མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བཅིངས་འགྲོལ་གྱི་ཉིན་མོ་སྲུང་གཙི།

བོད་ཀྱི་དུས་བབ།
༢༠༠༩/༠༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་ལོ་འདིའི་སྤྱི་ཟླ་ ༣ ཚེས་ ༡༠ ཉིན་ནི་བོད་མི་རྣམས་བྲན་གཡོག་ལས་བཅིངས་འགྲོལ་ཐོབ་སྟེ་ལོ་ ༥༠ འཁོར་བའི་དུས་དྲན་ཉིན་ཡིན་སྟབས། ཉིན་འདིར་མི་མང་ལ་གུང་གསེང་གཏོང་རྒྱུ་དང་དགའ་སྟོན་གྱི་རྟེན་འབྲེལ་གྱི་ཞུ་རྒྱུ་ཡིན་ཟེར།

ཚེས་ ༡༢ ཉིན་དྲ་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། འདི་ལོའི་ཟླ་ ༣ ཚེས ༡༠ ཉིན་ཏེ་བོད་མིའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོར་རྒྱ་ནག་གིས་མི་མང་རྣམས་གུང་སེང་གཏོང་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད་པ་དང༌། ཉིན་དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མི་རྣམས་སྤྱི་ཚོགས་རྙིང་བའི་མུན་ནག་ལས་བཅིངས་བགྲོལ་བཏང་སྟེ་བདེ་སྐྱིད་ཀྱི་ཉི་མ་ཤར་ནས་མི་ལོ་ ༥༠ འགོར་བའི་དུས་དྲན་སྲུང་བརྩི་དང་མི་མང་རྣམས་ལ་གུང་སེང་གཏོང་རྒྱུ་ཡིན་ཞེས་གསར་ལམ་ཁག་ལ་གནས་ཚུལ་སྤེལ་ཡོད། ཞིན་ཧྭ་གསར་འགྱུར་དུ། བོད་རང་སྤྱོང་ལྗོངས་ཀྱི་མི་མང་འཐུས་མིའི་དྲུང་ཆེ་གཞོན་པ་ཕཱང་པའོ་ཡོན་གྱིས་ད་ལོ་ནི་བོད་མི་ཚུད་པའི་རྒྱ་རིགས་མི་མང་རྣམས་བཅིངས་བགྲོལ་ཐོབ་སྟེ་མི་ལོ་ ༥༠ འགོར་བར་དྲན་གསོ་གཏོང་དགོས་པའི་ལོ་ཞིག་ཡིན་པར་བརྗོདཡོད་ལ། ཁོས་གསར་ལམ་ཁག་ལ། འདི་ལོ་ནི་བོད་མི་ཚོ་སྤྱི་ཚོགས་རྙིང་བའི་བརྙས་བཅོས་ལས་ཐར་རྗེས་རང་བདག་རང་ཉིད་བྱས་ཏེ་ལོ་ངོ་ ༥༠ འཁོར་བའི་དམིགས་བསལ་གྱི་ལོ་ཞིག་ཡིན་ཞེས་བརྗོད་འདུག  ཁོས་མུ་མཐུད་ནས་༧ཏྭ་ལའི་བླ་མ་དང་ཁོའི་རྗེས་འབྲངས་པ་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡང་དག་པའི་སྲིད་ཇུས་ལ་གཏོར་རྒོལ་དང་ཁ་བྲལ་གྱི་བསམ་བློ་འཛིན་པར་ངོ་རྒོལ་བྱེད་རྒྱུ་ཡིན་ལ།  ཏང་ཀྲུང་དབྱང་དང་བོད་རིགས་མི་མང་ཚོས་༧ཏྭ་ལའི་བླ་མའི་གཡོ་ཇུས་ངོས་ཟིན་བྱེད་དགོས་ཞེས་སྐྱོན་བརྗོད་ཀྱང་བྱས་འདུག  རྒྱ་གར་དུས་བབ་དྲ་ཚིགས་སུ་གནས་ཚུལ་སྤེལ་བ་ལྟར་ན།  ༧གོང་ས་མཆོག་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་ཏེ་ལོ་ངོ་ ༥༠ འཁོར་བའི་ད་ལོར་རྒྱ་ནག་དམར་ཤོག་མགོ་ཁྲིད་ཚོ་གཙོས་པའི་རྒྱ་ནག་གཞུང་དང༌།  བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པ་སོགས་ནས།   སྤྱི་ལོ་ ༢༠༠༨ ལོའི་ཟླ་ ༣ ཚེས ༡༠ ཉིན་རྒྱལ་ས་ལྷ་ས་ནས་མགོ་བཙུགས་ཏེ་བོད་ཆོལ་ཁ་གསུམ་དུ་ཞི་བའི་གྱེན་ལངས་བྱུང་བ་ལྟ་བུའི་གནས་ཚུལ་མི་འབྱུང་ཆེད།  ད་ལོའི་ལོ་མགོ་ནས་བོད་མི་རྣམས་སྟངས་འཛིན་བྱེད་པའི་འཆར་གཞི་གཏན་འབེབས་བྱེད་ཀྱིན་ཡོད་པ་དང༌། ༧གོང་ས་མཆོག་གིས་བོད་མི་གཙོས་པའི་རྒྱ་རིགས་མི་མང་ལ་ཤུགས་རྐྱེན་མི་ཐེབས་པར་ལས་འགུལ་དང་དྲིལ་བསྒྲགས་སྣ་མང་བྱེད་ཀྱིན་ཡོད་འདུག་ཅེས་བཀོད་འདུག་ལ། མི་འགྱངས་བར་ལོ་འཁོར་ཚོགས་ཆེན་གཉིས་པའི་ཐོག་ནས་བོད་རང་སྐྱོང་ལྗོངས་ཀྱི་སྐབས་དུས་དགུ་བའི་མི་མང་འཐུས་མི་འདེམས་རྒྱུ་ཡིན་པའི་གནས་ཚུལ་ཡང་ཐོན་ཡོད་འདུག

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist