མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡང་སྲིད་འཚོལ་མིན་ནི་བོད་མི་རིགས་ཁོ་ནར་ཡོད་པའི་ཐོབ་ཐང་ཡིན།

བོད་ཀྱི་དུས་བབ།
༢༠༠༩/༠༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས།  ཏཱ་ལའི་བླ་མ་ཞེས་པའི་ཡང་སྲིད་ངོས་འཛིན་བྱེད་པའི་རིག་གནས་འདིར་དུས་རབས་ཁ་ཤས་ཀྱི་ལོ་རྒྱུས་ལས་མེད། ཡང་སྲིད་མུ་མཐུད་ནས་འཚོལ་མིན་དེ་བོད་མི་རིགས་ཀྱིས་ཐག་གཅོད་གནང་དགོས་ལ། ཏཱ་ལའི་བླ་མའི་ཡང་སྲིད་མུ་མཐུད་དུ་དགོས་མིན་ཐག་གཅོད་གནང་རྒྱུ་བོད་མི་རིགས་ཁོ་ནར་ཡོད་པའི་ཐོབ་ཐང་ཡིན། ཞེས་གསུངས་ཡོད་འདུག

   ཚེས་ ༡༧ ཉིན་གོང་ས་མཆོག་ལྡི་ལིའི་ཛཱ་མི་ཡ་ཁ་ཆེ་རིག་གཞུང་གཙུག་ལག་སློབ་གཉེར་ཁང་དང༌། ཁེ་ན་ཌ་མཱེག་གེལ་ཆོས་ལུགས་རིག་པའི་གཙུག་ལག་སློབ་གྲྭ་ཆེན་མོ་གཉིས་ནས་གོ་སྒྲིག་བྱས་པ། དགུ་བའི་བཅུ་གཅིག་རྗེས་ཀྱི་འཛམ་གླིང་ཆོས་ལུགས་ཞེས་པའི་ཚོགས་ཆེན་གྱི་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་བསྐྱངས་ཏེ་གསུང་བཤད་གནང་ཡོད་པ་དང༌། ཚོགས་ཆེན་འདིའི་ཐོག་༧གོང་ས་མཆོག་གིས་གསུངས་དོན། རྒྱལ་སྤྱིའི་སྟེང་གི་དཀའ་རྙོག་ མང་པོ་ཞིག་ཆོས་ལུགས་ཀྱིས་བཟོས་པ་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང༌། དོན་དངོས་ཐོག་གང་ཟག་སྒེར་གྱི་བསམ་བློ་འཁྱེར་སོ་ལས་དཀའ་རྙོག་དང་འཐབ་འཛིང་འབྱུང་གི་ཡོད་པ་ལས། ཆོས་ལུགས་ཀྱིས་དཀའ་རྙོག་བཟོས་པ་རེད་ཅེས་བཤད་ན་དངོས་ཡོད་དང་མཐུན་པ་ཞིག་མིན་ཅེས་གསུངས་ཡོད་ལ། ཁོང་གིས་མུ་མཐུད་ནས། དཀའ་རྙོག་ དང་འཐབ་འཛིང་གང་འདྲ་ཞིག་ཡིན་ཡང་ཕྱོགས་གཉིས་ཀྱི་མོས་མཐུན་བྱུང་རྗེས་གཞི་ནས་མཇུག་སྒྲིལ་ཐུབ་ངེས་ལ། ངོས་ཀྱིས་བོད་རྒྱའི་དཀའ་རྙོག་ཡང་ཕན་ཚུན་གཉིས་ཆར་མོས་མཐུན་ཡོད་པ་དང་ཕན་ཚུན་གཉིས་ཆར་རྒྱལ་ཁ་ཡོད་པ་ཞིག་གི་ཐོག་ནས་སེལ་ཐུབ་པར་རེ་བ་བྱེད་ཀྱིན་ཡོད། ཅེས་གསུངས་ཡོད་རེད། ཉིན་འདིར་༧གོང་ས་མཆོག་གིས་ཉིན་འདི་དག་རིང་གི་ ཨི་སི་རེལ་དང་པཱ་ལི་སི་ཐན་བར་གྱི་དམག་འཁྲུག་ཀྱང་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག 

