མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཝ་རཱ་ཎཱ་སིར་གསུང་ཆོས་བསྩལ་བཞིན་པ།

བོད་ཀྱི་དུས་བབ།
༢༠༠༩/༠༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཉིན་ ༦ རིང་ལ་ཝ་རཱ་ཎཱ་སིར་རྒྱལ་ཁབ་ ༣༠ ལྷག་ནས་ཕེབས་པའི་མི་མང་ཁྲི་ ༢ ལྷག་ལ་སྤྱོད་འཇུག་ཆེན་མོ་དང༌། མངོན་པ་ཀུན་བཏུས་ཀྱི་གསུང་ཆོས་གནང་གིན་ཡོད་པ་རེད།

ྋགོང་ས་མཆོག་ཟླ་འདིའི་ཚེས་ ༦ སྔ་དྲོ་བཞུགས་སྒར་རྡ་ས་ནས་ཆིབས་ཐོན་གྱིས་གུ་ཇུ་རཱ་ཏི་མངའ་སྡེ་བྷའུ་ནཱ་གྷལ་རྫོང་གི་ཀེ་ལཱ་ཤ་གྷུའུ་རོའུ་ཁེལ་དུ་འཛམ་གླིང་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་ཤིག་ཚེས་ ༦ ནས་ཚེས་ ༡༡ བར་འཚོགས་བཞིན་པ་དབུ་འབྱེད་གནང་བར་ཕེབས་ཡོད་པ་དང༌། དབུ་འབྱེད་སྐབས་༧གོང་ས་མཆོག་གིས་ཆོས་ལུགས་ཕན་ཚུན་བར་གྱི་མཛའ་མཐུན་ནི་ངེད་རང་གིས་རྒྱུན་དུ་གལ་ཆེ་བའི་གནད་དོན་གསུམ་བརྗོད་བཞིན་པ་ལས་གཅིག་ཡིན་ལ་དེ་ནི་ཧ་ཅང་གིས་གལ་ཆེན་པོ་རེད། ཆོས་ལུགས་གང་ཡང་རུང་བས་འཛམ་གླིང་ཞི་བདེ་ཡི་ཆེད་དུ་བཟོད་སྒོམ་གནང་དགོས་པ་དང༌། ཆོས་ལུགས་ཐམས་ཅད་ཀྱི་དམིགས་ཡུལ་གཅིག་པ་རེད་ཅེས་གསུངས་ཡོད་འདུག ལྷན་ཚོགས་དེ་ནི་སྐུ་ཞབས་ཤཱི་རི་རཱམ་ཁཱ་ཐཱ་ཁཱར་མཱོ་རཱ་རི་བྷ་བྷོའུ་ནས་འཛམ་གླིང་གི་སྣ་ཚོགས་ཆོས་ལུགས་ཚང་མ་མཛའ་མཐུན་མཉམ་གནས་ཡོང་སླད་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང༌། ལྷན་ཚོགས་དེའི་ཁྲོད་དུ་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་དང་སྐུ་ཚབ་ཕེབས་ཡོད་ལ། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་ཡང་མཉམ་ཕེབས་ཀྱིས་གསུང་བཤད་གནང་ཡོད་འདུག   ཚེས་ ༧ ཉིན་༧གོང་ས་མཆོག་ཝ་རཱ་ཎཱ་སིར་ཞབས་སོར་འཁོད་ཡོད་ཅིང༌། ཚེས་ ༨ ནས་ཚེས་ ༡༤ བར་ཝར་ཎཱ་ཆེས་མཐོའི་སློབ་གྲྭར་སྤྱོད་འཇུག་དང༌། མངོན་པ་ཀུན་བཏུས་ཀྱི་གསུང་ཆོས་གནང་གིན་ཡོད་པ་དང༌། ཐེངས་འདིའི་གསུང་ཆོས་གོ་སྒྲིག་ཞུ་མཁན་ནི་མདོ་སྨད་ཆོལ་ཁ་དང་བྱང་རྩེ་བླ་སྤྲུལ་ལྷན་ཚོགས། ཨ་མདོ་འཕེལ་རྒྱས་འདས་པོའི་ནང་མི།  བལ་ཡུལ་ཏྲེ་ཧོར་ཐུབ་བསྟན་དཔལ་འབྱོར་ཁྱིམ་ཚང༌། རྡ་ས་བློ་གྲོས་དཔལ་འབྱོར་ཁྱིམ་ཚང་བཅས་ཡིན་པ་དང༌། གསུང་ཆོས་ཞུ་མཁན་རྒྱལ་ཁབ་ ༣༠ ལྷག་ནས་མི་མང་ ༢༠༠༠༠ ཙམ་ཕེབས་ཡོད་འདུག གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བཀའ་ཟུར་ཨ་ལག་འཇིགས་མེད་ཐུབ་བསྟན་ལྷུན་གྲུང་ལགས་ཀྱིས་གནས་ཚུལ་གསུངས་པ་ལྟར་ན། རྒྱ་གར་གྱི་ས་གནས་གང་སའི་མཁན་པོ་བླ་སྤྲུལ་གཙོས་པའི་བོད་མི་སེར་སྐྱ་ ༦༠༠༠ ལྷག་དང༌། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པ་ ༣༠༠༠ ལྷག ཕྱི་རྒྱལ་ཁག་ནས་མི་གྲངས་ ༡༥༠༠ ལྷག་དང་བོད་ནས་བོད་མི་ ༡༥༠ ལྷག་ཙམ་ཆོས་ཞུ་བར་སླེབས་ཡོད་འདུག་ལ། ཚེས་ ༨ ཉིན་༧གོང་ས་མཆོག་གིས་ཆོས་ཞུ་བ་ཚོར་ཝ་རཱ་ཎཱ་སི་རུ་སངས་རྒྱས་ཀྱིས་ཆོས་མཁོར་དང་པོ་བསྐོར་བའི་བདེན་བཞི་ངོ་སྤྲོད་དང༌། སྒོམ་རིམ་གྱི་ངོ་སྤྲོད་སྐོར་བཀའ་ཆོས་བསྩལ་ཡོད་པ་དང༌། ཚེས་ ༡༣ བར་དུ་༧གོང་ས་མཆོག་གིས་སྤྱོད་པ་འཇུག་མོ་དང༌། སྒོམ་རིམ་གྱི་གསུང་ཆོས་བཀའ་དྲིན་བསྩལ་རྒྱུ་ཡིན་འདུག ཚེས་ ༡༣ ཉིན་གྱི་ཞོགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་རྒྱུ་ཡིན་པ་དང༌། ཉིན་དེའི་ཕྱི་དྲོ་ཨ་རུ་ན་ཅལ་མངའ་སྡེ་ཡི་བློན་ཆེན་གཞོན་དང་མཉམ་དུ་ཝ་རཱ་ཎཱ་སིའི་མཆོད་རྟེན་གྱི་མདུན་དུ་མང་ཚོགས་དང་མཉམ་དུ་༧གོང་ས་མཆོག་གིས་སྤྱི་ལོ་ ༢༠༠༨ ལོར་བོད་ནང་དུ་བྱུང་བའི་ཞི་རྒོལ་ཁྲོད་རང་སྲོག་ཤོར་བའི་དཔའ་བོ་དཔའམོ་ཚོ་གཙོས་པའི་འཛམ་གླིང་ཞི་བདེའི་ཆེད་འབུམ་ཚོགས་འཚོགས་ཀྱིན་ཡོད་པ་དང༌། ཚེས་ ༡༤ ཉིན་གྱི་སྔ་དྲོ་གོང་གི་གསུང་ཆོས་གོ་སྒྲིག་ཞུ་མཁན་རྣམས་དང༌། བོད་ཀྱི་གཞོན་ནུ་ལྷན་ཚོགས། སི་ལི་གྷུའུ་རི་ཡི་སཱ་ལོའའུ་གྷ་རཱ་རུ་ཡོད་པའི་སྲད་རྒྱུད་གྲྭ་ཚང་གི་མ་དགོན་བཅས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་གྱིན་ཡོད་པ་དང༌། དེའི་རྗེས་༦གོང་ས་མཆོག་གིས་མི་མང་ལ་ཚེ་དབང་གནང་རྒྱུ་ཡིན་འདུག ཉིན་གྲངས་བདུན་གྱི་གསུང་ཆོས་གནང་གྲུབ་རྗེས་ཚེས་ ༡༥ ཉིན་༧གོང་ས་མཆོག་གིས་ཝ་རཱ་ཎཱ་སིར་ནང་པ་དང་ཆོས་ལུགས་གཞན་པའི་བར་གྱི་བགྲོ་གླེང་ཞིག་གཙོ་སྐྱོང་གནང་རྒྱུ་དང༌། ཚེས་ ༡༦ ཉིན་ནང་ཆོས་དང་ཚན་རིག་བར་འབྲེལ་བ་གང་ཡོད་སྐོར་གྱི་རྒྱལ་སྤྱིའི་ཚོགས་འདུ་ཞིག་དབུ་འབྱེད་གནང་རྒྱུ་ཡིན་འདུག་ལ།  ཚེས་ ༡༧ ཉིན་ལྡི་ལིར་ཛཱ་མི་ཡ་གཙུག་ལག་སློབ་གཉེར་ཁང་དུ་དགུ་པའི་བཅུ་གཅིག་རྗེས་ཀྱི་འཛམ་གླིང་ཆོས་ལུགས་ཞེས་པའི་ཚོགས་ཆེན་དུ་ལྷན་ཞུགས་ཀྱིས་བཀའ་སློབ་བསྩལ་རྒྱུ་ཡིན་པ་དང༌། ཚེས་ ༢༠ ཉིན་ལྡི་ལི་ནས་ཅེ་ནེལ་དང་བར་ཐག་ཀི་ལོ་མི་ཌར ༡༦༠ ཡོད་པའི་ཨོ་རོ་ཝེ་ལཱར་ཕེབས་ཏེ་ས་ཁུལ་དེ་གའི་བོད་ཁང་ཞེས་པ་ཞིག་དབུ་འབྱེད་བཀའ་དྲིན་བསྐྱང་རྒྱུ་དང་དེ་གྲུབ་རྗེས་ཨཱོ་རཱོ་ཝེལཱའི་མི་མང་ལ་བཀའ་སློབ་བསྩལ་རྒྱུ་ཡིན་འདུག དེའི་རྗེས་ཚེས་ ༢༡ ཉིན་ཨོ་རོ་ཝེ་ལཱ་ནས་ཅེ་ནེལ་ཏུ་ཆིབས་སྒྱུར་བསྐྱང་སྟེ་མ་ངྡི་རཱ་སིེ་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་ཚོར་བཀའ་སློབ་བསྩལ་རྒྱུ་དང་དྲི་བ་ཁག་ལ་བཀའ་ལན་གནང་རྒྱུ་ཡིན་ཞིང་ཕྱི་ཚེས་ ༢༢ ཉིན་ཅེ་ནེལ་ནས་ལྡི་ལི་དང་དེ་ནས་བཞུགས་སྒར་རྡ་སར་ྋཞབས་སོར་འཁོད་རྒྱུ་ཡིན་འདུག 

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

ཆུ་ཚོད་ ༡ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

ཆུ་ཚོད་ ༢ སྔོན་ལ།
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

ཆུ་ཚོད་ ༤ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

༢༠༢༦/༠༩/༢༣
རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་གཏམ་བཤད་གནང་བཞིན་པ། པར་རྒྱལ་ལོ་ལགས་ཀྱིས་མཁོ་སྤྲོད་བྱས།
Mobile App

རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

༢༠༢༦/༠༩/༢༣
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

༢༠༢༦/༠༩/༢༣

མཆན། 1

  1. གངས་སྐྱིད། says:
    ལོ་ 18 སྔོན།

    བོད་མི་མང་སྤྱི་འཐུས་ཚོགས་གཙོ་ནས་གཙོས་པའི་མི་མིང་གྲགས་ཅན་རྣམས་ཀྱིས་ཝཱ་ར་ཎ་སིར་སྤྱི་མཐུན་གྱི་བསོད་ནམས་གསོག་གི་ཡོད་ས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese