མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་ནུས་བརྟན་བཞུགས་ཕུལ་བ།

བོད་ཀྱི་དུས་བབ།
༢༠༠༩/༠༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

གཞོན་ནུས་༧གོང་ས་མཆོག་བརྟན་བཞུགས་ཕུལ་བ་ནི་གང་གི་མཛད་འཕྲིན་ལ་བཀའ་དྲིན་དང་དད་གུས་བྱེད་དང་། རང་གི་དབུ་ཁྲིད་དང་དད་པ་དམ་ཚིག་བརྟན་པོ་མཚོན་བྱེད་ཡིན་པ་མ་ཟད། གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དང་གྲོས་ཆོད་རྣམས་མུ་མཐུད་ནས་ལྷག་བསམ་རྣམ་དག་ངང་སྒྲུབ་རྒྱུའི་དམ་བཅའ་འབུལ་བའི་ཆེད་དུ་ཡིན། ཅེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་རྡོ་རྗེས་འདི་ག་གསར་ཁང་ལ་བརྗོད་བྱུང༌། 

ཚེས་ ༡༤ ཉིན་གནས་མཆོག་ཝ་རཱ་ཎཱ་སིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་ཡོད་པ་དང༌། དེ་ནི་སྤྱི་ལོ་ ༢༠༠༨ ལོར་རྒྱལ་ཡོངས་བོད་ཀྱི་གཞོན་ནུའི་ཚོགས་ཆེན་ཐོག་གྲོས་ཆོད་བཞག་པའི་འབྲུ་དོན་ལྟར་ཡིན་འདུག  དབུས་གཞོན་ནུ་ཚོགས་པའི་ཚོགས་གཞོན་དོན་གྲུབ་རྡོ་རྗེས་འདི་གའི་གསར་ཁང་ལ་བརྗོད་དོན། ལོ་སྔོན་མའི་ཟླ་ ༧ པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་མི་ནཱ་ལི་ནས་འཚོགས་སྐབས།  གཞོན་ནུའི་ས་གནས་ཚོགས་གཙོ་རྣམས་ཀྱིས་༧གོང་ས་མཆོག་ལ་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་བརྟན་བཞུགས་རྒྱས་པ་ཞིག་འབུལ་རྒྱུའི་བསམ་ཚུལ་བྱུང་ལ།  སྐབས་དེར་༧གོང་ས་མཆོག་གི་སྐུ་ཁམས་བདེ་མིན་བྱུང་བ་སོགས་ཀྱིས་གཞོན་ནུ་ལྷན་ཚོགས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་རྒྱུའི་གྲོས་ཆོད་བཞག་ཡོད་པ་རེད།  དེ་རྗེས་སྐུ་སྒེར་ཡིག་ཚང་ལ་སྙན་ཞུ་ཕུལ་ཡོད་ཀྱང་ཐེངས་འདིར་སྐུ་སྒེར་ཡིག་ཚང་ནས་དགོན་པ་དང་ཚོགས་སྡེ་གཞན་པ་དང་མཉམ་དུ་གོ་སྒྲིག་བྱས་འདུག  ང་ཚོར་བརྟན་བཞུགས་རྒྱས་པ་འབུལ་བར་གདམ་ག་དང་གོ་སྐབས་མ་བྱུང་བར་སྐུ་སྒེར་ཡིག་ཚང་གི་གོ་སྒྲིག་ལྟར་འབུལ་དགོས་བྱུང༌སོང་། ཞེས་གསུངས་བྱུང༌།  ཁོང་གིས་མུ་མཐུད་ནས།  ཐེངས་འདིར་ཁཱེ་ནཱ་ཌའི་རྒྱལ་སའི་ས་གནས་གཞོན་ནུའི་རྒྱུན་ལས་དང༌།  ཨ་རིའི་རྒྱལ་སའི་ས་གནས་གཞོན་ནུའི་རྒྱུན་ལས། རྒྱ་བལ་འབྲུག་གསུམ་གྱི་ས་གནས་གཞོན་ནུའི་རྒྱུན་ལས་སོགས་ཁྱོན་བསྡོམས་ས་གནས་ཁག་གི་རྒྱུན་ལས་ ༡༨༠ ལྷག་ཕེབས་ཡོད། ད་ཐེངས་ཀྱི་བརྟན་བཞུགས་འདི་ནི་༧གོང་ས་མཆོག་ལ་གཞོན་ལྷན་ངོས་ནས་བརྟན་བཞུགས་འབུལ་ཐེངས་ ༣  པ་ཡིན་ལ། གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་བརྟན་བཞུགས་འབུལ་བ་ཙམ་ཁོ་ན་མ་ཡིན་པར་འབྱུང་འགྱུར་མུ་མཐུད་ནས་གཞོན་ནུ་ཚོགས་པའི་རྩ་བའི་ལངས་ཕྱོགས་ལ་འགན་བླངས་ནས་གཞོན་ནུ་ཚོགས་པའི་རྩ་བའི་དམིགས་ཡུལ་བཞིན་ལས་དོན་སྒྲུབ་པའི་དམ་བཅའ་ཕུལ་བ་ཡིན་ལ།  ༧གོང་ས་མཆོག་གི་སྐུ་ཚེ་བརྟན་རྒྱུ་དང་རང་གི་དབུ་ཁྲིད་དང་དད་པ་དམ་ཚིག་བརྟན་པོ་མཚོན་བྱེད་དུ་ཡིན། ཞེས་གསུངས་བྱུང༌།  ཐེངས་འདིའི་བརྟན་བཞུགས་འབུལ་མཁན་ནི་མདོ་སྨད་ཆོལ་ཁ་དང་བྱང་རྩེ་བླ་སྤྲུལ་ལྷན་ཚོགས། ཨ་མདོ་འཕེལ་རྒྱས་འདས་པོའི་ནང་མི།  བལ་ཡུལ་ཏྲེ་ཧོར་ཐུབ་བསྟན་དཔལ་འབྱོར་ཁྱིམ་ཚང༌། རྡ་ས་བློ་གྲོས་དཔལ་འབྱོར་ཁྱིམ་ཚང༌།  ཤི་ལི་གྷི་རི་ཡི་སཱ་ལི་གྷ་རིར་ཡོད་པའི་སྲད་རྒྱུད་གྲྭ་ཚང་གི་མ་དགོན། བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

ཆུ་ཚོད་ ༡༤ སྔོན་ལ།
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

ཆུ་ཚོད་ ༡༤ སྔོན་ལ།
Mobile App

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་ཡོད་པའི་གྲོས་ཆོད་གཏན་འབེབས་གནང་།

ཆུ་ཚོད་ ༡༩ སྔོན་ལ།
ttttt
Mobile App

བསྐལ་བའི་མེ་འཕྲིན་དམར་པོའི་སྙན་དེབ་དབུ་འབྱེད་དང་བགྲོ་གླེང་འཚོགས།

༢༠༢༦/༠༣/༢༦
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

༢༠༢༦/༠༣/༢༥
Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

༢༠༢༦/༠༣/༢༥

མཆན། 1

  1. མགྲིན་པ་ཟབ་མོ། says:
    ལོ་ 17 སྔོན།

    དོན་ངོ་མར་བཤད་ན། གཞོན་ནུ་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་ཡོད། ཁོང་ཚོར་དཀའ་ངལ་དེ་ཁ་ཐུག་ཏུ་མ་འཕྲད་པར་སྐོར་ནས་འཕྲད་ཡོད། རྒྱ་བོད་གཉིས་ཐད་ནས་འཕྲད་ཡོད། གཞུང་མང་དྲག་ཚོགས་ཆུང་ནི་དཀའ་ངལ་འདིའི་རྩ་བར་གྱུར་འདུག

    ད་ནི་སྐྱོན་མི་འདུག གཞོན་ནུས་ཀྱང་ལངས་ཕྱོགས་དེ་སྐབས་འཚོལ་རིང་ལུགས་པ་ལྟར་བྱོས་ཤིག ལངས་ཕྱོགས་གསལ་བོ་མེད་པ་དང་།་བརྟན་པོ་མེད་པ་ཞིག་གི་ཐོག་ནས་ཕར་གཡོ་ཚུར་གཡོ་དང་། ཡར་གཞའ་མར་གཞའ། ཉི་མ་གང་འཁྱོལ་གྱིས་མ་འོངས་པའི་ལོ་ ༥༠ དེ་ལ་གྲ་སྒྲིག་བྱོས་ཤིག འདི་བཙན་བྱོལ་བོད་མི་ཚོའི་ལམ་ཁ་བདེ་ཤོས་ཡིན་པ་འདྲ།

    རྒྱལ་བ་རིན་པོ་ཆེ་མཆོག་ལ་ཁ་ཞེ་གཉིས་མེད་ཀྱིས་ལས་ཀ་བྱེད་མཁན་ཞིག་ལས་གཞོན་ནུའི་བརྟན་བཞུགས་འདི་དགོས་དོན་ཡོད་པ་མ་རེད། མ་གཞི་ནས་བརྟན་བཞུགས་འདིའི་རིགས་ལ་ཁོང་ཉིད་སུན་པོ་འདུག་ཅེས་གསུངས་མྱོང་བ་བཙན་བྱོལ་བོད་མི་ཚོར་གསལ་བོ་ཡོད་པ་རེད། དེར་བརྟེན་གཞོན་ནུས་ཀྱང་དད་པ་དམ་ཚིག་གཙང་མ་ཡིན་ལུགས་དག་སྐྱེལ་བྱེད་དགོས་པ་ཨེ་ཡོད། མཚམས་རེར་ངན་མཚང་ཡོད་ཚད་ཕྱིར་འདོན་དགོས་ཀྱང་སེམས། འོན་ཀྱང་། སྤྱི་ཚོགས་ཟེར་བ་འདི་རྟེན་ཅིང་འབྲེལ་བ་ཞིག་ཡིན་སྟབས་རང་ཤེད་ཁོ་ནའི་དབང་དུ་མི་འགྲོ་བའི་འབད་བརྩོན་བྱེད་ཀྱིན་ཡོད། དགོངས་དག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese