མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གི་སྒྲ་ལས་འཕྲོས་པའི་གཏམ།

བོད་ཀྱི་དུས་བབ།
༢༠༠༩/༠༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

ར་ཀཿར་བཀྲས་མཐོང་རིག་རྣམ།

༈ གི་སྒྲ་རང་བཙན། ཐུགས་རྗེ་ཆེ། ལུང་སྟོན་ཡིག་ཚང་དུ། ཀྱི་གི་གྱི་འི་ཡི་ལྔའི། འུ་ཐུག༧སྙན་ཞུ།

༈ སློབ་དཔོན་ཐོན་མིས། རྗེས་འཇུག་ཡི་གེ་ལྔ་པོ་ནི། རྩ་བར། ཨི་དང་མཐུན་ལུགས་འདི་བཞིན་བྱ། ནས། ཞེས་དང༌། ད་བ་ས་ཀྱི་ག་ང་གི་  སྦྱོར་ཚུལ་ན་མ་ར་ལ་གྱི་  འི་དང་མཐའ་མེད་འི་དང་ཡི། རྩ་བར། དེ་དག་ཨི་སྦྱར་འབྲེལ་བའི་ས། དེ་ཉིད་ལ་ནི་བཅུ་པ་ས ཿཿསྤྱར། བྱེད་པ་པོ་རུ་ཤེས་པར་བྱ། གསུངས་པ་འདི་ལ་སུམ་རྟགས་མཁས་པ་སུ་གཅིག་གིས་ཀྱང་རྒྱབ་སྐྱོར་གནང་མཁན་མེད་སྟབས། གི་ཀྱི་གྱི་འི་ཡི་ལྔ་པོ་རང་ལ་འགན་འཁྲི་འི་ལས་ཁུར་ཡོད་བཞིན་པའི་ཐོག་ལ། དེང་སང་ངྷ་རམ་ས་ལའི་གཡས་གཡོན་དུ་བྱ་བྱེད་ཀྱི་ཚིག་གྲོགས་ལ། ག་ས་ག་ལ་ཡིག་སྐྱེལ་བའི་ཁྲལ་སྣོན་འཕར་མ་རྒྱུག་བཞིན་པའི་གནས་ཚུལ་ཐོན་འདུག་པས། ཀྱི་གྱི་གི་ཡི་འི་གསུམ་ལ་གསར་འགྱུར་ཉན་རྣ་བའི་དྲི་སྐབས། ཁོང་གསུམ་པོས། སློབ་དཔོན་ཐོན་མི་དང༌། སི་ཏུ་པན་ཆེན། དབྱངས་ཅན་བཞད་རྡོར་སོགས་ཞལ་བཞུགས་མེད་ནའང༌། ལུང་སྟོན་ཡིག་ཚང་དྲུང་ཆེ་ནས།
༈ ལགས། ཆེད་དོན། བོད་དང་ ཡུལ། གཞན་དང་ ནོར། མི་དང་ བདག ལྷ་དང་ ཡུལ། འབྲེལ་སྟངས་ཇི་འདྲ་ཡིན་མིན་འཕྲལ་དུ་གསལ་བཤད་གྱིས། ད་ཚེས་ལ། ཡིག་ཚང་ནས། ཞེས་བཀའ་ཕེབས། ༧ ལྷན་སྙན་དྲུང་དུ། སྐབས་དོན་ཧེ་བག་མེད་པའི་ཞུ་ཆུང་ནི། བོད་ཡུལ། ཀྱིཿ སྙན་གྱི་དྲུང་གྱིཿ  གཞན་གྱི་ནོར  གྱིཿ  མེ་ཡི་འོད་ ཡིཿ ངའི་ཨུ་ཚུགས། འིཿ ཞེས་ཐོན་མི་སམ་བྷོ་ཊའི་རྩ་ཚིག་སྦུག་དམའབྱར་མའི་ཞལ་བཤུས་གཞིར་བཟུང་ཞུ་མུས་ཐོག ཁུར་བབས་དམིགས་བསལ་ ས་ ཡིག བྱེད་སྒྲ་དོ་དམ་པར་ཕྱག་སྤྲེལ་ཆེད་དུ་བསྐོ་བཞག་བསྐྱངས་དོན་ལྟར། འཕྲལ་དུ་དགོངས་སྐོར་དང་ཆབས་ཅིག ༧སྙན་གྱིས་གསན་རོགས་གནང༌། གྱིསཿཿ གཞན་གྱིས་འཁྱེར། གྱིསཿཿ མེ་ཡིས་བསྲེག ཡིསཿཿ  ང་ཡིས་ཨུ་ཚུགས་བྱས། ཡང་ན་ངསཿཿ མ་གཏོགས། ངས་གིས། ཁོས་གིས། མོས་གི་ལྟ་བུ་རང་བཟོས་དང༌། ཞལ་རྒྱུན་ཟེར་བ་ཡིན་ཚུལ་ཁ་འཕང་ཞུས་རིགས་གཏན་མེད་བཀའ་སྲོལ་དང་ལེན་ཞུ་བཞིན་པ་ལགས། ཞེས་དེ་འཕྲལ་ཨ་དྲུང་བརྒྱུད་ཡིག་ཆུང་འཕྲལ་འབུལ་ཞུ་དགོས།

གཞན་དིང་སང་ང་ཚོ་ཀྱི་གི་གྱི་ཡི་འི་ལྔ་པོ་ནི། ཐོན་མི་སི་ཏུ་ཁོང་རྣམ་ཚོ་ཞལ་ཚོར་མེད་པ་ཚོའི་རྒྱུད་བསྐུལ་ལྟར། ཉལ་གཟན་ནས་ལངས་ལོང་མེད་པར། ང་ཞོག་ཇ་འཐུང་ཡི་ཡོད། ལས་ཁུངས་ལ་འགྲོ་ཡི་ཡོད། རྒྱ་མི་ལ་ངོ་རྒོལ་བྱེད་འི་ཡིན། ངས་གི་ལབ་ཡོད། ངས་བྱས་ཡིན། ཁོས་གིས་བྱས་རེད། མོས་གིས་ཟེར་སོང༌། ཟེར་ག་ས་ག་ལ་རྒྱུག་རྒྱུ་མ་གཏོགས་ཞེས་ཞུས་ཟེར། ད་དུང་ཕོ་མོའི་མང་ཚིག་གམ་ཞེ་ས་ནི། ཁོང་དང༌། ཁོང་རིང་  ཁོང་རྣམས་ཁོང་ཚོ་ཡིན་མུས། དིང་སང་ཡོངས་གྲགས་བྱེད་ཀྱི་རེད། ལྟ་བུའི་ རེད་ འདི་བརྡ་ཅུང་ཟད་གསར་པ་ཞིག་ཡིན་ནམ། གཙང་སྐད་དང་ཁམས་སྐད་ལ་ རེད་མ་སྦྱར་བ་དང་ཡིག་ཐོག་ལའང་མང་དུ་ཡོད་ཀྱང༌། །བར་མ་དོ་ལ་ཐེ་བྱུས་བྱེད་དགོས་དེ། །དགེ་ཆོས་ཐུབ་ཆོས་གཉིས་ཀྱི་ལས་ངན་རེད།

ཁོ་བོ་ཁོ་མོ་ནི། མདོ་དང༌། འདུལ་བའི་ནང༌། སྐྱེས་བུ་དང་པོ། ང་དང་བདག་གི་ཕོ་མོ་རང་གི་ཁེངས་སྐྱུངས་ཀྱི་ཚིག་དོད་ ཁོ་བོ་དང་ཁོ་མོ་ཞེས་པའི་ཁོ་བོ་ནི། ཉེ་དགས་སྨྲས་པ། འདི་ན་ཁོ་བོའི་གྲོགས་པོ་བསོད་སྙོམས་པ་ཞིག་འདུག་ན། དེ་ན་བར་མ་གྱུར་ཏམ། བསོད་སྙོམས་པས། བཙུན་པ་ཉེ་དགའ་མ་འབོད་ཅིག ཁོ་བོས་ཁྱོད་ཀྱི་མལ་ཁང་ཐོག་ཏུ་བཤམས་ཏེ། དེར་སོང་ལ་ཉོལ་ཅིག ཉེ་དགས་སྨྲས་པ། ཇེ་སྒོ་ཕྱེ་ཞིག བཙུན་པ་ཉེ་དགའ་ཁོ་བོ་ཆད་ཀྱི། ཁྱོད་ལ་སྒོ་མི་ཕྱེའོ། ཞེས་པ་ནས། ཉེ་དགའ་སྒྲ་ལ་མཁས་པས་ཁྲི་རྐང་གིས་ཁང་ཐོག་བརྟོལ་ནས། བསོད་སྙོམས་པས། བཙུན་པ་ཉེ་དགའ་ཁོ་བོ་སྣད་དོ། ཁོ་བོསྣད་དོ། ཀྭ་ཡེ་བསོད་སྙོམས་པ་ཅི་ཟེར། ནས། དེ་ནང་པར་སྔར་ལངས་ཏེ། བཙུན་པ་ཉེ་དགའ་ལ་ཕྱགས་འཚལ་ལོ། ཁོ་བོ་འགྲོའོ། ཞེས་གསལ་བ་དང༌།

ཁོ་མོ་ནི། རྗེ་ཙོང་ཁ་ཆེན་པོའི་རྟག་ངུའི་རྟོགས་བརྗོད་དུ། དེ་ནས་ཚོང་དཔོན་གྱི་བུ་མོ་དེས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། རིགས་ཀྱི་བུ་ཚུར་ཤོག  ཁོ་མོས་ཁྱིམ་དུ་འདོང་ངོ༌། ཁོ་མོའི་ཕ་མ་ལས་ནོར་བླངས་ཏེ་ཆོས་དང་ཆོས་སྨྲ་བ་ལ་བཀུར་སྟི་གྱིས་ཤིག ཅེས་གསུངས་པ་ལྟ་བུ་ཤིན་ཏུ་མང་ངོ༌། རེ་འགས། ཁོ་མོས་ང་ལ་མིག་ཟུར་བལྟས་ཏེ། ཁོ་མོ་ལ་ང་སེམས་པ་ཤོར་སོང༌། ཞེས་སོགས་བྲིས་ཐལ་ཤོར་ན། གཅིག་ཚིག་བུ་མོ་གཅིག་ལ། ཁོ་མོ་ཞེས་ཕོ་མོ་གཉིས་ཀའི་རྟགས་འབྱར་ན་ནི། མདོ་དང་འདུལ་བའི་གཏམ་རྒྱུད་རྙིང་མ་མཇལ་དུས་ཕོ་མོའི་རྗོད་པའི་ཁྱད་པར་མི་ཤེས་པའི་རྒྱུ་ལ་འགྲོ་ཉེན་ཆེ་བས། གནའ་བོའི་བྱེད་པའི་ཚིག་གྲོགས་དང་པོ། བགྱི་ནི་རྒན་ཡོལ་ལ་ཕྱིན་པ་ཡིན་ནམ། མཐོང་ཐོས་ནི་མི་འདུག  བགྱིའི་སྐུ་ཚབ་བགྲེས་སོང་ཟུར་ཆག གི་ ལགས་ནི། ཁྲོམ་གཞུང་དང༌། ལས་ཁུངས་དང༌། བསླབ་གྲྭ་དང༌། དགོན་པ་འགྲོ་གི་ཡོད་སོགས་ གི་སྒྲ་འདྲ་པོ་ཅིག་ཐོན་ཡོང་བ་ནི། བགྱིའི་  ཟུར་ཆག་གུད་པ་ཅིག་ཡིན་བཟོ་འདུག ཟེར་བའི་སྐབས། པོར་ཏོ་ཁ་ལ་བདག་པོ་རྒྱབ་མི་ཤེས་མཁན་ཅིག་གིས། བགྱི་སྒྲ་དགུང་ལོ་མཐོ་དྲག་ནས་སྤྱོད་འཇུག་དགོན་པ་དང༌། མདོ་སྡེ་གསེར་འོད་རི་ཁྲོད་སོགས་སུ་མནལ་གཟིམ་འདུག་ཟེར།།

སྤྱོད་འཇུག་ཆེན་མོས། ང་ཡིས་ནི། སྐྱེས་བུ་དང་པོའི་བྱེད་པའི་ཚིག་གྲོགས་ལ། མ་འོངས་པ་ལ་ བདག་ཀྱང་འགྲོ་ལ་ཕན་དོན་དུ།  བྱང་ཆུབ་སེམས་ནི་བསྐྱེད་བགྱིཿཞིང༌། ད་ལྟར་བ། སྡིག་པ་གཞན་ཡང་སླན་ཆད་མི་བགྱིདཿདོ། འདས་པ་ལ། བདག་གིས་སྤྱིན་སོཊ་ བགྱིསཿཔའི་བསོད་ནམས། ཞེས་པ་མ་གཏོགས། བདག་གིས་སྤྱིན་སོཊ་བྱས་པའི་བསོད་ནམས་ཀྱིས་ཞེས་པ་མེད། སྐྱེས་བུ་ཆུང་འབྲིང་གཉིས་ཀྱི་བྱེད་པའི་ཚིག་གྲོགས་ལ། དེ་བཞིན། མ་འོངས་པ་ལ། མིག་ནི་ཕབ་པར་བྱ། ད་ལྟ་བ་ལ། ཁྱོད་ཀྱི་ལུས་འདི་སྲུང་བར་བྱེདཿ འདས་པ་ལ། མདུན་དང་རྒྱབ་ཏུ་བརྟག་བྱསཿནས། ཀུན་ཤེས་དེ་ལ་དྲི་བར་བྱ། དེ་ཡིས་ངག་ནི་བསྡམ་པར་བྱེད། དེ་ལ་གུས་པས་ཕྱག་བྱས་ཏེ་སོགས་བྲིས་མི་འདུག་གམ། ཞེས་བཀའ་ཕེབས་པའི་བཟོ་ལྟ་བུ་བྱུང་བས། རང་ཉིད་ཚད་པས་འཆོལ་བ་འདྲའོ། དཔེ་བལྟ་ས་བརྟན་པོ་ཞིག་ནས་ལེན་ཤེས་ན་སྐྱེས་བུ་དང་པོ་དང་གཉིས་པའི་དུས་གསུམ་བྱ་བྱེད་ཀྱི་ཚིག་གྲོགས་དང༌། དེ་བཞིན་སྐྱེས་བུ་འབྲིང༌། ཁྱོད། ཁྱེད་གཉིས། ཁྱེད་རྣམས་ I DO, I am Doing I Did, We Do , We are Doing, We Did ,  དེ་བཞིན་  You do  , You are doing, You did, ཕྱོགས་མཚུངས་ལྟ་བུ་དང༌། བྱ། བྱེད། བྱས་གསུམ་ནི། སྐྱེས་བུ་གསུམ་ཕོ་མོ་དང༌། དེ་སྒྲ་དང་འདི་སྒྲའི་དུས་གསུམ་གྱི་བྱ་བྱེད་གསལ་བྱེད་ཀྱི་ཚིག་གྲོགས་ཡིན། He, she, Dose  He is doing , He did, That is, They are both doing , They did,  ལྟ་བུ། དཔེར་བཀོད་པ་ཡིན་གྱི། རྒྱབ་རྟེན་བཅོལ་བ་མིན་ཡང༌། འཇིག་རྟེན་འདིའི་ཡུལ་ཁམས་ཕལ་ཆེ་བའི་སྐད་ཀྱི་སྒྲ་གདངས་མི་འདྲ་ཡང༌། བརྗོད་དོན་སྦྱོར་ཚུལ་བརྗོད་འདོད་གསལ་བྱེད་ལུང་སྟོན་པའི་རྣམ་བཞག་གི་སྒྲོས་ནི། ཕལ་ཆེར་ངོ་བོ་མཚུངས་པའམ་ཕྱོགས་མཚུངས་ལྟ་བུ་ཡིན་ནམ་མིན། བརྡ་སྤྲོད་མཁས་པའི་གཙུག་རྒྱན་དག་གིས་གཟིགས་ཕྱོགས་མ་ནོར་བ་མཛད་དགོས་འདུག་གོ

༈ བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྲས་ཁྲི་ལྡེ་སྲོང་བཙན་གྱི་དུས། བཀའ་བཅད་གནང་བའི་སྒྲ་སྦྱོར་བམ་གཉིས་ལས།
༄༅། །ལྷ་བཙན་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་སྐྱིའི་འོན་ཅང་མདོ་ན་བཞུགས། ཞེས་པ་ནས། སྐད་ཀྱི་ལུགས་འདི་ལྟར་བཀས་བཅད་པ་ལས། སོ་སོ་ནས་འཆོས་ཤིང་འོག་ཏུ་མིང་གསར་པ་འདོགས་སུ་མིསྣང་གིས། བསྒྱུར་བ་དང་འཆད་པའི་གྲྭ་སོ་སོ་ནས་སྐད་གསར་དུ་མིང་འདགས་དགོས་པ་ཞིག་ཡོད་ན་ཡང༌། སོ་སོའི་གྲྭར་མིང་འཆད་པར་མ་འདགས་པར་ཆོས་ཀྱི་གཞུང་དང༌། སྒྲའི་ལུགས་ལས་ཇི་སྐད་བྱུང་བའི་གཏན་ཚིགས་དང༌། ཆོས་ལ་ཇི་སྐད་དུ་གདགས་པ་དཔྱད་དེ། ཕོ་བྲང་དུ་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་མདུན་ས་དང༌། ངྷརྨ་ཞུ་ཆེན་འཚལ་བའི་གྲྭར་ཕུལ་ལ། སྙན་དུ་ཞུས་ཏེ། བཀས་དཔྱད་ནས་སྐད་ཀྱི་དཀར་ཆག་གི་དཀྱུས་སུ་བསྣན་ནོ། ཞེས་གནད་ཡོད་ཀྱི་ཆོས་སྲིད་ཀྱི་ཚིག་རང་སྣང་གང་དྲན་བྱས་བྲིས་ན། ཆོས་རྒྱལ་དང་ལོ་པཎ་ཚོའི་ཐུགས་ལ་བབས་བགྱི་མེད་པ་འདྲ་བས། བསྒྱུར་བ་དང་བཅད་པའི་གྲྭ་མང་པོ་ཞིག་ལ་གོ་བསྡུར་ཞུ་དགོས་པར་གསལ་བ་འདི་ལ་གཟིགས།

གི་སྒྲ་རང་བཙན་ཐོབ་པ་སྲིད་ན། བགྱི་ དང་ བྱའི་ཞེས་པ་འདི། ཨིན་སྐད་ལ། Do   ཞེས་པ་དེ་དང་ཕྱོགས་འདྲ་ལྟར་སྣང་བས  We do , You do , You all do, Women you do, They all do,  ལྟ་བུ། སྐྱེས་བུ་གསུམ་གྱི་བྱ་བྱེད་ལས་གསུམ་གྱི་ཚིག་གྲོགས་འདྲ་པོ་འདི། སྐྱེས་བུ་གསུམ་གའི་མིང་ཚིག་གི་ཚིག་གྲོགས་ལ་སྤྱར་རམ་སྙམ་ཞིང༌། བགྱི་སྤྱར་ནས་འགྲོ་བགྱི་ཡིན། བཤད་བགྱི་ཡིན། བགྱིའི་སྒྲས་དུས་གསུམ་སྐྱེས་བུ་གསུམ་པོའི་སྐབས་ཐོབ་ཀྱི་འགྲོ་བའི་བྱ་བ་བྱེད་པ་སོགས་ཀྱི་དོན་ལ་ནི་འགྲོ་ངེས་སུ་འདུག་ཅིང༌། སློབ་དཔོན་ཐོན་མིའི་འབྲེལ་སྒྲ་རང་སྲིད་རང་སྐྱོང་དང༌། ༈ གི་སྒྲ་ཙམ་མིན་པར་འབྲེལ་སྒྲ་དྲུག་ཅར་དང༌། བྱེད་སྒྲ་དྲུག་པོ་འང་ཆུད་ཟོས་སུ་མི་འགྲོ་བའི། བོད་ཡིག་ལ་སྲི་ཞུ་ཞིག་འགྲུབ་ངེས་སྙམ་ནས་ཞུས་པ་ལགས། དེ་རིང་ཕན་བསམ་འཆར་གྱི་ཚུལ་དུ་ལན་མང་བྲིས་པ་ཡིན་ཀྱང༌། རང་མཁས་པ་ཡིན་བསམ་ནས། བློ་གསར་མཁས་པ་དང༌། ཡིག་འབྲི་སྐྱོ་བའི་སྐྱོན་དུ་བསམ་པ་ནི་མེད་ལ། བློ་སྐྱེད་ཡོང་ཐབས་ལ་བཤད་པ་ཡིན་ཞེས་ཁ་ཕོ་ཡང་བསྒྲགས་མ་ནུས།

ད་ཆ་སྐབས་སུ་མ་བབས་པའི་ཚིག་གང་བྱུང་བྱུང་གང་སར་བཀོད་རྐྱང་བྱས་ན། དེ་སྔའི་རིག་གཞུང་གི་བྲི་སྲོལ་དང༌། གཞུང་སྲོལ། སྤྱི་པའི་བྲི་སྲོལ་རྒྱུན་གནས་ཡོད་པའི་ཚིག་དོན་མང་པོ་མིང་མེད་འཇའ་ཡལ་ཆུད་ཟོས་སུ་འགྲོ་ཉེན་འདུག་པས། ༧གོང་ས་ཆེན་པོས་ནི། བོད་ལ་ཡོད་ཚད་ཀྱི་རིག་གཞུང་གོང་འོག་བར་གསུམ་གྱི་སྐད་ཡིག་གི་ཐོག་ནས། གོམ་པ་མདུན་དུ་སྤོས་ཞེས་བཀའ་གནང་བའི་གོམ་པ་དེ་ནི། གཡས་གཡོན་དང༌། རྒྱབ་བཤིག་རྐྱང་རྐྱང་ལ་ཤོར་ཉེན་འདུག་གོ
དེའི་རྐྱེན་གྱིས་རྒྱ་གར་བ་དང་ཕྱིའི་ཡོན་ཏན་ཅན་འགའ་ཤས་ཀྱིས། ད་ཡོད་རང་རེའི་སུམ་རྟགས་སམ། ལུང་སྟོན་པའི་ཆ་ཤས་ཆ་ཚང་པོ་མི་འདུག  མང་པོ་ཞིག་ཚང་དགོས་པ་འདུག་ཟེར་བས། ཐོག་མར་འདི་ཚོས་ང་ཚོའི་ཐོག་ལ་མཐོང་ཆུང་ལ་ཨང་སྙམ་པ་བྱུང་ཡང༌། རིམ་གྱིས་སྒྲའི་བསྟན་བཅོས་གནས་བརྒྱད་སོགས་ཞིབ་ཏུ་མཇལ་དུས། གཞན་ལ་འགྲམ་ཆུ་ལྡང་དགོས་ནི་མི་འདུག་བསམ་ནས། ལུང་སྟོན་པ་ལ་འཇུག་པའི་སྒོ་ཞེས་པ་རྒྱག་ཙམ་ཞིག་བྲིས་པ་ནི། སྔོན་གྱི་མཁས་པའི་བྲིས་རྒྱུན་མ་གཏོགས ཞལ་རྒྱུན་ཙམ་མིན་པར། ཆོས་རྒྱལ་སྲོང་བཙན་དུས་ཀྱི་ཐོན་མི་དང༌། ཁྲི་སྲོང་ཡབ་སྲས་དུས་ཀྱི་ལོ་ཙཱ་བ་ཡེ་ཤེས་སྡེ། ལྕེ་འབྲུག་སོགས་དང༌། ལོ་ཆེན་རིན་ཆེན་བཟང་སོགས་ཀྱིས་འདུལ་བ་ལུང་སྡེ་བཞི་སོགས་བསྒྱུར་བའི་གསུང་ཚུལ་ལ་ཡང་གཞི་བཅོལ་ཁུལ་དུ། ཁོ་བོ་ར་ཀཿར་བཀྲས་མཐོང་རིག་རྣམ་གྱིས།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་མཱ་རི་ཡ་ལགས་སུ་འཚམས་འདྲི་མཛད།

སྐར་མ ༣༧ སྔོན་ལ།
ཁུང་ཙིའི་སློབ་མའི་བསླབ་བྱ།
Mobile App

རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་ཞིང་ལྗོངས་ལྔའི་བོད་ཁུལ་སློབ་གསོ་བཅོས་སྒྱུར་དང་མཐོ་རྒྱུགས་ཁྲོད་བོད་ཡིག་གདམས་གསེས་ལག་བསྟར་བྱས་པའི་སྐོར་རགས་ཙམ་གླེང་བ།

ཆུ་ཚོད་ ༦ སྔོན་ལ།
པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠

མཆན། 15

  1. བསེ་རུ། says:
    ལོ་ 17 སྔོན།

    མི་ཉག་སྐལ་བཟང་ལགས་ཀྱི་ཆེད་རྩོམ་འདི་བཞིན་དབྱིན་ཡིག་ཐོག་འགྱུར་ཡོད་སྟབས།
    ཁོང་ཉིད་ཀྱིས་ཨུ་ལན་པཱ་ཐར་ནས་སྐུ་ངལ་ལ་མ་འཛེམས་པར་འདི་ལྟར་ཆེད་རྩོམ་ཞིག་བྲིས་གནང་འདུག་པས་ནང་དོན་ཇི་ལྟར་ཡིན་མིན་ལ་མ་བལྟོས་པར་ཁོ་བོས་དཀའ་ངལ་འདི་སེལ་རོགས་ཞུས་པ་ཡིན།།

    ཨ་རོག
    མི་ཉག་སྐལ་བཟང་ལགས།
    རྗེས་མ་ཁྱེད་ཀྱིས་ཧི་མ་ལའི་ཡིག་གཟུགས་བེད་སྤྱོད་གནང་ན་འདི་འདྲའི་དཀའ་ངལ་རིགས་ཅི་ཡང་འཕྲད་མི་སྲིད།
    གལ་ཏེ་ཁྱེད་ལ་ཧི་གཟུགས་དགོས་ན་ཕབ་བཤུ་ཡང་བྱས་ཆོག་ཡིན་ལ།
    མཛུབ་གནོན་ཡང་ཨ་ཁུ་སྨོན་ལམ་ལགས་ཀྱིས་བཀའ་དྲིན་ལས་རང་ཉིད་གང་བདེ་བ་ཡོད་པ་དེ་སྤྱོད་ཆོག་པའི་མཉེན་ཆས་ཆུང་ཆུང་ཞིག་ཡོད་པས་དེ་ཡང་ཁྱེད་ཀྱི་གློག་ཀླད་ནང་འཇུག་དགོས་པ་ཡིན།
    གལ་ཏེ་དེ་དགོས་ན་ཁོ་བོས་ཁྱེད་ལ་ཕུལ་ཆོག་པ་ཞུ།

    བོད་ཀྱི་བརྡ་སྤྲོད་རིག་པ།
    མི་ཉག་སྐལ་བཟང༌།
    ༡༼ བོད་ཀྱི་བརྡ་སྤྲོད་རིག་པའི་འཕེལ་འགྲིབ་སྤྱི་བཤད།
    སློབ་དཔོན་ཐུ་མིའི་བཀྲིན་གྱིས་འཛུམ་ཟེར་ལས་ཕྱུངས་པའི་བོད་ཀྱི་བརྡ་སྤྲོད་རིག་པ་ནི་མི་རིགས་གཞན་གྱི་བརྡ་སྤྲོད་རིག་པ་རྣམས་དང་བསྡུར་ན་གཏིང་ཟབ་ལ་རྒྱ་ཆེ་ཞིང༌། ཁུངས་བཙན་པ་དང་ཧི་མ་ལའི་རི་རྒྱུད་ལས་ཀྱང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཧ་ཅང་རིང་བ་ཡོད་ཅིང༌། ལྷག་པར་དུ་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མགོ་བརྩམས་ཏེ་རྣམ་གླིང་པཎ་ཆེན་མ་བྱོན་པའི་དུས་ཡུན་དེའི་རིང་ལ་བོད་ཀྱི་བརྡ་སྤྲོད་མཁས་པ་མང་པོས་ཁུར་བླངས་ཏེ་སློབ་དཔོན་ཐུ་མིའི་དདདགོངས་པ་མ་འཁྱོར་ཞིང་འཁྲུལ་བ་མེད་པའི་སྒོ་ནས་སུམ་རྟགས་ཀྱི་འགྲེལ་པ་ཁག་བཅུ་བདུན་ཙམ་བརྩམས་པར་གནང་བ་དང༌། ཡིན་ན་ཡང༌། ལྡོག་ཏུ་མེད་པའི་དུས་རབས་ཀྱི་འཕོ་འགྱུར་དང་བརྡ་སྤྲོད་རིག་པའི་འཕེལ་འགྲིབ་དང་འགག་འཕྲང་སྣ་ཚོགས་ཀྱིས་ད་ལྟ་ང་ཚོའི་མིག་མདུན་ན་སྔ་འགྲེལ་རེ་གཉིས་ཙམ་ལས་མཐོང་རྒྱུ་དཀོན་པར་གྱུར་ཞིང་ཇི་འདྲའི་ཡིད་ཕངས་པ་ལ་ཨང༌། སླར་ཡང་༡༦༨༢ ལོར་རྣམ་གླིང་པཎ་ཆེན་གྱིས་སྣང་བྱེད་ནོར་བུ་བརྩམས་པ་དང༌། རིམ་བཞིན་དུས་རབས་བཅུ་གཉིས་ནང་བོད་ཀྱི་བརྡ་སྤྲོད་རིག་པ་སྨྲ་བའི་དབང་ཕྱུག་ཆེན་མོ་ཀརྨ་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བས་མུ་ཏིག་ཕྲེང་མཛེས་བརྩམས་པ་ནས་བཟུང་བོད་ཀྱི་བརྡ་སྤྲོད་རིག་པར་མཁས་པ་ཕྲེང་རབས་བརྒྱུད་པ་གཅིག་རྗེས་གཉིས་མཐུད་དུ་བྱུང་བ་དང༌། བོད་གངས་ཅན་གྱི་ལྗོངས་ནི་བརྡ་སྤྲོད་རིག་པའི་ཕྱུག་ཅིང་བང་མཛོད་ལྟ་བུར་གྱུར་ཡོད། འོན་ཀྱང༌། སྐབས་མཚམས་ཤིག་ན་རྒྱ་དམར་ཀླ་ཀློའི་དཔུང་ཚོགས་ཀྱིས་བོད་མི་ཡོངས་རྫོགས་མིང་མེད་རྩ་མེད་དུ་གཏོང་བའི་འགོ་བརྩམས་པ་དང༌། བོད་ཀྱི་རིག་གནས་སྤྱི་དང་ཡང་སྒོས་བོད་ཀྱི་བརྡ་སྤྲོད་རིག་པར་གཏོར་སྐྱོན་ཚབས་ཆེན་བཏང་དང་གཏོང་བཞིན་པ་ཡིན། བོད་མི་རྣམས་གཞིས་བྱེས་གཉིས་སུ་ཁ་གྱེས་དགོས་བྱུང་ཞིང་རང་གི་ཕ་ས་དགྲ་བོའི་ལག་ཏུ་ཤོར་ནས་མི་ལོ་ལྔ་བཅུ་སོང་བའི་བརྒྱུད་རིམ་ནང་གཞིན་བཞུགས་བོད་རིགས་སྤུན་ཟླ་ཚོར་རང་དབང་གཏན་ནས་མེད་ཅིང༌། རྒྱ་གཞུང་གིས་གཉའ་གནོན་དང་གདུག་རྩུབ་ཀྱིས་མེ་མདའི་ཁ་འོག་ན་རྒྱ་སྐད་དང་རྒྱ་ཡིག་བཙན་གྱིས་སྦྱོང་དུ་བཅུག་པ་དང༌། བོད་ཀྱི་སྐད་ཡིག་མཁོ་སྤྱོད་ཀྱི་འཁོར་ཡུག་ཇེ་ཆུང་དང་ཇེ་ཞན་ནས་ཇེ་སྡུག་ཏུ་གཏོང་བཞིན་པའི་སྒང་ཡིན། བྱེས་བཞུགས་བོད་མི་ཚོར་རང་དབང་ཙམ་ཡོད་ཀྱང་རང་ས་ལག་མཐིལ་ཙམ་ཡང་མེད་པའི་རྐྱེན་གྱིས་གཞན་རྟེན་སྲིན་བུའི་ལྟ་བུའི་སྒོ་ནས་མངར་ལ་སྐྱུར་བའི་འཚོ་བ་སྣ་ཚོགས་ཀྱིས་མི་ཚེ་འདི་ལྟར་འབུད་རྒྱང་གཏོང་དགོས་པ་དང༌། བོད་སྐད་ནང་སྐད་རིགས་འདྲེས་མ་སྣ་ཚོགས་བསྲེས་ལྷད་ཀྱིས་དབྱིན་ཡིག་གི་བརྡ་སྤྲོད་རིག་པར་ལག་ཐོགས་རྒྱབ་རྟེན་བྱེད་བཞིན་པ་སོགས་ཀྱིས་བོད་ཀྱི་བརྡ་སྤྲོད་རིག་པ་ལྷུང་བཞིན་རྒུད་པ་ལས་སྐྱོབ་དགོས་པའི་དུས་ལ་བབ་ཡོད་པ་འདྲ།
    ༢༼ བྱེས་བཞུགས་བོད་ཀྱི་སུམ་རྟགས་མཁན་པོ་ཁག་ཅིག་ལ་རྒོལ་བ།
    སྔོན་ཆད་ང་རང་གནས་མཆོག་རྡ་རམ་ས་ལའི་རི་གྲོང་དུ་རི་སྤྱང་བཞིན་འཁྱམས་ཉུལ་དུ་སྡོད་སྐབས་བྱེས་བཞུགས་བོད་ཀྱི་སུམ་རྟགས་མཁན་པོ་ཁག་ཅིག་གིས་ཚིག་ཕྲད་རང་དབང་ཅན་བདག་སྒྲའི་ཕྲད་སྦྱོར་ཚུལ་འགྲེལ་ཁུལ་གྱིས་པ་བ་ལས་འཕྲོས་ཏེ་རང་ཕྱོགས་ཁོ་ན་འཛིན་པའི་བསམ་ཚུལ་སྐྱུག་བྲོ་བ་དུ་མ་ཞིག་ཚགས་ཤོག་མང་པོར་བཀོད་ཡོད་པས་ཁོ་བོས་ཡང་སྐོར་བསྐྱར་སྐོར་གྱིས་ཐེངས་འགའ་ཤས་བཀླགས་མྱོང༌། སུམ་རྟགས་མཁན་པོ་ཚོས་རང་རང་གི་རྣམ་དཔྱོད་ཕྲ་མོ་དེ་ཁོ་ནར་རྒྱབ་རྟེན་གྱིས་རང་རང་གི་ཡུལ་སྐད་གཅེས་འཛིན་འཐེན་འཁྱེར་ཁོ་ནར་རྒྱབ་སྐྱོར་འགན་སྲུང་བྱས་པ་ཙམ་མ་གཏོགས་བོད་རིགས་སྤྱིའི་ལས་དབང་དང༌། བོད་ཀྱི་བརྡ་སྤྲོད་རིག་པ་ཞིབ་འཇུག་ལ་ཕན་པའི་བསམ་ཚུལ་ལི་མ་རེ་ཁོང་ཚོའི་ངག་ནས་ཅི་ཡང་བཞུས་མེད་པ་དང༌། སློབ་དཔོན་ཐུ་མིའི་དགོངས་པ་དང་འགལ་ཞིང་སུམ་རྟགས་ཀྱི་སྒྲིག་གཞི་ཡང་ཕངས་མེད་དུ་གཏོང་འདོད་པ་དང༌། བོད་ཀྱི་རིག་གནས་ལ་རྒྱུས་མངའ་ཙམ་ཡང་མི་འདུག་སྙམ་པའི་ཚོར་བ་ཞིག་ཀྱང་དུས་མཉམ་དུ་སྐྱེས་མྱོང་ བོད་ཀྱི་སྐད་ཡིག་ཉམས་པ་སོར་ཆུད་དང༌། མི་ཉམས་གོང་འཕེལ་དུ་གཏོང་བར་བོད་ཀྱི་བརྡ་སྤྲོད་རིག་གནས་ལ་བྱང་ཆ་ངེས་པར་དུ་དགོས་པ་དང༌། ཡུལ་སྐད་འཐེན་འཁྱེར་སོགས་ཀྱི་གཞན་དབང་དུ་མ་སོང་བ་ཞིག་དགོས་པ་ནི་བོད་ཀྱི་བརྡ་སྤྲོད་རིག་པའི་རྩ་བའི་གནད་ཀ་ཞིག་ཀྱང་ཡིན་ལ། ད་རེས་སླར་ཡང་གི་རང་བཙན་གླེང་ཞོར་དུ་བོད་ཀྱི་དུས་བབ་ཚང་གི་འབྲེལ་སྒྲའི་ཕྲད་གཏོང་སྐྱོན་གཏོང་གིན་ཡོད་མེད་ཀྱིས་ཟུར་ཟའི་བསམ་ཚུལ་མི་ཉུང་བ་ཞིག་དུས་བབ་ཚང་གི་དྲ་རྒྱའི་བརྒྱུད་ལམ་དང་འགྲོགས་ནས་བལྟ་ཀློག་བྱས་པ་ཡིན། རཀཿར་བཀྲས་མཐོང་རིག་རྣམ་དང་སྟག་སྨྱོན་མིང་ཅན་སོགས་ཀྱིས་དབྱིན་ཡིག་གི་བརྡ་སྤྲོད་ཤེས་རློམ་གྱིས་དབྱིན་སྐད་ཀྱི་ལམ་ནས་དཔེ་ཆུང་རེ་གཉིས་ཀྱིས་གསལ་བཤད་བྱེད་ཁུལ་བྱས་ཡོད་པ་ནི་ཞྭ་དཔེ་ལྷམ་ལ་བཀབ་པ་དང་མཚུངས་སོ།།
    ༣༼ རཀཿར་བཀྲས་མཐོང་གི་སུམ་རྟགས་ཐོ་རེ་མ།
    ཁོ་བོས་རཀཿར་བཀྲས་མཐོང་གི་སུམ་རྟགས་ཐོ་རེ་མ་ཞིག་ལ་བལྟ་ཀློག་ཙམ་བྱས་པ་ཡིན། ཁོང་གིས་དབྱིན་ཡིག་བརྡ་སྤྲོད་པར་རྒྱབ་རྟེན་ནས་སྔོན་ཆད་བྱུང་མ་མྱོང་བའི་དངོས་པོ་བདག་གཞན་གྱི་འགྲེལ་པ་གསར་པ་གསར་རྐྱང་ཞིག་གསར་གཏོད་རང་བཞིན་གྱིས་བརྩམས་ཁུལ་བྱས་ཏེ། བྱེད་འབྲེལ་ལས་ཚིག་ཡིན་ན་དངོས་པོ་བདག་ཡིན་པ་དང༌། བྱེད་མེད་ལས་ཚིག་ཡིན་ན་དངོས་པོ་གཞན་ཡིན་ཅེས་ཁ་ཚོན་གཅོད་ཅིང་རལ་གྲི་གནམ་གཡུག་ཐེངས་ཤིག་གིས་ང་རང་ཁོང་ལ་གདེང་འཇོག་སྤྲོ་བའི་སེམས་པ་དེ་སྟོང་སོང༌། སུམ་རྟགས་མཁན་པོ་ཁོང་གིས་བྱེད་འབྲེལ་ལས་ཚིག་ཡིན་ན་དངོས་པོ་བདག་གཞན་གྱི་དབྱེ་བ་ཡོད་པ་ཁྱབ་པ་དང༌། བྱེད་མེད་ལས་ཚིག་ཡིན་ན་དངོས་པོ་བདག་གཞན་གྱི་དབྱེ་བ་མེད་པ་ཁྱབ་པའི་ཁྱབ་མཐའ་ཅན་དེ་ཡང་མཁན་པོ་ཁོང་གི་དྲན་པའི་ཡུལ་དུ་ཟུར་ཙམ་ཡང་འཆར་མེད་པ་དང༌། སྔོན་ཆད་འཕགས་བོད་ཀྱི་མཁས་པ་སུས་ཀྱང་བྱེད་མེད་ལས་ཚིག་ལ་བདག་གཞན་གྱི་དབྱེ་བ་ཡོད་ཅེས་པའི་བརྩམས་ཆོས་ཤིག་བོད་གངས་ཅན་གྱི་ལྗོངས་སུ་མ་གྲགས་ཤིང༌། བྱེད་མེད་ལས་ཚིག་ལ་དངོས་པོ་བདག་གཞན་གྱི་དབྱེ་བ་སྦྱོར་ཚུལ་མེད་པའི་ཕྱིར། མཁན་པོ་ཁོང་འ་ཆད་འུ་ཐུག་གིས་དབྱིན་ཡིག་གི་བརྡ་སྤྲོད་རིག་པར་ལག་ཐོགས་རྒྱབ་རྟེན་གྱིས་ཨ་ཁུ་སྟོན་པ་གཉིས་པ་ཞིག་འཁྲབ་སྟོན་ཙམ་བྱས་ཏེ་ཁ་ཁྲལ་མཇལ་བ་ཙམ་ལས་བོད་ཀྱི་བརྡ་སྤྲོད་ཞིབ་འཇུག་ལ་ཕན་ཐོགས་ཅི་ཡང་མ་བྱུང་པ་ཡིན།
    ༤༼ བོད་ཀྱི་བརྡ་སྤྲོད་ལ་རྨོངས་པའི་སྟག་སྨྱོན༌།
    བོད་ཀྱི་དུས་བབ་ཚང་གི་ཟིན་བྲིས་སུ་སྨྱུག་མིང་དུ་སྟག་སྨྱོན་ཞེས་བཀོད་པ་ཁོང་ཡང་ཨ་རི་ཕོ་བྲང་དཀར་པོའི་གད་སྙིགས་བླུངས་སྣོད་ཀྱི་ཟུར་ཞིག་ན་གཉིད་དུ་འཐིབས་ནས་ཨ་སྒོར་ལྗང་ཁུ་དེ་ཁོ་ན་མ་གཏོགས་དམིགས་འདུན་དང་བསམ་གཞིག་ཀློང་ན་མེད་པའི་སྨྱོན་པ་ཞིག་ཡིན་པ་འདྲ། གལ་ཏེ་ཁང་སྨྱོན་པ་ཞིག་མིན་ན་ཡང་མཚན་མ་གཉིས་དང་ལྡན་པའི་ཕོ་མིན་མོ་མིན་གྱི་མ་ནིང་ཞིག་ཀྱང་ཡིན་ཤས་ཆེ། ཁོང་གིས་བརྩམས་ཆོས་གང་ཡང་རུང་བ་ཞིག་གི་ནང་དུ་འཇིག་རྟེན་ཡ་རབས་ཀྱི་གྲགས་པ་དང་རིང་དུ་བརྒལ་ཞིང༌། བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་ཚིག་སྦྱོར་གྱིས་དབུལ་ཞིང་ཕུངས་པས་འཁྲིག་ཚིག་དང་ཆགས་སྲེད་ཀྱིས་མི་འོས་པའི་ཚིག་སྦྱོར་ཤ་སྟག་དང་གུས་ཞབས་གྱིས་རྣམ་འགྱུར་ཙམ་ཡང་མེད་པར་རང་གིས་རང་ཉིད་དམར་རྗེན་དུ་བཏོན་པ་དང༌། རང་ཉིད་ལ་འཇོན་ཐང་དང་ཤ་ཞེན། ཕུགས་བསམ་དང་ལག་རྗེས་ཏིལ་འབྲུ་ཙམ་ཡང་མེད་པར་གཞན་སྐྱོན་ཤ་སྟག་འཚོལ་འདོད་པ་ནི་དཔེར་ན། གཞན་ལ་བལྟ་བའི་མིག་ཡོད་ཀྱང༌།། རང་ཉིད་བལྟ་ན་མེ་ལོང་དགོས།། ཞེས་པའི་ལེགས་བཤད་འདི་དྲན་པར་གྱིས་དང༌། ཁོང་གིས་འབྲེལ་སྒྲར་ཕྲད་ཅིག་གསར་དུ་སྣོན་འདོད་པས་གི་སྒྲའི་ཚབ་ལ་ཀི་སྒྲ་ཞིག་གསར་དུ་སྦྱོར་བ་དང༌། ཡང་ན་འབྲེལ་སྒྲའི་ཕྲད་གི་གཏོར་འདོད་པས་ཀི་སྒྲ་ཞིག་གསར་དུ་སྦྱོར་འདོད་པ་དེ་ཡིན། གི་སྒྲའི་ཚབ་ལ་ཀི་སྒྲ་སྦྱར་ཆོག་པ་དང༌། ཀི་སྒྲ་ཕྲད་དང་རྣམ་དབྱེ་ལ་འཇུག་པའི་བསྟན་བཅོས་ཤིག་ཨ་རིའི་ཕོ་བྲང་དཀར་པོ་ནང་ཡོད་ན་མ་གཏོགས་བོད་གངས་ཅན་གྱི་ལྗོངས་ན་མེད་པ་ཡིན། ཡང་ཁོང་གིས་གི་སྒྲ་དང་ཀི་སྒྲ་གཉིས་ལ་ཁྱེད་པར་ཆེན་པོ་མི་འདུག་སྙམ་ན་ཡང་བོད་ཀྱི་གསལ་བྱེད་སུམ་ཅུ་ཐམ་པ་རེ་རེའི་སྒྲ་གདངས་དྲག་ཞན་སོགས་ཀྱི་དབྱེ་བ་དང་གོ་རིམ་འདི་བྱང་བར་གྱིས་ཤིགགི་སྒྲ་རང་བཙན་ཡིན་དང་མིན།
    ༥༼ གི་སྒྲ་ལ་རང་བཙན་ཐོབ་ཡོད་མེད་ཀྱི་མཇུག་གཏམ།
    གི་སྒྲའི་ཕྲད་ཡོད་ཚད་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ཡིན་མིན་ནི་རྣམ་དབྱེ་དྲུག་པ་འབྲེལ་སྒྲའི་གོ་དོན་སྔོན་དུ་རྟོགས་པ་དང༌། དེ་ཡང༌། ཡན་ལག་དང་ཡན་ལག་ཅན། ཆ་དང་ཆ་ཤས། རྟེན་དང་བརྟེན་པ་སོགས་ཀྱི་མིང་དོན་ཕན་ཚུན་འབྲེལ་བ་གཙོ་བོ་སྟོན་པའི་ཨི་ལྡན་གྱི་ཕྲད་ཅན་ཡིན་ན་རྩོད་མེད་ཀྱི་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ཡིན་ལ། གི་སྒྲ་ཡིན་པ་གང་ཞིག་ལ་རྣམ་དབྱེ་དྲུག་པའི་གོ་དོན་ཙམ་མི་ལྡན་པ་དང༌། རྗེས་འཇུག་གང་ལའང་མ་ལྟོས་པར་གི་སྒྲ་རང་བཙན་ཅན་འབུར་དུ་འཕྱུང་བ་རྣམས་ནི་འབྲེལ་བའི་སྒྲ་ཙམ་ཡང་མིན་པར་ཡུལ་སྐད་བྱེ་བྲག་པ་ཤ་སྟག་ཡིན། གི་སྒྲ་ནི་ཚིག་ཕྲད་གཞན་དབང་ཅན་རྗེས་འཇུག་ལ་ལྟོས་ཏེ་སྦྱོར་དགོས་པ་ལས་རྗེས་འཇུག་ལ་མ་ལྟོས་པར་ཚིག་ཕྲད་རང་དབང་ཅན་གང་ས་གང་དུའང་སྦྱོར་ཆོག་པ་ཞིག་ཀྱང་གཏན་ནས་མིན། དཔེར་ན། ང་ངོ་ཚ་གི ཁྱོད་ངོ་ཚ་གི ང་དགའ་གི ཁྱོད་དགའ་གི ཤེས་དགོས་གི སྙིང་བོ་ཆེ་གི དོན་འདི་ལྡན་གི ཁོང་འདིར་ཡོད་གི ཁོང་འདིར་མེད་གི ལྟ་བུ་རྣམས་ནི་སྐབས་འདིའི་རྩོད་གཞི་ཅན་གྱི་གི་རང་བཙན་ཅན་ས་སྟག་ཡིན་པ་དང༌། རྣམ་དབྱེ་དྲུག་པ་འབྲེལ་སྒྲའི་ཕྱོགས་ཙམ་མམ་ཁོངས་སུའང་མ་གཏོགས་པར་འབྲེལ་སྒྲ་མིན། ཀྱིན་དང་གྱིན། གིན་གསུམ་ནི་བཞིན་གྱི་སྒྲ་དང་མཚུངས་ཤིང་དུས་ལྟ་བ་ཁོ་ན་སྟོན་བྱེད་ཀྱི་ཕྲད་ཤ་སྟག་ཡིན་པ་དང༌། རྗེས་འཇུག་ལ་ངེས་པར་དུ་ལྟོས་ཏེ་འབྲི་དགོས་པ་ཡིན། བྱེད་ཀྱི་ཡོད། བྱེད་ཀྱི་རེད། བསམ་གྱི་ཡོད། བསམ་ཀྱི་འདུག ལྟ་བུ་རྣམས་ནི་འབྲེལ་སྒྲ་འཁྲུལ་མེད་ཡིན་པ་མ་ཟད་དུས་དང་དུས་ཀྱི་འབྲེལ་བ་གཙོ་བོ་སྟོན་པའི་འབྲེལ་སྒྲའི་ཕྲད་ཤ་སྟག་ཡིན། གྱིན་སྒྲའི་ཚབ་ལ་ཀྱིན་སྒྲ་དང༌། གིན་སྒྲའི་ཚབ་ལ་ཀིན་སྒྲ་སྦྱོར་མི་ཆོག་པ་ཅི་ཡིན་སྙམ་ན་ཡང༌། བོད་ཀྱི་བརྡ་སྤྲོད་རིག་པར་སྤྱི་དང་བྱེ་བྲག དངོས་བསྟན་དང་ཤུགས་བསྟན། དམིགས་བསལ་དང་དོན་ཐོབ། བརྗོད་བདེ་དང་བརྗོད་བདེ་མིན་པ། ཕོ་མོ་མ་ནིང༌། སྒྲ་གདངས་དྲག་ཞན་སོགས་ཀྱི་སྒོ་ནས་བཞག་ཡོད་པའི་གནད་འགག་འདི་དག་ཤེས་པར་བྱ་དགོས།གཞན་ཡང༌། དུས་རྟག་དུ་བོད་ཀྱི་དུས་བབ་ཚང་གི་དྲ་རྒྱའི་སྟེང་གི་ཟིན་བྲིས་པ་མང་པོ་ཞིག་གིས་ཕྲད་དང་རྣམ་དབྱེ་རང་བཙན་པ་མང་པོ་ཞིག་རང་རང་སོ་སོའི་འདོད་པ་ལྟར་ངག་ཐོག་གི་སྐད་ཆ་ཡོད་ཚད་དེ་མ་ཐག་ཡིག་ཐོག་ཏུ་འབྲི་སྲོལ་ཡོད་དང༌། སྐབས་རེ་ཁོང་ཚོའི་ཟིན་བྲིས་སུ་བཀོད་པ་རྣམས་ཀློག་མི་ཐུབ་པའི་དཀའ་ངལ་དང་དོན་གྱི་གོ་བ་ཅི་ཡང་རྙེད་རྒྱུ་མེད་པའི་དཀའ་ངལ་འཕར་མ་ཞིག་གིས་བོད་ཡིག་འབྲི་སྲོལ་ཁྱད་མཚར་པོ་མང་པོ་ཞིག་མཐོང་རྒྱུ་ཡོད་པ་དང༌། དེ་དག་ལ་དགེ་སྐྱོན་གྱིས་རྣག་ཐོག་གཙག་འཁེལ་གྱིས་བསམ་ཚུལ་དྭངས་མ་རེ་བརྗོད་དགོས་པ་ནི་བོད་ཀྱི་དུས་བབ་ཚང་དང་ང་ཚོ་ཐུན་མོང་གི་དུས་ལ་བབ་པའི་བསྒྲུབ་བྱའི་ལས་འགན་ཉག་ཅིག་ཏུ་བསམས།
    མི་ཉག་སྐལ་བཟང་འབོད་པས་ཆེན་པོ་ཧོར་རམ་སོག་ཡུལ་གྱི་རྒྱལ་ས་ཨུ་ལཱན་པཱ་ཐར་ནས།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ཡར་མར་མང་བོ་ཞིག་རྩོད་པ་ལས་བོད་གི་སྐད་ཡིག་གི་ལས་དོན་ལ་སུ་ཞིག་གི་བྱས་རྗེས་འཇོག་བཞིན་ཡོད་ན་དེ་ལ་རྒྱབ་སྐྱོར་དང་རོགས་འདེགས་བྱེད་རྒྱུ་དེ་ནི་འུ་ཅག་གི་ལས་འགན་ཡིན་པ་མ་བརྗེད་རོགས།

    Reply
  3. བསེ་རུ། says:
    ལོ་ 17 སྔོན།

    གི་སྒྲའི་ཐོག་ལ་བོད་ཀྱི་དུས་བབ་རང་ལ་ཡང་རང་ལུགས་གཏན་འཇགས་ཀྱི་རྣམ་པ་ཞིག་མི་འདུག་ལ།
    བེ་རི་འཇིགས་མེད་ལགས་དང་།ན་ག་སངས་རྒྱས་བསྟན་དར་ལགས་རྣམ་གཉིས་ཀྱིས་ཀྱང་གསར་འགོད་པ་དོན་གྲུབ་བཀྲ་ཤིས་ལགས་ཀྱིས་བཅར་འདྲི་བྱེད་སྐབས།
    གི་སྒྲའི་རང་བཙན་སླར་གསོ་བྱེད་དགོས་གསུངས་མེད་པར་སྙམ་ཞིང་།
    དེ་ནི་གསར་འགོད་པ་རང་ཉིད་ཀྱིས་བསམ་ཚུལ་ལྟར་འབྲི་བདེ་སྤྱོད་བདེར་བེད་སྤྱོད་གནང་བ་ཞིག་རེད་འདུག་སྙམ།
    ཅི་སྟེ་ང་ཚོས་ད་བར་བེད་སྤྱོད་བཏང་ཟིན་པའི་ཚིག་སྔ་ཕྱི་འབྲེལ་བའི་འབྲེལ་སྒྲ་རྣམས་ཡོད་ཚད་གི་སྒྲར་བཅོས་པའི་རང་དབང་ཞིག་སུས་སྤྲད་ཡོད་དམ།

    ད་བར་སྤྱད་ཟིན་པའི་སྒྲ་སྦྱོར་ལྟར་བེད་སྤྱོད་བྱས་པ་རྣམས་མཁས་དབང་རྣམས་ཀྱིས་སྐྱོན་དུ་མ་གཟིགས་པ་ཡིན་ནམ་ཅི།

    དུས་ད་ལྟ་བའི་བྱ་ཚིག་གི་རྗེས་སུ་་
    གཅོད་ཀྱིན་དང་
    སྒྲུབ་ཀྱིན་དང་
    ཤོད་ཀྱིན་
    བསམ་གྱིན་
    ཕན་གྱིན་སོགས་སྦྱོར་དགོས་པ་ནི་བརྡ་སྤྲོད་ལ་སྦྱངས་པ་བྱས་པ་ཟིན་པ་ཞིག་ཡིན་ན།མཁས་དབང་ཁག་ལ་བཅར་འདྲི་མ་ཞུས་ཀྱང་རྟོགས་ཐུབ་པ་ཞིག་རེད།

    Reply
  4. བསེ་རུ། says:
    ལོ་ 17 སྔོན།

    སྟག་སྨྱོན་ལགས།
    ཁྱེད་ཀྱིས་དེ་སྔོན་ནས་གི་སྒྲ་འབྲི་སྟངས་འདི་ལ་མི་འདོད་པའི་རྣམ་འགྱུར་འཛིན་མཁན་ཞིག་ཡིན་ན་ཡང་།
    དེ་རིང་འདིར་དུས་བབ་གསར་ཤོག་གི་གི་སྒྲའི་རང་བཙན་ལ་རྒྱབ་སྐྱོར་གནང་གིན་ཡོད་པའི་སྣང་ཚུལ་འདུག་པས།
    ཁྱེད་ཉིད་དེ་རིང་ཨ་རག་མཆོད་དེ་ཅུང་བཟི་མེད་དམ་བསམ་བྱུང་།
    ཨ་ཙི་རྩེད་མོ་ཡིན།
    གང་ལྟར་ང་ཚོ་ཚང་མ་བདེན་དོན་གྱི་རྗེས་སུ་འབྲང་དགོས་པ་སྨོས་མེད་ཡིན་སྟབས།དེ་རིང་འདི་ལྟར་སྨྲ་བར་དགོས་པ་ཆེན་པོ་ཞིག་ཡོད་ངེས་སྙམ།

    ཁྱེད་ཉིད་ཀྱི་གོང་དུ་མཆན་གྱི་ནང་དུ།
    དིས་བབ་དང་
    ཞི་རྒྱི་
    ཞབས་ཀྱི་སོགས་གསུངས་པ་དེ་ང་ཚོ་ཨ་མདོའི་སྐད་ཀྱི་ནང་ལ་སྐད་གདངས་ཀྱི་དབང་གིས་དབྱངས་ཨུ་དང་ཨི་སྒྲ་གདངས་ཤིན་ཏུ་ཉེ་བས་སྐྱོན་དེ་ལྟར་ཡོང་བཞིན་པ་ནི་ང་ཚོའི་ཨ་མདོ་ཤེས་ཡོན་ཅན་ཚོའི་ནང་ལ་ཡོང་བཞིན་འདུག་པས་དེ་དོན་ཚང་མས་ཐུགས་སྣང་དགོས་པ་ནི་བདེན་པ་ཡིན་ལ།

    དེའི་རྗེས་སུ་ལྷ་སའི་སྐད་ལ་མེ་ཏོག་ལ་མེ་ཏོ་སོགས་འབོད་ཀྱི་ཡོད་པ་དེ་བརྒྱ་ཆ་བརྒྱ་བདེན་པ་མིན།
    དེའི་སྐྱོན་ཆ་དེ་ང་ཚོས་ཡོ་བསྲང་བྱེད་དགོས་པ་ནི་ཐོག་བོད་ཀྱི་སྐད་ཡིག་གཅིག་གྱུར་ལ་སྨན་པའི་བྱ་བ་ཞིག་ཡིན།

    དེ་ལས་ལྡོག་སྟེ་ཡུལ་རང་རང་གི་སྐད་གདངས་ཡོད་ཚད་ཡིག་ཐོག་ཏུ་འགོད་དགོས་བྱུང་ན་ངལ་བའི་རྒྱུ་ལས་མ་འདས་སོ།།

    Reply
  5. སྟག་སྨྱོན། says:
    ལོ་ 17 སྔོན།

    ལྷ་སའི་སྐད་ལ་རྗེས་འཇུག་མི་དགོས་གི། མེ་ཏོ(མེ་ཏོག)། ཡ་པོ(ཡག་པོ)། ལྐུ་པ(ལྐུག་པ)། ན་པོ(ནག་པོ)། དཀ་པོ(དཀར་པོ)། སེ་པོ(སེར་པོ)། ཅེས་འབྲི་ཐུབ་ན་བཟང་གི་རེད།

    Reply
  6. སྟག་སྨྱོན། says:
    ལོ་ 17 སྔོན།

    ནོར་བཅོས། བསམ་གྱི་འདུག་མ་རེད། དེའི་ཚབ་ལ་བསམ་གི་འདུག་འབྲི་རོགས།

    Reply
  7. སྟག་སྨྱོན། says:
    ལོ་ 17 སྔོན།

    དུས་བབ་གི་གསར་ཤོག་གི་ནང་གི་གི་སྒྲ་འབྲི་སྲོལ་འདི་ངོ་ནས་དགོས་གི་བསམ་གྱི་འདུག དེ་ཐོག་ལ་ལ་དོན་གི་ཕྲད་བདུན་གི་དྲུག་མེད་པ་བྱས་ནས་ལ་གཅི་པོ་གིས་འགྲིག་གི་འདུག་བསམ་གི ལ་དོན་ལ་ལ་གིས་མི་འདང་གི་ཟེར་ན་ཧམ་གི་སྐད་ཆ་རེད་བསམ་གི གི་གཅིག་པོ་ལས་མེད་ན་ཞེ་གི་སྐྱིད་གི།
    ལྷག་བཅས་གི་ཕྲད་ཏེ་དེ་སྟེ་གསུམ་ཡང་ཡིག་གཟིགས་གི་ཁྱད་པར་ཡོད་གི་མ་གཏོགས། སྒྲ་གཅིག་གི་འདུག་པས་དེའི་ཕྱིར་དེ་ལའང་དེ་གཅིག་འདམ་ནས་ལྷག་བཅས་གི་ལྷག་མ་ཏེ་སྟེ་གཉིས་མི་མཁོ་གི་བསམ་གི། བརྡ་འཕྲོད་ན་དེས་མི་འགྲིག་པ་མེད་གི་བསམ་གི། ཁྱོད་ཚོས་བསམ་གི་ཡོད་ནོ་བཤད་ན་འགྲིག་གི་ཨི་རེད། ང་གི་འབྲི་སྟངས་འདི་བོད་ཡི་གི་བརྡ་སྤྲོད་གི་གཞུང་དང་མི་མཐུན་གི་ཟེར་གི་རེད། ཡིན་ན་འབྲི་སྟངས་འདི་དུས་བབ་ཚང་གི་སུམ་རྟགས་གསར་མ་གི་འགྲོ་ལུགས་ཡིན་པ་ཤེས་གི་ཆུགས། སྤྱི་འཐུས་བེ་རི་དང་ན་ག་སངས་དར་གིས་ཡང་འདི་ལྟར་འབྲི་དགོས་གི་འདུག་གསུངས་གི་འདུག་ཟེར་བ་གོ་གི་འདུག སྐུ་ངོ་ཁོ་ཚོ་གིས་བཤད་པ་མ་ཉན་ན་འགྲིག་གི་རེད་བསམ་གི་མི་འདུག

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    སྟག་སྨྱོན་ལགས། ད་ནི་ཁྱེད་ཀྱིས་ཁོང་ཆོའི་རེ་བ་སྐོང་གི་ཡོད་ཀི་མོད། ད་ཁོང་ཚོ་དགའ་ནི་ཡིན་ནོ་ཁོ་ཐག་ཡིན། ཧཧཧཧཧ ཨ་ལ་ཀུ་རེ་ཡིན། ཡིན་ཡང་། མིང་དང་སྙན་གྲགས་ཡོད་མཁན་དེ་དག་གི་གང་བཤད་ན་དེ་ལ་བདེན་པར་འཛིན་རྒྱུའི་ལུགས་སྲོལ་ཞིག་བོད་པ་འདི་ཚང་གཅིག་བུ་མ་ཡིན་པར་འཛམ་གླིང་གི་མི་མང་ཤོས་ལ་ནད་ཚ་འདི་འཕོག་ཡོད་པ་རེད། དཔེར་ན་མི་དཀྱིས་མ་ཞིག་གི་སྐད་ཆ་དང་མིང་དང་སྙན་གྲགས་ཡོད་མཁན་གྱི་མི་གཉིས་ཀྱི་བཤད་བཞིན་པའི་སྐད་ཆ་གཅིག་ཡིན་ཡང་རྒྱལ་ཁ་དེ་ནི་མིང་དང་སྙན་གྲགས་ཡོད་མཁན་དེ་ལ་ཐོབ་པ་ལས། སྐད་ཆ་དེ་ནི་མགོ་འཛུགས་མཁན་མི་དཀྱིས་མ་དེ་ཡིན་དང་མིང་དང་སྙན་གྲགས་ཡོད་མཁན་དེ་ཡིན་རྩད་གཅོད་བྱེད་ལུགས་ཤིག་ད་ལྟ་དར་མེད་པ་རེད།

    Reply
  9. སྟག་སྨྱོན། says:
    ལོ་ 17 སྔོན།

    ལ་དོན་ལ་ལ་གཅིག་པོས་མ་འདང་བ་ག་རེ་འདུག དོན་གྲིབ་བཀྲ་ཤིས་ད་ཨི་དགའ་གི

    Reply
  10. སྟག་སྨྱོན། says:
    ལོ་ 17 སྔོན།

    ལ་དོན་ལ་ཡང་མང་པོ་དགོས་གི་མ་རེད་ཟེར་གི་ཡོད། ལ་གཅིག་པོས་འདང་གི་རེད་བསམ་གི་འདུག། འདི་ཡང་ཉིང་དི་བཏང་ནས་ལ་དོན་ལ་གཅིག་པོ་འབྲི་རོགས་ཞི་གི་ཡོད།

    Reply
  11. སྟག་སྨྱོན། says:
    ལོ་ 17 སྔོན།

    དིས་བབ་ཚང་ལ་འདོད་པ་བྱོས་ཞི་རྒྱི་དེ་ཡིན། གི་ཡིག་གི་ང་ཚོ་བོད་ཡིག་གི་འགྲོ་སྟངས་གི་ཁྲིམས་ལ་མ་བསྟིན་མི་དགོས་གིས་ཐོག་ནས་སྤྱོད་ན་འགྲིག་གི་རེད། དེ་བཞིན་ཨ་མདོ་གི་སྐད་གི་ནང་ལ་ཞབས་ཀྱི་མི་དགོས་པས་དེ་ཡང་ཞབས་ཀྱི་མེད་པར་ཀི་སྒྲ་གཅིག་པོས་འཐིས་པ་བྱེད་ཆོག་གི་རེད། ཁྱེད་ཚོའི་སེམས་ནང་གི་རེ་བ་བཞིན་གྱི་ཀྱི་རྣམས་བོད་ཡིག་གི་ནང་གི་མེད་པ་བཟོས་ཤོག་ཨ། ང་གི་མཆན་གི་ནང་ལ་གི་གཅིག་པོ་ལས་བྲིས་མེད་པ་དིས་བབ་ཚང་གི་འགྲོ་སྟངས་གི་རྗེས་སུ་འབྲེང་གི་ཡོད་པ་དེ་མཚོན་གི་ཡོད་གི་རེད།

    Reply
  12. དགྲ་འདུལ། says:
    ལོ་ 17 སྔོན།

    ར་ཀཿར་རིན་པོ་ཆེ་མཆོག་ནི་ད་སྐབས་བཞུགས་བསྡད་པའི་བོད་མི་མཁས་པའི་གྲས་ཀྱི་རྒན་ཤོས་ཤིག་ཡིན་སྟབས། ཁོང་གི་གསུང་འདི་དག་གལ་ཆེན་དུ་བརྩི་དགོས་པ་སྨྲོས་མེད་རེད། ལྷག་པར་དུ་མཁས་པ་རྣམས་ལ་ནི་དགག་གཞག་གི་ལམ་ནས་བརྩི་དགོས་པ་མ་གཏོགས་ར་མ་ལུག་གི་འགྲོ་སྟངས་དང་། ཆུ་སྣ་གར་ཁྲིད་ཀྱི་རྗེས་སུ་འབྲངས་ན་མཁས་པར་དམའ་འབེབས་ཀྱི་ཚུལ་ལས་མ་འདས། དེ་བས། ང་ཚོས་ཁོང་གི་རྩོམ་ཡིག་འདི་ལ་གདེང་འཇོག་བྱེད་སྟངས་ཤེས་དགོས་པ་རེད། ངས་འདི་ནས་སྐབས་དོན་ཞུ་རྒྱུ་ཞིག་ལ། ཁོང་གིས་གི་སྒྲ་དང་བགྱི་གཉིས་སྦྱོར་སྟངས་གསུངས་འདུག་ཀྱང་དེས་ད་ལྟའི་གི་སྒྲའི་དཀའ་ངལ་ངོ་མ་དེ་སེལ་ཐུབ་མེད་པར་འདོད། དཔེར་ན། ངས་དཔེ་དེབ་ཅིག་ཀློག་གི་ཡོད། ཅེས་པ་འདི་མདོ་དབུས་ཁམས་གསུམ་ལ་བརྡ་བྱེད་དང་བརྡ་སྤྲོད་གཅིག་གྱུར་རེད། ཡིན་ནའང་རིན་པོ་ཆེ་མཆོག་གིས་སྐབས་འདིའི་གི་སྒྲའི་ཚབ་དུ་བགྱི་འཇོག་ཐུབ་གི་ཡོད་དམ། གལ་སྲིད་མེད་ན་གི་སྒྲའི་ཚབ་ཏུ་གཞན་པ་ཅི་ཞིག་འཇོག་རྩིས་ཡིན་ནམ། འདིའི་སྐབས་ཀྱི་གི་སྒྲའང་འགའ་ཞིག་གིས་བཤད་པ་ལྟར། ཚིག་སྔ་ཕྱི་འབྲེལ་བའི་སྒྲ་ལ་འབྲེལ་སྒྲ་ཟེར་ཞེས་མཚན་ཉིད་འཇོག་གམ། གལ་སྲིད་དེ་ལྟར་ཡིན་ཚེ་བོད་ཡིག་གི་ཚིག་ཕྲད་ཀྱི་ཁྲོད་དུ་ཚིག་སྔ་ཕྱི་འབྲེལ་བའི་སྒྲ་མིན་པའི་ཚིག་ཕྲད་ཅིག་རིན་པོ་ཆེས་འཇོག་ཐུབ་བམ། ངོ་མ་ཡིན། གུ་ཡངས་ཙམ་མེད་དུས་དཀའ་ལས་འཕྲད་ས་རེད།

    Reply
  13. བསེ་རུ། says:
    ལོ་ 17 སྔོན།

    ནོར་བཅོས
    རིགས་སློབ་《ངག་རྣམས་ཀྱིས།》
    ཞེས་པ་རིགས་སློབ་《ངག་རྣམ་གྱིས་》་ཞེས་ནོར་བཅོས་ཡོད་པ་ཞུ།

    Reply
  14. བསེ་རུ། says:
    ལོ་ 17 སྔོན།

    གནས་ཚུལ་དེའི་ཐད་ཕྲན་ངག་དབང་རྡོ་རྗེས་ཐོག་མར་གླེང་སློང་གི་ཚུལ་དུ།
    བོད་ཀྱི་དུས་བབ་ཏུ་《གི་སྒྲའི་བཙན་འཛུལ་སླེབས་འདུག་》ཅེས་པའི་བསམ་ཚུལ་ཞིག་བཤད་ཡོད་ཅིང་།
    དེའི་རྗེས་སུ་གསར་འགོད་པ་དོན་གྲུབ་བཀྲ་ཤིས་ལགས་ཀྱིས་《གི་སྒྲའི་རང་བཙན་སླར་གསོ།》ཞེས་པའི་ཆེད་རྩོམ་ཞིག་སྤེལ།
    དེ་རྗེས་ཡང་བསྐྱར་རིགས་སློབ་ངག་རྣམས་ཀྱིས་《གི་སྒྲའི་འཕྲོས་དོན།》ཞེས་པའི་ཆེད་རྩོམ་ཞིག་སྤེལ་བ་རེད།
    དེ་རིང་འདིར་《གི་སྒྲ་ལས་འཕྲོས་པའི་གཏམ།》ཞེས་པའི་ཆེད་རྩོམ་ཞིག་སྤེལ་གནང་འདུག་པས་ཁྱེད་རྣམས་ཀྱིས་བོད་ཀྱི་སྐད་ཡིག་གི་བླ་སྲོག་ལ་ཐུགས་ཁུར་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
    ཁོ་བོས་དེའི་ཐོག་དྲ་རྒྱའི་ཟིན་བྲིས་བརྒྱུད་དེ་གནད་དོན་དེའི་ཐད་བོད་ཀྱི་དུས་བབ་གསར་ཁང་ནས་གི་སྒྲ་ཁོ་ན་སྤྱོད་དགོས་པའི་དགོས་པ་རྒྱུ་མཚན་གསལ་འདེབས་བྱ་རྒྱུར་རེ་བ་བྱས་ཤིང་།
    བཙན་བྱོལ་ནང་གི་ཤེས་ཡོན་ཅན་ཚོས་དེའི་ཐོག་ལ་ཕན་ཚུན་བགྲོ་གླེང་གནང་རྒྱུར་ཡང་རེ་སྒུག་བྱས་པ་ཡིན།
    འོན་ཀྱང་།
    དེ་ཁོ་ནའི་ཐོག་བོད་ཀྱི་དུས་བབ་ཀྱི་རྩོམ་སྒྲིག་པ་དང་གསར་འགོད་པས་རང་གར་བཅོས་བསྒྱུར་གནང་ན་མི་འགྲིག་པའི་ལྟ་ཚུལ་འཛིན་གྱི་ཡོད་ལ།
    ལྷག་པར་དུ་བོད་གཞིས་བྱེས་ལྷན་འཛོམས་བྱུང་བའི་མཚམས་སུ་མ་གཏོགས་བོད་ཀྱི་སྐད་ཡིག་ལ་བཀས་བཅད་བཞི་པ་བྱ་མི་ཐུབ་པའི་ལྟ་ཚུལ་ཡང་འཛིན་གྱིན་ཡོད།

    Reply
  15. གནས་ཚང་། says:
    ལོ་ 17 སྔོན།

    ད་ཡག་པོ་ཞེ་དྲག་རེད། མཁས་དབང་ཞིག་གིས་གཞུང་བཟུང་ན་འདི་འདྲ་ཆགས་འདུག ད་མ་ཧཱ་མཁས་དབང་ཞིག་བྱོན་ན་མ་གཏོགས་བཅོ་ཐབས་ཁྱོན་ནས་བརྙེད་ས་མ་རེད། ཡིག་ནོར་ཐག་གཅོད་བྱེད་མི་ཐུབ་པའི་གཞུང་ཞིག་གིས་བོད་དོན་ཇི་ལྟར་འཇོན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese