མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥ་རན་སི་ནས་ལོ་སར་གི་མིན་ཟེར།

བོད་ཀྱི་དུས་བབ།
༢༠༠༩/༠༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༡༨ ཉིན་ཧྥ་རན་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་བཤད་པ་ལྟར་ན། ལོ་འདིར་སུད་སིར་བོད་ལུགས་ལོ་གསར་རྒྱས་པ་ཞིག་འཚོགས་ཀྱིན་པའི་གནས་ཚུལ་ཐོས་སྟབས། བོད་ཀྱི་ལོ་གསར་དེ་སྔར་སྲོལ་ལྟར་འཚོགས་ཀྱི་ཡོད་པར་འདོད་དེ། ལོ་འདིའི་ལོ་གསར་ལ་གྲ་སྒྲག་བྱས་ཟིན་ནའང་། ཉེ་ལམ་ནས་ད་ལོ་བོད་མི་རྣམས་ཀྱིས་བོད་ལུགས་ལོ་གསར་སར་རྒྱུ་མིན་པའི་གནས་ཚུལ་གོ་ལ། ཧྥ་རན་སིའི་བོད་རིགས་མི་མང་གི་ཁྲོད་དུའང་དེ་མཚུངས་གླེང་སློང་བྱུང་བར་བརྟེན་ཉིན་ཤས་སྔོན་ཧྥ་རན་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་རྣམས་འཛོམས་ཏེ་ ༢༠༠༨ ལོའི་ངོ་རྒོལ་སྐབས་ནས་ད་བར་གཤེགས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་དང་། ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད། དེ་བཞིན་དུ་མུ་མཐུད་བཙོན་འོག་དང་མནར་གཅོད་འོག་ཡོད་པའི་སྤུན་ཟླ་རྣམས་རྒྱབ་སྐྱོར་དང་གདུས་སེམས་མཚོན་ཆེད་ད་ལོ་ལོ་གསར་རྒྱུ་མིན་པའི་ཐག་གཅོད་བྱས་པ་ཡིན་ཅེས་གསུངས་བྱུང་།

ཡང་ཁོང་གིས་བརྗོད་དོན། ལོ་གསར་མཉམ་འཛོམས་བྱེད་སའི་ས་ཆ་དེ་སྔ་མོ་ནས་གཡར་ཡོད་སྟབས། གང་ལྟར་ས་ཆ་དེ་ནས་ཞབས་བསྟེན་ནམ ཡང་ན་མཆོད་མེ་འབུལ་བ་སོགས་ལས་འགུལ་སྤེལ་རྒྱུ་ཡིན། ཡིན་ཡང་། ལས་འགུལ་རྣམ་པ་གང་འདྲ་ཞིག་སྤེལ་མིན་ནི་ཉིན་གཉིས་རྗེས་སུ་རྒྱུན་ལས་རྣམས་འཛོམས་ཏེ་ཐག་གཅོད་བྱ་རྒྱུ་ཡིན་ཅེས་ཀྱང་བརྗོད་བྱུང་།

ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་བཤད་དོན། ཧྥ་རན་སིའི་བོད་རིགས་རྣམས་ཀྱིས་ལོ་འདིའི་གསུམ་བཅུའི་དུས་དྲན་དེ་ད་ལོ་དམིགས་བསལ་ཞིག་སྲུང་གཙི་བྱ་རྩིས་ཡོད་སྟབས། ད་སྐབས་གྲ་སྒྲིག་གཙོ་བོ་དེ་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་སྐོར་ཡིན་ཟེར།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦

མཆན། 6

  1. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དགྲ་འདུལ་ལགས། ཁྱེད་རང་གི་ལས་འགུལ་ཡག་པོ་ཞིག་མཐོང་གི་མེད་པ་ཡིན་ན། ཁྱེད་རང་གི་ཐབས་ལམ་གཞན་དག་ངེད་ཅག་དྲ་གྲོགས་ཚོ་ལ་ཅི་འདྲ་ཡིན་མིན་གསལ་བོ་ཞིག་གསུང་དང་དེ་ནས་ང་ཚོས་ཀྱང་རང་རང་གི་གང་དྲན་པ་དེ་དག་ལ་ངེད་ཅག་གི་གླེང་མོལ་རེ་བྱོས་དེ་གང་བྱས་པ་ཡིན་ན་ཡག་མིན་ལ་གྲོས་རེ་བྱས་ན་མ་རེད་དམ།

    Reply
  2. དགྲ་འདུལ། says:
    ལོ་ 17 སྔོན།

    རིག་པའི་རྡོ་རྗེ་ལགས། ཁྱེད་ཀྱི་ལྷག་བསམ་ལ་དོགས་པ་མེད། ཡིན་ནའང་། ལས་འགུལ་དེ་ཡག་པོ་ཞིག་མཐོང་མ་སོང་། ལྷག་པར་དུ་ལོ་གསར་ཚེས་གཅིག་གི་ཞོགས་པ་ནས་རྒྱ་མིའི་གཞུང་ཚབ་ཁང་དུ་རྒྱུག་པ་འདི་ཐབས་ལམ་ལེགས་པོ་ཞིག་མ་རེད་འདོད། ངའི་ཐབས་ལམ་རྣམས་ངས་རིམ་པས་བཤད་ཆོག

    Reply
  3. དགྲ་འདུལ། says:
    ལོ་ 17 སྔོན།

    དགོངས་དག ཉིན་ཁ་ཤས་རིང་ཡོང་ཐུབ་མ་སོང་། ཁྱེད་ཅག་གི་རྩོད་མགོ་འདི་ལོ་གསར་ཡོད་མེད་ལ་ཐུག་ཡོད་པ་འདྲ། ངའི་རེ་བ་ལ་བོད་ཕྱི་ནང་གཉིས་ཀ་ནས་ལོ་ཡིན་གཅིག་མིན་གཅིག་སར་རོགས། ཚང་མ་མཉམ་དུ་འཛོམས་ནས་གཅིག་གིས་གཅིག་གི་གདོང་ལ་ལྟ་རོགས། བོད་པ་ངོ་མ་ཞིག་གི་བཟོ་ལྟ་ཡོད་མེད་ལ་བརྟག་རོགས། ཤི་བོ་དེ་དག་དྲན་རོགས། གསོན་པོ་དེ་དག་ལ་བསམ་རོགས། དེའི་རྗེས་ནས་སླར་ཡང་བསམ་རོགས། ལོ་གསར་པ་འདི་སར་རོགས། རང་རང་གི་སེམས་བསམ་པའི་གཏིང་ནས་དམ་བཅའ་དང་ཁས་ལེན་ཡོད་པའི་ལོ་གསར་པ་ཞིག་སར་རོགས།

    Reply
  4. སྐར་མ། says:
    ལོ་ 17 སྔོན།

    ལོ་གསར་པ་ཞིག་ཚེས། དེ་ལ་རྟེན་འབྲེལ་བྱེད་པའི་ལུགས་སྲོལ་འདིའི་རྩ་བའི་དོན་སྙིང་ཤེས་དགོས་པ་རེད། འདི་རྟེན་འབྲེལ་ཁོ་ནའི་ཆེད་དུ་རེད་བག་མེད་དང་སྤྲོ་སྐྱིད་ཀྱི་ཆེད་དུ་མ་རེད། ཉི་མ་གསར་པ་ཞིག་ལ། བསམ་བློ་དང་རྣམ་འགྱུར་གསར་པ་ཞིག་ཁྱེར་ནས་ལས་ཀ་གསར་པའི་མགོ་རྩོམ་རྒྱུ་ནི་ང་ཚོའི་ལོ་གསར་ཞེས་པ་འདིའི་འདུ་ཤེས་ཀྱི་མ་གདན་རེད། མི་རྣམས་ཀྱིས་རྟེན་འབྲེལ་ལ་བརྟག་ཅིང་ཡིན་གཅིག་མིན་གཅིག་བསམ་པ་ཡག་ཕྱོགས་དང་ཡར་ཕྱོགས་ཤིག་ལ་བསམ་པ་དང་། གླུ་ལེན་གར་རྩེད་སོགས་སྤྲོ་སྐྱིད་ཀྱིས་བསུ་དགོས་པའི་དོན་ཡང་འདི་ལ་ཐུག་པ་རེད། ད་སྐབས་ལོ་སར་རྒྱུ་མིན་ཟེར་མཁན་ཚོའི་འདུ་ཤེས་ཀྱང་གཙོ་བོ་རྒྱུ་མཚན་འདི་ལས་བྱུང་བ་རེད་འདོད།

    འོང་ཀྱང་། ལོ་གསར་ནི་ང་ཚོས་ངེས་པར་དུ་སྲུང་བརྩི་བྱེད་དགོས་པ་ཞིག་རེད། སྔར་ལོ་ཕམ་ཀྱང་ད་ལོ་ཡོད་པ་རེད། དམ་བཅའ་གསར་པ་དང་། ཐབས་ལམ་གསར་པ། མི་རབས་གསར་པ་བཅས་ཡོང་དགོས་པ་རེད། འདིའི་ཞོར་དུ་ཉམས་མྱོང་དང་བསམ་བློ་གསར་པ་ཡོད་པ་ནི་བཤད་མི་དགོས་པ་ཞིག་རེད། ཚང་མ་མཉམ་དུ་འཛོམས། རིག་པ་དང་སེམས་ཤུགས་མཉམ་དུ་སྤུངས་ནས་ལས་དོན་གསར་བར་འཇུག་དགོས་པ་རེད། འདི་ནི་ལོ་གསར་པ་འདི་བསུ་སྟངས་ཤིག་རེད།

    སྡུག་བསྔལ་གྱི་ཆེད་དུ་སྡུག་བསྔལ་ཚོར་བར་བྱེད་པ་ནི་རྣམ་དཔྱོད་ཀྱི་མཐའ་མ་དེ་རེད།

    Reply
  5. འཁྱམས་པོ། says:
    ལོ་ 17 སྔོན།

    ངས་ཀྱང་དེ་ལྟར་བསམ་གྱིན་འདུག་ ཕྱི་སྡོད་བོད་མི་ཚོར་མཚོན་ན་ལོ་གསར་ནི་མཉམ་འཛོམས་ཀྱི་གོ་སྐབས་ཆེ་ཤོས་དེ་རེད་ དེའི་ཕྱིར་ངས་ཤོད་དེ་ནི་ཡང་ལྷན་དུ་འཛོམས་ནས་ འདས་གྲོང་པ་ཚོར་མྱ་ངན་གྱི་ཞོར་ལོ་འདིའི་ལོ་འཁོར་ལས་འགུལ་གྱི་སྐོར་ལ་བགྲོ་གླེང་རེའང་བྱེད་ན་མ་རེད་དམ།

    Reply
  6. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ང་ཚོར་ལས་འགུལ་གྱི་རྣམ་གྲངས་ཉུང་དྲག་འདུག ངོ་རྒོལ་སྐད་འབོད་ལྟ་བུ་ནམ་རྒྱུན་རྒྱལ་ཁམས་ཀྱི་མཐོང་ས་ནས་ལས་འགུལ་སྤེལ་རྒྱུའི་རིགས་དང་། བོད་མིའི་ནང་ཁུལ་གྱི་དམ་ཚིག་ཇེ་དོམ་ལ་གཏོང་ཐབས་སུ་མཉམ་དུ་འདུ་བ། གཞན་ཡང་། རིག་རྩལ་གྱི་ལམ་ནས་ལྟ་རྒྱུ་ཉན་རྒྱུ། བསམ་རྒྱུ་སྒྲུབ་རྒྱུ་ཡོད་པའི་ལས་འགུལ་སྣ་ཚོགས་ལ་བསམ་བློ་གཏོང་ཐུབ་ན་ཧ་ཅང་ལེགས་པར་འདོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese