མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན།

བོད་ཀྱི་དུས་བབ།
༢༠༠༩/༠༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ཞེས་པ་ནི་༧གོང་ས་མཆོག་གི་གསུང་རྩོམ་གྲགས་ཅན་ཞིག་ཡིན་ལ། དེབ་འདི་ཐོག་མར་༧གོང་ས་མཆོག་གི་གསུང་བསྒྱུར་བ་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་དབྱིན་ཡིག་ནང་བྲིས་ནས་བཏོན་པ་དང་། དེབ་ཀྱི་ཁ་བྱང་གཤམ་མར་ཚན་རིག་དང་ཆོས་ལུགས་ཀྱིས་ང་ཚོའི་འཛམ་གླིང་ལ་ཞབས་ཞུ་སྒྲུབ་ཐབས་ཞེས་བཀོད་ཡོད་པ་རེད།

ངྷ་སར་གནས་སྡོད་བོད་རིགས་ན་གཞོན་བསྟན་འཛིན་རིག་བཟང་ལགས་ཀྱིས་དེབ་འདི་བོད་ཡིག་ནང་བསྒྱུར་ཏེ་ད་ཆར་འགྲེམ་སྤེལ་བྱེད་ཀྱིན་ཡོད་ལ། ཁོང་གིས་དེབ་འདི་བསྒྱུར་བའི་གསལ་བཤད་ཀྱི་ནང་བཀོད་དོན། ང་ཚོའི་སྤྱི་ཚོགས་ཀྱི་དེང་རབས་ཀྱི་རྣམ་པ་ནི། དཔལ་འབྱོར་དང་འཕྲུལ་ལས། འགྲིམ་འགྲུལ། གྱོན་ཆས་ཀྱི་དཔེ་གསར་ལྟ་བུ་འཚོ་བའི་མཐུན་རྐྱེན་ཁོ་ནའི་སྟེང་དུ་འཇོག་མི་རུང་ཞིང་། སྲོལ་རྒྱུན་གྱི་བསམ་བློའི་དཔལ་ཡོན་ལ་ལྟ་སྟངས་གསར་པ་ཞིག་བཟུང་ནས་འདུ་ཤེས་གསར་པ་ཞིག་འཚོལ་རྒྱུ་ནི་དེའི་གྲུབ་ཆ་མེད་དུ་མི་རུང་བ་ཞིག་རེད། རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ཞེས་པའི་གསུང་རྩོམ་འདིས་ང་ཚོའི་སྲོལ་རྒྱུན་གྱི་བསམ་བློའི་དཔལ་ཡོན་ལ་དུས་རབས་ཉེར་གཅིག་པ་དང་འཚམ་པའི་སྤྱི་སྡོམ་བརྒྱབ་ཅིང་། དུས་རབས་གསར་པའི་འདུ་ཤེས་དེའི་འཚོལ་སྙེག་ལ་མཚན་ཉིད་རིག་པའི་སྒྲོམ་གཞི་ཞིག་གཏན་འབེབས་བྱས་ཏེ་ཚན་རིག་གི་འཇིག་རྟེན་དེར་ལེགས་ཉེས་དབྱེ་འབྱེད་ཀྱི་སྒོ་ནས་ང་ཚོར་སྣེ་ཁྲིད་བྱེད་པའི་ནུས་པ་ངེས་ཅན་ཞིག་ལྡན། གུས་པས་གསུང་རྩོམ་འདི་བསྒྱུར་བའི་དམིགས་ཡུལ་ཡང་དེ་ཉིད་ཡིན། ཅེས་བཤད་འདུག

ཁོང་གིས་གསུང་རྩོམ་འདི་ངོ་སྤྲོད་བྱས་དོན། ཚན་རིག་དང་སེམས་དོན་རིག་པ་མཉམ་སྦྲགས་ལས་གྲུབ་པའི་ཆེད་རྩོམ་འདི་ནི། ནང་བསྟན་གྱི་མཚན་ཉིད་རིག་པ་དང་ཚན་རིག་གཉིས་ཀའི་གཞི་རྩའི་ལྟ་བ་དང་། རྣམ་གཞག་དང་བརྟག་ཐབས། དེ་བཞིན་དུས་རབས་ཉེར་གཅིག་པའི་མི་རྣམས་ལ་འཕྲད་པའི་ཀུན་སྤྱོད་ཀྱི་དཀའ་ངལ་སོགས་ཀྱི་གསལ་བཤད་ཞིབ་འབྲི་དང་། ཕན་ཚུན་ཞིབ་བསྡུར་ལས་བྱུང་བའི་དཔྱད་གླེང་གི་ཁྱད་ཆོས་ཀྱིས་ཕྱུག་པར་མ་ཟད། སྐད་ཆའི་ཉམས་འགྱུར་གྱི་ཆ་ནས་ཀྱང་བློ་གཟུ་བོར་གནས་པའི་བགྲོ་གླེང་གི་རྣམ་པ་ཆེས་ཆེར་ལྡན་པ་ཞིག་རེད་ཅེས་བཤད་འདུག

བསྟན་འཛིན་རིག་བཟང་ལགས་དང་ལྷན་དུ་གསུང་རྩོམ་འདི་བསྒྱུར་བའི་བརྒྱུད་རིམ་སྐོར་ལ་གླེང་མོལ་བྱུང་སྐབས་ཁོང་གིས་གསུང་རྩོམ་འདིའི་གལ་ཆེན་རང་བཞིན་དེ་དང་པོར་འཇོག་པ་དང་། ལྷག་པར་དུ་བར་སྐབས་ཤིག་ལ་ཁོང་གིས་གསུང་རྩོམ་འདི་བོད་ཡིག་ནང་བསྒྱུར་བའི་འགྱུར་གཞན་ཞིག་མཐོང་ཞིང་། འགྱུར་དེ་དང་མ་རྩོམ་གཉིས་གཞིབ་བསྡུར་གྱིས་ཀློག་སྐབས་འགྱུར་དེས་བློ་ཡིད་མ་ཚིམས་པར་ཁོ་རང་ཉིད་ཀྱིས་བསྒྱུར་བའི་ངལ་བར་བསྟེན་ཚུལ་སོགས་བཤད་བྱུང་ལ། འདིའི་སྐོར་ཁོང་གིས་བསྒྱུར་པ་པོའི་གསལ་བཤད་ནང་དུ་འདི་ལྟར་བཀོད་འདུག སྤྱིར་འདས་པའི་ལོ་ངོ་བརྒྱད་ལྷག་གི་རང་ཉིད་ཀྱི་སློབ་གཉེར་ལ་མཚོན་ན། ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་དང་འཛམ་གླིང་གི་ལོ་རྒྱུས་སོགས་གཙོ་གནད་དུ་བཟུང་ཡོད་པས། འདི་འདྲའི་བརྩམས་ཆོས་ཤིག་བོད་བསྒྱུར་བྱེད་པའི་བསམ་བློ་འཁོར་མ་མྱོང་། འོན་ཀྱང་། ན་ནིང་གི་ཕྱི་ཟླ་བཅུ་པའི་ནང་གྲོགས་པོ་ཞིག་གི་ལག་ཏུ་གསུང་རྩོམ་འདིའི་བོད་འགྱུར་རགས་ཟིན་ཞིག་འདུག་ཅིང་། གུས་པས་དེ་དང་མ་དཔེ་གཉིས་ལ་ཞིབ་ལྟ་བྱས་ཏེ་སྒྱུར་སྟངས་ཀྱི་རིག་པ་འགའ་ཞིག་ལ་རྒྱུས་ལོན་བྱེད་དགོས་བསམས་ནས་ཞིབ་ཀློག་བྱེད་སྐབས། མ་དཔེའི་ཚིག་དོན་དང་ཁྱད་ཆོས་སོགས་ཇི་བཞིན་ཐོན་པར་ད་དུང་རྒྱང་ཐག་ཧ་ཅང་རིང་བའི་ཚོར་སྣང་སྤྲད། ལྷག་པར་རགས་ཟིན་དེའི་ལེའུ་ཞིག་ནི་མཐའ་མའི་གཏན་འབེབས་ཀྱི་ཚུལ་དུ་དུས་དེབ་ཅིག་གི་ནང་བཀོད་འདུག་པ་ཡང་མཐོང་བྱུང་སྟབས། གལ་འགང་ཤིན་ཏུ་ཆེ་བའི་གསུང་རྩོམ་འདིའི་མ་རྩོམ་གྱི་ཉམས་འགྱུར་དང་ཐག་ཉེ་བ་ཞིག་བསྒྱུར་ཐུབ་ན་ཅི་མ་རུང་སྙམ་པའི་བསམ་ཚུལ་ངང་ངམ་ཞུགས་ཀྱིས་བྱུང་། དེར་བརྟེན། ཚོད་ལྟའི་ཚུལ་དུ་པྲན་རང་ངོས་ནས་ཕྱི་ལོ་ ༢༠༠༧ ལོའི་ཕྱི་ཟླ་བཅུ་གཅིག་པ་ནས་བཟུང་ལས་ཀའི་ཞོར་དུ་གསུང་རྩོམ་འདི་བསྒྱུར་མགོ་བརྩམས་པ་དང་། ༢༠༠༨ ལོའི་ཟླ་གསུམ་པའི་ཟླ་མཇུག་ལ་རགས་ཟིན་དང་པོ་ཡོངས་སུ་རྫོགས་རྗེས་བོད་ཡིག་གི་ལམ་ནས་མི་སྣ་མང་པོ་ཞིག་ལ་ཞིབ་ཀློག་བྱེད་དུ་བཅུག་པ་ཡིན། འོན་ཀྱང་། དབྱིན་ཡིག་གི་མ་དཔེ་དང་བསྡུར་ནས་སྒྱུར་རྩོམ་འདི་ཀློག་མཁན་ཞིག་བཙལ་ཀྱང་མ་བརྙེད་པས། གལ་བཔ་ཆེ་ལ་ནན་ཏན་གྱི་ཚུལ་དུ་སྒྱུར་རྩོམ་འདི་གུས་པ་རང་ཉིད་ཀྱིས་མ་ཕྱི་དང་ཞིབ་བསྡུར་ཐེངས་བདུན་ལ་བྱས་པ་ཡིན་ཞེས་བཤད་འདུག

གསུང་རྩོམ་འདི་རྩ་བའི་ཆ་ནས། སྔོན་གླེང་དང་། ༼རྟོག་གཞིགས།༽ ༼ཚན་རིག་དང་འཕྲད་པ།༽ ༼སྟོང་ཉིད་དང་། ལྟོས་གྲུབ། ཁོན་ཏྲོམ་དངོས་ཁམས་རིག་པ།༽ ༼འབར་གས་ཆེན་མོ་དང་། ནང་པའི་ཐོག་མ་མེད་པའི་འཇིག་རྟེན།༽ ༼འཕེལ་འགྱུར་རིག་པ། ལས་ཀྱི་རྣམ་གཞག སེམས་ཅན་གྱི་འཇིག་རྟེན།༽ ༼ཤེས་པའི་གནད་དོན།༽ ༼ཤེས་པར་ཕྱོགས་པའི་ཚན་རིག༽ ༼ཤེས་པའི་རྣམ་གྲངས།༽ ༼ཀུན་སྤྱོད་རིག་པ་དང་། རིགས་རྒྱུན་གྱི་ཚན་རིག་གསར་པ།༽ མཇུག་སྡོམ་དུ། ༼ཚན་རིག་དང་། སེམས་དོན་རིག་པ། འགྲོ་བ་མི།༽ བཅས་ཚན་པ་བཅུ་གཅིག་གིས་གྲུབ་འདུག དེ་བཞིན་དུ་སྒྱུར་པ་པོ་བསྟན་འཛིན་རིག་བཟང་ལགས་ཀྱིས་ཟུར་བཀོད་ཀྱི་མཆན་འགྲེལ་ནང་དུ་ཚན་རིག་པ་ཕལ་ཆེ་བའི་ལོ་རྒྱུས་ཉུང་བསྡུས་དང་། ཚན་རིག་གི་བརྡ་ཆད་མང་པོ་ཞིག་ལ་ཁ་གསལ་ཚིག་ཉུང་དུ་འགྲེལ་བཤད་དང་བཅས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 79

  1. དབང་འདུས། says:
    ལོ་ 14 སྔོན།

    ཤེས་ལྡན་པ་རྣམ་པ་གཉིས་ཀའི་བསྒྱུར་ཡག་པོ་འདུག རྗེས་སུ་ཡིད་རང་ཡོད། སྐབས་འདིར་ coverage དང་ report གཉིས་ལ་ལེ་ཚན་ཞེས་བསྒྱུར་ན་ལེགས་པོ་འཚམ་པོ་འདུག ཡིན་ནའི་སྐབས་འདིར་ scientific ལ་ཚན་རིག་གི་ཞེས་བསྒྱུར་རྒྱུ་ལས་རང་བཞིན་ལྡན་པའི་ཞེས་བསྒྱུར་ན་ཁྱབ་ཆེ་བའི་སྐྱོན་དུ་མཐོང་གི།
    important scientific stories ཚན་རིག་གི་གནས་ཚུལ་གལ་ཆེའི་རིགས། ཡང་ན། ཚན་རིག་སྐོར་གྱི་ཞེས་དང་། ཚན་རིག་དང་འབྲེལ་བའི་གནས་ཚུལ་གལ་ཆེ་རིགས། ཞེས་བསྒྱུར་ན་ལེགས་བསམ་མོ།

    Reply
  2. Dhamchoe @Tommy Thokme says:
    ལོ་ 15 སྔོན།

    How about copyright?

    Reply
  3. གངས་ཅན་པ། says:
    ལོ་ 15 སྔོན།

    དེབ་འདི་ཚར་གཅིག་བཀླགས་ཡིན།།
    ཕན་ཐོགས་ཞེ་དྲགས་བྱུང་སོང་།།
    འོན་ཀྱང་རྒྱབ་ཀྱི་གནས་ཚུལ།།
    དེ་རིང་མ་གཏོགས་མ་ཐོས།།

    Reply
  4. karma dorje says:
    ལོ་ 15 སྔོན།

    THE UNIVERSE IN A SINGLE ATOM
    རྡུལ་ཕྲན་གཅིག་རྐྱང་ནང་གི་འཇིག་རྟེན་ཁམས། ཞེས་བསྒྱུར་དགོས་སྙམ།

    Reply
  5. karma dorje says:
    ལོ་ 15 སྔོན།

    THE UNIVERSE IN A SINGLE ATOM
    རྡུལ་ཕྲན་གཅིག་རྐྱང་ནང་གི་འཇིག་རྟེན་ཁམས། ཞེས་བསྒྱུར་དགོས་སྙམ།

    Reply
  6. བློ་བཟང་། says:
    ལོ་ 15 སྔོན།

    ཞབས་དྲུང་ངག་དབང་རྣམ་རྒྱལ་ལ། སྙིང་རྗེ་མ་གཞི་ནས་ཁྱེད་ནི་རྩོམ་ལ་དྲོ་བ་མེད་པའི་རྩོམ་ཡིག་སྒྱུར་མཁན་ཞིག་དང་གངས་སྐྱིད་ན་ང་ལས་མེད་སྙམ་པའི་སྣང་མཐོ་ཅན་ཞིག་རེད། ཁྱེད་ཀྱིས་བསྒྱུར་རྩོམ་དག་བཅོས་བྱས་པ་དེར་རྒྱུ་མཚན་ཅི་ཡང་མི་འདུག སྙིང་རྗེ།

    Reply
  7. བློ་བཟང་། says:
    ལོ་ 15 སྔོན།

    ཁ་ལ་མ་རྩོད། མ་གཞི་ནས་དཔེ་དེབ་ཞིག་ལས་བསྒྱུར་བ་ལ་དེ་ཙམ་རྩོད་པ་ཡེ་དགོས། ཡ་མཚན་རྒྱྱ་ཡང་མེད། མི་རིགས་གཞན་ལ་ལྟོས་དང་། ཁ་སེང་བཏོན་པའི་གློག་བརྙན་རིགས་དེ་རིང་དཔེ་དེབ་དུ་མཐོང་རྒྱུ་ཡོད། རྩོམ་རིགས་གྲགས་ཅན་རིགས་བསྒྱུར་བ་ས་ཁྱབ་རྡོ་ཁྱབ་ཡིན། ཚང་མ་དཔར་འབྱོར་གྱི་ཆེད་དུ རེད། ཁྱེད་ཚོས་ཁ་ཡ་གྲགས་རྒྱལ་བ་རིན་པོ་ཆེ་དང་ཁ་མར་གྲགས་བཟང་སྤྱོད་ཡིན།

    Reply
  8. threeeyes says:
    ལོ་ 16 སྔོན།

    གནད་དོན་དང་འབྲེལ་བའི་བདེན་པ་ནི་ནམ་ཡང་བདེན་པ་ཡིན་པས་ད་ནི་བསྟན་བཟང་གི་རིན་ཐང་དེ་ལྷང་ལ་བུད་འདུག ཁོའི་ཐོག་མའི་དཔྱད་བསྡུར་སོགས་གསལ་ཁ་གཏོད་པའི་ཁྱད་པར་མང་པོ་དངོས་སུ་ཡོད་ཀྱང་ཤེས་ཡོན་པའི་རང་གཤིས་ཀྱི་ངོས་ནས་ཉམ་ཆུང་གིས་བཞུགས་བསྡད་པ་ལ་ད་ནི་ཅི་གང་ཡང་བཤད་རྒྱུ་མི་འདུག ཁོའི་བསྒྱུར་རྩོམ་འདིས་༸ོགང་ས་མཆོག་གི་ཐུགས་ཡིད་ཡོངས་སུ་འཚིམས་ཡོད་པ་དང། གསུང་བསྒྱུར་ཐུབ་བསྟན་སྦྱིན་པས་བསྔགས་བརྗོད་དོན་མཐུན་གནང་གི་འདུག་ན་སྲིན་འབུ་མེ་ཁྱེར་དག་ཉི་འོད་ཀྱི་ངོགས་ན་རང་བཞིན་གྱིས་མི་མངོན་པར་གྱུར་སོང། བདེན་པའི་རིན་ཐང་ཟེར་ན་འདི་འདྲ་རེད། ད་ནི་དེབ་དེ་བསྒྱུར་བའི་ཕན་འབྲས་ཀྱི་སྐོར་ལ་སྐད་ཆ་བཤད་པའི་གོ་སྐབས་ཤར་བ་རེད། བོད་ཕྱི་ནང་ནང། རྒྱལ་ཁབ་མང་པོའི་ཀློག་མཁན་གྱི་ཡིད་འགུ་་གི་ཡོད་པ་ཤེས་ན་ཡིད་སྨོན་འཆོར་དགོས་པའི་གནས་རེད་འདུག བསྟན་བཟང་གི་ད་ལྟ་མི་མཐུད་དུ་ཡིག་བསྒྱུར་གྱི་ལས་ཀ་གཉེར་བསྡད་ཡོད་ས་རེད། ཁུ་སེམ་མེར་ལས་ཀ་རླབས་ཆེན་ལས་མཁན་གྱི་ཤེས་ཡོན་པ་ཚུལ་མཐུན་ཞིག་རེད་འདུག

    Reply
  9. འཇིག་ལྟ། says:
    ལོ་ 16 སྔོན།

    དངོས་གནས་རེད་པས།་ཧ་ཧ་ཧ།

    མ་གཞི་སྐུ་ཞབས་རིག་བཟང་ལགས་ཀྱི་དེབ་བསྒྱུར་བ་མ་ཚད་གཙོང་ཡང་ཚར་སོང་བས་ད་ག་ཚོད་ལབ་ནའང་། ཕན་ཐོགས་མེད། ང་ཚོའི་བོད་གཞུང་ལ་ཁྱོད་བཟུང་ནས་བཙོན་ཁང་སོགས་སུ་བཅུགས་ས་ཡང་མེད། དེས་ན་ད་ཕན་གང་བྱས་ཚར་བ་རེད། རྗེས་སུ་བོད་མི་སུ་འདྲ་ཡིན་རུང་༸གོང་ས་མཆོག་གི་བཀའ་སློབ་ཕྱག་དེབ་བསྒྱུར་གནང་ན་ཆོག་མཆན་ངེས་པར་དུ་ཞུ་དགོས་ཤིང་། བསྒྱུར་སྐབས་ཀྱང་མི་གཞན་གི་བྱས་རྗེས་ལས་རྐུ་བཤུས་མ་བྱས་པར། རང་གི་ཚིག་མཛོད་སོགས་བལྟས་ནས་བསྒྱུར་ན་འགྲིགས་པ་རེད།

    Reply
  10. བློ་བཟང༌། says:
    ལོ་ 16 སྔོན།

    ཞབས་དྲུང་ངག་དབང་རྣམ་རྒྱལ་སླེབས་ཏེ་ང་ཚོར་((BBC Word Service ))་ཞེས་པ་ཞིག་བསླབས་གནང་སོང་ཡང་ང་ཚོ་དབྱིན་ཡིག་གི་ཤེས་ཚད་དམའ་དྲག་ནས་གོ་བ་ལོན་གྱི་མི་འདུག ལྟས་ཚོད་ལ་ནམ་རྒྱུན་བརྙན་འཕྲིན་ནང་ BBC World Service ཞེས་པ་དེ་འདྲ་པོ་འདུག སྤྲེའུ་རང་རེད། ཧ་ཧ་ཧ་ཧ་ཧ་ཧ་ཧ་ ངོ་ཚ་བ་ལ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌

    Reply
  11. ཟླ་བ་གཞོན་ནུ། says:
    ལོ་ 16 སྔོན།

    གང་ལྟར་བསྒྱུར་ཚར་འདུག་པས། སྒྱུར་མཁན་ལ་སྐྱོན་བརྗོད་བྱེད་རྒྱུ་ལས་རྒྱབ་སྐྱོར་བྱས་ན་ཡག་པ་འདུག
    ཉོག་བཤད་ལུང་བ་གང་བྱས་ནས་བསྡད་ན་ཕན་ཐོགས་ཅི་ཞིག་ཡོད་དམ༌།
    ངས་ནམ་ཡང་ཁོང་ལ་རྗེས་སུ་ཡི་རངས་བྱེད་ཀྱིན་ཡོད།
    བསྟན་འཛིན་རིག་བཟང་ལགས་ལ།
    ད་དུང་མུ་མཐུད་དུ་འདི་ཕྱོགས་ལ་ཤུགས་རྒྱག་རོགས་ཞེས་རེ་བ་ཞུ་འདོད་བྱུང༌།

    Reply
  12. འཇིག་ལྟ། says:
    ལོ་ 16 སྔོན།

    ད་གཡུག་ཞོགས། རྒྱབ་བཤད་བྱས་ནས་ཆོ་ཡོད་མ་རེད། དེ་ལས་ངས་༧གོང་ས་མཆོག་བཀའ་སློབ་ཁ་ཤས་བསྒྱུར་ནས་དེབ་ཅིག་བཏོན་ནས་གང་མགྱོགས་གོང་ཁེ་པོར་བཅོང་ནས། ཕ་ཡུལ་གཅིག་ཁ་ཤས་གླས་ནས་རྩོམ་ཡིག་སོགས་སྤེལ་འཇུག་ནས་ཁྱེད་ཚོེར་རྒྱབ་བཤད་བྱེད་མ་གཏོགས་མེད་པ་བཟོ་ཡི་ཡིན། ཧ ཧ ཧ མ་གཞི་ང་ཡང་དབྱིན་ཇེ་ཡག་གང་ཤེས་ཀྱི་མེད་ཚིག་མཛོད་ཡག་པོ་དང་གསར་རྩོམ་མཁས་པོ་ཡོད།

    རྩེད་མོ་ཡིན་ད། བསྒྱུར་མཁན་ཚང་ག་རེད།

    Reply
  13. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    ངས་ཞིབ་པར་བཀླགས་པ་ཡིན། ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་བཤད་པ་མང་ཆེ་བར་རྒྱུ་མཚན་ཡག་པོ་འདུག ། འབྲི་སྟངས་ལ་བལྟས་ན་དབྱིན་བོད་གཉིས་ཀ་ཡག་པོ་ཡོད་ས་རེད། འོན་ཀྱང་གཞན་དག་ལ་ལྟོས་མེད་ཤུགས་ཆེ་བྱས་པར་མ་ཟད། ཨ་འབྲུག་དཀོན་མཆོག་ལྟ་བུར་མཚང་འབྲུ་བྱེད་རྒྱུ་ཐལ་དྲག་འདུག

    དེ་མིན་ལྷ་རྗེ་ཨ་རུ་ཎ་དང་བོད་པ་ཡིན་སོགས་མང་པོ་ཞིག་ཕྱོགས་སུ་ལྷུང་འདུག

    བོད་ཤ་ཁྲག་རུས་གསུམ་དང་མགྲིན་པ་ཟབ་མོ་སོགས་ཟུར་གནས་རང་རེད་འདུག

    གང་ལྟར་དེབ་འདིར་གནད་དོན་ཡོད་བདེན་པ་རེད།

    Reply
  14. གོང་དཀར་ངག་རྣམ། says:
    ལོ་ 16 སྔོན།

    ལྟས་ངན་ཁ་ཤས་ཀྱིས་ཕྲག་དོག་དང་བྱུང་རྒྱལ་གྱི་གཏམ་ཤོད་ཀྱི་འདུག་ཀྱང་། ཡང་བསམ་ཤེས་ཅན་གྱི་སྐྱེས་བུ་འགའ་རེ་ཡང་འདུག་པས།
    ངས་ཁྱོད་ཚཽའི་རིན་ཐང་ཐད་གླེང་དུས་གནས་ལུགས་ཡོད་མེད་ཁཽ་ནའི་སྒོ་ནས་རྗེས་སུ་འགྲོ་གི་ཡོད།

    Reply
  15. འཇིག་ལྟ། says:
    ལོ་ 16 སྔོན།

    ཞབས་དྲུང་ཁྱེད་རང་ལ་མང་པོ་གསུང་རྒྱུ་འདུག་པ་བདེན་ཤས་ཆེན་པོ་འདུག སོང་གཙང་། ཁྱེད་རང་གཟུགས་མེད་གྲིབ་གཟོ་ལྟ་བུ་མ་ཞུགས་པར་ཚགས་པར་ཐོག་བསམ་འཆར་གསུངས་ན་དཔའ་མཛངས་ཆེན་པོ་ཡོང་ང་། འོན་ཀྱང་། དང་པོ་བསམ་དགོས་པ་ལ། རྡ་ས་རིགས་སློབ་ནས་བསྒྱུར་དེབ་མང་པོ་བཏོན་པ་དེ་ཚོ་ལ་ཆོག་མཆན་ཡོད་པ་གསལ་པོ་གང་ཡང་གླེང་བརྗོད་དུ་གསལ་པོ་མེད་པ་མཁྱེན་དགོས་འདུག །

    Reply
  16. ཞབས་དྲུང་ངག་དབང་རྣམ་རྒྱལ། says:
    ལོ་ 16 སྔོན།

    ༸གོང་ས་མཆོག་གི་ཕྱག་དེབ་དེ་ངས་དབྱིན་ཡིག་ནང་ཐོན་པ་དང་ཐེངས་གཅིག་བཀླགས་པ་ཡིན། བོད་འགྱུར་ལག་ཏུ་ཐེབས་འཕྲལ་བཀ྄ླགས་ཤིང༌། དེ་ནས་སྔོན་གླེང་ཤོག་ངོས་དང་པོ་དེ་གཅིག་པུ་དབྱིན་ཡིག་དང་བསྡུར་ཏེ་བཀླགས་པ་ཡིན། དྲང་པོ་དྲང་བཞག་བཤད་ན། བསྟན་འཛིན་རིག་བཟང་གིས་ལྷག་རྡོར་སོགས་ཀྱིས་ཡག་པོ་བསྒྱུར་མི་འདུག་ཅེས་བཤད་པ་མ་གཏོགས། ལྷག་རྡོར་སོགས་ཀྱིས་བསྒྱུར་བ་བརྐུས་ན་ཡང་། ཁོ་རང་གིས་ཡག་པོ་ཞིག་རྩ་བ་ནས་འབྲི་ཤེས་མི་འདུག གཞན་དག་ཕར་བཞག སྔོན་གླེང་ཁོ་ནར་བལྟས་ནའང་སྐྱོན་ཆ་མང་པོ་འདུག

    སྐྱོན་རྣམས་རེ་རེ་བཞིན་མཛུབ་མོ་རི་སྟོན་བྱེད་དགོས་བྱུང་ན། དུས་གྲོན་ཆེ་ཞིང་ཡིག་ཚོགས་མང་བས། ངས་འདིར་ས྄ྔོན་ག྄ླེང་གི་ཐོག་མའི་བརྗོད་པ་གཉིས་ཁོ་ན་དཔེ་མཚོན་དུ་གླེང་གི་ཡིན།

    བསྟན་འཛིན་རིག་བཟང་གིས་བསྒྱུར་བར་སྒྲོག་པའི་དེབ་དེའི་ཤོག་ངོས་དང་པོའི་འགོ་བརྗོད་འོག་གི་ཡིག་ཕྲེང་དང་པོ་དེ་(ངས་ཚན་རིག་ལ་ཆེད་སྦྱོང་བྱས་མ་མྱོང་)ཞེས་པ་དེ་རེད། འདི་ལ་སྐྱོན་གཅིག་དང་བསྒྱུར་ནོར་བ་གཅིག་འདུག
    1) ༸གོང་ས་མཆོག་གི་རང་རྣམ་སོགས་ཚང་མའི་ནང་ཁོང་གིས་(ངོས་)ཞེས་བེད་སྤྱོད་གནང་གི་ཡོད་ལ། འདི་ནི་ཉེ་རབས་བོད་ཀྱི་རྩོམ་རིག་སྐད་ཆའི་ནང་༸གོང་ས་མཆོག་གི་བཀའ་རྩོམ་དང་འབྲེལ་བའི་དམིགས་བསལ་གྱི་ཁྱད་ཆོས་སུ་བགྲངས་ཆོག དཔེར་ན། ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་གསུངས་པ་ལྟ་བུ་རེད། ཉེ་དུས་ལྡི་ལི་བོད་ཁང་གིས་པར་སྐྲུན་གནང་བའི་༸གོང་ས་མཆོག་གི་རང་རྣམ་རྒྱས་པ་ཕྱི་ཡུལ་དུ་རང་དབང་ཞེས་པའི་ནང་དུའང་༸གོང་ས་མཆོག་གི་བཀའ་རྩོམ་གྱི་འགྲོས་འདི་གཅེས་འཛིན་གནང་འདུག་པས། བཀླགས་པ་ཙམ་གྱིས་༸གོང་ས་མཆོག་གི་གསུང་རྩོམ་གྱི་བྲོ་བ་ལྟ་བུ་ཞིག་ཚོར་ཐུབ་ཀྱི་འདུག བསྟན་འཛིན་རིག་བཟང་གིས་ཐོག་མཐའ་ཀུན་ཏུ་ངོས་ཀྱི་ཚབ་ལ་(ངས་)ཞེས་པ་སྤྱད་པ་དེ། ༸གོང་ས་མཆོག་གི་གསུང་འགྲོས་ལ་ཆ་རྒྱུས་མ་བྱུང་བ་ལྟ་བུའི་སྐྱོན་བྱུང་འདུག

    2) གོང་གི་བརྗོད་པ་གཅིག་དེའི་མ་དཔེ་དབྱིན་དེབ་ནང་ I was never myself trained in science. ཞེས་བཀོད་འདུག མ་ཚིག་གི་གོ་བ་ལྟར་ན། (ངོས་རང་ཚན་རིག་ལ་སྦྱོང་བརྡར་གཏན་ནས་བྱེད་མ་མྱོང་)ཞེས་བསྒྱུར་དགོས། མ་ཚིག་ནང་སྦྱོང་བརྡར་བྱས་ཡོད་མེད་གསུངས་པ་མ་གཏོགས་ཆེད་དུ་སྦྱོང་བརྡར་བྱས་ཡོད་གསུངས་མེད། ལྷག་པར་མ་ཚིག never ཞེས་པ་དེ་སྤྱིར་བཏང་གི་དགག་ཚིག་ཙམ་མ་ཡིན་པར། རྩ་བ་ནས་སམ་གཏན་ནས་མེད་པའང་མིན་པའི་གོ་དོན་ཡོད་པ་འཛིན་རིམ་གསུམ་པའི་དབྱིན་ཡིག་གི་ཤེས་ཚད་ཡོད་མཁན་ཞིག་གིས་ཀྱང་ཤེས་ངེས་རེད། དེར་བརྟེན་དེ་ལ་(མ་མྱོང་)ཞེས་སྤྱིར་བཏང་གི་དགག་ཚིག་གིས་བསྒྱུར་བ་ནི་ནོར་འཁྲུལ་རེད།

    3) མ་ཚིག་ My knowledge comes mainly from reading news coverage of important scientific stories in magazine like news week, or hearing reports on the BBC Word Service ཞེས་པར། བོད་འགྱུར་ནང་(ངའི་ཤེས་ཡོན་ཕལ་ཆེ་བ་ནི་གཟའ་རེའི་གསར་འགྱུར་ལྟ་བུའི་དུས་དེབ་ནང་དུ་ཚན་རིག་གི་ཤེས་བྱ་དང་འབྲེལ་བའི་གསར་འགྱུར་ཀློག་པ་དང༌། ཡང་ན་སྦེ་སྦེ་སེའི་འཛམ་གླིང་གསར་འགྱུར་ལ་ཉན་པ་)ཞེས་བསྒྱུར་འདུག འདིར་ཡང་སྐྱོན་མང་པོ་འདུག་སྙམ།
    1) Knowledge ཞེས་པ་སྐབས་འདིར་གོ་རྟོགས་ལ་འཇུག་པ་ལས་ཤེས་ཡོན་ལ་འཇུག་པའི་སྐབས་མེད། ལྷག་པར་༸གོང་ས་མཆོག་གི་ཤེས་ཡོན་ཚང་མ་དུས་དེབ་སོགས་ལ་གཟིགས་ནས་བྱུང་བ་མིན་པས་སྐབས་འདིའི་གོ་བ་གཞི་བཟུང་(ངའི་ཤེས་ཡོན་ཕལ་ཆེ་བ་)ཞེས་པའི་ཚབ་ཏུ་(ངོས་ཀྱི་ཚན་རིག་གི་གོ་རྟོགས་ཕལ་ཆེ་བ་)ཞེས་བསྒྱུར་འོས།
    2) hearing reports on the BBC Word Service ཞེས་པ་ནི། བྷི་བྷི་སི་འཛམ་གླིང་གསར་ཁང་གི་ཚན་རིག་ལེ་ཚན་ཉན་པར་གསུངས་པ་ལས། དེས་སྤེལ་བའི་སྤྱིར་བཏང་གི་འཛམ་གླིང་གསར་འགྱུར་ལ་ཉན་པར་གསུངས་པ་མིན་པས། སྤྱིར་བཏང་གི་འཛམ་གླིང་གསར་འགྱུར་ལ་ཉན་པར་བསྒྱུར་བ་ནི་ནོར་བ་རེད།
    3) ལྷག་པར་བོད་འགྱུར་ནང་མ་ཚིག་ important scientific stories (ཚན་རིག་རང་བཞིན་གྱི་གལ་ཆེའི་གནས་ཚུལ་)ཞེས་པ་དང་ mainly (གཙོ་བོ་)ཞེས་པའི་གོ་བ་རྩ་བ་ནས་སླེབས་མེད། My knowledge comes mainly from reading news coverage of important scientific stories in magazine like News week, or hearing reports on the BBC Word Service

    4) News week ཞེས་པ་དུས་དེབ་ཀྱི་མིང་ཡིན་པས། ལྷ་རབ་ནིའུ་སེ་ཝིག་ཅེས་སྒྲ་བསྒྱུར་བྱས་ན་བཟང༌། འོན་ཀྱང་གོ་བདེ་བའི་ཆ་ནས་དོན་བསྒྱུར་བྱས་པར་དགག་བྱ་མེད། གཙོ་བོ་ནི་དོན་བསྒྱུར་བྱས་པ་དེ་ནོར་བ་རེད། Week ཞེས་པ་གཟའ་འཁོར་ལ་འཇུག་པ་ལས་གཟའ་རེ་ལ་འཇུག་པ་མིན། དེར་བརྟེན་གཟའ་རེའི་གསར་འགྱུར་ཞེས་བསྒྱུར་བ་ནོར་འཁྲུལ་རེད།

    ཕྲན་གྱིས་བལྟས་ན། གོང་གི་མ་ཚིག་གི་བརྗོད་པ་དེ། (ངོས་ཀྱི་ཚན་རིག་གི་གོ་རྟོགས་ཕལ་མོ་ཆེ་ནི། གཙོ་བོ་གཟའ་འཁོར་གསར་འགྱུར་ལྟ་བུའི་དུས་དེབ་ཁག་ཏུ་འཁོད་པའི་ཚན་རིག་རང་བཞིན་གྱི་གལ་ཆེའི་གནས་ཚུལ་ཀློག་པ་དང་བྷི་བྷི་སི་འཛམ་གླིང་གསར་ཁང་གི་ཚན་རིག་ལེ་ཚན་ལ་ཉན་པ་)ཞེས་བསྒྱུར་འོས། དེ་ལྟར་བསྒྱུར་ན་མ་ཚིག་གི་གོ་དོན་ཆད་ལྷག་མེད་པ་དང་འཁྲུལ་གཞི་མེད་པ་ཞིག་འབྱུང་ངེས་རེད།

    དུས་ཚོད་དབང་གིས་དེ་ཙམ་ཡིན།

    Reply
  17. ཞབས་དྲུང་ངག་དབང་རྣམ་རྒྱལ། says:
    ལོ་ 16 སྔོན།

    ཞབས་དྲུང་ངག་དབང་རྣམ་རྒྱལ་ང་སླེབས་ཡོད།

    ང་འདིར་མེད་ཤུལ་རིང་ང་ལ་འདྲ་མ་འདྲ་འབྲི་མཁན་བྱུང་འདུག་ཀྱང༌། དེ་ལ་ངས་གནས་སྐབས་རྩོད་ལན་མི་བྱ། གཙོ་བོ་ལེ་ཚན་འདིར་དོ་སྣང་བྱེད་མཁན་མང་པོ་བྱུང་འདུག དེ་ཡག་པོ་རེད། ལྷག་པར་པར་སྐྲུན་བདག་དབང་མེད་པར་པར་སྐྲུན་བྱས་པ་དེར་མི་འདོད་པ་གནང་མཁན་མང་པོ་བྱུང་འདུག དེ་ཡག་པོ་རེད།

    Reply
  18. kalsang says:
    ལོ་ 16 སྔོན།

    སྔུན་ལ་མང་པོ་ཞིག་བྲིས་ཀྱང་༝ཡར་འཇུག་རོགས་༝ཅིག་མནན་ཚེ་ཡར་མ་བཅུག་པར་ཚང་མ་མེད་པ་ཆགས་སོང་། ད་དུས་ཚོད་མི་འདུག རྗེས་ལ་མཇལ་ཡོང་།

    Reply
  19. འཇིག་ལྟ། says:
    ལོ་ 16 སྔོན།

    སྐུ་ཞབས་བསྟན་འཛིན་རིག་བཟང་དང་། ཁོང་གིས་དཔར་བའི་དེབ་གཉིས་ཀ་མཐོང་བྱུང་། ཁོང་ལོ་ཆུང་ཆུང་རེད་འདུག དབྱིན་སྐད་སྒྲ་དག་པོ་ཤེས་ཀྱི་མེད་པ་འདྲ། ༡༩༧༨ལོར་སྐྱེས། ༡༩༩༧ལོར་རྒྱ་གར་ལ་འབྱོར། ལོ་གསུམ་ཤེས་རབ་དགའ་ཚལ་ལ་བསྡད། ཕ་ཡུལ་མདོ་སྨད་ཡིན་ཟེར། དཔར་སྐྲུན་ཆོག་མཆན་མེད་པ་དེབ་ཐོག་གསལ་པོ་འཁོད་འདུག།

    Reply
  20. འཇིག་ལྟ། says:
    ལོ་ 16 སྔོན།

    ངའི་གྲོགས་པོས་ཟེར་ན། རྡུལ་ཕྲན་གཅིག་གི་ནང་གི་འཇིག་རྟེན་གྱི་ཁམས།

    Reply
  21. kalsang says:
    ལོ་ 16 སྔོན།

    ལ་དོན་གྱི་ཕྲད་མི་མཛའ་བར་བསམ། མིང་ཡིན་པས་རིང་ན་མི་འོས།

    Reply
  22. འཇིག་ལྟ། says:
    ལོ་ 16 སྔོན།

    ངས་བྱས་ན། རྡུལ་ཕྲན་རྐང་གཅིག་སྟེང་དུ་འཇིག་རྟེན་གྱི་ཁམས།

    Reply
  23. kalsang says:
    ལོ་ 16 སྔོན།

    [ཅུང་བཅོས]རྡུལ་གཅིག་སྟེང་གི་འཇིག་རྟེན། ཞེས་བཏགས་ན་ཕྲད་བསྐྱར་ཟློས་མེད་པས་བཟང་ཡང་། རྡུལ་གྱི་ངོ་བོ་གསལ་བོར་མཚོན་པ་ལ་རྡུལ་ཕྲན་ཞེས་དང་།THE UNIVERSE IN A SINGLE ATOMདབྱིན་ཇིའི་མིང་གི་ཐ་སྙད་ཀྱི་གོ་བ་གཞི་ལ་བཞག་ནས། རྡུལ་ཕྲན་གཅིག་གི་སྟེང་གི་འཇིག་རྟེན། ཞེས་ཐད་སྒྱུར་བྱས་ན་གོང་གི་ལྷག་རྡོར་ལགས་དང་བསྟན་འཛིན་རིག་བཟང་ལགས་གཉིས་ཀྱི་བསྒྱུར་ལས་དོན་གྱི་ཁྱབ་རྒྱ་ཆེ་རུ་འགྲོ་བར་བསམ། འགྱུར་རེ་རེ་ཡི་ཐད་ཀའི་བསྟན་དོན་ཡེ་ནས་མི་འདྲ་བས། ཞིབ་ཏུ་སོམས་དང་།

    Reply
  24. kalsang says:
    ལོ་ 16 སྔོན།

    རྡུལ་གཅིག་སྟེང་གི་འཇིག་རྟེན། ཞེས་བཏགས་ན་ཕྲད་བསྐྱར་ཟློས་མེད་པས་བཟང་ཡང་། རྡུལ་གྱི་ངོ་བོ་གསལ་བོར་མཚོན་པ་ལ་རྡུལ་ཕྲན་ཞེས་དང་།THE UNIVERSE IN A SINGLE ATOMདབྱིན་ཇིའི་མིང་གི་ཐ་སྙད་ཀྱི་གོ་བ་གཞི་ལ་བཞག་ནས། རྡུལ་ཕྲན་གཅིག་གི་སྟེང་གི་འཇིག་རྟེན། ཞེས་སྒྱུར་ན་གོང་གི་ལྷག་རྡོར་དང་བསྟན་བཟང་གཉིས་ཀྱི་བསྒྱུར་ལས་དོན་གྱི་ཁྱབ་རྒྱ་ཆེ་རུ་འགྲོ་བར་བསམ། འགྱུར་རེ་རེ་ཡི་ཐད་ཀའི་བསྟན་དོན་ཡེ་ནས་མི་འདྲ་བས། ཞིབ་ཏུ་སོམས་དང་།

    Reply
  25. གངས་ཅན། says:
    ལོ་ 16 སྔོན།

    རྡུལ་གཅིག་སྟེང་གི་འཇིག་རྟེན། ཞེས་བཏགས་ན་ག་འདྲ་འདུག

    Reply
  26. kalsang says:
    ལོ་ 16 སྔོན།

    དེབ་འདིའི་ཁ་བྱང་ལ། THE UNIVERSE IN A SINGLE ATOM
    ཟེར་བ་འདི་ནི། རྡུལ་ཕྲན་གཅིག་གི་སྟེང་གི་འཇིག་རྟེན། ཞེས་བསྒྱུར་ན་ཡག་པོར་མཐོང་། ཁྱོད་རྣམ་པའི་ཐུགས་བསམ་བཞེས་རོགས།།

    Reply
  27. འཇིག་ལྟ། says:
    ལོ་ 16 སྔོན།

    ལྷག་རྡོར་གྱིས་བསྒྱུར་པ་དེའི་ཁ་བྱང་ལ། རྡུལ་ཕྲན་གཅིག་ཁོ་ནའི་ནང་གི་འཇིག་རྟེན། ཞེས་བཏགས་འདུག

    Reply
  28. འཇིག་ལྟ། says:
    ལོ་ 16 སྔོན།

    དཔེ་དེབ་དེའི་མིང་ལ་THE UNIVERSE IN A SINGLE ATOM

    Reply
  29. འཇིག་ལྟ། says:
    ལོ་ 16 སྔོན།

    སྐུ་ཞབས་བསོད་ནམས་ཚེ་རིང་ལགས། རྡུལ་ཕྲན་ནང་འཇིག་རྟེན་ཁམས་ཡོད་ཅེས་པའི་༧གོང་ས་མཆོག་གི་ཕྱག་དེབ་དེའི་དཔར་སྐྲུན་བདག་དབང་༧གོང་ས་མཆོག་ལ་ཡོད་པ་གསལ་པོ་འཁོད་འདུག copy right 2005 by dalai lama ཁྱེད་དེབ་དེ་དཔེ་དེབ་ཚོང་ཕེལ་ཆེ་བའི་ནང་རིན་གོང་༣༩༩ནས༤༥༠བར་བླུགས་ཡོན་ཞུ་ཐུབ་ཀྱི་རེད།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese