མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བརྩེ་བའི་ཨོ་བྷ་མ་ལགས།

བོད་ཀྱི་དུས་བབ།
༢༠༠༩/༠༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༣༧ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

དེ་རིང་ང་ཚོས་སའི་གོ་ལའི་སྟེང་གི་དབང་ཤུགས་ཆེ་ཤོས་ཀྱི་མི་སྟེ། ཨ་རིའི་སྲིད་འཛིན་གསར་པ་ཨོ་བྷ་མ་མཆོག་གི་ཁྲི་སྟོན་ལ་རྟེན་འབྲེལ་ཞུ་གིན་ཡོད། ཁོང་གིས་འགྱུར་བ་ཞེས་པའི་འབོད་ཚིག་འདི་ཁྱེར་ནས་སྲིད་སྟེགས་འདིར་ཕེབས་ཡོད་ལ། དེ་རིང་འཛམ་གླིང་མི་དམངས་ཀྱིས་རང་རང་གི་ས་ཁུལ་ལ་དཔག་པའི་འགྱུར་བ་རེར་རེ་སྒུག་བྱེད་ཀྱིན་ཡོད། སྐབས་འདིར་བོད་མི་རིགས་ཀྱིས་ཀྱང་ཁོང་ལ་རེ་བའི་ཚིག་འགའ་འབུལ་འོས་པར་འདོད་ཅིང༌། རེ་བ་འདི་དག་འཕྲིན་ཐུང་བསྡུས་མ་ཞིག་གི་ནང་བཀོད་དེ་འདི་ལྟར་འབུལ་ཆོག

སྲིད་འཛིན་ཨོ་བྷ་མ་ལགས། སྐུ་ཉིད་གསེར་ཁྲིར་མངའ་གསོལ་གྱི་རྒྱས་སྟོན་ལ་འཚམས་འདྲི་དང་བཅས་ཞུ་གསོལ། སྤྱིར་བཏང་བོད་མི་རིགས་ལ་ད་ལོ་ལོ་གསར་མེད་པ་ལྟར་ཁྱེད་ཀྱི་ཁྲི་སྟོན་ལའང་དེ་ཙམ་གྱི་རྒྱས་སྤྲོས་ཆེ་བའི་འཚམས་འདྲི་ཞུ་ཐུབ་མ་སོང། ཡིན་ཡང༌། ཉིན་མོ་འདི་ཁྱེད་ལ་གལ་ཆེ་བ་བཞིན་དུ་བོད་མི་རིགས་ལའང་གལ་འགངས་ཧ་ཅང་ཆེ་སྟེ། དེ་རིང་གི་ཁྱེད་ཀྱི་ཁྲི་སྟོན་གྱི་ཉིན་མོ་ནས་བརྩིས་ན་ངེད་ཅག་གི་གསུམ་བཅུའི་དུས་དྲན་ལ་ཉིན་ ༥༠ ཐམ་པ་དག་དག་ཡོད་ལ། ཉིན་ ༥༠ འདིའི་རྗེས་ནས་ཏཱ་ལའི་བླ་མ་མཆོག་རང་གི་ལུང་པ་ནས་ཕྱིར་བྲོས་ཏེ་མི་ཡུལ་ལ་འཁྱམས་ཤིང་རི་མགོ་ནས་འཁོར་ཏེ་མི་ལོ་ ༥༠ ཐམ་པ་འཁོར་བ་ཡིན། ཁོང་གི་རྗེས་འཇུག་པ་ཚོ་ཤི་རྨས་ཚབས་ཆེན་དང་བཅས་མི་ཡུལ་ལ་ཐོར་དང་འཐོར་བཞིན་པ་ཡིན། ད་སྐབས་རྒྱ་ནག་གིས་ཁོང་གི་ཚེ་མཇུག་ཀྱང་རི་མགོ་ནས་འཕུད་དགོས་པའི་དབང་ཡོད་བཤད་ཀྱིན་འདུག་སྟབས་སྐུ་ཉིད་ནས་རྒྱ་ནག་གི་དཔོན་རིགས་འདི་དག་གི་བསམ་བློའི་གུག་དང་དཀྱོགས་ཀྱི་ནང་དེར་འགྱུར་བའི་ས་བོན་རེ་འདེབས་ཐུབ་བམ།

 

འགྱུར་བ་ནི་སྐུ་ཉིད་ཀྱི་ཁ་འདོན་གཙོ་བོ་ཡིན་ལ། ང་ཚོར་དགོས་པ་ཡང་ད་ལྟའི་ཡ་ང་བའི་གནས་སྟངས་འདིར་འགྱུར་བ་ཞིག་དགོས་པ་དེ་ཡིན། འཛམ་གླིང་གང་སར་འགྱུར་བ་ཆེ་ཕྲ་ཆུང་གསུམ་འགྲོ་གིན་ཡོད་ལ། ཐ་ན་རྒྱ་ནག་རང་གི་སྤྱི་ཚོགས་ལའང་གང་འཚམ་གྱི་འགྱུར་བ་རེ་འགྲོ་གིན་ཡོད། འོན་ཀྱང་འགྱུར་བ་སྤུ་ཙམ་མེད་པ་དེ་ནི་བོད་དོན་རེད། རྒྱ་ནག་དམར་ཤོག་ཚོགས་པས་བོད་ཀྱི་ཐོག་ལ་བཟུང་བའི་ཐོག་མཐའ་བར གསུམ་གྱི་སྲིད་བྱིས་ལངས་ཕྱོགས་རེད། པེ་ཅིན་གྱི་མགོ་ཁྲིད་ཚོས་འདི་ལ་འགྱུར་བ་གཏན་ནས་མེད་ཟེར། སྲིད་འཛིན་ལགས། སྐུ་ཉིད་ནི་འགྱུར་བ་གསུང་མཁན་དང་འགྱུར་བ་ལ་ཡིད་ཆེས་གནང་མཁན་ཞིག་ཡིན་སྟབས། རྒྱ་ནག་གིས་བོད་ཐོག་ལ་བཤད་ཕྱོགས་དང་ལས་ཕྱོགས་འདིར་འགྱུར་བ་རེ་དགོས་པར་གཟིགས་ཀྱི་ཡོད་དམ། གལ་སྲིད་ཡོད་ན་འགྱུར་བ་འདི་ངེས་ཟིན་དང་བཅས་ལག་ལེན་གྱི་ཐོག་ནས་གསུང་ཐུབ་མཁན་ནི་ཁྱེད་ཉིད་ལས་གཞན་མ་མཆིས་ན་སྐུ་ཉིད་ཀྱིས་སྲིད་འཛིན་ལས་ཁུར་གྱི་ཐོག་མའི་ཉིན་ ༡༠༠ རིང་གི་གལ་ཆེའི་ལས་དོན་གྱི་རྣམ་གྲངས་ཁྲོད་དུ་བོད་དོན་གྱི་འགྱུར་བ་འདི་ཡང་འཇུག་རྒྱུ་ནི་བོད་མི་རིགས་ཀྱི་རེ་བ་ཡིན།

ང་ཚོར་ད་དུང་ནང་ཁུལ་ནས་འགྱུར་དགོས་པའི་གཤིས་ཀ་དང་ཆོ་ག་ཕྱག་ལེན་མང་པོ་ཞིག་ཡོད། ཁྲིམས་ཀྱི་འདུ་ཤེས་དང༌། གཞན་བསྟེན་བསམ་བློ། རང་ལྟ་མཆོག་འཛིན། ནང་ཁུལ་དབྱེན་དཀྲུག ད་དུང་ང་ཚོའི་རྒྱུད་ན་མེད་ཅིང་ངག་ལ་གོམས་བསྡད་པའི་རང་ལས་གཞན་གཅེས་སོགས་མང་པོ་ཞིག་ཡོད། འདི་དག་ནི་སྐུ་ཉིད་ཀྱི་སྲིད་ཁྲིའི་ལོ་ ༥ དང་དེ་ལས་ཀྱང་རིང་སྲིད་པའི་མི་ལོ་ ༡༠ དུས་ཡུན་རིང་ང་ཚོས་ཞིབ་ཕྲ་དང་བཅས་ལོ་རེ་རེ་བཞིན་འབུལ་ཆོག་པ་ཞུ།

མཐའ་དོན། ཨབ་གྷན་དང་ཨི་རག་གི་དམག་འཁྲུག་ཆད་ཅིང༌། ད་དུང་འགད་ལ་ཁལ་དང་འཐོར་ལ་ཉེ་བའི་ས་སྟེང་གི་འཐབ་འཁྲུག་མཐའ་དག་ཞི་བ་དང༌། མ་གྱུར་སེམས་ཅན་ཐམས་ཅད་ཀྱི་སྙིང་ནད་སངས་ཤིང་དཔལ་འབྱོར་ཉམས་རྒུད་ལས་བྱུང་བའི་ལྟོགས་སྐོམ་གྱི་རིགས་མྱུར་དུ་སེལ་བའི་སྨོན་འདུན་དང་བཅས། བོད་མི་རིགས་ཀྱིས་ཛ་དྲག་གི་ཚོར་བའི་སྒོ་ནས་ཕུལ་བའོ།།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༢༢ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

མཆན། 9

  1. དགུ་ཚིགས་སྐྱ་མོ། says:
    ལོ་ 17 སྔོན།

    མ་བསྒྲལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་གྲོལ་བར་ཤོག། །
    རང་གིས་རང་ཉིད་མ་བསྒྲལ་ན། །གཞན་གྱིས་རང་ཉིད་བསྒྲལ་མི་སྲིད། །
    བོད་རེ་བས་ཕོང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  2. དགུ་ཚིགས་སྐྱ་མོ། says:
    ལོ་ 17 སྔོན།

    མ་བསྒྲལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་གྲོལ་བར་ཤོག། །
    རང་གིས་རང་ཉིད་མ་བསྒྲལ་ན། །གཞན་གྱིས་རང་ཉིད་བསྒྲལ་མི་སྲིད། །
    བོད་རེ་བས་ཕོང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 18 སྔོན།

    བརྩེ་བ་བོད་དུ་གཟིགས་མིན།།
    ད་དུང་བཤད་རྒྱུ་སྔ་ཡོད།།
    རེད་དེ་ཨ་རིའི་ཞེན་ཁོག།
    འཛིན་དགོས་ཁོ་བོས་ལས་རེད།།
    དེ་ཕྱིར་བོད་མི་དག་གིས།།
    རྨི་ལམ་ཁོ་ལ་བཅོལ་རྒྱུ།།
    དེ་ཡང་སྟོང་བསམ་རང་རེད།།
    རང་རིགས་རང་གི་སྐྱོང་དགོས།།
    རང་དོན་རང་གིས་བྱེད་དགོས།།
    མི་རིགས་རང་ལུགས་ཟིན་ན།།
    ད་ནི་བོད་དོན་འགྲུབ་ངེས།།
    དེ་མིན་རེ་བའི་ནང་དུ།།
    འཚོལ་འདོད་ཡོད་པ་དག་གིས།།
    རང་ངོ་མ་ཟིན་བསྡད་ཡོད།།

    Reply
  4. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 18 སྔོན།

    གྲོགས་པོ་ཚོ། ཨ་རི་འདིརྒྱ་ནག་ནང་བཞིན་སྡུག་ལས་བྱེད་མཁན་ཞིག་མིན་རུང་། ཡིད་ཆེས་འདྲ་བོ་དང་རེ་བ་འདྲ་བོ་ཞེ་དྲགས་བཅོལ་རྒྱུ་མེད་ཡ། ཨ་རིིས་ཀྱང་བོད་དོན་དང་བོད་མི་གཉིས་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་དུ་བེད་སྤྱོད་མང་པོ་བཏང་ཡོད་། ད་དུང་ཡང་གཏོང་སྲིད་པ་རེད་།

    Reply
  5. འཇིག་ལྟ། says:
    ལོ་ 18 སྔོན།

    ཨ་མེ རི་ཀ་ནི་བོད་ཀྱི་གྲོགས་པོ་ཡག་ཤོས་རེད། ཨོ་བྷ་མ་བོད་ལ་རོགས་པ་བྱས་ན་ཚོགས་བསགས་ཀྱི་རེད།

    Reply
  6. སྤོབས་པ་མཐའ་ཡས། says:
    ལོ་ 18 སྔོན།

    ཁྱོད་ཚོ་ཨ་མེ་རི་ཁ་བ་ཞིག་གི་ངོ་བོའི་ཐོག་ནས་དཔལ་འབྱོར་སོར་ཆུད་སོགས་ཀྱི་རེ་བ་རེ་རྒྱག་གིན་ཡོད་པ་ལོས་ཡིན་མ་གཏོགས་བོད་ལ་ཕན་ཐོགས་ཀྱི་རེ་བ་ཡོད་ཚུལ་སོགས་གླེང་ཁུལ་བྱས་ན་ཧ་ཅང་སྔ་དྲགས་པ་རེད།

    Reply
  7. phantom says:
    ལོ་ 18 སྔོན།

    ཨོ་བ་མ་ལགས། བཀྲ་ཤིས་བདེ་ལེགས། ང་ཚོས་ཁྱེད་ལ་རེ་བ་ཆེན་པོ་ཡོད།

    Reply
  8. མགྲིན་པ་ཟབ་མོ། says:
    ལོ་ 18 སྔོན།

    ང་ཡང་དེ་རིང་ཨོ་བྷ་མའི་ཁྲི་སྟོན་ལ་རྟེན་འབྲེལ་ཞུ་མཁན་གྱི་གྲས་ཡིན། ངས་མི་ཚོགས་རྒྱ་མཚོ་ལྟ་བུའི་ནང་དུ་ཇི་ལྟར་བལྟས་ཀྱང་། ཇི་ལྟར་བསམ་ཡང་། ངའི་མིག་ལམ་ལ་ཨ་རི་རིང་ལུགས་པ་དེ་མཐོང་གི་འདུག

    Reply
  9. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 18 སྔོན།

    བརྩེ་བའི་ཨོ་བྷ་མ་མཆོག་ལ་འཕྲིན་ཞིག་བྲིས་པ་དེ་ནི་དངོས་ནས་ཡག་པོ་རེད་འདུག་ཀྱང་། ཨོ་བྷ་མ་མཆོག་གིས་ང་ཚོ་ལས་ཀྱང་ཁོ་རང་གི་སྲིད་སྟེགས་དེ་དང་ཁོ་རང་གི་རྒྱལ་ཁབ་ལ་བརྩེ་བ་ཆེན་པོ་བྱེད་དགོས་ཀྱི་ཡོད་དུས། ཁོ་རང་གི་བརྩེ་བ་དེའི་ཆེད་དུ་ང་ཚོ་ལ་བསམ་གཞིགས་བྱེད་པའི་དུས་ཚོད་བཟང་བོ་ཞིག་ཡོང་བ་ལ་རེ་བ་བྱེད་རྒྱུ་དེ་ནི་ང་ཚོས་ནོར་འཁྲུལ་རེ་མི་འགྲོ་སྙམ། དེ་ལས་རེ་བ་བྱེད་པ་ལས་རང་རང་གི་ནུས་པ་གཅིག་དུ་སྒྲིལ་ནས་ཁོ་རང་གི་སྲིད་སྟེགས་སྟེང་ནས་ང་ཚོ་ལ་སྐད་ཆ་ཞིག་མ་བཤད་ཐབས་མེད་དུ་ཆགས་སྲིད་པས་ལས་འགུལ་རེ་སྤེལ་རྒྱུ་ཨེ་འདུག་བལྟས་ན་དགའ་བ་འདོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese