མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ལ་ལོ་གསར་མེད། མྱ་ངན་གྱི་སྙན་ངག་འབྲི །

བོད་ཀྱི་དུས་བབ།
༢༠༠༩/༠༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་བོད་ནང་གི་དོན་རྐྱེན་ཁྲོད་འདས་གྲོངས་སུ་སོང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་ཆེད་དུ། བཙན་བྱོལ་ནང་གི་གཞོན་སྐྱེས་ཚོས་ཡིད་གདུང་དང་ཕངས་སེམས། ཁོང་ཁྲོ་གསུམ་དཀྱུས་གཅིག་ཏུ་འདྲེས་པའི་སྙན་ཚིག་བྲིས་ཏེ། ང་ལ་ལོ་གསར་མེད། ང་ཚོས་མྱ་ངན་བྱ་དགོས་ཟེར།

 

ཕྱི་ཚེས་ ༩ ཉིན་ནོར་གླིང་བོད་ཀྱི་མཐོ་རིམ་རིག་གནས་སློབ་གཉེར་ཁང་གི་གོ་སྒྲིག་འོག ད་ལོའི་བོད་ནང་གི་དོན་རྐྱེན་ཁྲོད་འདས་གྲོངས་སུ་སོང་བའི་དཔའ་བོ་དཔའ་མོ་དག་གི་ཆེད་དུ། མྱ་ངན་གྱི་གདུངདབྱངས་གྱེར་བའི་འདུ་འཛོམས། ཞུ་བའི་སྙན་ངག་གྱེར་འདོན་གྱི་མཛད་སྒོ་ཞིག་བསྡུས་ཡོད་པ་དང༌། མཛད་སྒོའི་སྟེང༌། ས་རཱ་དང་ནོར་གླིང༌། ཤེས་རབ་དགའ་ཚལ་སློབ་གླིང༌། བཞུགས་སྒར་ཁུལ་ན་གཞོན་ཕོ་མོ་ ༣༥ ཙམ་གྱིས་བོད་སྐད་དང་རྒྱ་སྐད། དབྱིན་སྐད་གསུམ་ཐོག་ནས་སྙན་ངག་གྱེར་འདོན་བྱས་ཡོད། འདུ་འཛོམས་དེའི་སྟེང་བཀའ་ཟུར་བསོད་ནམས་སྟོབས་རྒྱལ་དང་བོད་མི་མང་སྤྱི་འཐུས་ཁག་ཅིག རྩོམ་པ་པོ་ཧོར་གཙར་འཇིགས་མེད། རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས། དེ་བཞིན་སློབ་གྲྭ་ཁག་གི་སློབ་ཕྲུག་ ༢༠༠ ལྷག་ཞུགས་ཡོད།

 

སྐབས་དེར་འདུ་འཛོམས་གཙོ་སྐྱོང་བྱེད་མཁན་ཨ་འཇམ་དབྱངས་ཚུལ་ཁྲིམས་ལགས་ཀྱིས་འདི་གའི་གསར་འགོད་པའི་དྲི་བའི་ལན་དུ་བརྗོད་དོན། བྱ་འགུལ་འདི་ཐོག་མར་ང་ཚོ་དགེ་སློབ་ཁ་ཤས་ཀྱིས་མགོ་འཛུགས་བྱས་ཤིང༌། རྗེས་སུ་ནོར་གླིང་མཐོ་སློབ་གཞུང་ངོས་ནས་རྒྱབ་སྐྱོར་དང་མཐུན་འགྱུར་བསྐྲུན་སོང༌། ང་ཚོས་འདས་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་ཆེད་དུ་མྱ་ངན་གྱི་གདུང་དབྱངས་གྱེར་ཏེ། སེམས་གཏིང་ནས་གུས་འདུད་བྱེད་ཀྱིན་ཡོད་ལ། ད་ལོ་བོད་པའི་ལོ་གསར་མི་གཏོང་རྒྱུའི་ཆེད་དུ་ས་ཡིག་བསྡུ་རུབ་བྱེད་ཀྱིན་ཡོད།

 

བྱ་འགུལ་འདི་འདས་བོའི་ཤུལ་གྱི་གསོན་པོ་ཚོས་ཅིས་ཀྱང་བསྒྲུབ་དགོས་པ་ཞིག་རེད་ལ། ལྷག་པར་དུ་རང་དབང་ལུང་པར་ཡོད་པ་ཚོས་བསྒྲུབ་ཐུབ་པ་དང༌། བསྒྲུབ་འོས་པ་ཞིག་རེད། འདས་བོའི་ཆེད་དུ་ལོ་གསར་མི་གཏོང་རྒྱུ་དེ་བོད་པའི་གོམས་སྲོལ་ཡིན་ལ། འཚེ་མེད་ཞི་བའི་ལས་འགུལ་ཡང་དག་པ་ཞིག་ཀྱང་རེད། ང་ཚོས་ལས་གཞི་འདི་བརྩམས་ཏེ་བདུན་ཕྲག་ཁ་ཤས་ལས་ཕྱིན་མེད་ཀྱང༌། མི་ཆིག་སྟོང་ལྷག་གིས་ས་རྟགས་སྐྱོན་སོང་ལ། དེར་བཙན་བྱོལ་གཞུང་གི་གནད་ཡོད་མི་སྣ་དང་སྤྱི་འཐུས་ཚོགས་གཙོ་སོགས་ཀྱིས་ཀྱང་ས་རྟགས་སྐྱོན་ཡོད། ང་ཚོ་གཅིག་པུ་མིན་པར་རྒྱ་གར་ལྷོ་ཕྱོགས་གདན་ས་ཁག་ཏུའང་དགེ་འདུན་པ་ཚོས་གནད་དོན་འདིའི་ཐད་དང་བླངས་ཀྱིས་བྱ་འགུལ་སྤེལ་མུས་རེད།

ང་ཚོའི་རེ་བར་བཙན་བྱོལ་གཞུང་གི་ངོས་ནས་གཞུང་འབྲེལ་གྱིས་ལོ་གསར་མེད་པའི་གསལ་བསྒྲགས་ཤིག་བསྐྱང་ན་བསམ་ཡོད། དེ་ནི་ང་ཚོའི་རེ་བ་ཆེ་ཤོས་ཡིན། གང་ཡིན་ཟེར་ན། དེང་སྐབས་བོད་ནང་གི་མདོ་དབུས་ཁམས་གསུམ་དུའང་ལོ་གསར་མི་གཏོང་རྒྱུའི་ཐད། གླེང་སློང་ཤུགས་ཆེན་ཡོང་གིན་འདུག རྒྱ་གཞུང་གིས་དེ་ལ་བཀག་འགོག་གི་བྱེད་སྒོ་སྤེལ་ཏེ། བོད་པའི་ས་གནས་ཁ་ཤས་ནང་ལོ་གསར་རྒྱུན་ལྡན་ལྟར་གཏོང་དགོས་པའི་བཙན་དཀའ་གཏོང་གིན་འདུག ཅེས་བརྗོད་བྱུང༌།

 

ཐེངས་འདིའི་སྙན་ངག་གྱེར་འདོན་པ་མང་ཆེ་བ་བཞུགས་སྒར་ཁུལ་གྱི་མཐོ་སློབ་ཁག་གི་སློབ་ཕྲུག་རེད་ལ། ཐེངས་འདིའི་སྙན་ངག་གྱེར་འདོན་ལ་ཁྱད་ཆོས་གཞན་ཞིག་ལྡན་པ་ནི། རོལ་དབྱངས་ཀྱི་རམ་འདེགས་དང་བསྟུན་ཏེ། ཡིད་གདུང་དྲག་པོའི་སྙན་ཚིག་རེ་རེ་རྒན་གཞོན་དང་ཕོ་མོ། གྲྭ་བཙུན་དང་སློབ་ཕྲུག་དབྱེ་བ་མེད་པར་བོད་སྐད་དང་དབྱིན་སྐད། རྒྱ་སྐད་བཅས་སྐད་རིགས་གསུམ་གྱི་ཐོག་ནས་གྱེར་འདོན་བྱས་སོང་ལ། སྙན་ཚིག་གི་ནང་དོན་ཕལ་ཆེ་བ་སྤུར་རྒྱལ་གདོང་དམར་བོད་པ་ཚང་གི་འདས་བའི་ལོ་རྒྱུས་ཀྱི་བྱུང་རིམ་དང་འབྲེལ་ཏེ། ཡ་ང་ཞིང་ཡིད་སྐྱོ་བའི་གོད་ཆག་སྔ་ཕྱིའི་ཤུལ་ལམ། ལྷག་པར་དུ་རྒྱ་དམར་གཞུང་གི་དྲག་མཚོན་འོག བོད་མི་ཁྲི་མ་འབུམ་གྱི་རིན་ཆེན་གཅེས་སྲོག་སྐད་ཅིག་ཏུ་འཕྲོག་པའི་དམར་དྲི་དང༌། འཛམ་གླིང་ཡོངས་ཞི་བདེར་སྐྱོད་ཅིང༌། འགྲོ་བ་མིའི་རིན་ཐང་གླེང་བ། རང་དབང་དང་འདྲ་མཉམ་དོན་འཁྱོལ་བྱེད་པའི་སྒང་འདིར། ཁ་བ་གངས་ཅན་གྱི་ལྗོངས་སུ་དུག་གི་རླངས་པ་འཕྱུར་ཞིང༌། རུས་པའི་རི་རབ་བརྩིགས། ཁྲག་གི་རྒྱ་མཚོ་སྐྱིལ་ཏེ། གཞིས་སྲུང་སྤུན་ཟླ་ཚོའི་ཚེ་སྲོག་རྩ་རྐང་བཞིན་གཅོད་འབྲེག་བྱེད་ཀྱིན་ཡོད་པར་ཕངས་སེམས་དང་གདུང་སེམས། ཁོང་ཁྲོ་གསུམ་གཞི་གཅིག་ཏུ་འདྲེས་པའི་སེམས་སྒྲ་ཐོས་ཐུབ་ཅིང༌། ད་དུང་ཐེངས་འདིའི་སྙན་ངག་གྱེར་འདོན་ལས་གནད་དོན་གཞན་ཞིག་གསལ་བཤད་བྱས་པ་ནི། བོད་པའི་གཞོན་སྐྱེས་གང་མང་ཞིག་ལ་དྲག་པོའི་འདུ་ཤེས་སྐྱེས་བཞིན་ཡོད་པ་གསལ་བོར་རྟོགས་ཐུབ། དེ་ལ་ཐེངས་འདིའི་སྙན་ཚིག་གཅིག་དཔེར་མཚོན་དུ་བཀོད་ན།

 

བདག་གི་རྒྱབ་རི་ལྟ་བུའི་ཕ་ལོའི་གཟི་ཉམས་འཕྲོག་ནས་མི་ལོ་ལྔ་བཅུ་འགོར་སོང༌།

དགུང་གི་ཉི་མ་ལྟ་བུའི་མ་ལོའི་དྲོད་ཁོལ་འཁྱེར་ནས་མི་ལོ་ལྔ་བཅུ་འགོར་སོང༌།

ངུ་ངག་དང་མིག་ཆུའི་ཀློང་ནས་མི་ལོ་ལྔ་བཅུ་རྫོགས་སོང༌།

སྡུག་ཡུས་དང་རེ་བཞག་ཁྲོད་ནས་མི་ལོ་ལྔ་བཅུ་རྫོགས་སོང༌།

 

མི་ལོ་ལྔ་བཅུའི་ཕར་རྒྱབ་ཀྱི་དེ་རིང༌། ཡང་བསྐྱར།

བདག་གི་སྙིང་དང་འདྲ་བའི་གཅེས་ཕྲུག་ཚོའི་ཀླད་ཞོ་ས་ལ་གཏོར་གི

བདག་གི་མིག་དང་འདྲ་བའི་མིང་སྲིང་ཚོའི་ཟུངས་ཁྲག་གནམ་ལ་མཆོད་གི

བདག་གི་མེས་བོ་དམ་པའི་ཞབས་རྗེས་ནག་བསུབ་གཏོང་གི

ཤ་དང་རུས་པའི་ལྷུ་ཚུགས་སོ་སོར་གཏོར་གི

 

ཁྲག་རླངས་དང་འོ་དོད་ཀྱིས་ཁེངས་བའི་ཁ་བ་ཅན།

གཉའ་གནོན་དང་གདུག་རྩུབ་ཀྱིས་བཅུན་པའི་ཁ་བ་ཅན།

མགོན་སྐྱབས་དང་དཔུང་གཉེན་མེད་པའི་ཁ་བ་ཅན།

བདག་གི་མིང་སྲིང་ཚོ་ཇི་འདྲའི་ཉམ་ང་ཞིང་ཞེ་སྐྱོ་ཨང༌།

 

ངའི་ཡུལ་མི་ཚོའི་ཟུངས་ཁྲག་འཐུང་མཁན་རྒྱ་དམར་སྲིད་གཞུང༌།

ཧམ་སེམས་དང་གཡོ་སྒྱུ་ལ་གོམས་པའི་རྒྱ་དམར་སྲིད་གཞུང༌།

གནག་སེམས་དང་སྦྱོར་རྩུབ་ལ་བྱང་བའི་རྒྱ་དམར་སྲིད་གཞུང༌།

རྒྱུ་འབྲས་དང་གནས་ལུགས་ཀྱིས་ཕོངས་བའི་རྒྱ་དམར་སྲིད་གཞུང༌།

 

བདག་གི་མེས་པོའི་བླ་མཁར་གཏོར་མཁན་ཡིན།

ཨ་མའི་གསོག་ནོར་འཕྲོག་མཁན་ཡིན།

ཕུ་ནུའི་བླ་སྲོག་གཅོད་མཁན་ཡིན།

ལག་པར་ཁྲག་དམར་འཛར་བཞིན་པ་དེ་དག

ང་དང་ངའི་མི་རིགས་ཚོའི་ལག་དམར་ཡིན།

ང་ལ་བདེན་པ་བརྡར་ས་མེད།

ང་ལ་གནས་ལུགས་བགྲང་ས་མེད།

ང་ལ་ཐོབ་ཐང་གླེང་ས་མེད།

 

བདེན་པ་སྐྱོང་མཁན་གྱི་ལྷ་ཆེན་པོ།

ཡབ་མེས་ནས་མཆོད་ཅིང་བཀུར་བའི་ལྷ་ཆེན་པོ།

བདག་ལ་མགོན་སྐྱབས་མཛོད་ཅིག

 

སྲོང་བཙན་དང་རླུང་ནག་འཕྲུལ་རྒྱལ་གྱི་སྙིང་སྟོབས་ངོམས་པའི་དཔུང་རོགས་མཛོད་ཅིག

ཧེ་ཐི་ལི་ཡིས་མི་རིགས་ཞེན་འཁོན་རྩོད་པའི་དཔུང་རོགས་མཛོད་ཅིག

བྷིན་ལྭ་ཏན་གྱིས་བློས་གཏོང་གཏོར་རྒོལ་བྱས་པའི་དཔུང་རོགས་མཛོད་ཅིག

མེ་ཤུགས་འཕུར་མདེལ་དང་རྡུལ་ཕྲན་མཚོན་ཆས་དཔུང་རོགས་མཛོད་ཅིག

བདག་གི་ལག་དམར་ཚོའི་མིག་འབྲས་བཏོན་ཏེ། མགོ་བོ་བཅད་དེ། གློ་སྙིང་གཏུབ་སྟེ།

བཞུད་ཟིན་པའི་དཔའ་བོ་དཔའ་མོ་ཚོར་མཆོད་འབུལ་ཞུ་རྒྱུ།

མུན་ནག་གི་བཙོན་དོང་ན། རྡུང་རྡེག་དང་མནར་གཅོད་མྱོང་མཁན།

ངའི་མིང་སྲིང་ཚོར་བདེ་སྐྱིད་ཀྱི་ཉི་ཟེར་མཐོང་དུ་འཇུག་རྒྱུ།

འདི་ནི་ང་རང་གསོན་དུ་རེ་བའི་དོན་སྙིང་ཡིན།

འདི་ནི་ང་ཡི་ཟུངས་ཁྲག་དམར་པོའི་མཆོད་སྟེགས་ཡིན།

འདི་ནི་ང་ཡི་སེམས་པའི་ངོས་ཀྱི་སྐད་ཆ་ཡིན།

འདི་ནི་ང་ཡི་འགྱུར་བ་མེད་པའི་ཕུགས་འདུན་ཡིན།

ཞེས་གྱེར་འདོན་བྱས་སོང༌།

 

 

 

 

 

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༨ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 13

  1. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 16 སྔོན།

    དྲ་གྲོགས་མེ་འོད་ལགས། བསམ་ཚུལ་བཤད་པ་ཆ་ཚང་ཀློག་ཚར་བ་ཡིན། ལན་ལྟ་བུ་ཞིག་ངའི་ཟིན་བྲིས་སྦྲ་རྒན་ནག་ལྡང་ནང་ལ་ཕེབས་དང་དེ་ན་མདོར་བསྡུས་ཤིག་བཤད་ཡོད།

    Reply
  2. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    ཨ་ཁུ་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས། ཁམས་བཟང༌། ཁྱེད་ཀྱིས་རྩོམ་རིག་ནི་རྒྱ་མཚོ་ལྟ་བུ་ཞིག་ཡིན་ན་སྙན་ངག་ནི་དེ་ལས་གྱེས་པའི་ཡུར་ཆུ་ཞིག་རེད་ཟེར་ཡོད་ཀི། སྙན་ངག་དང་འབྲེལ་ནས་རྩོམ་རིག་བཤད་ཀི་ཡོད་དུས་སྒྱུ་རྩལ་རྩོམ་རིག་ལ་གོ་དགོས་རྒྱུ་རེད། དེ་ལྟར་ཡིན་ན། རྩོམ་རིག་རྒྱ་མཚོ་ཡིན་པ་སྙན་ངག་དང་སྒྲུང་གཏམ། ལྷུག་རྩོམ་དང་འཁྲབ་གཞུང་སོགས་ཀྱིས་གྲུབ་པ་མ་ཡིན་ནམ། དེ་དག་རེ་རེ་བཞིན་དེ་ལས་གྱེས་པའི་ཡུར་ཆུ་རེ་ཡིན་ན་རྒྱ་མཚོ་ཟེར་བའི་གཞི་འཛིན་ས་ཞིག་གང་ནས་ཡོད། སྙན་ངག་དང་ལྷུག་རྩོམ། སྒྲུང་གཏམ་དང་འཁྲབ་གཞུང་རེ་རེ་བཞིན་རྒྱ་མཚོའི་དེའི་གྲུབ་ཆ་བླ་ན་མེད་པ་དེ་ཡིན་པས། དེ་དག་ལས་གཅིག་རྒྱ་མཚོ་དེ་དང་ཁ་གྱེས་ནས་བཞུར་སོང་ན་རྒྱ་མཚོ་དེའི་ཚེ་སྲོག་ལ་དཀའ་ངལ་འཕྲད་ངེས་རེད། ལྷག་པར་དུ་སྙན་ངག་ནི་རྩོམ་རིག་གི་རྒྱ་མཚོའི་མཁའ་ལ་འཕྱོ་བའི་རྦ་རླབས་དང་དྭངས་གཙང་གི་ཟེགས་མ་དེ་རེད། དེ་ལྟར་ཡིན་པ་སྙན་ངག་ནི་རྩོམ་རིག་སྒྱུ་རྩལ་གྱི་ཡང་རྩེ་ཡིན་པས་རེད། སྙན་ངག་རྩོམ་རིག་སྒྱུ་རྩལ་གྱི་ཡང་རྩེ་ཡིན་ཟེར་དོན་ཡང༌། སྒྲུང་གཏམ་དང་ལྷུག་རྩོམ། འཁྲབ་གཞུང་སོགས་ཀྱིས་མཚོན་དཀའ་བའི་སེམས་འགྱུ་ཕྲ་མོ་དེ་སྙན་ངག་གིས་མཚོན་ཐུབ་པས་རེད། དེ་བས། རྒྱལ་པོ་ལང་ཚོས་དྲེགས་གྱུར་ཀྱང༌། རྒྱན་མེད་པ་ན་སྐྱེ་བོས་གླེང༌།། དེའི་ཕྱིར་སྙན་ངག་མི་ལྡན་པའི།། བསྟན་བཅོས་མཁས་ལ་རྩིས་སུ་མེད།།
    ཨ་ཁུ་བོན་རྒྱ་ལགས། ཁྱོད་ཀྱིས་ཤེས་ཡོན་པ་ཚད་མཐོ་ཞིག་བྱེད་ན་སྙན་ངག་ཁོ་ནར་འཐམས་ནས་འདུག་ཉན་ནི་མ་རེད་ཟེར་ན་བསླབ་བྱ་ནན་མོ་བཏང་འདུག འོ་ན་ཚད་མཐོ་བའི་ཤེས་ཡོན་ཡོད་མཁན་ཞིག་གིས་བྲིས་པའི་སྙན་ངག་ལ་གཞས་ཨེ་རེད། ཚད་མཐོ་བའི་ཤེས་ཡོན་ཡོད་མཁན་ཞིག་གིས་བྲིས་པའི་སྙན་ངག་ལ་སྙིང་པོ་ཨེ་ཡོད་ནི་རེད། གལ་སྲིད་དེ་ལ་གཞས་མིན་པ་དང་དེ་ལ་སྙིང་པོ་ཡོད་སོང་ན་སྙན་ངག་ལ་སྙིང་པོ་ཡོད་ཅིང༌། སྙན་ངག་ཡིན་ན་ལ་གཞས་ཡིན་མི་དགོས་པའི་གནས་ལུགས་ཁྱོད་ཀྱིས་རྙེད་སོང་ནི་རེད། ཡང་ན་ཤེས་ཡོན་ཚད་མཐོ་བོ་ཡོད་མཁན་ཞིག་གིས་བྲིས་པའི་ལ་གཞས་དེ་ལ་གཞས་ཨེ་རེད། མ་གཞི་ནས་སྙན་ངག་པ་ལ་ཞིག་ལ་སྙན་ངག་འབྲི་བའི་ཤེས་ཡོན་ལས་ཅི་ཞིག་དགོས།
    ཨ་ཁུ་བོན་རྒྱ་ལགས། ཁྱོད་ཀྱིས་མི་དང་སྐད་ཆ། སྐད་ཆ་དང་སྙན་ངག སྙན་ངག་དང་འཚོ་བ་སོགས་ཀྱི་འབྲལ་ཐབས་མེད་པའི་འབྲེལ་བ་ལ་བསམ་བློ་གཏོང་མྱོང་མེད་པ་འདྲ། དེ་བས་ཁྱོད་ཀྱིས་སྙན་ངག་གི་འཚོ་བའི་བདེན་པ་དང་སྒྱུ་རྩལ་གྱི་བདེན་པ་དང་འབྲེལ་བའི་གནས་ལུགས་ཤིག་བཤད་ཐབས་ལ་འབད་བརྩོན་མི་བྱེད་པར། སྤྱིར་བཏང་སྤྱིར་བཏང་གི་སྐད་ཆ་ཞིག་གིས་སྙན་ངག་གི་མཐར་ཐུག་བཤད་ཁུལ་བྱས་པ་འདི་ནི་འགན་ཅི་ཡང་མི་ཁུར་བའི་རྣམ་འགྱུར་མངོན་པར་གསལ་བ་དེ་རེད། ཨ་ཁུ་བོན་རྒྱ་ལགས། བགྲོ་གླེང་གི་ཁོར་ཡུག་འདི་གཙང་ཉར་བྱེད་རྒྱུར་ང་ཚོ་ཚང་མར་འགན་ཡོད་ནི་རེད། དེ་བས་འབྲེལ་མེད་ཀྱི་ངག་འཆལ་ཚིག་རྩུབ་དེ་འདྲ་མི་བཤད་པར་གནད་དོན་རང་གི་སྒང་ནས་བགྲོ་གླེང་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་དང༌། རྩ་བའི་མི་གཞི་རྩི་བཀུར་བྱེད་རྒྱུ་དེ་ལས་གལ་ཆེན་པོ་ཡིན་པ་མ་བརྗེད་རོགས།

    གསལ་བཤད་བྱེད་རྒྱུ་ཞིག་ལ། གནས་སྐབས་ང་ལ་སྒེར་གྱི་བོད་ཁུག་མེད་པས་གྲོགས་ལྷ་ཆབ་སྦྱིན་པའི་པོད་ཁུག་ལས་དཔྱད་བརྗོད་ཐུང་ཐུང་འདི་དག་སྤེལ་གི་ཡོད་པས་དེ་དོན་གསལ་རྟོགས་ཡོད་པའི་རེ་བ་དང་བཅས་མེ་འོད་དམ་འདྲེ་མིག་གསུམ་གྱིས་གུས་ཕུལ།

    Reply
  3. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    སྙན་ངག་ལ་སྙིང་པོ་མེད་པར་ལྟ་བའི་བོན་རྒྱ་བསྟན་འཛིན་རབ་རྒྱས་དང་སྙན་ངག་ལ་ཉོབ་ཚར་བའི་བཙན་སྲས་ཁྲུག་འཐུང་གཉིས་ལ་སྙན་ངག་ཐད་ཀྱི་སྐད་ཆ་དང་གནས་ལུགས་བཤད་ཀྱང་ཕལ་ཆེར་ཉན་རྒྱུ་མ་རེད་མོད། ཡིན་ནའང༌། བོད་ཀྱི་སྙན་ངག་ཡིན་ན་ལ་གཞས་ཡིན་མི་དགོས་པའི་གནས་ལུགས་འདི་རྟོགས་སླ་བ་ཡིན་ཡང་ཁྱེད་གཉིས་ནས་ཨུ་ཚུགས་ཀྱིས་སྙན་ངག་ནི་ལ་གཞས་ཤིག་རེད་ཟེར་ན་ར་སྤྲོད་བྱེད་ཐབས་ཤིག་མི་འདུག གང་ལྟར། བོད་ཀྱི་སྙན་ངག་ལ་དམངས་གཞས་དང་མགུར། གླུ། མེ་ལོང་མའི་ལུགས་ཀྱི་སྙན་ངག་དང་དེང་རབས་སྙན་ངག་སོགས་མང་པོ་ཡོད། དམངས་གཞས་ལ་ཡང་ཆང་གཞས་དང་མཛའ་གཞས། སྒོར་གཞས་སོགས་ཡོད་ལ། གླུ་ལ་ཡང་དེ་བཞིན་དུ་འབྲོག་གླུ་དང་མཛའ་གླུ་སོགས་ཡོད་པ་ཤེས་སླ་མོ་ཞིག་རེད། གླུ་དང་མགུར། ལ་གཞས་སོགས་ཀྱི་དབྱངས་རྟ་གྱེར་སྟངས་གྱི་ཆ་ལ་ཁྱད་པར་ཡོད་པས་དེ་ལྟར་དབྱེ་བ་བྱུང་བ་རེད། རིམ་གྱིས་འཕེལ་འགྱུར་གྱི་ཁྲོད་དུ་མགུར་གྱི་བརྗོད་བྱའི་ཆ་ལ་འགྱུར་ལྡོག་བྱུང་ནས་དེང་སང་མགུར་ཟེར་དུས་བརྗོད་བྱ་དོན་གྱི་ཆ་ནས་ངོས་འཛིན་བྱེད་མཁན་ཡོད། བོད་ཀྱི་སྙན་ངག་ལས་ལ་གཞས་དང་གླུ་སོགས་ལ་སྙིང་པོ་མི་འདུག་ཟེར་ན་བོད་ཀྱི་འཚོ་བ་དང་ཡུལ་སྲོལ་གོམས་གཤིས་ཀྱིས་བསྡུས་པའི་རིག་གཞུང་ལ་སྙིང་པོ་མི་འདུག་ཟེར་བ་དང་གཅིག་པ་མ་ཡིན་ནམ། གཞན་ང་ཚོ་བོད་ཀྱི་སྙན་ངག་ལ་སྐྱེས་ཆེན་དམ་པའི་རྣམ་ཐར་སྲོག་ཏུ་བྱས་པའི་རྟོགས་བརྗོད་སྙན་ངག་རྟག་ཏུ་ངུའི་རྟོགས་བརྗོད་ལྟ་བུ་ཡོད་ལ། ལྟ་བའི་ངེས་ཤེས་སྲོག་ཏུ་བྱས་པའི་སྙན་ངག་རྟེན་འབྲེལ་བསྟོད་ལྟ་བུ་དང༌། རྟོགས་པའི་ངེས་ཤེས་སྲོག་ཏུ་བྱས་པའི་སྙན་ངག་རྗེ་མི་ལ་རས་པའི་གསུང་མགུར་ལྟ་བུ་ཡོད། འདི་དག་སྙན་ངག་མིན་ཟེར་ས་མི་འགྲོ་གི། འོན་ཀྱང་སྙན་ངག་འདི་དག་ལ་སྙིང་པོ་མི་འདུག་ཟེར་ན་སྟོན་པ་ཐུགས་རྗེ་ཅན་གྱི་མདོ་སྔགས་གཉིས་ཀྱིས་བསྡུས་པའི་བསྟན་པ་ལ་སྙིང་བོ་མི་འདུག་ཟེར་བ་དང་གཅིག་པ་མ་ཡིན་ནམ། ངས་གོང་དུ་དཔེ་བཀོད་པའི་རྗེ་བདག་ཉིད་ཆེན་པོ་དང་རྗེ་མི་ལ་རས་པས་མཛད་པའི་སྙན་ངག་འདི་དག་ལ་གཞས་རེད་ཟེར་ན་ཁྱོད་ལ་རྒྱུ་མཚན་ཞིག་ཡོད་མེད་སྙན་ངག་དེ་དག་རང་ངོས་ནས་ཐག་གཅོད་ཚར་བས་ན་ཨུ་ཚུགས་རྒྱག་ས་ཞིག་མི་འདུག། གཞན་བོད་ཀྱི་སྙན་ངག་གི་ལམ་ནས་མྱ་ངན་བྱེད་སྲོལ་མེད་ཟེར་བ་འདི་ལས་སྐད་ཆ་དགོད་བྲོ་ཞིག་མི་འདུག དགེ་འདུན་ཆོས་འཕེལ་གྱི་ཆུང་གྲོགས་རྗེས་དྲན་ཐེངས་གཅིག་བཀླག་པར་འཚལ། ཐག་རིང་ཞིག་བསྟན་ན་མཐོང་དཀའ་གི་རེད། ཐག་ཉེ་ཞིག་བསྟན་ན། ཕྱི་ལོ་༢༠༠༠ལོར་དཔར་བསྐྲུན་བྱས་པའི་ཨ་ལགས་གུང་ཐང་ཚང་གི་རྗེས་དྲན་སྙན་ངག་ཕྱོགས་བསྒྲིགས་བྱང་ཆུབ་མཆོད་པའི་མེ་ཏོག་ཅེས་པ་དེ་ཡང་ཞིབ་ཏུ་ཀློགས་རོགས།
    གཞན་ཁྱེད་རྣམ་པ་གཉིས་ལ་དྲི་བ་ཁ་ཤས་འདུག ཁྱེད་གཉིས་ནས་ལ་གཞས་ཟེར་བ་དེ་ག་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད། དེ་ལས་སྙན་ངག་གི་ངོ་བོར་གྱུར་བའི་ཚད་མཐོ་བའི་ལ་གཞས་ཟེར་བ་དེ་ག་འདྲ་ཞིག་ལ་ངོས་འཛིན་བྱེད་ཀི་ཡོད། ཚད་མཐོ་ས་ཞིག་ལ་མ་སླེབ་པའི་ལ་གཞས་ཟེར་བ་དེ་ག་འདྲ་ཡིན། དེ་ལྟ་བུའི་ཚད་མཐོ་སར་སླེབ་མེད་པའི་ལ་གཞས་ཤིག་ཡོད་ན་དེ་སྙན་ངག་ཡིན་ནམ་མིན། མ་གཞི་ནས་ལ་གཞས་ཤིག་ཡིན་དུས་སྙན་ངག་ཡིན་ནམ་མིན། དྲི་བ་འདི་དག་སྣང་མེད་དུ་བཞག་ན་ང་ཚོའི་བགྲོ་གླེང་གི་ཁོར་ཡུག་ལ་གཙོག་གྲིབ་ཐེབས་ཀི་རེད། དེ་བས་ཁྱེད་རྣམ་པ་གཉིས་ནས་དྲི་བ་འདི་དག་ལ་ཐོག་མར་ལན་འདེབས་གསལ་བོ་ཞིག་གནང་བར་འཚལ། སྐད་ཆ་ལ་བགྲོ་གླེང་གི་རྣམ་པ་ལྡན་པའི་རེ་བ་ཡོད།
    འདྲེ་མིག་གསུམ་གྱིས་གུས་ཕུལ།

    Reply
  4. ཁ་བ། says:
    ལོ་ 16 སྔོན།

    ང་ཚོ་དེ་ལས་ལྷག་པའི་ལས་འགན་ཡོད།

    Reply
  5. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 16 སྔོན།

    ཚེ་རིང་སྐྱིད་ལ་བཤད་རྒྱུར། བདེན་པ་རེད། ཁྱོད་དང་ང་ལྟ་བུ་ནི་བོད་ཁབ་ཅན་གྱི་ཞབས་འདྲེན་ལས་ཅི་ཡང་མ་རེད། སྐྱེས་བ་གཞན་གྱིས་ཤེས་ནི་མ་རེད་ལ་གསོན་པའང་གོ་རྒྱུ་མ་རེད།
    དོན་འགྲུབ་རྒྱལ་བོད་ཀྱི་རིག་གཞུང་གི་ཐད་ལ་བྱས་རྗེས་ཆེན་པོ་ཡིན་པ་དེ་ཁྱོད་ལས་ངས་ཤེས་ཡོད་རྒྱུ་རེད། དེའི་ཕྱིར་སངས་རྒྱས་ལ་ཀ་ཁ་མཛའ་ནི་མ་རེད། ལྷ་བཟང་ཚེ་རིང་དང་འཇམ་དབྱངས་ནོར་བུ་གཉིས་ཀྱང་རྩོམ་པ་པོ་ཡིན་རྒྱུ་རེད། ངས་མི་ཤེས། ངས་རྩོམ་པ་པོ་མ་རེད་ཅེས་བཤད་མེད། ལྷ་བཟང་གི་དུག་སྦྲང་ལས་འགུལ་ཟེར་བ་དེ་དང་འཇམ་ནོར་གྱི་མི་ཁ་ཤས་གསོད་པར་ང་མི་སྐྲག་ཟེར་བ་དེ་གཉིས་ལ་ང་དགོད་རྒྱུ་ཡོང་གི། དེའི་ཐད་ནསཁྱེད་ཀྱིས་ང་ལ་ལན་བསྐྱོན་མི་འདུག ཕལ་ཆེར་ངས་ཅི་ཞིག་བཤད་ཀྱི་ཡོད་པ་ཤེས་མེད་པ་ཡིན་ཀྱང་སྲིད། ལན་འབྲི་ན་འདོད་ན་དེ་ལ་ཕྲིས་དང་ཡུན་གྱིས་བཤད་ཆོག གཞན་ཁྱེད་ཀྱི་དུངས་ཞེན་ལ་ཕོགས་པ་ཙམ་ཞིག་གིས་བཤད་ཀྱིན་ཡོད་ན་དེ་དཔྱད་བརྗོད་པའི་སྐད་ཆ་ཡིན་ནི་མ་རེད། དུངས་ཞེན་ལ་ཐུག་དུས་འདར་ར་ར་བྱེད་མཁན་ཚོ་ནི་ཀླད་ལྗང་བ་དང་རྗེས་ལུས་བའི་རང་བཞིན་རེད། གཞན་བཤད་རྒྱུ་ཞིག་ལ། རྩོམ་རིག་ནི་རྒྱ་མཚོ་ལྟ་བུ་ཞིོག་ཡིན་ན་སྙན་ངག་ནི་དེ་ལས་གྱེས་བའི་ཡུར་ཆུ་ཞིག་རེད། ཡུར་ཆུ་དེའི་ཁ་ལ་དུག་སྦྲང་མང་པོ་འཁོར་ནི་རེད། དེ་ལ་ཧང་སངས་དགོས་པ་དེ་འདྲ་ཅི་ཡང་མ་རེད། དོན་འགྲུབ་རྒྱལ་ལྟ་བུ་ཡིན་ནའང་སྙན་ངག་ལ་མང་པོ་འཐམས་ནས་བསྡད་མྱོང་ནི་མ་རེད། སྙན་ངག་ནི་ཆང་འཐུང་དུས་དང་འཁྱམ་འཁྱམ་ལ་བསྐྱོད་དུས་ཁེར་སྡུག་གིས་ཤི་ལ་བྱེད་དུས་སོགས་ནི་ཁོ་འབྲི་བའི་དུས་སྐབས་རེད། སྙན་ངག་གིས་སྤྱི་ཚོགས་ལ་ལམ་སྟོན་བྱེད་རྒྱུ་ཡིན་ཟེར་ན་ནོར་འཁྲུལ་རེད་ལ་སྟོང་བསམ་ཡང་རེད། དེའི་ཕྱིར་ཤེས་ཡོན་པ་ཚད་མཐོ་ཞིག་བྱེད་ན་སྙན་ངག་ཁོ་ནར་འཐམས་ནས་འདུག་ཉན་ནི་མ་རེད། ཕྱོགས་དེ་འདྲ་མང་པོ་ཞིག་ལ་བསམ་བློ་བཏང་ནས་ངས་སྙན་ངག་ནི་ཚད་མཐོ་བའི་ལ་གཞས་ཤིག་རེད་ཅེས་བཤད་པ་ཡིན།

    Reply
  6. ཚེ་རིང་སྐྱིད། says:
    ལོ་ 16 སྔོན།

    གོང་གི་བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱི་དཔྱད་གཏམ་གྱི་ལན་དུ།
    དཔལ་དོན་གྲུབ་རྒྱལ་གྱིས་ནུབ་རྒྱུ་མེད་པའི་རྡོ་རིང་ཆེན་པོ་ཞིག་བཞེངས་ནས་བུད་སོང་ལ། སྒྱུ་རྩལ་ལ་རང་གི་ཚེ་སྲོག་ལས་ལྷག་པར་བཀུར་བའི་རླབས་ཆེན་གྱི་སྐྱེས་བུ་འདི་དུས་ནམ་ཡང་འོད་ཀྱིས་མི་རེ་རེ་ཡི་སེམས་ཁམས་སུ་བཞེངས་ཡོད། ཁོང་ཉིད་གསོན་དུས་རླབས་ཆེན་ཡིན་ལ་ཤི་བ་ཡང་དོན་སྙིང་ཡོད། ད དུང་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་དང་དེང་རབས་ཕྱི་མའི་ལུགས་ཀྱི་དཔྱད་གཏམ་པ་འཇམ་དབྱངས་ནོར་བུ་སོགས་བོད་ཕྱི་ནང་གཉིས་སུ་ཡོངས་གྲགས་ཀྱི་རྩོམ་པ་པོ་རེད། འོན་ཀྱང་། བོན་རྒྱ་བསྟན་འཛིན་རབ་རྒྱས་ཞེས་པ་ཞིག་སྐྱེས་ཡོད་པ་གོ་མ་མྱོང་ལ། གསོན་ཡོད་པ་དེ་བས་ཀྱང་ག་ལ།

    Reply
  7. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    སྐུ་ཞབས་ phantom ལགས་སུ་ཧི་མ་ལ་ཡའི་བོད་ཡིག་གཏག་ཐབས་ཀྱི་མཛུབ་སྟོན།

    སྐུ་ཞབས་ Phontom ལགས། བོད་ཀྱི་དུས་བབ་དྲ་ཚུགས་སུ་ཕེབས་པར་དགའ་བསུ་ཞུ། ང་ཚོས་འདི་ནས་གང་ཡོང་ཅི་ཐུབ་ཀྱིས་ཁྱེད་ཅག་ལ་ཞབས་ཞུ་དང་ལམ་སྟོན་ཞུ་ངེས་ཡིན། གལ་ཏེ་སྐུ་ཉིད་ཀྱི་གློག་ཀླད་སྒེའུ་ཁུང་། ( VISTA ) ཡིན་ན། ཐོག་མ་ནས་ཧི་མ་ལ་ཡའི་བོད་ཡིག་མཉམ་སྦྱར་བྱས་ཡོད་སྟབས། ཁྱོད་ལ་དཀའ་ངལ་གང་ཡང་འཕྲད་མི་སྲིད། འོན་ཀྱང་། གློག་ཀླད་སྒེའུ་ཁུང་ ( XP ) ཡིན་ན། ང་ཚོའི་དྲ་བའི་མདུན་ངོས་དང་། ཡང་ན་འབྲེལ་ཡོད་དྲ་ཚུགས་གཞན་ནས་ཧི་མ་ལ་ཡའི་བོད་ཡིག་ཕབ་ལེན་དང་ནང་འཇུག་བྱས་ཤིང་། ཐེབ་གཞུང་ལས་ Tibetan ( PRC ) གདམས་པ་ཡིན་ན། གཞི་ནས་ང་ཚོའི་དྲ་བའི་སྟེང་གི་གནས་ཚུལ་དག་ལ་འདོད་མོས་ལྟར་དཔྱད་གཏམ་སྤེལ་ཐུབ།
    དེ་མིན། སྐུ་ཉིད་ཀྱི་སེ་ཨར་སེ་གཡུ་མཚོ་དང་། པཎ་ཊི་ཏ། སྨོན་ལམ་བོད་ཡིག་གཉིས་པ་བཅས་ཀྱི་ནང་གཏག་ཡོད་པའི་རྩོམ་ཡིག་རྣམས། གློག་ཀླད་ནང་གི་མཉེན་ཆས་ ( WordPad ) ནང་བཞག དེའི་རྗེས་ ( UDP ) ནང་བཞག དེ་ནས་བསྐྱར་དུ་ ( Microsoft Word ) ནང་བླངས་པ་ཡིན་ན། ཧི་མ་ལ་ཡའི་ཡིག་གཟུགས་སུ་ཐད་སྒྱུར་བྱས་ཡོད། གོ་རིམ་དེ་དག་མ་ནོར་བར་བགྲོད་ན། མཛུབ་གནོན་གཞན་ཀྱི་སྟེང་གཏག་ཡོད་པའི་སྐུ་ཉིད་ཀྱི་བརྩམས་ཆོས་དག་བདེ་བླག་ངང་ཧི་མ་ལ་ཡའི་ཡིག་གཟུགས་ནང་བསྒྱུར་ཐུབ་ཅིང་། ཧི་གཟུགས་ཀྱིས་བཟོས་ཡོད་པའི་དྲ་ཚུགས་དག་ཏུ་འགོད་ཐུབ་ལགས།

    Reply
  8. བཙན་སྲས་ཁྲག་འཐུང་། says:
    ལོ་ 16 སྔོན།

    བོན་རྒྱ་བས་བཤད་པ་ལྟར། སྙན་ངག་ནི་ལ་གཞས་ཤིག་རེད། ལ་གཞས་བླངས་ནས་མྱ་ངན་བྱེད་པ་དེ་ནུབ་ལུགས་ལ་འགྲིག་ནའང། ང་བོད་གངས་ཅན་གྱི་ལུགས་ལ་མི་འགྲིག དེའི་ཆ་ནས་ང་ཉོབ་སོང་།

    Reply
  9. རིག་རང་སྐྱེས། says:
    ལོ་ 16 སྔོན།

    བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཆེད་དུ་ལས་འགུལ་ཅི་ཞིག་སྤེལ་ན་སྙིང་ཐེག་པ་ནས་རྒྱབ་སྐྱོར་ཡོད། བཙན་བྱོལ་བ་ན་གཞོན་དཔང་ཁག་ཅིག་གིས་ད་ལོའི་བོད་ནང་གི་དོན་རྐྱེན་ཁྲོད་འདས་གྲོངས་སུ་སོང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་ཆེད་དུ་སྙན་ངག་བྲིས་ན་ཁྱོད་བཙན་ཁྲག་འཐུང་ཉོབ་དགོས་དོན་ག་ལ་ཡོད།

    Reply
  10. རྩེ། ཆུ་མིག says:
    ལོ་ 16 སྔོན།

    སྙན་ངག་ལ་ཉོབ་ན་ལྷོ་མཐའི་བོད་པའི་གཞིས་ཆགས་ནང་འགྲོ་ན་ཡག་ས་རེད

    Reply
  11. བཙན་སྲས་ཁྲག་འཐུང་། says:
    ལོ་ 16 སྔོན།

    སྙན་ངག་ལ་ངོ་མ་ཉོབ་སོང་།

    Reply
  12. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ལས་འགུལ་འདི་ལ་སེམས་གཏིང་ནས་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཡིན་ཡང་། ཚོགས་འདུ་འདི་གྲོལ་བ་དང་སྙན་ངག་དེ་དག་གྱེར་རྗེས་སུ་ལོ་གསར་སླེབས་གྲབས་ཡོད་པ་མ་བརྗེད་རོགས་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན་བོད་པ་ཚང་གི་མི་མང་བོ་ཞིག་ང་རང་ལྟར་བཤད་ཤེས་པ་ལས་ལག་ལེན་བྱེད་དུ་འགྲོ་དུས་མཐོང་ས་ན་མེད་པ་དེ་འདྲ་ཤ་སྟག་བྱུང་གི་ཡོད་པ་དེ་ཡིན། ད་དུང་གསོད་གཏུབ་འཕྲོག་གསུམ་བྱེད་ཀྱི་ཡིན་ཟེར་མཁན་ཚོ་བརྡ་ཞིག་རྒྱག་དོན་མེད་ཀྱི་ནུས་མེད་ཡོང་རྒྱུ་མེད་པའི་རྙོག་གཏམ་དེའི་རིགས་མི་རིགས་གཞན་ལ་གོ་རུ་མ་བཅུགས་ན་ཡག་པོ་རེད། མགོ་སེར་དག་གི་ཚིགས་དེ་འདྲ་མ་གོ་ནས་བསྡད་ཡོད་པ་རེད། དེ་དག་གོ་བ་དང་ཁོང་ཚོས་རྒྱལ་བ་རིན་པོའི་རྗེས་འབྲེང་བོད་མི་བཙན་བྱོལ་བ་རེ་ཟུང་གི་གསོད་གཏུབ་བྱེད་རྒྱུའི་ཕྱོགས་སུ་བསམ་ཚུལ་ཤུགས་ཆེན་འདུག་ཟེར་ནས་འཇམ་དབྱངས་ནོར་བུའི་བཙན་བྱོལ་ནང་དུ་ང་རང་ལ་གཞོན་སྐྱེས་མང་བོའི་རྒྱབ་སྐྱོར་ཡོད་ཅེས་འུ་སྒྲོག་བྱས་པ་ཡང་འདི་འདྲ་ལ་བརྟེན་ནས་བྱུང་བ་ཡིན་ན་ཤེས་པར་མཛོད་རོགས།

    Reply
  13. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 16 སྔོན།

    སྟོན་པའི་སྐུ་དང་། ཏཱ་ལའི་བླ་མའི་སྐུ་མདུན་ནས་དེ་འདྲ་བཤད་ནས་གད་ཡོང་།

    ལབ་དེ་འདྲ་སྔོན་ཆད་དོན་འགྲུབ་རྒྱལ་གྱིས་བརྒྱབ་པ་རེད། ངས་ཀྱང་བརྒྱབ་ཡོད།

    ལྷ་བཟང་ཚེ་རིང་གིས་ཀྱང་༢༠༠༨་ལོར་ཁོས་རྒྱ་ནག་ནང་དུ་དུག་སྦྲང་གི་ལས་འགུལ་སྤེལ་གྱི་ཡིན། རྒྱ་རྒན་ཚོའི་ཡིག་སྒམ་ཞིག་གི་ནང་ལ་ཆུ་ཕོར་བ་གང་བྱོ་ཐུབ་ན་འགྲིག་གི་རེད་ཅེས་བཤད་པ་རེད། ཡིན་ནའང་༢༠༠༨་ལོར་ཁཽ་དུག་སྦྲང་ཚོ་ཤར་གངས་པོ་ནས་ཤི་སོང་བ་ཡིན་ནམ་གོ་རྒྱུ་གྲག་རྒྱུ་ཅི་ཡང་མི་འདུག

    ད་དུང་འཇམ་དབྱངས་ནོར་བུས་ཀྱང་རྒྱ་མི་ཁ་ཤས་གསོད་པར་ང་མི་སྐྲག་ཞེས་བཤད་པ་རེད།
    ངོ་མ་ང་དགོད་ཀྱི་ཡོང་གི་ཡ། ཆབ་སྲིད་པ་འདི་ཚོ་ནི་བྱིས་པ་སྨྱོན་པ་ཞིག་དང་འདྲ་བོ་རེད་ཅེས་བཤད་ནའང་། ཧམ་ཐལ་ཆེན་པོ་མ་རེད་ཡ།

    སློབ་མ་ཚོས་སྙན་ངག་གྱེར་བ་ཡག་པོ་རེད། རྒྱང་རིང་ནས་ཉན་པ་ལྟར་ན་ཨ་ཁུ་རྡོ་རྗེ་དབང་ཕྱུག་དང་ལྷ་ལུང་ཨ་འཇམ་ཚོའི་དྲིན་ལ་ནོར་གླིང་གི་བྱིས་པ་ཚོ་ཡང་སད་ཀྱི་ཡོད་རབས་ཤིག་གོ་སོང་།
    ཡིན་ནའང་། སྙན་ངག་ལ་བལྟས་ནས་ཞི་དྲག་གི་འདུ་ཤེས་དབྱེ་ཐུབ་ནི་མ་རེད།
    སྙན་ངག་ནི་ཚད་མཐོ་བའི་ལ་གཞས་ཤིག་རེད། དེ་ལ་སྙཱིང་བོ་ཅི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese