མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་གཉིས་འཇུས་པ།

བོད་ཀྱི་དུས་བབ།
༢༠༠༩/༠༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

དཀོན་མཆོག་སྒྲོལ་མ་དང་ངག་དབང་བསོད་ནམས་ཞུ་བ་གཉིས་སྔ་ཕྱི་ལྟར་དཀར་མཛེས་ས་ཁུལ་ནས་ཉེན་རྟོག་པས་འཇུས་ཡོད་འདུག

ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་ ༥ ཉིན་དཀར་མཛེས་ས་ཁུལ་གྱི་བོད་མི་ངག་དབང་བསོད་ནམས་ཞུ་བ་ཞིག་གིས་དཀར་མཛེས་ཉེན་རྟོག་ལས་ཁུངས་ཀྱི་མདུན་ནས་ངོ་རྒོལ་བྱས་པར་བརྟེན་འཇུས་འདུག་ལ། དེ་བཞིན་ཟླ་སྔོན་མའི་ཚེས་ ༢༩ ཉིན་དཀོན་མཆོག་སྒྲོལ་མ་ཞེས་པའི་བུད་མེད་ཅིག་ཀྱང་གོང་གསལ་ཉེན་རྟོག་ལས་ཁུངས་ཀྱི་མདུན་ནས་ངོ་རྒོལ་བྱས་སྟབས་འཇུས་ཡོད་འདུག

མིང་འདོན་འདོད་མེད་མཁན་བུད་མེད་ཅིག་གིས་གོང་གསལ་གསར་ཁང་ལ་བརྗོད་དོན། ངག་དབང་བསོད་ནམས་ཀྱིས་ཕྱི་ཚེས་ ༥ ཉིན་དཀར་མཛེས་ཉེན་རྟོག་ལས་ཁུངས་ཀྱི་མདུན་ནས་བོད་རང་བཙན་ཡིན་ཅེས་སྐད་འབོད་དང་། ཤོག་བུ་མང་པོ་གཏོར་སོང་ལ། ཤོག་བུ་དེ་དག་གི་ཁྲོད་དུ་རླུང་རྟ་དང་ངོ་རྒོལ་ཡིག་ཆ་སོགས་ཡོད་ཚུལ་འདུག

ངག་དབང་བསོད་ནམས་ནི་རང་ལོ་ ༣༢ ཡིན་པ་དང་། དཀར་མཛེས་ཁུལ་དཀར་མཛེས་རྫོང་མཚོ་མགོ་ཞང་ཧོར་པོ་སྡེ་བ་ནས་ཡིན་འདུག

གནས་ཚུལ་མཁོ་སྤྲོད་པས་བཤད་པ་ལྟར་ན། ཉེན་རྟོག་པ་སྐོར་ཞིག་གིས་ཁོང་ལ་སྨན་རྫས་མེ་མདའ་འགའ་ཤས་བརྒྱབས་པ་དང་། ཉེས་རྡུང་བཏང་རྗེས་རླངས་འཁོར་ཞིག་ཏུ་བཞག་ནས་ཁྲིད་ཡོད་འདུག

གཞན་ཡང་ཕ་ཡུལ་དྲ་རྒྱས་གནས་ཚུལ་སྤེལ་བ་ལྟར་ན། རང་ལོ་ ༢༩ ཡིན་པའི་བུད་མེད་དཀོན་མཆོག་སྒྲོལ་མ་ཞུ་བ་ཞིག་གིས་ཀྱང་གོང་གསལ་ཉེན་རྟོག་ལས་ཁུངས་ཀྱི་མདུན་དུ། ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པ་དང་། བོད་རང་བཙན་ཡིན་ཅེས་སྐད་འབོད་བྱས་པར་བརྟེན་ཉེན་རྟོག་པས་འཇུས་ཡོད་འདུག

དཀོན་མཆོག་སྒྲོལ་མའི་ཕ་མིང་ལ་ཚེ་དབང་མགོན་པོ་དང་། མའི་མིང་ལ་ལྷ་མོ་གཡང་སྐྱིད་ཅེས་འབོད་པ་དང་། གནས་ཚུལ་ལྟར་ན། ཁོང་མོ་མ་འཇུས་སྔ་ཉིན་དེར་མོ་རང་གི་ཕུ་བོས་སྤྲད་པའི་རྒྱ་སྒོར་ ༢༠༠ ཡིན་པའི་སྟོད་གཡོག་ཅིག་ཉོས་ཡོད་འདུག

མོ་རང་མ་འཇུས་པའི་སྔོན་དེར་ཁ་བཏགས་དཀར་པོ་ཡུག་གཅིག་དང་། རྒྱ་སྒོར་ ༢༠༠ ས་གནས་དགོན་པར་ཕུལ་བ་དང་། དེ་ནས་ཉེན་རྟོག་པའི་ལས་ཁུངས་ཀྱི་མདུན་དུ་ཤར་སྐྱོད་ཀྱིས་སྐད་འབོད་སྐབས། རླུང་རྟའི་ཤོག་བུ་དང་བོད་རང་དབང་། ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག ཅེས་བྲིས་པའི་ཡིག་ཆུང་སོགས་གཏོར་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

ཆུ་ཚོད་ ༣ སྔོན་ལ།
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

ཆུ་ཚོད་ ༦ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦

མཆན། 3

  1. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 18 སྔོན།

    ཁོང་རྣམ་གཉིས་ཀྱིས་ ༢༠༠༩ ལོའི་བོད་མིའི་མནར་སྡུག་དེ་བཤད་འདུག ལྷག་པར་དུ། སྔར་དང་མི་འདྲ་བ་ཞིག་ལ་ཁོང་གཉིས་ཀས་རང་ཁྱིམ་ནས་སྡུག་བསྔལ་མྱོང་བ་ལས། སེམས་ཐག་ཆོད་པོའི་སྒོ་ནས་ཕར་ཕྱོགས་ཀྱི་བཙོན་དུ་སོང་ན་དགའ་བ་འདུག་ཅེས་བཤད་པ་རེད། སྐད་ཆ་འདིའི་གོ་དོན་ནི། རང་ཁྱིམ་དང་བཙོན་ཁང་གཉིས་ལ་ཁྱད་པར་མི་འདུག་ཅེས་པ་དེ་རེད།

    Reply
  2. བསེ་རུ། says:
    ལོ་ 18 སྔོན།

    ང་ཚོ་བོད་མི་ཚོ་ཇི་སྲིད་ས་སྟེང་འདི་ནས་མ་སྟོངས་པ་དེ་སྲིད་དུ་བདེན་དོན་འཚོལ་སྙེག་ལ་བཞུད་རྒྱུ་ཡིན་པ་ང་ལ་ཡིད་ཆེས་ཡོད།
    ང་ཚོའི་མི་རབས་འདི་དང་མི་རབས་རྗེས་མ།
    ད་དུང་རྣམ་ཤེས་ཁྲི་མ་འབུམ་གྱི་རེ་འདོད་ཀྱང་དེ་རང་རེད།
    ང་ཚོས་ཤེས་པའི་གནས་ཚུལ་ཉིན་སྐར་ཙམ་རེད།
    འོན་ཀྱང་ང་ཚོའི་སེམས་ནང་གི་སྡུག་བསྔལ་ནི་མཚན་མོའི་སྐར་ཚོགས་བཞིན།
    མདོ་དབུས་ཁམས་གསུམ་གྱི་ཁུལ་དུ་ཡོད་པའི་བཙོན་ཁང་ཁག་ནང་ངའི་ཡབ་ཡུམ་གཅེན་གཅུང་སྤུན་ཉེ་གྲོགས་མཆེད་ཚོ་ཇི་ལྟར་འཚོ་བཞིན་ཡོད་དམ།
    ཉིན་འཁྱོལ་ཡང་མཚན་མི་འཁྱོལ།
    མཚན་འཁྱོལ་ཡང་ཉིན་མི་འཁྱོལ་བའི་གནས་སྟངས་འོག་གནས་མུར་
    ང་ནི་འདི་ན་ཅི་བསམ་འདི་བསམ་མེད་པར་ལུས།
    ང་ནི་འདི་ན་ཡུལ་གྱར་ནས་ཡུལ་གྱར་དུ་བསྐྱོད་དགོས་པའི་རི་མོ་ཞིག་འཐེན་སྐབས།
    ང་ནི་ལས་འབྲས་མེད་པར་སྨྲ་མཁན་ཞིག་དང་མཚུངས།

    Reply
  3. གངས་མཚོ། says:
    ལོ་ 18 སྔོན།

    བོད་གདོང་དམར་གྱི་རིགས་ཡིན་ན་ལ་རྒྱ་ལ་ཆེ་ཆུང་མེད་ལ། སྤོབ་པ་ལ་བཟང་ངན་ཡང་དེ་བས་མེད་པ་འདི་ནི་ངོ་མ་ངོ་མཚར་ཆེ། ཁྱེད་ཀྱིས་དང་ཐོག་ཁ་བཏགས་དཀར་པོ་ཡུག་གཅིག་དང་རྒྱ་སྒོར་200་དགོན་པར་ཕུལ་བ་དེས་ཆེས་རྩ་ཆེ་བའི་རང་སྲོག་ནར་མོ་ཞིག་བོད་མི་རིགས་ཀྱི་ཆེད་དུ་འཇོག་འདོད་པ་ནི་ཤིན་ཏུ་ནས་གཟི་བརྗིད་ཆེ།
    འདི་ལྟར་ང་ཚོ་ཡུལ་གྱར་བ་རྣམས་ཀྱིས་ཆེས་ཐག་རིང་གི་ས་ཞིག་ནས་ཁྱེད་དང་ཁྱེད་འདྲ་བའི་གངས་ལྗོངས་ཀྱི་དཔའ་བོ་དང་དཔའ་མོ་རྣམས་ལ་རྗེས་དྲན་དང་གདུང་སེམས་མཉམ་སྐྱེ་ཞུ་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese