མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོ་གཅིག་ཡིན།

བོད་ཀྱི་དུས་བབ།
༢༠༠༩/༠༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༣༦ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉེ་ཆར་བཀའ་སྤྱི་གཉིས་ཀྱི་འཐུས་མི་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རེ་ཟུང་གི་མི་སྣ་བཅས་ཀྱིས་གངས་སྐྱིད་ནས་མ་འོངས་པའི་ལས་འགུལ་སྤེལ་ཕྱོགས་སྐོར་ལ་བགྲོ་གླེང་ཞིག་གནང་སོང་ལ། ང་ཟུར་ཉན་དུ་བཅར་བ་ཡིན། ཉིན་དེའི་དྲི་བ་གལ་ཆེ་ཤོས་ཤིག་ནི་ང་ཚོ་གཅིག་ཡིན་ཅེས་པའི་འདུ་ཤེས་འདི་བཙན་བྱོལ་བོད་མི་ཚོར་གྲུབ་ཡོད་མེད་དང༌། མ་འོངས་པར་འབོད་ཚིག་འདིའི་འོག་ནས་ང་ཚོ་མཉམ་འབྲེལ་ཆགས་ཐུབ་མིན་སྐོར་རེད། ཁྱེད་ལ་དོགས་པ་འདུག་གམ།

ཉིན་དེར་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་གིས། མཚམས་རེར་ང་ཚོའི་ལས་དོན་གནང་ཕྱོགས་ལ་བལྟས་ཡོང་དུས་ང་ཚོ་གཅིག་ཡིན་ཅེས་པའི་འབོད་ཚིག་འདིའི་འོག་ལ་བསྡུ་ཐུབ་པའི་གདེང་ཚོད་ཉམས་འགྲོ་གི་འདུག་ཅེས་གསུངས་སོང༌། དོན་དམ་ད྄ུའང་སྐབས་རེར་ང་ཚོས་རང་དབང་ལུང་པ་བཤད་ཀྱིན་དུ་རང་གི་ལུང་པ་རྩོད་མ་ཤེས་པའི་གནས་སྟངས་ཤར་ཡོང་གི་ཡོད། གང་ལྟར། ད་ནི་གནད་ལྗིད་པའི་ཉིས་སྟོང་དགུ་ལོ་སླེབས་ཚར་ལ། རྒྱ་ནག་གིས་ཀྱང་གོ་ལག་ཧྲག་བསྡུས་ཀྱིས་བོད་ས་གང་སར་མནན་ཡོང་གི་ཡོད་ཅིང༌། དམངས་གཙོའི་བཅོས་བསྒྱུར་ཞེས་པའི་མིང་བཏགས་ཀྱང༌། དོན་དམ་དུ་བོད་བཙན་བཟུང་བྱས་ཏེ་མི་ལོ་ ༥༠ འཁོར་བའི་རྒྱལ་ཁའི་རྒྱས་སྟོན་འཚོགས་གིན་ཡོད། སྐབས་འདིར་ང་ཚོས་སླར་ཡང་ཚོད་དཔག་ཐུབ་གི་མེད་པ་ནི་ལོ་སྔོན་མ་ལྟར། གཞིས་ལུས་བོད་མི་ཚོས་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཅེས་པའི་འཕྲེད་དར་རིང་པོ་དེ་ཕྱར་ནས་ཡོང་གི་ཡོད་མེད་དེ་རེད། འདི་དག་མ་ཤེས་སྟབས་ང་ཚོས་གཞིས་ལུས་མི་དམངས་ལ་ཁྲིམས་མཐུན་གྱི་ལམ་སྟོན་དང་འཛམ་གླིང་གི་བོད་མི་མཐའ་དག་འབོད་ཚིག་འོས་འཚམ་ཞིག་གི་འོག་བསྡུ་མ་ཐུབ་པར་འདོད།

གཞི་རྩའི་ཆ་ནས་བཙན་བྱོལ་བོད་མི་ཚོར་ཡང་ང་ཚོ་གཅིག་ཡིན་ཅེས་པའི་འདུ་ཤེས་དེ་གྲུབ་ཚར་ཡོད་ལ། མ་མཐར་ཡང་ང་ཚོ་གཅིག་ཡིན་ཅེས་པའི་འབོད་ཚིག་འདིའི་འོག་ཡོང་བར་གྲ་སྒྲིག་ཡོད་པའི་བརྡ་ལན་དེ་ལོ་སྔོན་མའི་བོད་མིའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་སྟེང་ནས་ཐག་གཅོད་བྱས་ཡོད་པ་རེད། དེར་བརྟེན། ང་ཚོས་ཀྱང་བཙན་བྱོལ་གྱི་མི་ལོ་ ༥༠ དུས་དྲན་སྲུང་གཙིའི་སྐབས་དང་བསྟུན་ང་ཚོ་གཅིག་ཡིན་ཅེས་པའི་འབོད་ཚིག་གལ་ཆེན་འདི་གཞུང་འབྲེལ་གྱིས་ངོས་འཛིན་དང་སྒྲོག་སྦྱོང་གནང་དགོས་ལ། མ་འོངས་པར་ང་ཚོའི་མི་རིགས་དང་རྒྱལ་ཁབ་ཀྱི་ལས་དོན་མཐའ་དག་ཀྱང་འབོད་ཚིག་འདི་དང༌། འབོད་ཚིག་འདིའི་འདུ་ཤེས་ཀྱི་སྟེང་ནས་སྒྲུབ་ཐུབ་པ་ཞིག་བྱེད་དགོས་པར་འདོད། ད་བར་འཛམ་གླིང་གང་སར་ཁ་འཐོར་དུ་ཕྱིན་པའི་བོད་པ་རྣམས་ཀྱང་འབོད་ཚིག་འདིའི་འོག་ལ་བོས་ཏེ། བོད་ཕྱི་ནང་གི་གལ་ཆེའི་ལས་དོན་གྱི་ཐོག་ཕྱར་བ་གྲུ་འདེགས་ཡོང་བའི་ལམ་སྟོན་དང་གོ་སྐབས་གནང་དགོས་པར་འདོད་དོ།།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

མཆན། 8

  1. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དྲ་གྲོགས་ཁྱེད་གཉིས་ས་སྟོང་དུ་འགོ་འཁོར་ནས་བསྡད་ཡོད་པ་འདྲ། མི་ཤེས་ན་ང་ཚོ་ཟིན་བྲིས་གང་རུང་ཞིག་ལ་སྐད་ཆ་གསལ་བོ་ཞིག་དྲིས་ཀྱང་ངོ་ཚ་བྱེད་དགོས་ནི་མ་རེད། བོད་པ་གཅིག་པ་རེད། ཤེས་པར་གྱིས། བོད་ཟེར་བ་ནི་གཅིག་ལས་གཉིས་མེད་དོ།

    Reply
  2. ནོར་འཛིན་དོན་འགྲུབ། says:
    ལོ་ 17 སྔོན།

    tashi delek for new book

    Reply
  3. phantom says:
    ལོ་ 17 སྔོན།

    དེབ་ལ་ག ཚོད་རེད།

    Reply
  4. སྐར་མ། says:
    ལོ་ 17 སྔོན།

    ལུག་སྤང་ནས་བསད་ན། ར་བྲག་ནས་འདར། ཞེས་པ་གོ་ཨེ་མྱོང་། སྐད་རྒྱག་གིན་མ་འདུག ཕོ་ཁྱོ་ག་ཡིན་ན་སྙིང་སྟོབས་དང་རྣམ་དཔྱོད་ཁྱེར་ཤོག འཐབ་བྱུས་དང་ཆོད་སེམས་ཁྱེར་ཤོག དེ་མིན་ན་བློ་ཁོག་མེད་པའི་བླ་བཙོང་གི་སྐད་ཆ་བཤད་གིན་མ་འདུག

    བར་སྐབས་ཤིག་ནས། བཙན་བྱོལ་བོད་མི་ཚོའི་སྐད་མགོ་ཇེ་དམའ་དང་། སེམས་ཇེ་ཆུང་ལ་བཏང་སོང་། ཐ ན་ལས་འགུལ་ཞིག་གི་འགོ་རྩོམ་ནའང་གཞིས་ལུས་མི་མང་གི་ཚེ་སྲོག་ལ་འགན་ལེན་བྱེད་དགོས་པ་ལྟར་དུ་གྱུར་འདུག དེས་མི་ཚད་ལོ་སྔོན་མར་བོད་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་བ་དེ་དག་ད་ནི་ནང་ཁུལ་ནས་གཅིག་གིས་གཅིག་གི་སྟེང་ལ་འགེལ་རེས་དང་། མི་ཤ་དེ་དག་རྒྱ་ནག་གི་ལག་མགོ་ནས་ཕྱིས་ཏེ་བོད་མིའི་ལག་མགོ་ལ་འགེལ་རྩིས་བྱེད་ཀྱིན་འདུག རྒྱ་ནག་གིས་མི་ཤ་འདི་དག་ཏ་ལའི་བླ་མར་འགེལ་གྱིན་ཡོད་པ་རེད།

    གལ་སྲིད་ང་ཚོས་རང་དབང་འཐབ་རྩོད་ཀྱི་དོན་དུ་ལས་འགུལ་སྤེལ་བ་འདི་དག་རང་གི་སྤུན་ཟླའི་སྲོག་ལེན་གྱི་ཉེས་དམིགས་ལ་འགྱུར་གྱིན་ཡོད་པ་དངོས་བདེན་ཡིན་ཚེ། ད་ནི་མཚམས་འཇོང་རན་པ་རེད། རྒྱལ་བ་རིན་པོ་ཆེས་ཀྱང་བོད་མི་རིགས་ཀྱི་བདེན་དོན་སྐོར་ལ་གསུང་བཤད་མི་གནང་བར་ཞུ་ཞེས་གསོལ་འདེབས་བྱ་དགོས་པ་རེད། དེ་མིན་ན་ནི་རང་རང་ལ་འཁྲི་བའི་ལས་ཀ་དང་རང་རང་གིས་ནུས་པའི་ལས་དེར་རང་རང་གི་སྟོབས་ཀྱིས་འཇུག་པར་བརྩོན་ཅིག་གུ། །།

    Reply
  5. བསེ་རུ། says:
    ལོ་ 18 སྔོན།

    ནོར་བཅོས།
    འཆད་རྒྱུ་དང་
    ཞེས་པ་དེ
    འཆད་རྒྱུ་དེ་ཞེས་པར་བཅོས་རོགས།

    Reply
  6. བསེ་རུ། says:
    ལོ་ 18 སྔོན།

    ངས་དུས་རྒྱུན་དུ་ཤོད་བཞིན་པ་ནི།
    ང་ཚོ་ཚང་མས་འཆད་རྒྱུ་དང་ཉུང་ཙམ་དང་།
    བསྒྲུབ་རྒྱུ་དེ་མང་ཙམ་བསྒྲུབ་དགོས་ཀྱི་འདུག་ཅེས་ཤོད་བཞིན་ཡོད།
    རང་ཉིད་ནས་འགོ་བརྩམ་དགོས་ཞེས་པའི་སྐད་ཆ་འདིར་བདེན་དོན་གྱི་ཆ་ཞིག་ཡོད་ངེས་བསམ།
    ང་ཚོ་འདི་ལྟར་མི་ལོ་ལྔ་བཅུ་རྒྱབ་ཏུ་བསྐྱུར་ཟིན་ན་ཡང་ང་ཚོར་ཐོབ་པ་ནི་ཀླད་ཀོར་རེད་ཅེས་བརྗོད་ན་མི་འགྲིག་པ་ཨེ་ཡོད།
    ད་དུ་མི་ལོ་དུ་མ་ཞིག་ལ་རེ་སྒུག་གི་གླུ་དབྱངས་གྱེར་བཞིན་འདུག་དགོས་པ་ཡིན་ནམ་ཅི།

    Reply
  7. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 18 སྔོན།

    སྤེལ་དགོས་པ་ལས་བོད་ནང་གི་ངེད་ཅག་ལ་བདེན་པའི་དབང་བོ་སྔར་ལོ་བྱས་ཟིན་པ་མ་ཟད། ཚེ་སྲོག་གི་འགྲོ་གྲོན་ཡང་མང་བོ་ཞིག་བཏང་ཚར་བ་རེད། ད་ལོ་ནི་དམིགས་གསལ་བོད་ནང་དུ་རེ་བ་བྱེད་མཁན་དག་ནི་རང་ཉིད་ལ་འགུལ་བསྐྱོད་བྱེད་འདོད་མེད་པའི་སྐུ་ངོ་དག་གི་བསམ་ཚུལ་དེ་དག་ལ་ད་ནི་འགྱུར་བ་གཏོང་དགོས་པ་ལས། བོད་ནང་གི་ག་རེ་བྱུང་ཡོང་མི་ཤེས་པ་ཟེར་བ་སོགས་བོད་ནང་གི་བོད་མི་དེ་དག་སླར་ཡང་ཡར་བླངས་བྱེད་པར་སྐུལ་བ་ལྟ་བུས་ཚིགས་དེ་འདྲ་མ་གསུང་ན་ཡག་པོ་རེད། ད་ལོ་ན་ཕྱི་བསྡོད་བོད་མི་གནད་ཡོད་མཁས་པ་དང་ཆབ་སྲིད་པ་དག་གི་སྣེ་འཁྲིད་ནས་འཛམ་གླིང་མི་དམངས་ལ་བོད་ཟེར་བ་ནས་གཅིག་ལས་གཉིས་མེད་པ་དེ་ར་སྤྲོད་བྱེད་རྒྱུའི་དུས་ཚོད་གལ་ཆེན་ཞིག་ཆགས་ཡོད་པ་མ་ཟད། ལོ་ངོ་བཅུ་ཕྲག་གཅིག་ལྷག་བྱིན་ཡང་གར་སོང་མི་ཤེས་པའི་ཆུང་སྲིད་རིན་པོ་མཆོག་གི་གཙོ་བའི་བོད་ནང་གི་བོད་མི་ཆབ་སྲིད་བཙོན་པ་ཡོད་ཚད་ཆ་རྐྱེན་གང་ཡང་མེད་པས་སྒོ་ནས་གློ་གྲོལ་གཏོང་དགོས་པར་ལས་འགུལ་སྤེལ་མ་ཐུབ་པ་ཡིན་ན། བོད་ཕྱི་བསྡོད་པ་དག་ནི་ཁ་ལས་ལག་མེད་མཁན་གྱི་བོད་མི་ཞིག་ཆགས་པ་རེད་ཅེས་ཟེར་ན་འདོད། ད་ནི་བོད་ཕྱི་བསྡོད་པ་ཚོས་ཁ་མཁས་པོ་རེ་བཤད་དེ་འདུག་པའི་དུས་ཚོད་ནི་གཡོལ་ཟིན་པ་ཤེས་པར་བྱེད་དགོས་ཀྱི་འདུག འདིའི་ཐད་དུ་བསམ་ཚུལ་འདྲ་མིན་གླེང་མཁན་ཡོད་ན་མུ་མཐུད་དུ་ཕེབས་ནས་ངེད་ཅག་གི་གོང་ནས་བཀའ་གཏོང་མཁན་དང་ངེད་ཅག་དང་འདྲ་མཉམ་ཡིན་པའི་མི་དམངས། བཙན་བྱོལ་མི་དམངས་ལ་སྐུལ་འདེད་ཤུགས་ཆེན་བྱེད་དགོས་ཀྱི་འདུག

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 18 སྔོན།

    ད་གཉིས་ལས་སད་འདོད་ཡིན་ན་ཡག་པོ་རེད་དེ། ཡང་བསྐྱར་གཉིད་དུ་གཡུར་འདོད་ཡིན་ན་རྒྱ་ནག་གི་འདོད་ཐོག་དང་བོད་ནང་གི་བོད་མི་དེ་དག་གི་ཚེ་སྲོག་ལ་འགན་ལེན་བྱེད་མ་ཐུབ་པའི་ལས་འགུལ་གང་ཞིག་སྤེལ་ཡང་དེ་དག་ལ་རྒྱབ་སྐྱོར་བྱེད་རྒྱུ་དངོས་ནས་ཁག་པོ་རེད། ད་ལོ་བོད་ནང་ལས་བོད་ཕྱི་ལོག་གི་བཙན་བྱོལ་གཞུང་གཙོ་བྱས་དེ་ལས་འགུལ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese