན་ཚུལ་འུར་རྒྱག་པ་དེ་དྷ་སའི་སྤོ་བོ་དང་རྨོ་མོ་ཚོས་ལོ་49་ལག་བསྟར་བྱས་པའི་ཐབས་ལམ་ཞིག་རེད། དེ་ཁྱེད་ཀྱིས་རྒྱུན་སྐྱོང་དགོས་བསམ་མམ། གནད་ལུགས་ཤོད་དང་ངས་གནས་ལུགས་བརྩི་གི་ཡོད། གནད་དོན་འདི་ཤོད་མཁན་དྲ་རྒྱ་འདི་གཅིག་པུ་སྒང་ལ་ཁ་ཤས་འདུག མིག་གིས་ཡག་པོ་གཟིགས་ནས་བཀའ་མོལ་གནང་དགོས་རེད།
རྩོད་དུས་ན་ས་ཚ་ས་ནས་རྩོད་དགོས་ཀྱང༌། དེ་ལ་ཁྱེད་ཅག་མི་མོས། ནོར་འཁྲུལ་མིས་བཟོས་དུས་དེ་ལ་སྐྱོན་འཛུགས་དགོས་ཀྱང༌། དེ་ཁྱོད་ཚོས་མི་འོས་ཟེར། དེས་ན། ཡ། ད་ང་ལའང་གསར་པ་ཅང་འབྲི་རྒྱུ་མེད་ཀི། དགག་བཞག་མང་པོ་དང་ཚ་པོ་བྱས་ན་ཁྱེད་ཅག་མི་མཉེས་པར་འདུག་ལ། སྤྱི་ཚོགས་ནང་བརྡབ་གསིག་སོང་ནའང་མ་འོས་པ་རེད། དེའི་ཐོག་ང་རང་ཡང་གློ་བུར་བའི་ལས་དོན་ཞིག་གི་ཆེད་ས་གཞན་ཞིག་ལ་འགྲོ་དགོས་ཐུག་སོང༌། དེ་ནས་དྲ་རྒྱ་ཨེ་རག་མི་ཤེས། དེ་ཡིན་དུས་འདི་ནས་མཚམས་འཇོག
ང་ཡང་བསྐྱར་འདི་གར་ཐོན་མ་ཐོན་ངའི་རང་དབང་ཡིན་པས། ད་ལྟ་ཐག་བཅད་མེད།
ཨོ་མཐའ་མར། ཨ་འབྲུག་དཀོན་མཆོག་གིས་བྲིས་པ་དེ་ནང་དོན་ཡག་པོ་འདུག དེ་བསྟོད་འོས་པ་རེད། ཐུགས་ཕམ་ན་དགོངས་འགལ་མེད་པ། ཁྱོད་སྤྱུ་ཚོགས་སྒང་བུད་མ་ཐག་ཡིན་དུས་རང་གི་སྤྱོད་པ་ལ་གཟབ་དགོས། དེ་སྙིང་གཏམ་ཡིན། དྷ་ས་ན་བརྒྱ་བྱིན་གྱི་སྤྱན་ཡོད་པ་རེད།
ཞབས་དྲུང་ངག་རྣམ་པས་བྲེལ་ཚིབ་ངང་བྲིས་པའོ༎ ༎
དྲ་གྲོགས་ཚོ། རྒྱ་དྲུང་ངམ་ལྷག་དྲུང་ལ་ཁ་ཡ་བྱེད་དགོད་དོན་མི་འདུག གང་ཡིན་ཟེར་ན་རིག་བཟང་རིགས་ཀྱི་བུས་ཡིད་བཞིན་ནོར་བུའི་བཀའ་དགོངས་བསྒྲུབས་ནས་འདས་ཟིན་པའི་མི་ལོ་སུམ་ཅུའི་ནང་རྒྱ་དྲུང་ཁོ་འདྲས་དབྱེན་དཀྲུག་སྡེ་དཀྲུག་ཁོ་ན་བྱས་ཏེ་འཐུས་ཤོར་སོང་བ་དེ་དག་ང་ཚོ་མི་རབས་གསུམ་པའི་ན་གཞོན་ཚོས་ཁ་གསབ་བྱེད་རྒྱུ་ཡིན་པའི་བརྡ་ཙམ་བསྟོན་པར་རྒྱ་དྲུང་གི་སྙིང་ལ་ན་ཟུག་ལོས་གཏོང༌།
རྒྱ་དྲུང་ཁྱོད་མ་གཏོགས་རིགས་བཟང་གི་བུའི་བྱས་རྗེས་ལ་མི་དགའ་བ་བྱེད་མཁན་མེད་དོན་ཅི། ??? ཁྱོད་དང་ཁྱོད་རའི་སྦྱིན་བདག་གི་ཁ་ཕོར་འཕྲོག་སོང་ངམ་??? མ་གཞི་ནས་ཁྱོད་ཀྱིས་ང་ཚོར་ཁ་རྡུང་ཚོད་མེད་གཏོང་དགོས་དོན་ཅི། ཁྱོད་ཀྱི་རྒྱབ་ལ་རྒྱ་གུང་ཁྲན་གྱི་རྒྱབ་རྟེན་མེད་དམ། ཞེད་སྣང་ཚ་བ་ལ།
ང་རང་ནི་དུས་རྟག་ཏུ་སྐད་ཆ་གཅིག་ལས་གཉིས་བཤད་མཁན་དེ་འདྲ་ཞིག་རྩ་ནས་མིན། བོད་ཟེར་བ་ནི་གཅིག་ལས་གཉིས་མེད་པ་དང་ཆོལ་ཁ་དང་ཆོས་ལུགས་ཁ་ལ་འཁྱེར་ནས་ཡོང་མཁན་གྱི་བོད་པ་ཚང་གི་ཞབས་འདྲེན་གང་ན་སུ་ཡོད་པ་དག་ལ་ངས་ནམ་ཡང་དགའ་བསུ་ཞུ་འདོད་མེད་ལ། ང་རང་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་བྱེད་མཁན་དེ་དག་ལ་ནམ་ཡང་རྒྱབ་སྐྱོར་ལས་ངོ་རྒོལ་ཤུགས་ཆེན་ཡོད། དེ་རང་ངེད་ཅག་གི་གླེང་བཞིན་པ་ནི་རིག་གནས་ནང་བསྒྱུར་བྱེད་པོ་བསྟན་འཛིན་རིག་བཟང་ཟེར་བ་ལས་འཕྲོས་པའི་གཏམ་ཞིག་གླེང་བཞིན་ཡོད་པ་རེད། ང་རང་གི་དངོས་ནས་བཤད་པ་ཡིན་ན། མི་སུ་ཡིན་ཡང་འགྲིག མཐོ་དམན་དང་མིང་དང་སྙན་གྲགས་ཡོད་མེད་ལ་ཁྱད་པར་དེ་བས་ཀྱང་མེད། བོད་ཀྱི་ཞབས་འདེགས་སུས་ཞུས་པ་དང་ཞུ་མཁན་གང་ན་ཡོད་པ་དེ་དག་ལ་སེམས་གཏིང་ནས་རྒྱབ་སྐྱོར་དང་རྗེས་སུ་ཡི་རུང་ཡོད་པ་ལས་དམའ་འབེབས་བྱེད་འདོད་ཀྱི་ཀུན་སློང་དེ་འདྲ་རྩ་ནས་མེད། ཡིན་ཡང་། དེང་སང་མི་མང་བོ་ཞིག་གིས་རང་རང་གི་གང་ཞིག་ཕར་རོལ་དང་ཕྱི་ནང་གསང་གསུམ་རྟོགས་ཡོད་འདོག་གི་མི་རིག་ཚད་ལ་དམའ་འབེབས་དང་མཐོང་ཆུང་བྱེད་པ་ལས་ཕན་ཚུན་གྱི་བསམ་ཚུལ་ལ་གྲོས་མོལ་དང་གླེང་གཞི་འཛུགས་རྒྱུ་དེ་སེམས་གཏིང་ནས་འབོར་བཞིན་འདུག་པ་འདི་ནི་སེམས་སྐྱོ་བ་ནས་གོ་ན་མི་འདོད་པ་ཤ་སྟག་ཞིག་ལས་མཁས་པ་དང་ཤེས་ཡོན་པ་ཡིན་ཟེར་མཁན་གྱི་ལས་ཀ་ཞིག་ལ་ངས་གཏན་ནས་ངོས་འཛིན་མི་བྱེད་ཁོ་ཐག་ཡིན། ངེད་ཅག་ལ་དགོས་པ་ནི་རིག་གནས་ནང་འདྲེན་བྱེད་དང་སྒེར་དང་ཚོགས་པ་སོགས་ཅི་ཙམ་མང་ན་དེ་བས་བཟང་མོད། འོན་ཀྱང་། ཞབས་དྲུང་ཚང་གི་བཤད་སྲོལ་ཡིན་ན་བསྟན་འཛིན་རིག་བཟང་གི་གཞན་གྱི་བསྒྱུར་བརྐུ་བཤུ་བྱས་པ་ལྟ་བུ་གསུང་གི་འདུག དེ་ནི་ཁུངས་ལུང་གསལ་བོ་ཡོད་ན་ཕྱིར་བཏོན་ན་ཡག་པོ་ཡོད་པ་རེད། དེ་མིན་ཁུངས་ལུང་གསལ་བོ་དག་པོ་མེད་པར་མི་ཞིག་གི་རང་གི་དཀའ་ལས་བརྒྱབ་ནས་གྲུབ་པའི་ལས་ཀ་དེའི་རིགས་ལ་གཞི་མེད་སྐྱོན་འཛུགས་བྱེད་མཁན་དག་ནི་དངོས་ནས་བོད་པ་ཚང་གི་ཞབས་འདྲེན་དང་ནང་ཁུལ་ལ་གཏོར་བཤིག་གཏོང་མཁན་ལས་གང་ཡང་མ་རེད་དོ།
གཞུག་འདིར་ངས་༧གོང་ས་མཆོག་གི་བཀའ་སློབ་ཞིག་ཚོགས་ཐོག་ནས་གསུང་བ་དྲ་གྲོགས་ཚོ་སྤྱན་འབུལ་ཞུ་རྒྱུ་ཡིན་ན། མི་ཆེན་བླ་ཆེན་གྱི་བཀའ་སློབ་ལ་མོས་པ་དང་དགའ་བསུ་མེད་མཁན་དག་གིས་བཀའ་སློབ་ནང་དུ་ལེན་རྒྱུ་རེད་ཡོད་མེད་བརྟག་ནས་རྗེས་སུ་ང་རང་ལ་ཁ་རྡུང་བཏང་ན་འགྲིག་གི་ཡོད།
དེ་གངས་ཅན་པ་སྤྱིའི་ལས་འགན་ཞིག་རེད་མ་གཏོགས་ང་མི་གཅིག་གི་དོན་དག་དང་ང་གཅིག་གི་བྱེད་དགོས་པ་དེ་འདྲ་མ་རེད། འགྲུབ་གི་མ་རེད། ང་ཚོ་ཚང་མའི་དོན་དག་རེད། གཡས་ཕྱོགས་གཡོན་འདེགས་བྱས་ནས་ཚང་མའི་ཐུན་མོང་གི་ཐོག་ནས་ནུས་པ་བཏོན་ནས་འབད་བརྩོན་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད།
(བོད་པ་ཡིན་)ཞེས་སྤོ་དགྱེ་དགྱེ༎
(བོད་ཡིག་སྦྱོངས་)ཞེས་བསྐུལ་ཤག་ཤག།
དགག་བཞག་བྱེད་དུས་ལན་མེད་པར༎
ཀུ་རེའི་ཀུ་ཅོ་སྒྲོག་འདི་མཚར༎
གོང་ནས་འོག་བར་ཞིབ་ཏུ་ལྷོགས༎
གནས་ལུགས་ཡོད་པ་སུས་བཤད་འདུག །
གནས་ལུགས་མེད་པ་སུས་བཤད་འདུག །
དྲང་བོའི་སེམས་ཀྱིས་བརྟག་ནས་ཤོད།།
བཀས་བཅད་རྣམས་ཀྱི་་ར་བ་ལས༎
ཡོངས་སུ་བརྒལ་ཏེ་སྤོབས་སེམས་ཀྱིས༎
མི་ལ་(མྱི་)ཞེས་འབྲི་བ་འདིས༎
(རྙིང་ཞེན་)ཁྱེད་རང་ཆེ་བ་མཚོན།།
རྒྱུ་མཚན་འདི་དང་དེ་མེད་པར༎
མ་བརྟག་བྱིས་པའི་ཉམས་དང་བཅས༎
མི་ལ་(ཞབས་འདྲེན་)ཟེར་བ་འདིས༎
རྨོངས་རྒྱུག་(སྨྱོ་གཏམ་)ཆེ་བ་མཚོན༎
གཞན་གྱིས་ཡིག་ནོར་དཔར་འདུག་ཅེས༎
མཛུབ་མོ་འཛུགས་པར་ངར་ཤར་ཤར༎
རང་གི་བྲིས་པའི་ཡིག་ཆུང་ནང༌༎
ནོར་འཁྲུལ་མང་འདི་ཅི་ཞིག་རེད༎
༸གོང་སའི་གསུང་རྩོམ་ཁྲིམས་འགལ་གྱིས༎
དཔར་བ་ཤེས་བཞིན་མི་སྨྲ་བར༎
སྨྲ་མཁན་བདག་ལ་སྙོན་འཛུགས་འདི༎
ཆོལ་ཁའི་ཞེན་ནམ་གྲོགས་བོའི་ཞེན།།
ཅི་ཡིན་སེམས་ན་ཁྲིགས་ཁྲིགས་རེད༎
ཞབས་དྲུང་ཞབས་ནས་འདྲེན་མཁན་ཡིན༎
རྫབ་ཆེན་ཞབས་ནས་འདྲེན་མཁན་ཡིན༎
ཞབས་དྲུང་ཟུག་བའི་ཁྱི་གཅིག་ཡིན༎
ཟོག་པོའི་བརླ་ནས་རྨུག་མཁན་ཡིན༎
འོ་དྲི་མ་ཡལ་ཁྱོད་ལྟ་བུའི༎
བྱིས་པ་གཅིག་མིན་འབུམ་བྱུང་ཡང༌༎
འཐབ་ན་མི་རྒྱལ་མེད་པ་ཡི༎
ཞབས་དྲུང་ངག་དབང་རྣམ་རྒྱལ་ཡིན༎
ཉན་དང་མི་ཉན་ཁྱོད་རང་ལྟོས༎
བཤད་དང་མི་བཤད་ང་ཡིས་བལྟ༎
གནད་དོན་ཡོད་པ་ཤེས་བཞིན་དུ༎
བོང་བུར་བརྫུ་མིན་རང་དབང་རེད༎ ༎
ཨ་ལ་གླུ་ཡི་ལེན་ལུགས་རེད།།
སྙིང་དང་རྩ་བར་སིམ་པའི་གླུ།།
དོན་དང་ཚིག་གི་བདུད་རྩིའི་ཐིགས།།
གང་ན་ཅི་མཆིས་སྨན་མཆོག་ཡིན།།
དེ་རིང་གླུ་ཞིག་ལེན་བཞིན་དུ།།
སང་ཉིན་སྙིང་ནད་བསླང་སོང་ན།།
ནད་ལྕི་སྨན་པས་བཅོས་དཀའ་བའི།།
ཟུག་རྔུ་འབྱུང་ན་ཇི་ལྟར་བྱ།།
ཡར་བཤད་མར་བཤད་བརྒྱ་མ་སྟོང་།།
དོན་རྩ་ཐུག་ས་༸རྒྱལ་བའི་བཀའ།།
སྒྱུར་མཁན་སུ་ཡིན་ཡིན་དུ་ཆུག།
ང་ཚོར་མཁོ་བ་ནང་དོན་གཏེར།།
བསྟན་འཛིན་རིག་བཟང་རིག་པ་བཟང་།།
༸རྒྱལ་བའི་བཀའ་སློབ་ནང་འདྲེན་བྱས།།
ལྷག་རྡོར་ལགས་ཀྱང་ལྷག་བསམ་ཆེ།།
ཐོག་མའི་འགྱུར་དེ་ཀུན་ལ་བཀྲམས།།
ཁོང་གཉིས་ཐུན་མོང་རྣམ་དཔྱོད་ལས།།
བསྒྱུར་རྒྱུའི་ལས་དེ་རྙེད་པ་བསྔགས།།
འགྱུར་ལ་དང་པོ་གཉིས་པ་ལས།།
གང་ཞིག་བཟང་བ་དེ་ལོངས་ཤིག།
འདི་དང་དེ་ཞེས་མ་སྨྲས་པར།།
བཀའ་སློབ་བདུད་རྩིའི་ཐིགས་པ་དེ།།
མ་བརྗེད་སྙིང་གི་དཀྱིལ་དུ་ཆོངས།།
དེ་ནས་ང་ཚོའི་སྙིང་ནད་སེལ།།
ཞབས་དྲུང་ཞབས་ནས་འདྲེན་མཁན་རེད།།
བཞུགས་སྟེགས་སྟེང་ནས་ཟུག་མཁན་རེད།།
ཟུག་པའི་ཁྱི་རྒྱན་རྒྱ་ལོ་ཁྱོད།།
ཁ་མཆུ་འདྲེན་པའི་འདྲེ་ཁྱི་རེད།།
ཨ་ལ་དེ་ལྟར་བཤད་མི་རུང༌།།
ཞབས་དྲུང་པ་ཡང་མྱི་ཞིག་རེད།།
མྱི་ལ་མྱི་རྩིས་མ་བཞག་ན།།
མྱི་ངན་སེམས་པ་སྡུག་ངེས་རེད།།
མདོར་ན་ཅི་ཞིག་བཤད་འདོད་ཀྱང༌།།
ཆོལ་ཁའི་ཕྱོགས་ལྷུང་མི་འཛིན་པར།།
ཕྲག་ཐོག་ནད་ཀྱིས་མི་འཚོས་པར།།
ཉམ་ཆུང་གཉའ་ནས་མི་གནོན་པར།།
རྙིང་ཞན་མཁྲེགས་འཛིན་མི་བྱེད་པར།།
གནས་ལུགས་དང་བཅས་གནས་འདིར་ཕེབས།།
གནས་ལུགས་མེད་པའི་སྨྱོ་གཏམ་ལ།།
ད་ནས་མི་ཉན་སེམས་ཐག་ཡིན།།
དྲ་གྲོགས་རྣམས་ལ་ལན་དཀྱུས་གཅིག་ལ་བཏབ་པ་ཤབ་བེ་ཤོབ་བེའི་དགའ་སྟོན་བཞུགས་སོ༎
བོད་པ་ཡིན་ཞེས་པར་སྨྲས་པ།
ང་ལ་བོད་ཡིག་སྦྱོངས་ཞེས་པའི༎ ཁྱར་ཁྱོར་ཡི་གེ་བཀླགས་པ་ན༎ ཁྱེད་རང་ང་ལས་ཞན་པ་འདུག །ཞིབ་པར་སྦྱོང་རན་ཁྱོད་རང་རེད༎
སྐུ་སྒེར་ཕྱི་དྲིལ་རིགས་སློབ་སོགས༎ ༸རྒྱལ་བའི་བཀའ་བཞིན་སྒྲུབ་མཁན་རེད༎
ཁོང་ཚོས་གང་དཔར་ནོར་འདུག་ན། ཁྱོད་ཀྱིས་ནོར་བཅོས་བྱས་པས་ཆོག
སྒྱུར་མཁན་གསལ་བཤད་བཀླགས་པ་ཡིན། ཐེངས་མ་ཁ་ཤས་བཀླགས་པ་ཡིན༎
གཞན་རྩོམ་བརྐུས་པའི་དཔང་རྟགས་ཀྱང༌། གསལ་བཤད་དེ་ན་འདུག་པས་ལྟོས།
༸གོང་སའི་གསུང་རྩོམ་བསྒྱུར་བའི་ལས། །ང་ཡིས་འཇོན་ན་ཁྱེད་ཀྱིས་འཇོན༎
ཁོ་ཡིས་བརྐུས་ན་མོ་ཡིས་བཤུས༎ དེ་འདྲའི་ལས་ཀ་འཐད་ལེ་མིན༎
གཞན་གྱི་སྒྱུར་ཡིག་བརྐུ་བ་དང༌། །དངོས་སུ་བསྒྱུར་བ་ཐ་དད་རེད།
སྔ་མ་ཞབས་འདྲེན་ཞབས་ནག་ལ། །ཕྱི་མ་ཞབས་འདེགས་བླ་མེད་རེད༎
འགྲིགས་དང་མ་འགྲིག་དེ་ནས་འབྱེད། །བདེན་དང་རྫུན་མ་དེ་ནས་དབྱེ།།
དེ་ཡན་ལེའུ་གཅིག་ཚར་བ་ཡིན༎ མ་གོ་གླུ་ལ་བསྐྱར་ལྡབ་མེད༎
བོད་ཤ་ཁྲག་རུས་གསུམ་ལ་སྨྲས་པ།
གསུང་རྩོམ་བསྒྱུར་བར་བསྔགས་བརྗོད་ཡོད། །སྒྱུར་མཁན་ངོ་མར་བསྔགས་བརྗོད་ཡོད༎
སྒྱུར་མཁན་རྫུན་མར་དམའ་འབེབས་ཡོད༎ ཁྲིམས་འགལ་བྱས་པར་དགག་པ་ཡོད༎
བོད་ཡིག་སྦྱངས་པ་ཡག་པོ༌རེད། །བོད་པ་ཡིན་པའི་ཁྱད་ཆོས་རེད༎
བོད་ཡིག་བཀོལ་བ་ཡག་པོ་རེད། །བཀོལ་ས་མ་ནོར་གནད་འགག་རེད།།
བླ་ཆེན་མང་པོའི་གསུང་དྲངས་པ༎ ཡག་པོ་རེད་ཀྱང་ངན་སེམས་ཀྱིས།
གཞན་གྱི་མགོ་བོ་གཅོག་བྱེད་དུ། །བཀོལ་འདི་བཀོལ་ཡུལ་ནོར་བ་རེད།
དཀར་ནག་དབྱེ་འབྱེད་མ་བྱས་པར༎ ཕ་ཡུལ་གཅིག་པའི་ལ་རྒྱ་དང༌།།
གྲོགས་དང་ཟ་མའི་འབྲེལ་བ་ཡིས༎ ཕྱོགས་རིས་བྱེད་འདི་དུག་ཆུ་རེད།།
གོ་ན་རྣ་བའི་བུ་རམ་བྱོས༎ མ་གོ་ཡང་ནས་ཡང་དུ་ཀློགས༎
ཨ་ཕོ་ཧོར་ལ་འདི་སྐད་ཞུ༎ ༸རྒྱལ་བའི་བཀའ་དགོངས་བསྒྲུབས་ཟེར་ན༎
རྟ་ར་བ་དང་བློ་སྦྱིན་གྱི༎ སེན་རྗེས་དུང་ཕྱུར་བརྒྱར་བཏང་བའི༎
ཆ་ཙམ་ཁྱོད་དང་ངས་མི་འཇོན༎ དེས་ན་ཉ་ཉུང་བསྲེ་མི་རུང༌༎
བསེ་རུའི་སྐད་ཆ་ཕྱི་མ་དེར། །རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད་དོ༎
འཁྱམས་པོའི་སྐད་ཆ་གཟུ་གཏམ་རེད༎ མགྲིན་ཟབ་སྐད་ཆ་གུ་ཡངས་རེད༎
དེ་སྐད་ཚིག་ཉུང་དོན་ལྡན་གྱི༎ གཏམ་འདི་བདེན་པའི་ཞབས་ཆེན་གྱི༎
དྲུང་ཡིག་ངག་ལ་དབང་འབྱོར་བ༎ རྣམ་པར་རྒྱལ་བས་ཉལ་བཞིན་བྲིས༎
སྤྱིར་ཕྱིའི་རིག་གཞུང་ནང་འདྲེན་བྱེད་ན་ཡག་པོ་རེད་ཡིན་ཡང་གཞན་གྱི་མ་དཔེ་རྐུ་བཤུ་བྱས་ན་དགའ་བསུ་ཞུ་རྒྱུ་ཡོང་གི་མི་འདུག མ་གཞི་དེབ་འདིའི་རྩོམ་པ་པོ་བོད་པ་ཞིག་ཡིན་ན་ཁོ་ལ་རང་གི་རིག་གཞུང་དེབ་འདི་རྩོམ་བྱེད་མ་ཉན་པ་རེད་དམ་ཁོར་དེ་ལ་ལག་པ་འཆང་པས་ཤེས་ཡོན་མེད་པ་རེད། གང་ལྟར་འདི་ནི་རྩོད་རྙོག་གི་རྩ་བར་ཐུགས་འདུག
ད་ཐེངས་གི་རྩོད་གཞི་འདི་ ཞབས་དྲུང་ཟེར་པ་དེ་ལ་ཅུང་ཞིག་ཁེལ་ཡོད་པ་འདྲ་ དྲ་གྲོགས་ཚོ་ འདིར་ཁ་མཆུ་རྩོད་པ་ལས་དོན་དངོས་གླེང་ཐུབ་ན་ཡག་པ་འདྲ། ༧སྐུ་མདུན་གྱི་གསུང་དབྱིན་ཡིག་ཏུ་ཡོད་པ་དག་གང་ཐུབ་ཀྱིས་ཚུར་སྒྱུར་ཐབས་ལ་འབད་ན་བཟང་པར་སྙམ།
འདི་ནས་ངས་དྲ་གྲོགས་ཚོ་ལ་པན་ཆེན་རིན་པོ་མཆོག་གི་བཀའ་སློབ་ཞིག་སྤྱན་འབུལ་ཞུ་ཆོག
༄༅། །པཎ་ཆེན་བཅུ་བ་ཆེན་པོའི་མི་རིགས་སློབ་གསོའི་གསུང་བཤད་གལ་ཆེན།
ང་ཚོ་ཚང་མ་ཁ་བ་རི་པའི་ལྗོངས་འདིར་སྐྱེས་པའི་ཤ་ཁྲག་གཅིག་པའི་མི་རིགས་ཞིག་ཡིན་ལ། ནང་པའི་ཆོས་ཀྱི་རྗེས་འབྲང་པ་ཤ་སྟག་ཡིན་པས། ང་ཚོས་མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་དམ་ཟབ་བྱ་དགོས།མི་རིགས་རང་ཉིད་ཀྱི་སྐད་ཡིག་བརྒྱུད་འཛིན་དང་དར་སྤེལ་གཏོང་དགོས། ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་འཛམ་གླིང་གི་མི་རིགས་གཞན་དག་དང་གཅིག་མཚུངས་ཡིན་པ་ལས། རྗེས་ལུས་ཀྱི་མི་རིགས་ཤིག་གཏན་ནས་མིན། མིའི་སྤྱི་ཚོགས་འཕེལ་རྒྱས་བྱུང་པའི་བརྒྱུད་རིམ་ཁྲོད།རང་རེའི་མེས་པོ་རྣམས་ཀྱིས་ཀྱང་འོད་སྟོང་འབར་པའི་བསམ་བློ་དང་དངོས་བོའི་དཔལ་ཡོན་གཞལ་དུ་མེད་པ་ཞིག་བསྐྲུན་ཡོད་པས། ང་ཚོ་བོད་རིགས་སློབ་མ་རྣམས་ཀྱིས་ངེས་བར་དུ་མི་རིགས་རང་ཉིད་ཀྱི་ལོ་རྒྱས་དང་རིག་གཞུང་གཙོ་འཛིན་བྱེད་དགོས། ཁྱོད་ཚོ་སློབ་ཕྲུག་རྣམ་པ་ནི་མི་རིགས་ཀྱི་མ་འོངས་པའི་རེ་པ་ཡིན་པས། ངེས་བར་དུ་མི་རིགས་རང་ཉིད་ཀྱི་སྐད་ཡིག་གིས་གཙོས་རིག་གནས་ཁག་ལེགས་པོ་སྦྱངས་ཏེ། དབུས་གཞུང་གིས་ང་ཚོར་སྤྲད་པའི་མི་རིགས་རང་སྐྱོང་ས་ཁུལ་གྱི་སྲིད་ཇུས་དོན་ཐོག་དུ་འཁྱོལ་ཐུབ་པ་བྱ་དགོས། ཁྱེད་རང་ཚོར་སློབ་སྦྱོང་གི་གོ་སྐབས་སྤྲད་པ་འདི་དོན་མེད་ཆུད་ཟས་སུ་གཏོང་མི་རུང༌། ཆང་རག་དང་ཐ་མག ཤོ་སྤག་སོགས་མ་རབ་ཐ་ཆད་ཀྱི་རིགས་ནི་ང་ཚོའི་རིགས་གཞུང་མ་ཡིན་ལ། ཆོས་དང་འཇིགས་རྟེན་གཉིས་ཀའི་ཆ་ནས་སྤང་བྱ་ཞིག་ཡིན། ཅེས་དང༌། གཞན་ཡང་འབྲོག་ཁུལ་མང་པོར་གཟིགས་སྐོར་གནང་སྐབས་གསུང་དོན། དད་ལྡན་མང་ཚོགས་ལ་ཕྲུ་གུ་ཆུང་དུས་སློབ་གྲྭ་གཏོང་བ་གལ་ཆེ་བ་དང༌། མི་རིགས་རང་ཉིད་ཀྱི་ཆོས་རིགས་གོམས་གཤིས་འཛིན་ཐུབ་པ་ཞིག་བསྐྱེད་བསྲིང་བྱེད་དགོས།ཞེས་སློབ་སྟོན་གནང༌། མི་རིགས་ས་ཁུལ་གྱི་སློབ་གྲྭ་ཞིག་ཡིན་ན་ངེས་བར་དུ་རང་རེའི་ཆ་ལུགས་ཀྱི་གོས་གྱོན་དགོས། དེ་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་རང་སྐྱོངས་ས་ཁུལ་གྱི་ཁྲིམས་བཞིའི་དགོངས་དོན་ཡིན་པ་མ་ཟད། ས་ཁུལ་འདིར་བསྡོད་བོད་རིགས་མི་དམངས་ཀྱི་ཁྱད་ཆོས་དང་ཐོབ་ཐང་ཞིག་ཀྱང་ཡིན། ཅེས་དང༌། བོད་ཡིག་ནི་ལོ་རྒྱས་རིང་པོ་ཡོད་པའི་སྐད་ཡིག་ཅིག་ཡིན་ཞིང༌། བོད་ཀྱི་རིག་གནས་འདི་སྔ་མོར་དར་རྒྱས་ཤིན་ཏུ་ཆེ། འོན་ཀྱང་སེམས་ཕམ་པ་ཞིག་ནི་ད་ལྟ་རྗེས་སུ་ལུས་འདུག ཅེས་དང༌།མི་རིགས་ལས་བྱེད་པས་རང་གི་མི་རིགས་ཀྱི་དོན་དུ་སྐད་ཆ་ཤོད་རྒྱུའི་ཐོབ་ཐང་ཡོད་ལ་སྐད་ཆ་ཡང་ངེས་བར་དུ་བཤད་དགོས། དེ་འདྲ་བྱས་ན་ད་གཟོད་མི་རིགས་ཀྱི་ལས་བྱེད་པའི་ནུས་པ་ཐོན་ཐུབ་རྒྱུ་རེད། བོད་རིགས་ལས་བྱེད་པའི་རྒྱ་ཡིག་རྒྱ་སྐད་བེད་སྤྱོད་བྱེད་པ་ནི་ལས་ཁུངས་ནང་ཡོད་པའི་རྒྱ་རིགས་ལས་བྱེད་པ་ཚོ་སྟབས་བདེའི་ཆེད་ཁོ་ན་རེད། ང་རང་གི་རྒྱ་སྐད་བཤད་ཤེས་པ་འདི་ང་རང་གི་འཇོན་ཐང་དང་ཡོན་ཏན་རེད། གལ་སྲིད་ངས་མ་ཤེས་པ་ཡིན་ནའང་ངོ་ཚ་དགོས་དོན་མེད། འོན་ཀྱང་གལ་སྲིད་ང་རང་གིས་བོད་སྐད་དང་བོད་ཡིག་མ་ཤེས་པ་ཡིན་ན། དེ་ནི་ང་རང་གི་ཞབས་འདྲེན་ཡིན་པས་ང་རང་ངོ་ཚ་དགོས་པ་ཞིག་རེད། ཅེས་དང༌། ད་ལྟ་ཁྱེད་རང་ཚོས་བོད་ཡིག་ཡག་པོ་སྦྱོངས་དགོས།ཁྱེད་རང་ཚོའི་སློབ་ཚན་བཀོད་སྒྲིག་ཐད་བོད་ཡིག་སློབ་ཚན་ཅུང་ཟད་ཉུང་དྲགས་འདུག འདི་ལྟར་བྱས་ན་བོད་ཡིག་ཡག་པོ་སྦྱོང་མི་ཐུབ། བོད་ཡིག་བེད་སྤྱོད་གཏོང་རྒྱུ་འདི་བོད་རྒྱ་ཆེའི་མི་དམངས་ལ་ཕན་ཐོག་ཡོད་པ་དངོས་ཡོད་གནས་ཚུལ་གསལ་པོ་ཆགས་མི་འདུག་གམ། བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་གཏོང་རྒྱུའི་གནད་དོན་འདི་ནི་ཆུང་ཆུང་གཏན་ནས་མིན། དེ་ནི་ཆབ་སྲིད་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཡིན། ཞེས་དང༌། མི་ལ་གདོང་མཆོང་ངར་ཤུགས་དགོས་ལ། དཀའ་སྤྱོད་འབད་བརྩོན་བྱེད་དགོས། རང་ལ་ཡིད་ཆེས་ཀྱང་དགོས། དེང་སྐབས་ང་ཚོར་དཀོན་པ་ནི་རང་ལ་ཡིད་ཆེས་བྱེད་པ་འདི་ཡིན། མི་ལ་རང་བཀུར་གྱི་སེམས་དགོས་ལ། མི་རིགས་ལ་རང་ཉིད་ཀྱི་ལ་རྒྱ་ཧ་ཅང་མཁོ། མི་རིགས་ལས་བྱེད་པར་མི་རིགས་རང་ལ་བརྩེ་དུང་ངེས་བར་དུ་ཡོད་དགོས། རང་མི་རིགས་ཀྱི་ཆེད་དུ་སྐད་ཆ་བཤད་པ་དང༌། རང་གི་མི་རིགས་ཀྱི་དོན་དུ་བྱ་བ་ལེགས་པོ་བསྒྲུབ་དགོས། དེ་མིན་ན་དེ་ལྟ་བུའི་མི་རིགས་ལས་བྱེད་པའི་ཅི་བྱེད། ཅེས་དང༌། བོད་ཀྱི་རིག་པ་ཟེར་པ་འདི་ལ་རྨང་གཞི་དགོས་པ་ཡིན། རྨང་གཞི་དེ་གང་ཡིན་ཞེ་ན། བོད་ཀྱི་ཆོས་ལུགས་དང་བོད་ཀྱི་རིག་གནས་ཟེར་པ་འདི་གཉིས་ཡིན། དེ་གཉིས་ལ་ང་ཚོས་ད་བར་མཐོང་ཆུང་བྱས་པ་ལས། མཐོང་ཆེན་ཞིག་གཏན་ནས་བྱས་ཡོད་པ་མ་རེད།ཅེས་གསུངས༌། སློབ་མ་བསྡུ་པ་དང་ལས་བྱེད་པ་བསྡུ་ལེན་བྱེད་སྐབས་བོད་ཡིག་གཙོ་བོར་འཛིན་དགོས། ཅེས་དང༌། བོད་ཡིན་ནབོད་ཡིག་སློབ་དགོས། ལ་ལའི་བུ་རབས་ཚ་རྒྱུད་དང་བཅས་རང་སྐད་ཡལ་བར་དོར་ནས་གཞན་སྐད་ལ་བརྩོན་པ་ནི། མི་རིགས་རང་ལ་མཚོན་ན། རྟ་ཐོག་ནས་གཡག་ཐོག་ཏུ་ཞོན་པ་ལས་མ་འདས་ཏེ།བོད་མི་རིགས་ཞིག་ཡིན་ན། བོད་ཡིག་ཤེས་དགོས། བོད་ཡིག་མ་ཤེས་ན་ངོ་ཚ་བའི་གནས་རེད། ཅེས་དང༌། མི་རིགས་ཀྱི་ལ་རྒྱ་ཞེས་པ་ཧ་གོ་དགོས། དེ་ནི་ཁ་མཆུ་འཁོན་འཛིངས་འཐབ་རྩོད་ཆགས་སྡང་གི་ལ་རྒྱ་ལྟ་བུ་ཞིག་གཏན་ནས་མ་ཡིན་པར་མི་རིགས་ལ་མི་རིགས་ཀྱི་འདུ་ཤེས་ཡོད་དགོས་ཤིང༌། སྐད་དང་ཡི་གེ་སོགས་མི་རིགས་ཀྱི་ཁྱད་ཆོས་གཙོ་བོ་རྣམས་རང་སྐྱོང་རང་བདག་གི་ལ་རྒྱ་དང་རང་ཚིགས་ཡོད་དགོས་པར་གསུངས༌། ངས་རྒྱ་ཡིག་སྦྱོང་དགོས་ཀྱི་མ་རེད་ཟེར་བ་མིན། བོད་རིགས་ཡིན་ཕྱིན་སྔོན་ལ་བོད་ཡིག་ཡག་པོ་སྦྱངས་ནས་དེའི་རྗེས་རྒྱ་ཡིག་སྦྱོང་དགོས་ནི་རེད། བོད་རིགས་ཡིན་ཕྱིན་སྔོན་ལ་བོད་ཡིག་མ་ཤེས་ན་ངོ་ཚ་རེད། བོད་ལ་བོད་ཡིག་གཙོ་པོ་ཡིན་པ་ནི་དངོས་སུ་གསལ་སྨོས་མ་དགོས་པ་ཞིག་རེད། ད་ལྟ་བོད་ནས་བོད་ཡིག་བེད་སྤྱོད་མི་གཏོང་པ་དེ་ཁྲིམས་དང་འགའ་བ་མ་རེད་དམ། ཀྲུང་དབྱང་གི་ཡིག་ཨང་དྲུག་པའི་ནང་དུ། བོད་ཡིག་གཙོ་བོ་བྱེད་དགོས་པ་དེ་གསལ་པོར་གསུངས་ཡོད་པ་རེད། ཅེས་གསུངས་སོ།། །།
གཟིགས་དང་ཁོང་གི་སྐུ་ཚེ་གང་བོར་བོད་པ་ཚང་གཉའ་གནོན་འོག་ན་ཡོད་ཀྱང་། ཐབས་མཁས་པོ་སྒོ་ནས་བོད་ཡིག་ལ་མཐོང་ཆེན་བྱེད་དགོས་པའི་བཀའ་སློབ་འདི་འདྲ་གནང་འདུག་ན། ངེད་ཅག་རང་དབང་གི་ཡུལ་ན་ཡོད་པ་ཚོས་ད་ནི་ཁ་རྒྱག་པ་བཤད་དེ་འདུག་ཚོད་མིན་པ་གསལ་བོ་ཤེས་ན་རེད།
༸གོང་ས་མཆོག་གི་བཀའ་སློབ་དབྱིན་ཡིག་ཐོག་ཧ་ཅང་མང་ཞིང་།
དེ་དག་ཡོད་ཚད་གང་ཟག་བྱེ་བྲག་པ་གཅིག་གིས་བསྒྱུར་ཐབས་བྲལ་ཞིང་།
དེ་ལྟར་མི་རྒྱུ་གང་གི་ཆ་ནས་ཀྱང་འདང་ཐབས་མེད།
འོན་ཀྱང་སྐུ་སྒེར་ཡིག་ཚང་དུ་ད་ལྟ་གསུང་འབུམ་སྡུད་སྒྲིག་སྡེ་ཚན་ཞིག་ཟུར་དུ་ཡོད་པ་དེ་གཞི་རྒྱ་བསྐྱེད་དེ་བོད་སྐད་ཐོག་ཡོད་པའི་གསུང་ཁག་ཙམ་མ་ཡིན་པར་དབྱིན་སྐད་ཀྱི་ཐོག་ཏུ་ཡོད་པ་རྣམས་ཀྱང་བསྡུ་རུབ་དང་ཡིག་སྒྱུར་སྡེ་ཚན་ཞིག་ཟུར་འཛུགས་ཀྱིས་ལས་གཞི་དེ་རྒྱུན་འཇགས་སུ་གནས་ཐབས་དང་།
དེ་འབྲེལ་ལོ་ཙཱ་བ་གསོ་སྐྱོང་གནང་ན།
༸གོང་ས་མཆོག་གི་གསུང་དེ་རྣམས་རིན་ཆེན་གྱི་གཏེར་ལས་ལྷག་པས་ང་ཚོའི་མི་རབས་འདི་ཙམ་མ་ཟད་བོད་མི་རིགས་ཇི་སྲིད་མ་སྟོངས་བར་དུ་རིག་པའི་ཟས་དང་སེམས་ཀྱི་ངལ་གསོ་སྟེར་བའི་སྨན་མཆོག་ཏུ་འགྱུར་རྒྱུ་ཡིན་པ་སྨྲོས་མེད་ཡིན་སྟབས།
འབྲེལ་ཡོད་སྐུ་སྒེར་ཡིག་ཚང་ནས་དེའི་ཐོག་ཐུགས་འགན་ཞིག་བཞེས་ཏེ་ལས་དོན་འགོ་འཛུགས་གནང་ཐུབ་ན་ཅི་འདྲའི་གཟི་བརྗིད་ཅན་གྱི་ཕྱག་ལས་ཤིག་ཏུ་མི་འགྱུར་རམ།
དེ་ནི་ངའི་སེམས་ནང་གི་རྒྱུན་ལྡན་ནས་བསམ་པའི་ཚོར་བ་ཞིག་ཡིན།
དེ་ལྟར་མི་ཐུབ་པའི་རྒྱུ་མཚན་དང་གནས་ལུགས་མང་དག་ཅིག་གསུང་རྒྱུ་ཡོད་ན་ནི་ང་རང་ཁྲོན་པའི་སྦལ་པ་ཡིན་པའི་རྐྱེན་གྱིས་རེད།
བོད་་་ཤ་ཁྲག་རུས་གསུམ་གྱིས་གང་གསུངས་པ་དེར་རྗེས་སུ་ཡི་རངས་དང་གོང་གི་དགོངས་ཚུལ་གསུང་མཁན་རྣམས་ཀྱིས་གླེང་སློང་ཤུགས་ཆེ་གནང་བར་འཚམས་འདྲི་ཞུ།
༸གོང་ས་མཆོག་གི་ག
ཞབས་དྲུང་ཟེར་བ་འདི་ལོ་བརྒྱད་ཅུར་བུད་ཀྱང་སྐུ་སྒེར་ཡིག་ཚང་ནས་ཕྱིར་ཕུད་མི་ཐུབ་པའི་རྟ་ར་ཟེར་བ་འདི་ཚ་བོ་ཞིག་ཡིན་ས་རེད། ཡང་མིན་ན་བློ་བཟང་སྦྱིན་པའི་སྤུན་ཉེར་འགྲོ་མཁན་ཞིག་རེད། དེ་མ་གཏོགས་ཁོ་ཤ་ལ་བསྐྱིད་ན་རུས་པར་ཟུགས་ལངས་དགོས་དོན་མི་འདུག
དྲ་གྲོགས་ཚོ་ངས་འདི་ནས་༧གོང་ས་མཆོག་གི་བཀའ་སློབ་ཞིག་ཁྱེད་ཅག་ལ་སྤྱན་འབུལ་ཞུ་འདོད་བྱུང་།
༧གོང་ས་མཆོག་གིས་ང་རང་མཚམས་ལན་རེ་སེམས་པ་སྐྱོ་ཡི་འདུག གང་ཡིན་ཟེར་ན་ངའི་བསམ་བློ་ཤེས་དགོས་མཁན་དེ་ནི་བོད་པ་ཆགས་བསྡད་ཡོད་པ་རེད། ཡིན་ཡང་། ང་རང་གི་བསམ་བློ་ཤེས་མི་དགོས་མཁན་ཟེར་ན་འདྲ་དེ་ཚོ་ཕྱི་རྒྱལ་བ་དེ་ཚོ་ཆགས་ཡོད་པ་རེད། ནམ་ཞིག་ང་རང་མེད་ཤུལ་དུ་ང་རང་གི་བསམ་བློ་ཤེས་དགོས་པའི་དུས་ཤིག་བྱུང་དུས། བོད་རང་གི་བྲིས་པའི་ཡི་གེ་ནང་དུ་མེད་པར་ཕྱི་རྒྱལ་བ་དེ་དག་བྲིས་པའི་ཡིག་ཆ་དེ་དག་གི་ནང་དུ་འཚོལ་མི་དགོས་པའི་ངེས་པ་མི་འདུག དེས་ན་ང་ཡོད་ཐོག་འདི་ལ་བོད་པ་ཚོས་གང་ཞིག་འདྲི་འདོད་ཡོད་ན་ང་རང་ལ་བྲིས་ན་ང་རང་གི་གང་ཤེས་པ་ཁྱེད་ཅག་ལ་བཤད་རྒྱུ་དེ་ནི་ང་རང་གི་ལས་འགན་རེད་ཅེས་གསུང་ཡོད་པ་ཡང་། ཁོང་གིས་གསུང་བཤད་མང་བོ་ཞིག་དབྱིན་ཡིག་གི་ནང་དུ་ལུས་ཡོད་པ་ལ་ཐུགས་སེམས་སྐྱོ་བ་ལོས་ཡིན། དེ་རིང་བསྟན་འཛིན་རིག་བཟང་གི་ཁོང་གི་ཐུགས་རེའི་ཆ་ཤས་ཤིག་སྐོང་འདུག་པ་དེ་ལ་དགའ་བསུ་མེད་པར་མ་དགའ་བའི་རྣམ་འགྱུར་སྟོན་མཁན་དེ་དག་ནི་དངོས་ནས་ཕྲག་དོག་གི་སྨྱོས་པ་མིན་ན། བསམ་བློའི་རྨོངས་ཞེན་ཅན་ཞིག་ཡིན་ཁོ་ཐག་རེད། སྐུ་མཁྱེན་རྗེས་མ་མི་སུ་ཞིག་གི་རིག་གནས་ནང་འདྲེན་བྱེད་པ་ལ་རྒྱག་གཏམ་བཤད་པ་དང་ཁ་རྡུང་གཏོང་བ་སོགས་མི་བྱེད་པར་འཚལ་ལོ། རང་རང་གི་སྐད་ཡིག་ནང་འདྲེན་བྱེད་མུ་ཐུབ་ཀྱང་སྐད་ཡིག་ནང་འདྲེན་བྱེད་མཁན་དག་ལ་ཟུར་ཟ་བྱེད་པ་ནི་དངོས་ནས་མ་འོས་པ་ཞིག་ལས་གང་ཡང་མ་རེད།
ཀྱེ་མ་ཧུད། ཞབས་དྲུང་མིང་འཛིན་པ། ཁྱེད་ལ་ཇི་འདྲའི་ཨུ་ཚུགས་ཤིག་ཆེ་བ་ལ་ཨང༌། ཁྱེད་ཀྱིས་བསྒྱུར་པ་པོའི་གསལ་བཤད་ལ་གཟིགས་ཟིན་ནམ། ཁྱཻད་ཀྱིས་ཅི་ཞིག་བཤད་རྩིས་ཡིན་ནམ། ལྟས་ཚོད་ལ་ཁྱེད་རང་ཡང༌། སྔོན་མའི་སྐུ་དྲ་དང་མི་དྲག། དེ་མིན་ན་བླ་རྒན་གྲྭ་རྒན་ཀླད་རྙིང་ཅན། ཡང་མིན་ན་སྤྱི་ཚོགས་ལ་རྒྱུས་ལོན་གཅིག་ཀྱང་བྱེད་མི་ཤེས་མཁན། ཅིག་བྱས་ན་ཕྲག་ཐོག་གི་ནད་ཀྱིས་མཚན་མོ་གཉིད་ཀྱང་མི་ཁུག་མཁན་ཞིག་ཡིན་པ་ཐག་གིས་ཆོད། གལ་སྲིད་ཁྱེད་ཀྱིས་མི་རིགས་དང་རིག་གཞུང་ལ་འབྲེལ་ནས་སྐད་ཆ་ཞིག་བཤད་ཀྱིན་ཡོད་ན། དང་པོ་ཁྱོད་ཀྱིས་བོད་ཡིག་དང་བོད་སྐད་གཙང་མ་ཞིག་སྦྱོངས་ཤོག དེ་མིན་དྲང་བདེན་དང་གནས་ལུགས་ཀྱི་ཐོག་ནས་བཤད་ཀྱིན་ཡོད་ན། བསྒྱུར་པ་པོའི་ཐོག་མའི་གསལ་བཤད་ལ་ཡག་པོ་ཞིག་གོ་བ་ལེན་ཐུབ་པར་གྱིས། དེ་མིན་གཞན་སྐད་དུ་འགྲེམ་སྤེལ་བྱས་པའི་གསུང་རྩོམ་དེ་མིག་སྔར་བོད་སྐད་དུ་བསླེབས་ཟིན་པར། ཅི་ཞིག་མ་འགྲིག་པ་རེད། ངོ་མ་ཁྲིམས་ཤིག་ཡོད་པའི་དབང་དུ་བཏང་ན། དེ་སྔོན་ྋགོང་ས་མཆོག་གི་གསུང་རྩོམ་གང་མང་ཞིག་ཕྱི་དྲིལ་ལས་ཁུངས་དང༌། མཚན་ཉིད་གྲྭ་ཚང༌། སྐུ་སྒེར་ཡིག་ཚང་ལ་སོགས་ཀྱིས་མཚོན་པའི་ཡིག་ནོར་དང་ཕལ་སྐད་བསྲེ་ལྷད་ཀྱིས་བོད་ཡིག་ཏུ་པར་བསྐྲུན་བརྒྱུད་སྤེལ་བྱས་པར་ཁྲིམས་འགལ་དུ་མི་འགྲོ་འམ། ང་ཚོ་བོད་པ་རྣམས་བྱེས་ལ་སྐྱབས་བཅོལ་དུ་ཡོང་དགོས་དོན་ཡང་སྐད་ཡིག་སྲུང་སྐྱོབས་ཀྱི་ཆེད་དུ་ཡིན་པས། རང་སྐད་གཙང་མ་ཞིག་བཤད་ལོས་ཀྱང་དགོས། གལ་སྲིད་ཁྱོད་ལ་ཕྲག་ཐོག་གིས་བཟོད་ཀྱིན་མེད་ན། ད་དུང་ྋགོང་ས་མཆོག་གི་གསུང་རྩོམ་མང་པོ་ཞིག་དབྱིན་སྐད་དུ་ལྷག་འདུག་པས། ཁྱེད་རང་གིས་བོད་བསྒྱུར་བྱས་ཀྱང་ཅིས་མི་འགྲིག ངས་ནམ་ཡང་ཁྱེད་ཀྱི་ཕོ་བླ་མོ་ཁ་དེ་དག་ལ་ངོས་ལེན་བྱེད་མི་ཐུབ། སྤྱིར་ང་ལ་མཚོན་ན། རྩོམ་བསྒྱུར་བྱེད་པོ་དེ་སུ་ཞིག་ཡིན་མིན་ལ་བསམ་བློ་གཏོང་གི་མེད། གསུང་རྩོམ་དེ་བོད་སྐད་ཐོག་ཀློག་ཐུབ་པར་བྱས་པ་ལ་རྗེས་སུ་ཡི་རངས་བྱེད་ཀྱིན་ཡོད། གལ་སྲིད་ལྷག་རྡོར་མིང་ཅན་པ་དེས་གསུང་རྩོམ་དེ་བོད་བསྒྱུར་བྱས་ཡོད་པ་ཡིན་ན། པར་དུ་སྐྲུན་ཤོག་དང༌། ང་ཚོ་ཀློག་པ་པོ་རྣམས་ཀྱིས་གང་གི་བསྒྱུར་ཡག་མིན་གདམས་གསས་བྱེད་ཆོག ཞབས་དྲུང་བའི་མིང་བཀོལ་བ་ཁྱེད་ཀྱིས་ཅི་ཞིག་བཤད་ཀྱང༌། ང་ནི་ཀློག་པ་པོ་ཞིག་དང་གསུང་རྩོམ་དེར་རང་སྐད་ཐོག་མཇལ་འདོད་ཀྱི་ཀུན་སློང་ཡོད་མཁན་ཞིག་ཡིན་པའི་ཆ་ནས། རྩོམ་བསྒྱུར་བྱེད་པོ་དེར་རྗེས་སུ་ཡི་རངས་དང༌། ཁོང་གིས་མ་མཐའ་ཡང་ྋགོང་ས་མཆོག་གི་གསུང་རྩོམ་གཞན་སྐད་དུ་ལྷག་བསྡད་པ་རྣམས་བོད་སྐད་དུ་བསྒྱུར་འདོད་ཀྱི་ཀུན་སློང་ཡོད་པ་ཙམ་ལ་ཡང་བསྔགས་བརྗོད་བྱེད་ཀྱིན་ཡོད། སྤྱིར་ང་རང་ལ་མཚོན་ན། རྒྱ་བོད་དབྱིན་གསུམ་གང་གི་ཐོག་ནས་ཀྱང་ྋགོང་ས་མཆོག་གི་བཀའ་སློབ་རྣམས་ལ་མཇལ་ཐུབ་མོད་ཀྱང༌། བོད་པ་ཚང་མའི་སྐད་ཡིག་གི་གནས་ཚད་གཅིག་པ་ག་ལ་ཡིན། གྲྭ་སར་བཞུགས་པའི་གྲྭ་རྒན་རྣམས་དང༌། གྲོང་བར་གནས་པའི་མྱི་རྒན་རྣམས་ཀྱིས་ྋཁོང་རིན་པོ་ཆེའི་གསུང་རྩོམ་ལ་རང་སྐད་ཐོག་མཇལ་ཅིས་མི་ཆོག ཡག་པོ་ཞིག་སོམས་དང༌། ཞབས་དྲུང་མིང་བཀོལ་བ། ཕྱི་གླིང་བ་རྣམས་ཀྱིས་ྋགོང་ས་མཆོག་གི་སྐོར་ལ་ཅི་ཞིག་གླེང་སློང་བྱེད་ཀྱིན་པ་ཚང་མ་བོད་པ་ཚང་གི་གོ་ཐུབ་ཀྱིན་འདུག་གམ། འདི་ཅི་ཞིག་གི་སྐྱོན་རེད། ཁོང་གི་གསུང་རྩོམ་མང་ཆེ་བ་ཞིག་གཞན་སྐད་ནས་རང་སྐད་དུ་བསྒྱུར་མ་ཐུབ་པའི་སྐྱོན་མ་ཡིན་ནམ། མདོར་ན། ལྷག་རྡོར་མིང་འཛིན་པ་དེས་བསྒྱུར་ཟིན་ཡོད་འང་འདྲ། གོང་གསལ་རྩོམ་བསྒྱུར་བ་དེས་ཆོག་མཆན་ཞུས་མེད་ནའང་འདྲ། གང་ལྟར་ང་ཚོ་བོད་པ་ཚང་ལ་དགོས་པ་ནི་ྋཁོང་གི་གསུང་རྩོམ་གཞན་སྐད་དུ་ཡོད་པ་རྣམས་ཚུར་རང་སྐད་དུ་བསྒྱུར་དགོས་པ་དེ་རེད། དེ་ལྟར་ན། གོང་གསལ་རྩོམ་བསྒྱུར་བ་ལགས་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་གྲངས་མེད་ཞུ། གསལ་བཤད། བསམ་ཚུལ་འདི་སློབ་གསེང་ཞིག་དང་སྟབས་བསྟུན་བྲིས་པ་ཡིན་པས། ཆད་ལྷག་དང་ཡིག་ནོར་གང་ཡོད་པ་རྣམས་ཀློག་པ་པོ་དག་གི་སྤྱན་སྔར་མཐོལ་ལོ་བཤགས།
མགྲིན་པ་ཟབ་མོ་ལགས། གནས་ལུགས་དེ་ཚོ་ངས་ལོས་ཤེས། ང་རང་ཡང་དེ་ལྟར་བྱེད་འདོད་མེད་ཀི ཡིན་ནའང་བསམ་བློ་ཡག་པོ་གཏོང་དུས་ཁ་བཤད་དང་ལག་ལེན་མི་མཚུངས་པ་འདི་ཐེངས་འདིའི་གནད་དོན་གཙོ་བོ་དེ་རེད། ཡིག་སྒྱུར་པར་སྐྲུན་སྐོར་ལ་གནད་དོན་དེ་རེད་ལ། ངན་རྒྱབ་དཔུང་རོགས་བྱེད་མཁན་ཚོའི་ཐོག་ལའང་དེ་རེད། དེ་བཞིན་གོ་རྟོགས་ཡོད་མདོག་མདོག་བྱེད་མཁན་དང་སྤྱི་ཚོགས་ཀྱི་གནས་ཚད་དམའ་པོ་རེད་མདོག་མདོག་བྱེད་མཁན་ཚོར་ཡང་དེ་ཀ་རེད། དེ་ཡིན་དུས་ངས་འདི་བཤད་དགོས་བྱུང༌།
ཁྱེད་རང་གིས་དགོངས་པ་བཞེས་དང༌། ཟོག་རྫུ་འདི་ཚོས་མ་བསྒྱུར་བ་བསྒྱུར་ཁུལ་དང༌། མ་བྱས་པ་བྱས་ཁུལ། བཀའ་བཞིན་དུ་བྱེད་ཀི་མེད་བཞིན་དུ་བྱེད་ཀི་ཡོད་མདོག་མདོག་དང༌། གཞན་ཚོས་བྱེད་ཀི་མི་འདུག་མདོག་མདོག་བྱས་ཡོང་དུས། དོན་དངོས་འདི་འདྲ་མ་གཏོགས་ག་རེ་བཤད་དགོས་རེད།
སུ་ཡིན་ཡང་གང་ཟག་ལ་དམའ་འབེབས་དང་སྒྲོ་སྐུར། མིང་ཤས་བཟོ་བ་འདི་ཚོའི་གྲས་ཡག་པོ་མ་རེད། རྩོད་པ་ཡོད་ན་འདྲ། གནས་ལུགས་ཤོད་ན་འདྲ། རྩོད་གཞི་དང་གནད་དོན་རང་གི་སྒང་ནས་འདུག་ཐུབ་དགོས་པ་རེད།
ཤེས་མཁན་ཞིག་ཡིན་ན་(ལྗགས་མདུད་)ཅེས་འབྲི་ངེས་རེད་མ་གཏོགས་(ཕྱག་མདུད་)ཅེས་འབྲི་རྒྱུ་མ་རེད།
བཀའ་མོལ་འདི་ཚོ་སྙན་མདོག་ཁ་པོ་དང་རྫིག་པོ་འདུག་སྟེ། ༸གོང་ས་མཆོག་གིས་གནང་བའི་རིགས་གཅིག་རྐང་འཛིན་གྱི་སློབ་ཡོན་གྱིས་མ་འཚིམ་པར། རིགས་གཅིག་རྐང་འཛིན་གྱི་སྒྲིག་གཞི་དང་རྩ་འགལ་གྱིས་གླ་ཡོད་ལས་ཀ་བྱེད་མཁན་ཞིག་གིས་ཁ་ནས་ཐོན་པ་དང་ལག་གིས་བྲིས་པ་ཡིན་དུས། ༸རྒྱལ་བ་རིན་པོ་ཆེའི་དགོངས་པ་ཁའི་རྩེ་ལ་མ་གཏོགས་ལག་ལེན་དུ་ཨེ་ཡོད་སྙམ་པ་ཤར།
༸རྒྱལ་བ་རིན་པོ་ཆེའི་དགོངས་པ་ལག་ལེན་དུ་མ་བསྟར་བར་འདྲ་ཆགས་ཅི་བྱས་ནའང་དོན་ལ་མ་འགྲིགས་ཚར་བ་རེད།
ལྷག་པར་རབ་བྱུང་བ་ཞིག་གིས་༸རྒྱལ་བ་རིན་པོ་ཆེའི་གསུང་རྩོམ་དེ་ཉུང་མཐར་ཡང་ཁྲིམས་འགལ་གྱིས་པར་འདེབས་བྱས་པ་གསལ་པོ་ཡིན་པ་དང༌། རྐུ་བཤུ་བྱས་ཡོད་མེད་དོགས་པ་ཡོད་པ་གསལ་པོ་ཤེས་བཞིན་དུ་མཚང་འབྱིན་མ་བྱས་པར། ངན་པའི་རྒྱབ་ལངས་བྱེད་རྩིས་འདི་བསླབ་ཁྲིམས་དང་ཡོངས་སུ་འགལ་བ་ཞིག་རེད་སྙམ།
རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ཞེས་པའི་དཔེ་དེབ་ལས་འཕྲོས་པའི་གཏམ།
ཨ་འབྲུག་དཀོན་མཆོག
༄༅།། ཕྲན་གྱིས་དུས་ཡུན་གང་འཚམས་ཤིག་གི་སྔོན་ནས་ྋགོང་ས་མཆོག་དང་ཁོང་གི་དགོངས་གཞིའི་སྐོར་ལ་དམིགས་བསལ་གྱིས་སློབ་སྦྱོང་དང་དོ་སྣང་བྱས་ཤིང༌། དེ་ནི་ཐོག་མའི་ཆར་ང་རང་སྒེར་གྱི་ཤེས་ཡོན་དང་བསམ་བློའི་རྒྱབ་རྟེན་ཞིག་གི་ཆེད་དུ་ཡིན་རུང༌། དུས་ཡིན་གང་འཚམས་འདས་རྗེས་ངས་དོ་སྣང་བྱེད་ཡུལ་དེ་ཉིད་ང་ཚོའི་སྤྱི་ཚོགས་ཀྱི་དགོས་མཁོ་ཆེན་པོ་ཞིག་ཡིན་པ་དང༌། ང་ཚོས་སྤྱི་ཚོགས་ཀྱིས་བསྒྲུབ་མ་ཐུབ་པའི་སྟོང་ཆ་ཆེན་པོ་ཞིག་ཡིན་པ་ངོས་འཛིན་བྱུང་བས་ངས་འཚོལ་ཞིབ་ཀྱི་ལས་དོན་དེ་གང་ཐུབ་ཀྱིས་རྒྱ་བསྐྱེད་བྱས་པ་ཡིན། དེ་ལྟའི་སློབ་ཞིབ་ཀྱི་བརྒྱུད་རིམ་ནང་ངས་ཁོང་གི་སྐོར་གྱི་གལ་ཆེའི་ཡིག་ཆ་གང་མང་ཞིག་བཀླགས་པ་ལས་རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ཞེས་པ་འདི་ཕྲན་གྱི་སློབ་ཞིབ་ཀྱི་ལས་དོན་ལ་སྤྲོ་སྣང་འདྲེན་པ་དང་སེམས་ཁུར་ཆེས་ཆེར་སློང་བའི་དཔེ་དེབ་གལ་ཆེ་ཤོས་དེ་རེད། ྋགོང་ས་མཆོག་གི་སྤྱི་དང་བྱེ་བྲག་གི་དགོངས་དོན་གསལ་བའི་རྩ་འཛིན་རང་བཞིན་གྱི་དཔེ་དེབ་ཅིག་རང་ཉིད་ཀྱི་མ་སྐད་ཀྱི་ཐོག་ནས་བཀླགས་རྒྱུ་བྱུང་བ་དེས་ང་ལ་གཞན་ལས་ལྷག་པའི་སྤྲོ་སྣང་བྱུང་བ་སྨྲོས་མ་དགོས་མོད། ཁོང་གི་དགོངས་བཞེས་ཀྱི་རྒྱ་ཁོན་དང༌། རྒྱང་གཟིགས་ཀྱི་དགོངས་པ་དེ་ཅིག་བྱས་ན་དེང་གི་འཇིག་རྟེན་འདིའི་ཤེས་ཡོན་གྱི་རྒྱ་ཁྱོན་ལས་ཀྱང་བརྒལ་འདུག་པས་ངས་འཚོལ་ཞིབ་ཀྱི་ལས་དོན་གྱི་ངོ་བོ་དེ་དཀའ་ཁག་དང་ལས་འགན་གཞན་ལས་ཆེ་བ་ཞིག་གི་ངོས་འཛིན་བསྐྱར་བསླངས་བྱས་པས་ངས་གནད་དོན་འདི་ཚོར་སེམས་ཁུར་མ་བྱས་ཐབས་མེད་རེད། འོན་ཀྱང་དེ་རིང་འདིར་བརྗོད་འདོད་པ་ནི་ང་སྒེར་གྱི་ཚོར་བ་ཡན་གར་བ་དེ་ཚོ་མིན།
རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ཞེས་པའི་དཔེ་དེབ་འདི་ནི། ང་ཚོ་འཚོ་གནས་བྱེད་སའི་རང་བྱུང་ཁམས་ཆེན་པོ་དང༌། སྐྱེ་འགྲོ་སེམས་ཅན། དེ་བཞིན་དུ་འགྲོ་བ་མི་བཅས་ལས་གྲུབ་པའི་འཇིག་རྟེན་ཆ་ཚང་བ་ཤེས་རྟོགས་བྱེད་ཐུབ་པའི་བརྟག་ཐབས་སམ་དཔྱོད་སྒོ་སྟོན་པའི་ཐོག་མའི་སྐྱ་རིས་ལྟ་བུ་ཞིག་དང༌། དེ་བཞིན་དུ་འགྲོ་བ་མིའི་ཤེས་ཡོན་དང་ཤེས་རབ་ལ་མཐའ་རྒྱ་གསར་བསྐྱེད་ཀྱི་ལས་གཞི་སྟེ། ཚན་རིག་དང་སེམས་དོན་རིག་པའི་དཔྱད་གཞི་དང་དཔྱད་ཐབས་མཉམ་སྦྲགས་ལས་གྲུབ་པའི་ྋགོང་ས་མཆོག་གི་འཚོལ་ཞིབ་རང་བཞིན་གྱི་ཤེས་ཡོན་གྱི་འགྲུལ་བཞུད་ཀྱི་ཕྱོགས་བསྡོམས་ཀྱི་གྲུབ་འབྲས་ཤིག་ཡིན་པ་རེད། དཔེ་དེབ་ཅིག་གམ་བརྩམས་ཆོས་ཤིག་གི་རིན་ཐང་གཙོ་བོ་ནི་དེས་སྤྱི་ཚོགས་ལ་གོ་རྟོགས་སྤྲོད་པའི་ནུས་པའི་སྟེང་ན་ཡོད་པའི་ངོས་ནས་བལྟས་ན་ཁོང་གི་བརྩམས་ཆོས་འདི་ལ་བོད་ཙམ་མ་ཟད་འཛམ་གླིང་རང་བཞིན་གྱི་བློ་འབྱེད་ཀྱི་ཁྱད་ཆོས་ཤིག་ཀྱང་ལྡན་ཡོད་ཚོད་རེད་ལ། ཆེད་རྩོམ་འདིའི་ཆེད་དམིགས་ཀྱི་དགོངས་དོན་ཀྱང་དེ་ཉིད་ཡིན་རེད།
འོན་ཀྱང་བོད་པའི་སྤྱི་ཚོགས་ཀྱི་ངོས་ནས་དཔེ་དེབ་འདི་ལ་གཞི་རྩའི་ལྟ་སྟངས་གང་འདྲ་ཞིག་འཛིན་དགོས་པར་གྱུར་ཡོད་དམ། ཚད་མཐོ་ས་ནས་བཤད་ན་དཔེ་དེབ་འདིས་འཛམ་གླིང་གི་ཤེས་ཡོན་གྱི་ཁ་ཕྱོགས་ཤིག་འཆད་ཀྱིན་ཡོད་པས། དཔེ་དེབ་འདིའི་ནང་དོན་དང་ང་ཚོའི་སྤྱི་ཚོགས་ཀྱི་བསམ་བློ་གཉིས་ད་དུང་ཅུང་རྒྱང་ཐག་རིང་བོ་རེད། འོན་ཀྱང་བོད་པ་ཡང་འཛམ་གླིང་གི་ཆ་ཤས་ཤིག་ཡིན་པ་མ་ཟད། འཛམ་གླིང་གི་གལ་ཆེའི་ཤེས་ཡོན་གྱི་གྲུབ་ཆ་ཆེན་པོ་ཞིག་གི་རྒྱུན་འཛིན་པ་ཞིག་ཡིན་པའི་ཆ་ནས་བོད་མི་ཚོས་དཔེ་དེབ་འདི་ལ་བརྟེན་ནས་རང་ཅག་གི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཞེས་པར་གོ་དོན་གསར་པ་ཞིག་རྙེད་དགོས་པ་དང༌། ལྷག་པར་དུ་ཡང་ང་ཚོ་རིག་གནས་གསར་རྙིང་གང་ལའང་རྨོངས་དད་ཀྱིས་འཇུག་པའི་བསམ་བློའི་སྟེང་གི་ནོར་འཁྲུལ་དང༌། རིན་ཐང་ལྟ་ཚུལ་དང་ངོས་འཛིན་གྱི་ལྟ་བ་ཆུང་ཆུང་གིས་བསླངས་པའི་རྩོད་གཞི། དེ་བཞིན་དུ་རིག་གནས་བསམ་བློའི་སྟེང་གི་འགལ་ཟླ་ལས་གྲུབ་པའི་བོད་པའི་ཤེས་ཡོན་ཅན་གྱི་བསམ་བློའི་ཁོར་ཡུག་དེར། མཐོང་རྒྱ་ཡངས་པའི་རྣམ་དཔྱོད་ཀྱི་གོ་རྟོགས་དང༌། རྒྱ་ཁྱོན་ཆེ་བའི་ཤེས་ཡོན་གྱི་བགྲོ་གླེང་ལས་གྲུབ་པའི་དཔེ་དེབ་འདི་ལ་བརྟེན་ནས་བློ་སྒོ་གསར་པ་ཞིག་འབྱེད་ཐུབ་ངེས་ཀྱི་རིན་ཐང་ལྡན་ཡོད་ཅིང༌། དཔེ་དེབ་འདིས་ནུས་པ་དེ་འདྲ་ཞིག་ཐོན་རྒྱུ་དེ་ལོ་ཙཱ་བས་བོད་སྒྱུར་བྱེད་པའི་དམིགས་ཡུལ་དེའང་ཡིན་པ་རེད།
དེ་བཞིན་དུ་དཔེ་དེབ་འདིས་ྋགོང་ས་མཆོག་གིས་དུས་ཀུན་གསུངས་བཞིན་པའི་དུས་རབས་ཉེར་གཅིག་པའི་ཆོས་པ་ཞིག་བྱེད་དགོས་ཞེས་པའི་ཆོས་ལུགས་དང་འབྲེལ་བའི་ལམ་སྟོན་དང༌། གནའ་དེང་ཤེས་ཡོན་གྱི་འདབ་གཤོག་ཟུང་ལྡན་བྱེད་དགོས་པའི་ཤེས་ཡོན་ལམ་སྟོན་སོགས་ཁོང་གི་དགོངས་དོན་སྤྱི་དང་བྱེ་བྲག་གི་ངོ་བོར་ངོས་འཛིན་དང༌། རྒྱབ་ལྗོངས་ལ་གོ་བ་ལེན་པའི་དཔེ་གཞི་ཆེན་པོ་ཞིག་ཀྱང་བཏང་ཡོད་པས་ན་དཔེ་དེབ་འདི་ནི་བོད་མིའི་སྲོལ་རྒྱུན་དང་དེང་རབས་ཀྱི་སློབ་གསོའི་ལས་དོན་ཐད་ཀྱི་དཔེ་སྟོན་ལམ་ཡིག་ཅིག་དང༌། རྣམ་གཞག་བྱེ་བྲག་པ་ཞིག་གི་ནང་རོལ་ནས་ཕྱི་རུ་ཐོན་ཏེ་འཛམ་གླིང་གི་ངོས་ནས་འགྲོ་བ་མིའི་ཤེས་ཡོན་ལ་ལྟ་བ་དང༌། མིའི་རིགས་ཀྱི་ཤེས་ཡོན་གྱི་ངོས་ནས་འཛམ་གླིང་ལ་ལྟ་བ་སོགས་རང་དབང་གི་རིག་སྟོབས་ཀྱིས་དཔྱད་སྟངས་དང་དཔྱད་གཞི་གསར་པ་གསལ་འདོན་གནང་ཞིང༌། བོད་ཀྱི་ཤེས་རིག་ལ་དེ་ལྟ་བུའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ཤིག་ཡོད་པའི་དཔང་རྟགས་ལྟ་བུ་ཞིག་ཀྱང་ཡིན་སྟབས། དཔེ་དེབ་འདི་ནི་བོད་ཀྱི་ཤེས་རིག་ཀྱི་འཕེལ་ཕྱོགས་དང་འཕེལ་རྒྱས་ཀྱི་མཚོན་རྟགས་གལ་ཆེན་ཡིན་ཅིང༌། འདིས་བོད་ཀྱི་ཤེས་རིག་གི་འཕེལ་རྒྱས་ལ་དཀྱོགས་མཚམས་གསར་པ་ཞིག་ཀྱང་ཕྱེས་གནང་ཡོད་པ་རེད། དེའི་ཕྱིར་ྋགོང་ས་མཆོག་གིས་དཔེ་དེབ་འདི་ལྟ་བུ་ཞིག་བརྩམས་གནང་མཛད་པ་དང༌། ན་གཞོན་ཤེས་ཡོན་ཅན་བསྟན་འཛིན་རིག་བཟང་གིས་འདི་ལྟ་བུ་ཞིག་བོད་བསྒྱུར་ཞུས་པ་གཉིས་ཀ་བོད་པའི་ཤེས་རིག་དང་སྤྱི་ཚོགས་ཀྱི་ངོས་ནས་བལྟས་ན་ཧ་ཅང་གལ་འགངས་དང་རིན་ཐང་ལྡན་པ་ཞིག་ཡིན་པས་ང་ཚོས་དཔེ་དེབ་འདིས་བོད་པའི་སྤྱི་ཚོགས་ལ་བློ་མིག་གསར་པ་ཞིག་སྦྱིན་པའི་རེ་བ་བྱེད་དགོས་པ་དང༌། རེ་བ་མངོན་གྱུར་ཡོང་ཕྱིར་དཔེ་དེབ་འདི་ལས་འཕྲོས་པའི་བགྲོ་གླེང་མང་པོ་བྱེད་དགོས་པར་འདོད།
འོན་ཀྱང་ངས་གལ་ཆེའི་དཔེ་དེབ་འདི་ལས་འཕྲོས་པའི་ཆེད་རྩོམ་འདི་འབྲི་བཞིན་པའི་སྐབས་སུ་བརྒྱུད་ལམ་འགའ་ཞིག་ཏུ་བཤད་བཞིན་པ་ནི་དཔེ་དེབ་འདི་བསྒྱུར་མཁན་སུ་ཞིག་ཡིན་མིན་གྱི་སྐོར་ལས་འཕྲོས་པའི་སྐད་ཆ་དེ་ཚོ་རེད། དོན་ངོ་མར་ང་ཚོས་དཔེ་དེབ་རིན་ཐང་འདི་ལྟ་བུ་ཞིག་གི་རིན་ཐང་མ་གླེང་བའི་སྔ་རོལ་ནས་དཔེ་དེབ་པར་བསྐྲུན་གྱི་བདག་དབང་སོགས་སྤྱིར་བཏང་གི་གནས་ཚུལ་མང་པོ་ཞིག་ལ་རྩོད་གཞི་སློང་གི་ཡོད་པ་དེས་ང་ནི་སླར་ཡང་ང་ཚོའི་སྤྱི་ཚོགས་ཀྱི་རིན་ཐང་ལྟ་ཚུལ་དང་གོ་རྟོགས་ཀྱི་གནས་ཚུལ་ལ་དོགས་པ་ཆེ་རུ་སོང༌། འོན་ཀྱང་དོན་ངོ་མར་བོད་ཀྱི་ཤེས་རིག་དང་སྤྱི་ཚོགས་ལ་འགན་ཁུར་ལེན་འདོད་མཁན་ཚོས་དཔེ་དེབ་འདིའི་རིན་ཐང་ལས་འཕྲོས་པའི་གླེང་སློང་མང་པོ་བྱེད་འོས་པ་དང༌། ཆེད་རྩོམ་འདི་ལྟ་བུ་ལ་བརྟེན་ནས་བོད་པའི་སྤྱི་ཚོགས་དང་ལྷག་པར་སྲོལ་རྒྱུན་དང་དེང་རབས་ཀྱི་ཤེས་ཡོན་སྡེ་ཁག་ཚང་མར་གཡོ་འགུལ་ཞིག་ཐེབས་དགོས་པར་འདོད། གནའ་དུས་སྟོན་པས་ཆོས་སྟོན་པའི་ཚེ་ས་རྣམ་པ་དྲུག་ཏུ་གཡོས་པའི་བྱུང་བ་ང་ཚོས་འཆད་ཤེས་ཀྱི་རེད། འོན་ཀྱང་རིན་ཐང་ལྡན་པའི་དཔེ་དེབ་འདི་ལྟ་བུ་ཞིག་གིས་ང་ཚོར་ཅི་འདྲ་བའི་གཡོ་འགུལ་ཞིག་ཐེབས་དགོས་ཀྱི་རེད་དམ། མ་མཐའ་ཡང་ང་ཚོ་བླ་མའི་ཕྱག་མདུད་ལ་དགའ་ཞིང་དེ་ནི་རང་ཉིད་ཀྱི་སྲུང་བ་ཆེས་གལ་ཆེན་དུ་ངོས་འཛིན་བྱེད་པ་ལྟར། དཔེ་དེབ་འདི་ནི་བོད་ཀྱི་ཤེས་རིག་གི་སྲུང་བ་མཆོག་ཏུ་གྱུར་པའི་ཕྱག་མདུད་ཅིག་ཡིན་ངེས་ལ། དཔེ་དེབ་འདིའི་ནང་དུ་སྐུ་མདུན་གྱི་བྱིན་རླབས་ཀྱང་མང་པོ་ཞིག་འདུས་ཡོད་པས་ན་ཤེས་ཡོན་གྱི་ཕྱག་མདུད་རྩ་ཆེན་འདི་བོད་མི་ཚང་མས་སྐེ་ལ་འདོགས་དགོས་པ་དང༌། ལྷག་པར་དུ་བོད་ཀྱི་ཤེས་ཡོན་ཅན་རྣམས་ཀྱི་སྐེ་ལ་བཏགས་ཏེ་དུས་རབས་ཉེར་གཅིག་པའི་ཤེས་ཡོན་གྱི་གཡུལ་ས་ལ་བསྐྱོད་དགོས་པ་མ་རེད་དམ།
ངས་ཁ་ས་སྤེལ་བའི་བསམ་ཚུལ་རྣམས་ཡིག་གཟུགས་འགྱུར་བའི་དབང་གིས་བཀླག་མི་ཐུབ་པར་གྱུར་ཡོད་འདུག་པས། རྣམ་པ་ལྷན་རྒྱས་ཡོངས་ལ་དགོངས་སེལ་ཞུ་བ་ཆབས་ཅིག་ཡང་བསྐྱར་དཀྱུས་གཅིག་ལ་བཀོད་པ་གཤམ་གསལ།
ངའི་བསམ་འཆར་སྤེལ་རྗེས་ཡིན་དང་མིན་འབྲི་མཁན་ཚང་མར་གུས་བརྩི་ཞུ་བ་དང་སྦྲགས་ཚིག་ཁ་ཤས་ཞུ་འདོད་བྱུང༌། ངས་ཀྱང་ཕྱི་སྐད་ནས་རང་སྐད་དུ་སྒྱུར་མཁན་ཚོར་བསྔགས་བརྗོད་དང་ཡི་རང་ཡོད། ད་ཐེངས་ཀྱི་གནད་དོན་དེ་ཕྱི་སྐད་ནས་རང་སྐད་དུ་སྒྱུར་མཁན་ཞིག་ལ་བསྔགས་བརྗོད་བྱེད་མིན་དང་ཡི་རང་བྱེད་མིན་གྱི་གནད་དོན་ཞིག་མ་རེད། ཁྲག་དོག་བྱས་མ་བྱས་ཀྱི་གནད་དོན་ཡང་རྩ་བ་ནས་མ་རེད། གནད་དོན་ནི་གཞན་གྱིས་དཀའ་ལས་བརྒྱབ་པའི་འབྲས་བུ་ཧམ་ཟོས་བྱས་པ་དེ་འགྲིགས་མ་འགྲིགས་དང༌། ཁྲིམས་འགལ་བྱས་པ་དེ་འགྲིགས་མ་འགྲིགས། བཟང་སྤྱོད་དང་འགལ་བ་དེ་འགྲིགས་མ་འགྲིགས་ཀྱི་གནད་དོན་རེད།
དེ་ཡང་དང་པོ། དེབ་དེ་པར་སྐྲུན་གནང་མཁན་དང་མཛད་པ་པོ་༸གོང་ས་མཆོག་གི་བཀའ་འཁྲོལ་ཆོག་མཆན་མེད་པར་ཕབ་སྒྱུར་དང་པར་སྐྲུན་བྱས་པར་མ་ཟད། ཁྲིམས་འགལ་གྱི་པར་སྐྲུན་བྱས་པའི་འགྱུར་མ་དེའི་པར་དབང་བསྟན་འཛིན་རིག་བཟང་ཁོ་རང་ཡོད་ཚུལ་ཧམ་ཤེད་ཆེན་པོས་བྲིས་ཡོད། དེ་ནི་ཁྲིམས་དང་བཟང་སྤྱོད་གཉིས་ཀར་འགལ་ཡོད་ལ་དེབ་འདིའི་བརྗོད་བྱ་དང་འགལ་ཡོད། དེབ་འདིའི་གལ་ཆེའི་ནང་དོན་གཅིག་ནི། དེང་གི་ཚན་རིག་ལག་རྩལ་སོགས་ལ་བཟང་སྤྱོད་ཀྱིས་དབང་སྒྱུར་དགོས་ཚུལ་བསྟན་ཡོད་པས། དེ་དང་འགལ་བ་རེད།
གཉིས་པ། སློབ་ཕྲུག་གི་ཆེད་དུ་དེབ་འདི་སྡེབ་ཉོ་བྱེད་སྐབས་སུའང་དེབ་རེར་ཧིན་སྒོར་ 150་ཡན་བྱས་ཏེ་བཙོང་གི་ཡོད། པར་སྐྲུན་ཆོག་མཆན་ཞུ་ཆེད་དཀའ་ལས་མ་བརྒྱབ་པར་ཚོང་འགྲེམས་ཀྱི་ཐད་ལ་དཀའ་ལས་མང་པོ་རྒྱག་གི་ཡོད། དུས་ཐུང་ན་བཀའ་བློན་ཚང་མ་ལ་འབྲེལ་བ་བྱས་པ་མ་ཟད། ལྷོ་ཕྱོགས་གདན་ས་ཁག་དང༌། གནད་ཡོད་མང་པོར་འབྲེལ་བ་བྱས་ཏེ་ཁེ་ཚོང་གཉེར་གྱི་ཡོད་ལ། རིང་མིན་ཝ་ཎའི་གསུང་ཆོས་ལའང་ཕོན་ཆེ་བཙོང་རྩིས་ཡོད་པ་རེད། དེབ་འདི་བྲེལ་འཚབ་ཆེན་པོས་འདོན་སྤེལ་བྱེད་དོན་ཡང༌། དཔེ་མཛོད་ཀྱི་འགྱུར་དེ་མ་ཐོན་གོང་ཁེ་གྲགས་ཆེན་པོ་ཞིག་བཟོ་དགོས་བསམ་པ་དེ་རེད། པར་སྐྲུན་གྱི་སྦྱིན་བདག་ཡོད་མེད་ཀྱི་གནས་དོན་གཡུག་བཞག ཁེ་གྲགས་ཀྱི་དོན་དུ་གཞན་གྱི་གྲུབ་འབྲས་ཧམ་ཟོས་བྱས་པ་གསལ་པོ་མ་རེད་དམ།
གསུམ་པ། 2007ལོའི་ཟླ་ 9་ཟླ་སྨད་ལ་དགེ་བཤེས་ལྷག་རྡོར་སོགས་མི་མང་པོ་མཉམ་རུབ་ཀྱིས་བསྒྱུར་བའི་རགས་ཟིན་དེ་བཀྲམས་པ་རེད། ཕྱི་ཟླ་ 11་ནང་བསྟན་འཛིན་རིག་བཟང་གིས་བསྐྱར་དུ་བསྒྱུར་འགོ་བརྩམས་པ་དང༌། དེ་ཡང་ལས་ཞོར་དུ་བསྒྱུར་བ་ཡིན་རབས་བཤད་ཡོད། 2008་ཟླ་ 3རགས་ཟིན་དང་པོ་བསྒྱུར་ཚར་བ་ཡིན་ཞེས་བསྟན་འཛིན་རིག་བཟང་རང་གི་གླེང་བརྗོད་ནང་བྲིས་ཡོད། དགེ་བཤེས་ལྷག་རྡོར་སོགས་ཀྱིས་བསྒྱུར་བ་དེ་མ་བརྐུས་པར་དུས་ཐུང་ཟླ་བ་ 5་ཟིན་མ་ཟིན་ཞིག་གི་ནང་ལས་ཞོར་དུ་དེབ་འདི་འདྲ་ཞིག་བསྒྱུར་ཐུབ་བམ།་ དེབ་འདིའི་ནང་དོན་ནི་ནང་ཆོས་དང་ཚན་རིག་གཉིས་ཀའི་རྙེད་དོན་ཟབ་ས་དང་རྒྱ་ཆེ་ས་དག་ཡིན་པས། མི་གཅིག་གིས་དུས་ཚོད་ཆ་ཚང་བཏང་ནའང་ལོ་ཕྱེད་ནའང་རྫོགས་པར་བསྒྱུར་དཀའ་བ་ཞིག་ཡིན་པ། འགྱུར་གྱི་ཉམས་མྱོང་ཡོད་པ་ཚོས་གསལ་པོ་ཤེས་ངེས་རེད།
རང་གི་གྲོགས་པོ་ཡིན་པ་དང་ཕ་ཡུལ་གཅིག་པ་ཡིན་པའི་རྒྱུ་མཚན་གྱིས་ངན་རྒྱབ་ཏུ་ལངས་ན་ཡག་པོ་མ་རེད།་ ལྟུང་བཤགས་ནང་རང་གིས་བྱས་པ་དང་གཞན་ལ་བྱེད་དུ་བཅུག་པ། གཞན་གྱིས་བྱས་པ་ལ་རྗེས་སུ་ཡི་རང་བ་ཞེས་གསུངས་ཡོད་པས། རྒྱབ་སྐྱོར་བྱེད་མཁན་ཚོ་རྐུན་མ་གཡག་ཆེན་གྱི་བྱ་བར་རྗེས་སུ་ཡི་རང་བྱེད་མཁན་དུ་གྱུར་གྱི་ཡོད། དེ་ཤེས་པ་གྱིས། ༸གོང་ས་མཆོག་ཞལ་འཚོ་བཞུགས་ཡོད་སྐབས་སུའང་ཁོང་གི་གསུང་རྩོམ་གྱི་དཔར་དབང་ཁྲིམས་ཐོག་ནས་ཞུ་དགོས་ས་ཞིག་མ་ཞུས་པར། གསེར་ཞལ་གྱི་འོག་དེར་ཧམ་ཟོས་དང་ཁེ་ཚོང་བྱེད་ཚུལ་དེ་ག་རང་ལ་གཟིགས་དང་རྒྱབ་སྐྱོར་འོས་མིན་གསལ་པོ་རེད།
དངོས་གནས་བསྔགས་བརྗོད་བྱེད་ན། དེབ་འདི་ཐོག་མར་ལས་བྲེལ་ཆེན་པོའི་ནང་ནས་ཛ་དྲག་གིས་ཕབ་སྒྱུར་གྱིས་ཚན་རིག་པ་དང་ནང་པའི་བགྲོ་གླེང་མདུན་སར་རགས་ཟིན་དང་པོ་བཀྲམས་པ་དང༌། ད་ལྟའང་༸གོང་ས་མཆོག་དང་སྐུ་སྒེར་ཡིག་ཚང་སོགས་ལ་སྤྱན་བསྟར་གྱིས་ཁྲིམས་མཐུན་ལུགས་མཐུན་གྱིས་ཞུ་བཅོས་ཀྱི་རིམ་པ་ཡང་དག་པར་འགྲིམས་མཁན་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་ལྷག་རྡོར་ལགས་དང་ལས་བྱེད་ཚོར་བསྔགས་བརྗོད་བྱེད་འོས་པ་རེད་མ་གཏོགས། ཁོང་ཚོའི་གྲུབ་འབྲས་ཧམ་ཟོས་བྱེད་མཁན་ཞིག་ལ་བསྔགས་བརྗོད་བྱེད་མི་འོས་པ་རེད།
གོང་དུ་གཅིག་གིས་ནག་ཚང་ཞི་ལུའི་དེབ་དེ་དཔེ་རུ་བཞག་འདུག དཔེ་དོན་མཚུངས་ངེས་སུ་འདུག་གམ། ནག་ཚང་ཞི་ལུས་དེ་ལྟར་བྱེད་ཅེས་ཆོག་མཆན་སྤྲད་པ་རེད། ད་ལྟའི་འདི་ཆོག་མཆན་མེད་པ་རེད། གཞན་གྱིས་བསྒྱུར་བ་ཞིག་ཚིག་སྦྱོར་བཅོས་ཏེ་རང་གིས་བསྒྱུར་བ་ཡིན་ཟེར་གྱི་ཡོད་པ་རེད། གནད་དོན་གཅིག་འདྲ་ཨེ་རེད། ངས་བལྟས་ན་རྩ་བ་ནས་གཅིག་པ་མ་རེད།
མགྲིན་པ་ཟབ་མོ་ལགས། ཁྱེད་ཀྱིས་བཏོན་པའི་གནད་དོན་དང་པོ་དེར་གནད་འགག་གསུམ་འདུག དང་པོ་༸གོང་ས་མཆོག་གིས་ཡང་ནས་ཡང་དུ་ལས་ཀ་ཉིས་ཟློས་མ་བྱེད་གསུངས་པ་དེ་དང་འགལ་ཡོད། ལྷག་རྡོར་ལགས་སོགས་ཀྱི་མཐའ་མའི་འགྱུར་རམ་གཏན་འབེབས་དེ་མ་ཐོན་གོང་ནས་ལས་ཀ་ཉིས་ཟློས་བྱས་པ་དང༌། དེ་ཡང་ཁྲིམས་འགལ་གྱིས་བྱས་པ་དེ་མ་འགྲིགས་པ་རེད། གཉིས་པ་དེབ་འདི་བསྒྱུར་རྒྱུར་བཀའ་འཁྲོལ་མེད་བཞིན་དུ་ཧམ་འཚང་བྱེད་དོན་ཅི་རེད། བསྒྱུར་ཐུབ་ཀྱི་ཡོད་ན་༸གོང་ས་མཆོག་གི་ཕྱག་དེབ་ཕྱི་སྐད་ནས་བོད་སྐད་དུ་ག་ཚོད་བསྒྱུར་བསྒྱུར་ཡོད་པ་དེ་ཚོ་བསྐྱུར་ནས་མི་གཞན་གྱིས་ལག་པ་འཆང་ཟིན། ཞུ་དག་འགྲོ་བཞིན་པ། པར་དུ་བཏབ་མེད་པ་ཞིག་ལ་ཧམ་འཚང་བྱེད་དོན་ཅི་རེད། གཞན་གྱི་གྲུབ་འབྲས་ཧམ་ཟོས་བྱེད་སེམས་མིན་ན་ཅི་རེད། གསུམ་པ། གཞན་གྱིས་ལག་པ་འཆང་ཟིན་ལ་འཆང་པར་ཆ་རྐྱེན་གཉིས་ཚང་དགོས། དང་པོ་གཞན་གྱིས་ལག་པ་འཆང་བ་དེ་ཚད་ལྡན་བྱུང་མེད་པ་དང༌། གཉིས་པ་ཆོག་མཆན་ཐོབ་དགོས་པ་རེད། ལྷག་རྡོར་ལགས་སོགས་ཀྱིས་བསྒྱུར་ཏེ་བཀྲམས་པ་དེ་རགས་ཟིན་ཡིན་པ་ལས་གཏན་འབེབས་མ་རེད། གཏན་འབེབས་ད་ལྟ་ཐོན་རྒྱུ་ཡིན་སྟབས་དེ་ཚད་ལྡན་བྱུང་ཡོད་མེད་བརྗོད་དཀའ་བ་ཞིག་རེད། གཉིས་པ་ཆོག་མཆན་ཐོབ་མེད་པ་རེད། ཆོག་མཆན་ཐོབ་ན་འགྱུར་མི་འདྲ་བ་གཉིས་མ་དགོས་གསུམ་བྱུང་ནའང་ཁྲིམས་ཐོག་འགྲིགས་པ་ཞིག་རེད།
ངས་སྲིད་མཐའ་ནས་བཤད་པ་དེ་ཡང་དམའ་མཐའ་ནས་བཤད་པ་ཡིན། ཞིབ་པར་དཔྱོད་དང༌། དགེ་བཤེས་ལྷག་རྡོར་སོགས་ལ་དཀའ་ངལ་འཕྲད་དེ་སྒྲ་སྒྱུར་བྱས་པ་དེ་ཚོ་དང༌། ཚིག་གནད་ཁག་ཅིག་དགེ་བཤེས་ལགས་ཁོང་ཚོས་གནང་བ་དེ་ལས་ལྷག་ཅིག་བྱུང་མི་འདུག་པས། དེ་ཚོ་དཔང་རྟགས་གསོན་པོ་མ་རེད་དམ།
ངའི་མཐའ་བསྡོམས་ཀྱི་སྐད་ཆ་དེ་རྟོགས་མ་སོང་གསུངས་འདུག་ཀྱང༌། ད་ལྟ་ནང་བཞིན་དགོངས་པ་ཡངས་པོ་བཞེས་ན་རིམ་པས་མཁྱེན་ངེས་ཡིན། ཁྱེད་ཀྱི་གུ་ཡངས་ཀྱི་བསམ་བློ་གཏོང་སྟངས་ལ་གུས་བཀུར་ཡོད།
ལྷ་རྗེ་ཨ་ཎ་རུ་ལགས། སྒྱུར་བ་བོས་སྐུ་སྒེར་ཡིག་ཚང་སོགས་ལ་ཞུས་ཡོད་མེད་དང༌། ཞུ་སྟངས་གང་འདྲ་ཞུས་ཡོད་མེད། ལི་ཐང་ཨ་དར་གྱིས་ཐེ་ཝན་དང་མཉམ་གྲོས་ཆོད་བཞག་རྗེས་༸གོང་ས་མཆོག་གི་བཀའ་འཁྲོལ་ཞུ་ཞུ་ཞུས་ཡོད་མེད་ངས་ཤེས་ཀྱིན་མེད། ངས་ཞུ་ཐུབ་པ་དེ་བཀའ་འཁྲོལ་ཐོབ་མེད་པ་དང་བཀའ་འཁྲོལ་མ་ཐོབ་བཞིན་དུ་པར་སྐྲུན་བྱས་པ་དེ་རེད།
བཀའ་འཁྲོལ་མ་ཐོབ་བཞིན་དུ་པར་འགྲེམས་བྱེད་སྟངས་ལ་བལྟས་ན། སྐུ་སྒེར་ཡིག་ཚང་སོགས་ལ་ཞུས་ཡོད་རབས་དེ་ལི་ཐང་ཨ་དར་གྱི་ཟློས་གར་འདྲ་བོར་མཐོང་གི་འདུག གལ་ཏེ་ངོ་མས་བཀའ་འཁྲོལ་ཞུ་བཞིན་ཡོད་ན། བཀའ་འཁྲོལ་མ་ཐོབ་ཕྱིན་པར་སྐྲུན་བྱེད་མི་འོས་པ་རེད། དེའི་ཐོག་ནས་ཀྱང་གཅིག་མཚོན་གྱི་མི་འདུག་གམ།
ཁྱེད་རང་གིས་སྐུ་སྒེར་ཡིག་ཚང་སོགས་ལ་ཞུས་ཡོད་པ་ཤེས་ཀྱི་ཡོད་མདོག་མདོག་བྱས་པ་ལྟར། ཞུས་ཡོད་ན། ཡིག་ཐོག་ཡར་ག་རེ་ཞུས་པ་དང་མར་བཀའ་ག་རེ་གནང་བ་དེ་ཚོ་བསྟན་དགོས་རེད། དེ་མིན་ངག་ཐོག་ནས་གཅིག་ཞུས་ཡིན་གཉིས་ཁས་བླངས་མ་བྱུང་ལྟ་བུ་ཡིན་ན།་ སྐུ་སྒེར་ཡིག་ཚང་ལ་དམའ་འབེབས་རེད།
མྱི་སྨྱོན་ལགས། ཁྱེད་ཀྱིས་ཡིག་གཟུགས་ལ་སྐྱོན་བྱུང་བ་གསལ་སྟོན་གནང་བར་ཐུགས་རྗེ་ཆེ།
བོད་ཀྱི་སྐད་ཡིག་ཕྱུག་པོར་བཟོ་འདོད་ཡོད་ན་གཞུང་སྒེར་གཉིས་སུ་ཡིན་ན་ཡང་གང་ཐུབ་ཐུབ་ཀྱི་རིག་གནས་ནང་འདྲེན་ནམ་ནང་བསྒྱུར་ལ་འབད་པར་བྱ། བོད་ཀྱི་སྐད་ཡིག་མེད་པོར་བཟོ་བའམ་དབུལ་བོར་གཏོང་འདོད་ཡོད་ན་ཕྱི་འདྲེན་ནམ་ཕྱི་བསྒྱུར་ལ་འབད་པར་བྱ། དེ་ནི་མཐར་ཐུག་གི་རྩ་བ་ཡིན་ནོ། གཞུང་གི་བྱེད་དམ་སྒེར་གྱི་བྱེད་ཟེར་ནས་འདུག་ཁོམ་མེད། གཞུང་སྒེར་སུ་ལ་རིག་གནས་ནང་འདྲེན་བྱེད་པའི་ཆུ་ཚད་དང་གོ་སྐབས་ལྡན་ན་དེ་དག་གི་འགན་ལེན་བྱེད་དགོས་པ་ཡིན་ནོ།
ང་ཚོས་ཤེས་དགོས་པ་ནི་བོད་མི་ཚོས་བོད་ཀྱི་རིག་གཞུང་གི་ཆ་ཤས་མི་ཉུང་བ་ཞིག་དབྱིན་ཡིག་སོགས་སྐད་ཡིག་གཞན་གྱི་ཐོག་ཏུ་བསྒྱུར་ཡོད་ན་ཡང་།
དབྱིན་ཡིག་ཐོག་ཡོད་པའི་བོད་ཀྱི་རིག་གཞུང་དང་འབྲེལ་བའི་གནས་ཚུལ་དང་།
ང་ཚོར་མཁོ་བའི་ཕྱིའི་རིག་གཞུང་གང་མང་ཞིག་བསྒྱུར་མཁན་མེད་པར་ལྷག་བསྡད་པ་དེ་ཡིན།
དེ་ལྟ་ན་ནམ་ཞིག་ང་ཚོའི་གཞུང་དང་ཚོགས་པ།
གང་ཟག་སྒེར་སུ་ཞིག་གིས་འགན་འཁུར་ཏེ་བསྒྱུར་རྒྱུ་ཡིན་མིན་ཐད་གླེང་སློང་བྱེད་དགོས་པའི་དུས་ཤིག་ཡིན་ནོ།།
ཅི་བྱས་སོང་བ་ཡིན་ནམ། ཡིག་གཟུགས་ཀློག་མ་ཐུབ་པ་ཡིན་ནམ། ཡང་ན་ངས་བྲིས་པ་དེ་བརྡ་མ་འཕྲོད་པ་ཡིན། བརྡ་མ་འཕྲོད་ན་ངས་ཡང་བསྐྱར་བྲིས་ཆོག ཡིག་གཟུགས་མ་འགྲིགས་ཚེ་ཁྱེད་ཀྱིས་ང་ལ་བསླབ་དང༌།
ཞབས་དྲུང་ངག་དབང་རྣམ་རྒྱལ། སྐུ་མཁྱེན་སློབ་དཔོན་ཐོན་མིའི་ཡིག་གེ་འདི་ལྟ་བུ་ཞིག་བརྩམས་མེད་པ་འདྲ། ཀློག་ཤེས་ཀྱི་མི་འདུག
ལ྄ྷ་ར྄ྗེ་ཨ་ཎ་རུ་ལགས།་ ས྄ྒ྄ྱུར་བ་པོས་ས྄ྐུ་ས྄ྒེར་ཡིག་ཚང་སོགས་ལ་ཞུས་ཡོད་མེད་དང༌། ཞུ་ས྄ྟངས་ག་འད྄ྲ་ཞུས་ཡོད་མེད། ལི་ཐང་ཨ་དར་ག྄ྱིས་བཀའ་འཁ྄ྲོལ་ཞུ་ཞུ་ཞུས་ཡོད་མེད་ངས་ཤེས་ཀ྄ྱི་མེད། ངས་ཞུ་ཐུབ་པ་དེ་བཀའ་འཁ྄ྲོལ་ཐོབ་མེད་པ་དེ་ཡིན་ལ། བཀའ་འཁ྄ྲོལ་མ་ཐོབ་བཞིན་དུ་པར་ས྄ྐ྄ྲུན་བ྄ྱས་པ་དེ་ཡང་ཞུ་ཐུབ་པ་འདུག་
བཀའ་འཁ྄ྲོལ་མ་ཐོབ་པར་པར་ས྄ྐ྄ྲུན་དང་འག྄ྲེམས་ས྄ྤེལ་བ྄ྱས་པ་འདིའི་ཐོག་ནས་བལ྄ྟས་ན། ས྄ྐུ་ས྄ྒེར་ཡིག་ཚང་སོགས་ལ་ཞུས་ཡོད་རབས་དེ་ལི་ཐང་ཨ་དར་ག྄ྱི་ཟ྄ློས་གར་འད྄ྲ་བོར་མཐོང་གི་འདུག་ ཡ།
མག྄ྲིན་པ་ཟབ་མོ་ལགས། གཞན་ག྄ྱིས་ལག་པ་འཆང་ཟིན་པ་ཞིག་ལ་བས྄ྟན་འཛིན་རིག་བཟང་གིས་ལག་པ་འཆང་པ་དེར་གནད་འགག་གསུམ་འདུག་ དང་པོ། ༸གོང་ས་མཆོག་གིས་ཡང་ནས་ཡང་དུ་ལས་ཀ་ཉིས་ཟ྄ློས་མ་བ྄ྱེད་ཅེས་གསུངས་པ་དེ་དང་འགལ་ཡོད། ལ྄ྷག་ར྄ྡོར་ལགས་སོགས་ཀ྄ྱི་མཐའ་མའི་གཏན་འབེབས་དེ་མ་ཐོན་གོང་ནས་ཁ྄ྲིམས་འགལ་ག྄ྱིས་ལས་ཀ་ཉིས་ཟ྄ློས་བ྄ྱས་པ་མ་འག྄ྲིགས་པ་རེད། གཉིས་པ། དེབ་འདི་ཧམ་འཚང་བ྄ྱེད་དོན་དེ་གང་རེད། ས྄ྒ྄ྱུར་ཐུབ་ཀ྄ྱི་ཡོད་ན་༸གོང་ས་མཆོག་གི་གསུང་ག྄ྲགས་ཅན་མང་པོ་ད་དུང་བས྄ྒ྄ྱུར་མ་ཐུབ་པར་ལུས་ཡོད་པས། དངོས་གནས་འཇོན་ཐང་ཡོད་ན་གཞན་ག྄ྱིས་ལག་པ་མ་འཆང་བ་ཞིག་ལ་འཆང་ན་ས྄ྐ྄ྱོན་ག་རེ་ཡོད། གཞན་ག྄ྱིས་འཆང་ཟིན་ལ་འཆང་པ་འདིས་གཞན་ག྄ྱི་འབ྄ྲས་བུ་ཧམ་ཟོས་བ྄ྱེད་པ་མཐོང་ཐུབ། གསུམ་པ། གཞན་ག྄ྱིས་འཆང་ཟིན་ལ་འཆང་པར་འབ྄ྲེལ་ཡོད་ནས་ཆོག་མཆན་ཞུ་དགོས་པ་དང་ཐོབ་དགོས་པ་རེད། ཆོག་མཆན་ཐོབ་ན་འག྄ྱུར་གཉིས་མ་དགོས་གསུམ་བ྄ྱུང་ནའང་ཁ྄ྲིམས་ཐོག་ནས་འག྄ྲིག་པ་རེད།
ངས་ས྄ྲིད་མཐའ་ཙམ་བཤད་པ་དེ་ཡང་དམའ་མཐའ་ནས་བཤད་པ་ཡིན། གཞན་དག་བར྄ྗོད་མི་དགོས་པར་དཔང་ར྄ྟགས་གསོན་པོ་གཅིག་བཤད་ན། བས྄ྟན་འཛིན་རིག་བཟང་གི་འག྄ྱུར་དེའི་ནང་ངོས་སུ་ནང་པའི་གསུང་རབ་ཀ྄ྱི་ཚིག་དུམ་གཅིག་བོད་ཡིག་ཏུ་མ་བས྄ྒ྄ྱུར་བར་དབ྄ྱིན་ཡིག་རང་འཇགས་བཞག་ཡོད། དེ་ཁོས་ཅི་བ྄ྱས་ནས་བས྄ྒ྄ྱུར་མ་ཐུབ་པ་རེད། གནད་འགག་དེ་ལ་བསམ་བ྄ློ་ཐོངས་དང་གསལ་པོ་རེད།
ངའི་མཐའ་བས྄ྡོམས་ཀ྄ྱི་ས྄ྐད་ཆ་དེ་རིམ་པས་ཁ྄ྱེད་ཀ྄ྱིས་གོ་ཐུབ་ངེས་རེད།
ཁ྄ྱེད་རང་གི་གུ་ཡངས་ཀ྄ྱི་བསམ་བ྄ློ་གཏོང་ས྄ྟངས་ལ་གུས་བཀུར་ཡོད།
ངའི་བསམ་འཆར་ས྄ྤེལ་ར྄ྗེས་ཡིན་དང་མིན་འབ྄ྲི་མཁན་ཚང་མར་གུས་བར྄ྩི་དང་ས྄ྦ྄ྲགས་ཚིག་ཁ་ཤས་ཞུ་འདོད་བ྄ྱུང༌།
ངས་ཀ྄ྱང་ཕ྄ྱི་ས྄ྐད་ནས་རང་ས྄ྐད་དུ་ས྄ྒ྄ྱུར་མཁན་ཚོར་བས྄ྔགས་བར྄ྗོད་དང་ཡི་ཡང་ཡོད། ད་ཐེངས་ཀ྄ྱི་གནད་དོན་དེ་ཕ྄ྱི་ས྄ྐད་ནས་བོད་ས྄ྐད་དུ་ས྄ྒ྄ྱུར་མཁན་ཞིག་ལ་བས྄ྔགས་བར྄ྗོད་དང་ཡི་རང་བ྄ྱེད་པའི་གནད་དོན་ཞིག་མ་ཡིན་པར། གཞན་ག྄ྱིས་དཀའ་ལས་བར྄ྒ྄ྱབ་པ་ཞིག་ཁ྄ྲིམས་འགལ་ག྄ྱིས་ཧམ་ཟོས་བ྄ྱས་པ་དེ་འག྄ྲིགས་མ་འག྄ྲིགས་ཀ྄ྱི་གནད་དོན་ཡིན།
དེ་ཡང་དང་པོ་༸དེབ་དེ་པར་ས྄ྐ྄ྲུན་གནང་མཁན་དང་མཛད་པ་པོ་༸གོང་ས་མཆོག་གི་བཀའ་འཁ྄ྲོལ་མེད་པར་ཕབ་ས྄ྒ྄ྱུར་དང་པར་ས྄ྐ྄ྲུན་བ྄ྱས་པར་མ་ཟད། ཁ྄ྲིམས་འགལ་ག྄ྱིས་པར་ས྄ྐ྄ྲུན་བ྄ྱས་པའི་དེབ་འདིའི་དཔར་དབང་ས྄ྒ྄ྱུར་བ་པོ་ལ་ཡོད་ཚུལ་ཧམ་ཤེད་ཀ྄ྱིས་བ྄ྲིས་ཡོད། དེ་ནི་ཁ྄ྲིམས་དང་བཟང་ས྄ྤ྄ྱོད་གཉིས་ཀར་འགལ་ཡོད།
གཉིས་པ། དེབ་འདི་ས྄ྡེབ་ཉོ་བ྄ྱེད་མཁན་ཚོ་ལའང་ཧིན་ས྄ྒོར་ 150་ཡན་བ྄ྱས་ཏེ་བཙོང་གི་ཡོད། པར་ས྄ྐ྄ྲུན་ག྄ྱི་ས྄ྦ྄ྱིན་བདག་ཡོད་མེད་ཀ྄ྱི་གནད་དོན་གཡུག་བཞག་ ཁེ་ག྄ྲགས་ཀ྄ྱི་དོན་དུ་གཞན་ག྄ྱི་ག྄ྲུབ་འབ྄ྲས་ཧམ་ཟོས་མ་བ྄ྱས་པ་རེད་ཅེས་སུས་བར྄ྗོད་ཐུབ་པ་འདུག་གམ།
གསུམ་པ། 2007་ལོའི་ཕ྄ྱི་ཟ྄ླ་ 9་ཟ྄ླ་ས྄ྨད་ལ་དགེ་བཤེས་ལ྄ྷག་ར྄ྡོར་ག྄ྱི་རགས་ཟིན་དེ་བཀ྄ྲམས་པ་རེད། ཕ྄ྱི་ཟ྄ླ་ 11་ནང་བས྄ྟན་འཛིན་རིག་བཟང་གིས་བས྄ྒ྄ྱུར་འགོ་བཙུགས་པ་རེད། དེ་ཡང་ལས་ཞོར་དུ་བས྄ྒ྄ྱུར་བ་ཡིན་རབས་བཤད་ཀ྄ྱི་ཡོད། ཚན་རིག་དང་ནང་ཆོས་གཉིས་ཀའི་ཟབ་གནད་མང་བའི་དེབ་འདི་འད྄ྲ་ཞིག་དེ་ས྄ྔོན་རིག་གཞུང་དང་ར྄ྩོམ་རིག་གི་ཐད་ལག་ར྄ྗེས་གང་ཡང་བས྄ྟན་དུ་མེད་པ་ཞིག་གིས་ཟ྄ླ་ཤས་ནང་ཇི་ལ྄ྟར་བས྄ྒ྄ྱུར་ཐུབ་བམ།
རང་གི་ག྄ྲོགས་པོ་ཡིན་པ་དང་ཕ་ཡུལ་གཅིག་པ་ཡིན་པའི་ར྄ྒ྄ྱུ་མཚན་ག྄ྱིས་ངན་ར྄ྒ྄ྱབ་ཏུ་ལངས་ན་ཡག་པོ་མ་རེད།
༸གོང་ས་མཆོག་ཞལ་འཚོ་བཞུགས་ཡོད་ས྄ྐབས་སུའང་ཁོང་གི་གསུང་དཔར་དབང་ཁ྄ྲིམས་ཐོག་ནས་ཞུ་དགོས་ས་ཞིག་མ་ཞུས་པར། གསེར་ཞལ་ག྄ྱི་འོག་འདིར་ཁེ་ཚོང་དང་ཧམ་ཟོས་བ྄ྱེད་ཚུལ་དེ་ག་རང་ནས་ར྄ྒ྄ྱབ་ས྄ྐ྄ྱོར་འོས་པ་ཞིག་ཡིན་མིན་མཐོང་ཐུབ་ཀ྄ྱི་རེད།
དངོས་གནས་བས྄ྔགས་བར྄ྗོད་བ྄ྱས་ན། དེབ་འདི་ཐོག་མར་ཛ་ད྄ྲག་གི་ཐོག་ནས་བས྄ྒ྄ྱུར་ཏེ་རགས་ཟིན་དུས་ཐོག་ལ་འག྄ྲེམས་ས྄ྤེལ་དང༌། དེ་ར྄ྗེས་ད་ལ྄ྟའང་༸གོང་ས་མཆོག་དང་ས྄ྐུ་ས྄ྒེར་ཡིག་ཚང་ལ་ས྄ྤ྄྄ྱན་བས྄ྟར་ག྄ྱིས་ཞུ་དག་བ྄ྱེད་མཁན་ཁ྄ྲིམས་མཐུན་པ་དགེ་བཤེས་ལ྄ྷག་ར྄ྡོར་སོགས་ལ་བས྄ྔགས་བར྄ྗོད་བ྄ྱེད་དགོས།
ཞབས་དབང་ལགས། ངའི་རེ་བར་ཁྱེད་རང་གིས་བསྒྱུར་པོ་བསྟན་འཛིན་རིག་བཟང་དང་ཁོང་གི་བསྒྱུར་ཟིན་པའི་དཔེ་དེབ་སོགས་ཀྱི་རྒྱུད་རིམ་་ལ་རྒྱུས་ལོན་ཡག་པོ་ཞིག་གནང་ཐུབ་ན་ཧ་ཅང་བཟང་། དེ་མིན་ཁྱེད་རང་སྐད་ཆ་རྣམས་ཁུང་ལུང་མེད་པ་ལྟ་བུ་རེད་འདུག་པས་ང་ཚོ་བློ་མི་བདེ་བ་ལྟ་བུ་འདུག ཁྱེད་རང་གིས་གསུང་ལྟར་ན་བསྒྱུར་པ་པོས་སྐུ་སྒེར་ཡིག་ཚང་གིས་མཚོན་པའི་ལས་ཁུངས་ཁག་དང་དགེ་བཤེས་ལྷག་རྡོར་སོགས་ལ་འབྲེལ་བ་གནང་ཡོད་པ་མ་རེད་ཞེས་ཚིག་ཐག་བཅད་ནས་ཞུ་ཐུབ་པ་འདུག་གམ།་ལན་ཁ་གསལ་ཞིག་ངེས་པར་གནང་རོགས་ཞུ།
དགེ་བཤེས་ལྷག་རྡོར་ལགས་ཀྱི་བསྒྱུར་བཟང་བ་ཡོད་ནའང་རེད། བསྟན་འཛིན་རིག་བཟང་ལགས་ཀྱི་བསྒྱུར་བཟང་བ་ཡོད་ནའང་རེད། ང་ཚོ་ན་གཞོན་ཀློག་པ་པོ་རྣམས་ཀྱི་མིག་མདུན་དུ་དྲངས་པ་འདི་རླབས་ཆེན་གྱི་བྱ་བ་ཞིག་ལོས་ཡིན། འོན་ཀྱང་དེ་ལ་རྙོག་དྲ་མང་པོ་ཞིག་ཤོད་ཀྱི་ཡོད་ན་དེ་ནི་གཞན་གྱི་བྱས་རྗེས་ལ་མི་བཟོད་པའི་ཕྲག་དོག་ཁོ་ན་ལས་མ་འདས། དགེ་བཤེས་ལྷག་རྡོར་ལགས་ཀྱི་བསྒྱུར་ལ་སྒུགས་པ་ནི་བཙན་བྱོལ་ནང་ལོ་ངོ་སུམ་བཅུའི་འཐུས་ཤོར་གྱི་མཚོན་བྱེད་ཙམ་ཡིན་པ་གསལ་པོ་རེད།
སྐུ་མདུན་གི་གསུངས་གི་དབྱིན་ཇི་གི་དེབ་དེ་ཚོ་ཚང་མ་བོད་ཡིག་གི་ནང་བསྒྱུར་ཐུབ་གི་རེད་མི་བསམ་གི། ཡིན་ནའང་གལ་ཆེ་གི་རིགས་གང་ཐུབ་གིས་བསྒྱུར་ན་ཡག་གི་རེད་སྙམ་གི།
ནང་གི་ནོར་བུ་ཕྱི་ལ་སྐྱེལ་མཁན་ལ་དེ་ཙམ་ང་རང་ཡང་སྣང་བར་མི་འགྲོ།
འོན་ཀྱང་ཕྱིའི་སྐད་ཡིག་གི་ཐོག་ཏུ་ཡོད་ལ་བོད་ཀྱི་སྐད་ཡིག་ཐོག་ལ་མེད་པའི་༸གོང་ས་མཆོག་གི་གསུང་རྩོམ་གང་ན་ཅི་མཆིས་ཚང་མ་བོད་སྐད་ཀྱི་ཐོག་ཏུ་བསྒྱུར་ཡོད་ན་ཅི་མ་རུང་སྙམ་མཁན་གྱི་གང་ཟག་ཅིག་ཡིན་སྟབས།
སྐབས་འདིའི་གླེང་གཞིའི་བརྒྱུད་རིམ་འབྲེལ་ཡོད་ཚོས་གསལ་ཤོས་མཁྱེན་གྱི་ཡོད་སྟབས་ང་ཚོས་མུན་ནག་མདའ་འཕེན་བྱས་ན་མི་འགྲིག
ང་ཚོར་དགོས་པ་ནི་ཕྱི་གཏེར་ནང་འདྲེན་བྱ་མཁན་ཉུང་ཞིང་།
ནང་གཏེར་ཕྱི་འདྲེན་བྱ་མཁན་མང་བས་དེ་ཚོའི་ཐོག་སུས་ཀྱང་
ཚིག་གི་མདའ་མོ་འཕེན་མཁན་མི་འདུག་པ་ཅི་ཡིན་ནམ།
འདི་ན་ཡང་དཀའ་རྙོག་ཅིག་ཡོད་པ་འདྲ། ཝེ། ང་རྙོག་དྲ་ལ་དགའ་ནས་སྐད་ཆ་བཤད་ཀྱིན་མེད། ལོ་སྔོན་མ་ནག་ཚང་ཞི་ལི་ངྷ་སར་སླེབས་སོང་། ཁོང་གིས་བོད་ཀྱི་དཀའ་རྙོག་ལས་འཕྲོས་པའི་མཚང་ཞིག་བྲུས་ནས་སླེབས་སོང་། ཁོང་གིས་བཤད་དོན། ཁོང་གི་དེབ་དེ་བོད་མི་རིགས་ཀྱི་བུ་རབས་ཚ་བརྒྱུད་སུ་ཞིག་ལ་ཕན་ན། དེབ་འདི་ཁོང་ཚོའི་ཆེད་དུ་ཡིན་སྟབས་ཁྱེད་ཚོས་འཛེམས་སོན་མེད་པར་བེད་སྤྱོད་གནང་རོགས་ཟེར། དེ་བཞིན་དུ་ང་ཚོའི་སྙིང་དང་རུས་པ། ཤ་དང་ཁྲག དཔྲལ་བའི་མིག་ལྟ་བུར་གྱུར་བའི་རྒྱལ་བ་རིན་པོ་ཆེ་ཚང་གི་བཀའ་གསུང་ཅི་ཡིན་ནའང་ང་ཚོ་སྤྱིའི་བསོད་ནམས་དང་བགོ་སྐལ་དུ་ཐོབ་དགོས་པ་ནི་སུས་ཀྱང་སྨྱོན་དུ་མེད་ན། གོང་གསལ་རྩོད་གཞིའི་རིགས་སྐད་མགོ་ཇེ་དམའ་རུ་གཏོང་རྒྱུ་ནི་གལ་ཆེན་དུ་གྱུར་འདུག་སྙམ།
ང་རང་གི་བོད་ཀྱི་མ་རྐང་གང་ན་སུ་ཡོད་པ་དེ་དག་རྒྱབ་སྐྱོར་དུས་རྟག་དུ་ཡོད་ཀྱང་། བོད་ཀྱི་མ་རྐང་བོད་ཡིག་དབྱིན་ཡིག་ལ་བསྒྱུར་མཁན་དག་ཡོད་པ་དེ་དག་ལ་མཐའ་གཅིག་དུ་ངོ་རྒོལ་ཡོད་པ་མ་ཟད། དེ་དག་ནི་བོད་ཀྱི་རིག་གཞུང་བཙོང་མཁན་དུ་འདོད་ཀྱི་ཡོད། འོན་ཀྱང་། རིག་གཞུང་ནང་འདྲེན་བྱེད་མཁན་བོད་ཀྱི་མ་རྐང་གང་ན་སུ་ཡོད་པ་དེ་དག་བོད་ཀྱི་རིག་གཞུང་ཕྱུག་པོ་བཟོ་མཁན་དག་ཡིན་པས་རྗེས་སུ་ཡི་རུང་དང་ནམ་ཡང་སྐུ་ཚེ་རིང་བོར་ཤོག
དགེ་བཤེས་ལ་དེ་ལྟར་ཞུ་ག་ལ་རུང་། ང་ཚོར་ལྷག་བསྡད་པའི་གྲས་ཀྱི་ཏོག་རེད། ཁོང་དང་བློ་གླིང་གི་དགེ་བཤེས་ཁག་ཅིག་གིས་ང་ཚོའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཤེས་རིག་གི་མ་རྐང་ལྟ་བུ་གནང་བསྡད་ཡོད་པ་རེད། དངོས་གནས་བོད་པའི་སྤྱི་ཚོགས་ལ་རྒྱུས་ལོན་ཡོད་མཁན་ཞིག་གིས་སྐད་ཆ་འདི་འདྲ་མི་བཤད་པར་འདོད་ཡོད།
རང་ཚོ་ཚང་མ་ལོར་བདེན་ཤེད་འདུག ཡིན་ནའི། མདོ་དོན་དགེ་བཤེས་མིང་འཛིན་པ་ལྷག་རྡོར་ལ་ཐུག་འདུག ལྷག་མིང་ཅན་གྱིས་རང་སྐད་གཞན་ལ་བསྒྱུར་ཐུབ་ཀྱིན་པ་བདེན་ན། ཅིའི་ཕྱིར་རང་སྐད་ལ་བསྒྱུར་མཁན་གཞན་བྱུང་དགོས་པ་རེད་དམ། མ་གཞི་འདི་རིགས་ཀྱིས་ཟ་ཡ་གཅིག་པོ་མ་གཏོགས་ཤེས་ཀྱི་མེད་པར་ཐུག་འདུག་སྙམ།
ཞབས་དྲུང་ངག་རྣམ་ལགས། ཉིད་ཀྱི་བསམ་ཚུལ་ལ་སྤྱིར་བཏང་རྒྱབ་སྐྱོར་ཡོད། འདི་བཟང་སྤྱོད་ལ་འབྲེལ་བ་ཆེན་པོ་འདུག འོན་ཀྱང་། ཉིད་ཀྱིས་གོང་དུ་བཤད་པའི་དོན་ཚན་དང་པོ་དེར་གཞི་རྩ་ཆེན་པོ་ཞིག་མཐོང་མ་སོང་། མི་གཞན་གྱིས་ལག་པ་འཆང་ཟིན་པ་ཞིག་ལ་ལག་པ་འཆང་མི་ཆོག་པའི་རྒྱུ་མཚན་ངས་མི་ཤེས།
དོན་ཚན་གཉིས་པ་དེ་རྩོད་གཞི་ཡིན་པ་འདྲ། ངས་ནི་འདིའི་བརྒྱུད་རིམ་ཆ་ཚང་མི་ཤེས། ཡིན་ནའང་ཉིད་ཀྱི་༼སྲིད་༽མཐའ་ཙམ་གྱི་སྐད་ཆ་དེས་ཁུངས་འཁྱོལ་མིན་ཅི་ཤེས། ཐུགས་བསམ་བཞེས་རོགས། དཔང་རྟགས་ཀྱི་ཕྱོགས་ནས་བཤད་ནའང་། ངའི་བསམ་ཚུལ་ལྟར་ན། ད་ལྟ་བཏོན་པའི་དེབ་དེ་ཁོ་རང་གིས་དཀའ་ལས་བརྒྱབས་པའི་གྲུབ་འབྲས་རེད། གླེང་བརྗོད་ནི་གྲུབ་འབྲས་འདིའི་ཁུངས་སྐྱེལ་རེད། འདི་གནད་དོན་གཉིས་པ་དེ་ཡིན།
ཁྱེད་ཀྱི་མཐའ་སྡོམ་གྱི་སྐད་ཆ་དེ་ངས་གསལ་བོ་ཞིག་གོ་མ་སོང་བས་དགོངས་འགལ་མེད་པ་ཞུ།
དང་པོ། ༸གོང་ས་མཆོག་གི་གསུང་རྩོམ་ཧ་ཅང་མང་པོ་རང་སྐད་དུ་བསྒྱར་མ་ཐུབ་པར་ལུས་ཡོད་པ་རྣམས་བཞག་སྟེ། མི་གཞན་གྱིས་ལག་པ་འཆང་ཟིན་པ་ཞིག་ལ་འཆང་དགོས་དོན་ཅི་ཡིན། ཁྱེད་ཀྱིས་གསུངས་པ་བཞིན་འགྱུར་གཉིས་བྱུང་བར་སྐྱོན་མེད། འོན་ཀྱང་འགྱུར་དང་པོ་དེར་ཞུ་བཅོས་མ་ཚར་གོང་ནས་འདི་བཏོན་པ་རེད། འགྱུར་དང་པོ་གཏན་འབེབས་ཀྱིས་ཡག་པོ་བྱུང་མི་འདུག་ན་གཞི་ནས་འགྱུར་གཉིས་པ་བཏོན་ནའང་འོས་པ་ཞིག་ཡིན།
གཉིས་པ། ངས་མི་གཞན་གྱི་འགྱུར་ལ་ཚིག་བཅོས་ཕྲན་བུ་དང་བཅས་རང་གི་གྲུབ་འབྲས་ལ་འཁ྄ྱེར་ན་ཡག་པོ་མ་རེད་ཅེས་བཤད་ཡོད། དེ་ཡག་པོ་མ་ཡིན་པའང་ཁྱེད་ཀྱིས་ཁས་ལེན་གནང་འདུག ཁྱེད་རང་དགོངས་ཟབ་ཅིག་བཞེས་དང༌། མི་གཞན་དག་གིས་དཀའ་ལས་བརྒྱབ་སྟེ་ཆ་ཚང་བསྒྱུར་ཟིན་པ་ཞིག་སོ་སོས་ཆ་ཚང་བཀླགས་རྗེས། གཞི་ནས་སོ་སོས་བསྒྱུར་བ་རེད། དེའི་ནང་མི་གཞན་གྱི་གོ་རྟོགས་དང་ཚིག་གནད་རྣམས་མ་སླེབས་པ་སྲིད་དམ། དཔང་རྟགས་བསྟན་ཤོག་ཟེར་ན། ད་ལྟ་ཐོན་པའི་དེབ་དེ་དཔང་རྟགས་རེད་ལ་ཁོ་རང་གི་གླེང་བརྗོད་དེ་ཡང་དཔང་རྟགས་རེད།
ཁོ་རང་ལྟོ་རྒྱབ་གསོ་བར་འགྲོ་མིན་དེ་གནད་འགག་དེ་ཙམ་མ་རེད། སྤྱི་ལའང་ཕན། ལྟོ་རྒྱབ་ལའང་ཕན་ན་མ་འགྲིག་པ་མེད། གནད་འགག་ནི་གཞན་གྱི་གྲུབ་འབྲས་རང་གིས་འཁྱེར་བ་དང་ཁྲིམས་མཐུན་བྱུང་མིན། བཟང་སྤྱོད་དང་འགལ་མིན་དེ་རེད།
ལྷག་པར་ལྟོ་གོས་འགྲིགས་ངེས་ཀྱི་མི་ཞིག་ལ་དགོས་པ་དེ་གཙོ་བོ་མིང་གྲགས་རེད། མིང་གྲགས་དོན་གཉེར་གྱིས་གཞན་གྱི་གྲུབ་འབྲས་ཧམ་ཟོས་བྱས་ཡོད་མེད་དེ་གནད་འགག་མིན་ནམ།
ངས་ཐོས་ཚད་ལ། བསྒྱུར་པ་པོ་འདིས་གསུང་རྩོམ་འདི་ཁོ་རང་གིས་བོད་ཡིག་ཏུ་མ་བསྒྱུར་གོང་ནས་དགེ་བཤེས་ལྷག་རྡོར་གཙོ་བྱས་པའི་འབྲེལ་ཡོད་མི་སྣར་འགྱུར་ལེགས་པོ་བྱུང་མི་འདུག་སྐོར་ཞུས་ཡོད་ཚོད་འདུག འོན་ཀྱང་། ཡ་ལན་དེ་ཙམ་མ་སྤྲད་སྟབས། ཁོང་ནས་བསྒྱུར་རྒྱུའི་ཐག་གཅོད་བྱས་པ་འདྲ། འདི་འདྲ་ཡིན་ནམ། མ་གཞི་ནས་འགྱུར་གཉིས་བྱུང་བ་ལ་སྐྱོན་མི་འདུག ང་ཚོས་འགྱུར་གང་ལེགས་པོ་དང་ཚད་ལྡན་ཡིན་མིན་ལྟ་ཆོག་གི་རེད།
པར་དབང་གི་ཕྱོགས་ནས་༧གོང་ས་མཆོག་དང་དཔེ་སྐྲུན་ཁང་དེའི་ཆོག་མཆན་དགོས་པ་བདེན་པ་རེད། ཡིན་ཡང་། གཙོ་བོ་བསྒྱུར་དེབ་འདི་དཔར་སྐྲུན་བྱས་ཏེ་ཁོ་རང་གི་ལྟོ་རྒྱབ་གསོ་བྱེད་ལ་འགྲོ་གི་ཡོད་མེད་དེ་གནད་འགག་རེད། ཁོ་རང་གི་ཁེ་གྲགས་དང་ལྟོ་རྒྱབ་ཀྱི་ཆེད་དུ་བེད་སྤྱོད་མ་བཏང་བར་གཞན་ཕན་གྱི་ཀུན་སྤྱོད་བཟང་པོ་ཞིག་གི་ཐོག་ནས་འགྲེམ་སྤེལ་བྱས་ཡོད་ན་ཉེས་པ་དེ་འདྲ་ཡོད་ཀྱི་མ་རེད་འདོད།
ཞབས་དྲུང་ངག་དབང་རྣམ་རྒྱལ་ལགས་ལ་ཞུ་རྒྱུར། ༼མི་གཞན་གྱི་འགྱུར་ལ་ཚིག་བཅོས་ཕྲན་བུ་དང་བཅས་རང་གི་གྲུབ་འབྲས་ལ་འཁ྄ྱེར་ན་ཡག་པོ་མ་རེད།༽ ཞེས་པ་འདི་སྤྱིར་བཏང་བདེན་པ་རེད། ཡིན་ནའང་དེ་ལྟར་ཡིན་པའི་སྒྲུབ་བྱེད་གསལ་བོ་མེད་པར་སྐད་ཆ་འདི་ལྟར་བཤད་ཡོད་ཚེ་དེའང་ཡག་པོ་མ་རེད་འདོད། དགོངས་འགལ་མེད་པ་ཞུ།
ཁྱོད་ཀྱིས་(དབྱིན་ཡིག་གི་མ་དཔེ་དང་བསྡུར་ནས་སྒྱུར་རྩོམ་འདི་ཀློག་མཁན་ཞིག་བཙལ་ཀྱང་མ་བརྙེད་པས། གལ་བཔ་ཆེ་ལ་ནན་ཏན་གྱི་ཚུལ་དུ་སྒྱུར་རྩོམ་འདི་གུས་པ་རང་ཉིད་ཀྱིས་མ་ཕྱི་དང་ཞིབ་བསྡུར་ཐེངས་བདུན་ལ་བྱས་པ་ཡིན༌)ཞེས་བཤད་འདུག་ དེ་འདྲ་ཨེ་ཡིན། སོ་སོས་འབྲེལ་བ་བྱས་ན་སྐུ་སྒེར་ཡིག་ཚང་དང༌། རིགས་ལམ་སློབ་གཉེར་ཁང༌། བོད་ཀྱི་དཔེ་མཛོད་ཁང༌། གདན་ས་ཁག ཤེས་རིག་ལས་ཁུངས། ཕྱི་དྲིལ་ལས་ཁུངས་སོགས་ནས་དེབ་དེའི་ལེའུ་གཅིག་ཀྱང་མ་དཔེ་དང་བསྡུར་དཔྱད་བྱེད་མཁན་ཞིག་མ་རག་པ་ཨེ་སྲིད་ལགས། སྐད་ཆ་འདི་ཁོ་ན་ལ་བསམ་ན་ཡང་དོགས་པ་མང་པོ་ཞིག་ཤར་ཡོང་གི་འདུག
སྒྱུར་རྩོམ་འདི་འདྲ་ཞིག་བཏོན་པ་ཡག་པོ་རེད། འོན་ཀྱང་དོགས་གནད་ཁ་ཤས་འདུག
དང་པོ། ༸གོང་ས་མཆོག་གི་གསུང་འགྱུར་དགེ་བཤེས་ལྷག་རྡོར་སོགས་ཀྱིས་དེ་སྔོན་དེབ་འདི་ཛ་དྲག་གི་ཐོག་ནས་བོད་ཡིག་ཏུ་ཕབ་སྒྱུར་གནང་སྟེ། ༸གོང་ས་མཆོག་གི་ཕོ་བྲང་དུ་དེང་རབས་ཀྱི་ཚན་རིག་པ་དང་བོད་ཀྱི་མཁས་དབང་ཚོ་ལྷན་དུ་དེབ་འདི་རང་གི་ཐོག་བགྲོ་གླེང་གཟའ་འཁོར་གཅིག་མ་ཟིན་ཙམ་རིང་གནང་སྐབས་ཕབ་སྒྱུར་ཟིན་པའི་རགས་ཟིན་དང་པོ་དེ་འགྲེམས་སྤེལ་གནང་འདུག དེ་རགས་ཟིན་རེད་འདུག་མ་གཏོགས་མཐའ་མའི་གཏན་འབེབས་རེད་མི་འདུག
གཉིས་པ། དེབ་འདི་རྩ་བའི་ཆར་ཕབ་སྒྱུར་ཟིན་ཐོག་བོད་ཀྱི་དཔེ་མཛོད་ཁང་ནས་མཐའ་མའི་ཞུ་བཅོས་དང༌། སྐུ་སྒེར་ཡིག་ཚང་ནས་ཀྱང་དཔྱད་ཞིབ་གནང་བཞིན་ཡོད་པའི་སྐབས་སུ། མི་གཞན་གྱི་འགྱུར་ལ་ཚིག་བཅོས་ཕྲན་བུ་དང་བཅས་རང་གི་གྲུབ་འབྲས་ལ་འཁ྄ྱེར་ན་ཡག་པོ་མ་རེད།
གསུམ། དེབ་འདི་བསྒྱུར་བར་༸གོང་ས་མཆོག་དང་དཔེ་སྐྲུན་ཁང་གི་ཆོག་མཆན་དགོས་པ་རེད།
བཞི། ༸གོང་ས་མཆོག་གི་ཕྱག་དེབ་དབྱིན་ཡིག་ནང་ཡོད་ལ། ད་ཕན་བོད་ཡིག་ཏུ་ཕབ་སྒྱུར་མ་ཐུབ་པ་དེ་ཙམ་མང་པོ་ཡོད་པ་ར྄ྣམས་བཞག་ནས། གཞན་གྱིས་ལག་པ་འཆང་ཟིན་ཏེ་ཞུ་བཅོས་བྱེད་བཞིན་པ་ཞིག་ལ་ལག་པ་འཆང་པ་འདི་ཡག་པོ་རང་བྱུང་མི་འདུག་སྙམ།
སྙིང་ཐག་པ་ནས་དགའ་བསུ་ཞུ། ནང་འདྲེན་བྱེད་མཁན་གང་ན་སུ་ཡོད་པ་དག་ལ་སེམས་གཏིང་ནས་དགའ་བསུ་ཡོད།