    གོང་ཚེས་ཉིན་གྱི་ཕྱི་དྲོ་༧གོང་ས་མཆོག་མཱ་རྡའུ་བའོ་སེན་རྡི་ཡི་རྗེས་དྲན་ཚོགས་འདུའི་ཐོག་ཕེབས་ཤིང༌། དེར་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཁག་གི་དབུ་ཁྲིད་དང༌། བཟོ་གྲྭ་ཁག་གི་མགོ་ཁྲིད་སོགས་གནད་ཡོད་མི་སྣ་མང་པོ་མཉམ་དུ་འཛོམས་ཡོད་པ་དང༌། ཚོགས་འདུ་འདིའི་བརྗོད་གཞི་འཚེ་བ་མེད་པ་ནི་འཐབ་ཇུས་ཀྱི་ལག་ཆ་ཡིན་ཞེས་པའི་ཐད་གསུངས་དོན།  འཇིགས་སྐུལ་རིང་ལུགས་པར་ ཞི་བའི་སྒོ་ནས་འཐབ་རྩོད་བྱས་ཚེ་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་དཀའ་རྙོག་སེལ་ཐབས་མེད་པས། ད་ལྟ་ནས་མ་འོངས་པའི་མི་རབས་ཚོས་དྲག་སྤྱོད་དང་འཇིགས་སྐུལ་གྱི་བྱ་སྤྱོད་མི་སྤེལ་ཆེད།  བྱིས་པ་ཚོའི་རྒྱུད་ལ་འཚེ་བ་མེད་པ་དང་ཞི་བདེའི་ས་བོན་འདེབས་དགོས་པ་རེད། རྒྱ་གར་ནང་དུ་འཚེ་བ་མེད་པའི་གཞུང་ལུགས་ཀྱི་ལྟ་གྲུབ་སྔར་ནས་ཡོད་པ་དང༌། བདག་ཉིད་ཆེན་མོ་གྷན་དྷི་མཆོག་གིས་འཚེ་མེད་ཞི་བ་ལག་ལེན་ངང་རྒྱལ་ཁབ་འདིའི་རང་དབང་སླར་གསོ་ཐུབ་པ་བྱུང་ཡོད།  གྷན་དྷྀ་ཡི་མཛད་རྗེས་དེ་ལ་བརྟེན་ནས་ཨ་རིའི་སྤྱི་དམངས་ཐོབ་ཐང་འཐབ་རྩོད་པ་མཱ་དྷར་ལུའི་དྷར་ཁེན་དང་ལྷོ་ཨབ་རི་ཁའི་ནེལ་སན་མཱན་ཌ་ལ་ལྟ་བུའི་རླབས་ཆེན་གྱི་སྐྱེས་བུ་གང་མང་བྱུང་ཡོད་པས། རྒྱ་གར་མི་དམངས་ཀྱིས་འཚེ་བ་མེད་པའི་རིག་པའི་གཞུང་ལུགས་རྩ་ཆེན་འདི་རྒྱལ་སྤྱིའི་སྒང་ལ་ཁྱབ་སྤེལ་གཏོང་ཐུབ་པ་གནང་དགོས་ཅེས་བཀའ་སློབ་བསྩལ་ཡོད་འདུག 

   ཉིན་འདིར་གསར་འགོད་པ་ཚོས་༧གོང་ས་མཆོག་གི་ཡང་སྲིད་སྐོར་བཀའ་འདྲི་ཞུས་སྐབས།  ཁོང་གིས། ད་ལྟའི་ཆར་ངོས་ཀྱི་གཟུགས་གཞི་བདེ་ཐང་ཡིན་པས་ཡང་སྲིད་ཀྱི་ཐད་ལ་བྲེལ་བ་ལངས་དགོས་པ་མི་འདུག མི་ཁ་ཤས་ཀྱིས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་པའི་རིག་གནས་འདི་བོད་མི་རིགས་ལ་ཧ་ཅང་གལ་ཆེན་པོ་ཞིག་རེད་བསམ་གྱིན་ཡོད་མོད། འོན་ཀྱང་དེ་བདེན་པ་མ་རེད། དུས་སྐབས་ཁ་ཤས་ལ་ཏཱ་ལའི་བླ་མ་ཞེས་པའི་སྐུ་ཕྲེང་རིམ་བྱོན་འདི་བོད་མི་རིགས་ཀྱི་རིག་གཞུང་དང་རྒྱལ་ཁབ་ཀྱི་མཚོན་རྟགས་ལྟ་བུར་ཆགས་ཡོད་ཀྱང༌།  གནའ་རྫས་རྟོག་ཞིབ་པས་འཚོལ་རྙེད་བྱུང་བ་ལྟར་ན། བོད་མི་རིགས་ལ་མ་མཐར་ཡང་ལོ་ངོ་སྟོང་ཕྲག་ ༡༠ ནས་ ༢༠ བར་གྱི་ལོ་རྒྱུས་ཡོད་པ་དང༌། ནང་བའི་ཆོས་ལ་ལོ་ངོ་ ༡༥༠༠ ལྷག་གི་ལོ་རྒྱུས་ཡོད། ཡིན་ན་ཡང་ཏཱ་ལའི་བླ་མ་ཞེས་པའི་སྐུ་ཕྲེང་ལ་དུས་རབས་ཁ་ཤས་ཀྱི་ལོ་རྒྱུས་ལས་མེད། ཡང་སྲིད་མུ་མཐུད་དུ་འཚོལ་མིན་དེ་བོད་མི་རིགས་ཀྱིས་ཐག་གཅོད་བྱེད་དགོས་ལ། ཏཱ་ལའི་བླ་མའི་ཡང་སྲིད་མུ་མཐུད་དུ་དགོས་མིན་ཐག་གཅོད་དེ་བོད་མི་རིགས་ཁོ་ནར་ཡོད་པའི་ཐོབ་ཐང་ཡིན། ཞེས་གསུངས་ཡོད་འདུག

༧གོང་ས་མཆོག་གིས་ཚེས་ ༡༤ བར་ཝ་རཱ་ནཱ་སི་རུ་ཆོས་ཞུ་བ་ཁྲི་ ༢ དང་ ༥༠༠༠ ལྷག་ལ་གསུངས་ཆོས་གནང་གྲུབ་རྗེས། ཚེས་ ༡༥ ཉིན་ཝརཱ་ནཱ་སིའི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གོ་སྒྲིག་འོག  ཆོས་དང་ཚན་རིག་བར་གྱི་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཚོགས་ཆེན་དབུ་འབྱེད་གནང་བ་དང༌། ཁོང་གིས་ཚོགས་ཐོག་ནས།  དེ་རིང་མཚན་ཉིད་རིག་པ་དང་མི་རིགས་སོགས་བྱེ་བྲག་པ་ཞིག་གི་སྐད་ཆ་བཤད་ཀྱིན་མེད་པར་མི་འབོར་དུང་ཕྱུར་ ༡༢ ཀྱི་གནད་དོན་ཐད་བགྲོ་གླེང་བྱེད་དགོས་ཀྱིན་ཡོད་པ་རེད། བགྲོ་གླེང་སྐབས་ཀྱི་གནད་དོན་མང་པོ་ཞིག་མི་འབོར་དུང་ཕྱུར་ ༡༢ ཀྱི་བྱུང་འཕེལ་དང་འབྱུར་འགྱུར་གྱི་འཚོ་གནས་ལ་ཕན་ཐོགས་གང་ཡོད་སོགས་ཀྱི་ཐད་ལ་བགྲོ་གླེང་བྱ་དགོས་ཀྱིན་ཡོད་ལ།  དུས་རབས་ཉེར་གཅིག་འདིའི་ནང་དུ་ང་ཚོས་འདས་ཟིན་པའི་དུས་རབས་ནང་གི་ཉམས་མྱོང་རྣམས་ཕྱོགས་བསྡོམས་ཀྱིས་འཚེ་བ་མེད་པ་དང་ཞི་བདེ་ཡོང་བའི་ཕྱོགས་ལ་འབད་བརྩོན་གནང་དགོས་པ་སོགས་ཀྱི་སྐོར་བཀའ་སློབ་བསྩལ་ཡོད་འདུག  ཚེས་ ༡༧ ཉིན་གསུང་ཆོས་གོ་སྒྲིག་ཚོགས་ཆུང་དང་བརྟན་བཞུགས་འབུལ་མཁན་རྣམས་ཀྱི་ཆིབས་སྐྱེལ་འོགཝ་རཱ་ནཱ་སིའི་གནམ་ཐང་བརྒྱུད་ལྡི་ལིར་ཆིབས་བསྒྱུར་བསྐྱངས་ཡོད་པ་དང༌།  གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བཀའ་ཟུར་ཨ་ལགས་འཇིགས་མེད་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ཆོས་ཞུ་བ་གྲྭ་བཙུན་ཁྱོན་ ༨༠༠༠ ལྷག་ཡོད་པ་དང༌། གསུང་ཆོས་ཉིན་ ༧ རིང་ལ་གྲྭ་བཙུན་ཚོར་སྐུ་འགྱེད་སྒོར་ ༢༠༠༠ ཙམ་རེ་ཕུལ་ཡོད་འདུག་ལ། གསུང་ཆོས་དང་བརྟན་བཞུགས་གཉིས་ལ་ཞལ་འདེབས་ཁྱོན་རྒྱ་གར་དངུལ་འབུམ་ ༢༡༨ ལྷག་འབྱོར་ཡོད་པ་དང་དེའི་ནང་གི་དངུལ་འབུམ་ ༡༨༠ ལྷག་ཐེངས་འདིའི་གསུང་ཆོས་ཀྱི་འགྲོ་སོང་ལ་བཏང་བ།  ལྷག་ཡོད་པའི་དངུལ་འབུམ་ ༣༠ ཙམ་སྐུ་སྒེར་ཡིག་ཚང་ལ་འབུལ་གྱིན་ཡོད་འདུག་ལ།  གསུང་ཆོས་དང་བརྟན་བཞུགས་སྦྱིན་བདག་ཁོངས་ཀྱི་བྱང་རྩེ་བླ་སྦྲུལ་ལྷན་ཚོགས་ནས་སླར་ཡང་༧གོང་ས་མཆོག་ལ་གསུང་ཆོས་བསྩོལ་བའི་སྙན་ཞུ་ཞིག་ཕུལ་ཡོད་འདུག 

གསུང་ཆོས་གནང་རིང་ལ་༧གོང་ས་མཆོག་གིས་སྔ་དགོང་ཆུ་ཚོད་ནམ་ཡོད་ལ་ཆོས་ཞུ་བར་ཕེབས་པའི་སོག་པོ་དང༌། རྒྱ་རིགས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་དམངས།  ཕྱི་རྒྱལ་སོགས་ནས་ཕེབས་པའི་ཚོ་ཁག་མང་པོ་དང་མཉམ་དུ་མཇལ་འཕྲད་དང་སྐུ་པར་སྐྱོན་པ་སོགས་གནང་ཡོད་འདུག ༧གོང་ས་མཆོག་གིས་ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་པའི་ཆོས་ཞུ་བ་ཚོར་དམིགས་བསལ་གྱིས་གསུངས་དོན། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པའི་མི་རིགས་རྣམས་དང་བོད་མི་ཚོ་ནི་ལོ་ངོ་སྟོང་ཕྲག་མང་པོར་ཁྱིམ་མཚེས་དང་རིག་གཞུང་གཅིག་གྱུར་གྱི་འོག་ནས་མཛའ་འབྲེལ་ཟབ་མོ་ཡོད་པ་དང༌། རང་དབང་གི་ལུང་པར་ཡོད་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པ་ཚོས་དུས་རབས་གོང་མ་དག་གི་ནང་ཆོས་ཀྱི་སྙིང་པོ་རྣམས་རྒྱུད་འཛིན་དང་གཅེས་འཛིན་གནང་དགོས་ལ། ཧི་མ་ལ་ཡའི་རྒྱུད་དང་བོད་ཡུལ་གཉིས་ཀྱི་ཁོར་ཡུག་སྲུང་སྐྱོབ་གནང་བར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་རྣམས་ལ་དམིགས་བསལ་གྱི་འགན་འཁྲི་ཡོད་པར་གསུངས་ཡོད། རྒྱལ་སྤྱིའི་སྒང་གི་ཞི་བདེ་ལ་དགའ་མཁན་དང་རང་དབང་རྩོད་ལེན་པ་མང་པོས་བོད་དོན་ལ་རྒྱབ་སྐྱོར་དང་ཐུགས་སྣང་གནང་གི་ཡོད་པ་དང༌། སྤྱི་ལོ་ ༢༠༠༨ ལོའི་ཟླ་ ༣ པའི་ནས་བཟུང་བོད་དུ་ཞི་རྒོལ་བྱུང་བ་ནས་རྒྱ་རིགས་བློ་མཐུན་ཚོས་ཀྱང་བོད་དོན་ཐད་གོ་རྟོགས་དང་རྒྱུས་ལོན་བྱས་ཏེ་རྒྱབ་སྐྱོར་དང་ཐུགས་སྣང་གནང་མཁན་མང་དུ་ཕྱིན་ཡོད། ང་ཚོས་རྒྱུ་རྐྱེན་མང་པོའི་འོག་ནས་རང་གི་སེམས་ཤུགས་དང་སྙིང་སྟོབས་མ་ཉམ་པ་བྱེད་ཀྱིན་ཡོད་ལ། ལྷག་པར་དུ་ང་ཚོས་ཁྱེད་རང་ཆོས་གྲོགས་ཚོའི་རྒྱབ་སྐྱོར་རྙེད་བྱུང༌། མི་ལོ་ ༥༠ འདིའི་རིང་ལ་བཙན་བྱོལ་བོད་གཞུང་གིས་གང་ཅིའི་ཐད་ལ་ཧུར་བརྩོན་ཆེན་པོ་བྱས་ཡོད་ལ། ད་དུང་ཡང་མུ་མཐུད་ནས་འཐུས་ཤོར་སོང་བ་དེ་དག་ལ་བཅོས་བསྒྱུར་གྱིས་ཤུགས་རྒྱག་གི་ཡོད་ཅེས་ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་པའི་མི་མང་རྣམས་ལ་གསུང་ས་ཡོད་འདུག 

ད་ལོར་གསུང་ཆོས་གོ་སྒྲིག་པ་ཚོས་བོད་ནས་འབྱོར་བའི་ཆོས་ཞུ་བ་ ༣༠༠ ལྷག་ལ་སྣེ་ལེན་ཁང་ཞིག་གོ་སྒྲིག་བྱས་ཡོད་པས་བོད་འབྱོར་ཆོས་ཞུ་བ་ཚོར་སྡོད་གནས་ལ་དཀའ་ངལ་མེད་པ་དང་འགྲོ་གྲོན་ཇེ་ཉུང་ལ་བཏང་བ་སོགས་ཕྱོགས་ཡོངས་ནས་སྟབས་བདེ་རུ་གྱུར་འདུག་ཡོད་འདུག ཚེས་ ༡༤ ཉིན་གསུང་ཆོས་གོ་སྒྲིག་ཞུ་མཁན་ཁག ༥ དང༌། སི་ལི་གུའུ་ཡི་སའ་ལུའུ་གྷ་ར་རུ་ཡོད་པའི་སྲད་རྒྱུད་གྲྭ་ཚང་གི་མ་དགོན་བཅས་ནས་བརྟན་བཞུགས་ཤིག་ཕུལ་ཡོད་པ་དང༌། འདིའི་ཐད་ལ་དབུས་གཞོན་ནུ་ཚོགས་གཞོན་དོན་གྲུབ་རྡོ་རྗེས་ལགས་ཀྱིས་འདི་གའི་གསར་ཁང་ལ་བརྗོད་དོན། ལོ་སྔོན་མའི་ཟླ་ ༧ པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་མི་ནཱ་ལི་ནས་འཚོགས་སྐབས།  དེར་གཞོན་ནུའི་ས་གནས་ཚོགས་གཙོ་ཚོར་༧གོང་ས་མཆོག་ལ་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་བརྟན་བཞུགས་རྒྱས་པོ་ཞིག་འབུལ་རྒྱུའི་བསམ་ཚུལ་བྱུང་ལ།  སྐབས་དེར་༧གོང་ས་མཆོག་གི་སྐུ་ཁམས་བདེ་མིན་བྱུང་བ་སོགས་ཀྱིས་གཞོན་ནུ་ལྷན་ཚོགས་ཀྱི་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་རྒྱུའི་གྲོས་ཆོད་བཞག་ཡོད་པ་རེད།  དེ་རྗེས་སྒུ་སྐེར་ཡིག་ཚང་ལ་སྙན་ཞུ་ཕུལ་ཡོད་ཀྱང་ཐེངས་འདིར་སྒུ་སྐེར་ཡིག་ཚང་ནས་དགོན་པ་དང་ཚོགས་སྡེ་གཞན་པ་དང་མཉམ་དུ་གོ་སྒྲིག་བྱས་འདུག  ང་ཚོར་བརྟན་བཞུགས་རྒྱས་པོ་འབུལ་བར་གདམ་ག་དང་གོ་སྐབས་མ་བྱུང་བར་སྐུ་སྒེར་ཡིག་ཚང་གི་གོ་སྒྲིག་ལྟར་འབུལ་དགོས་བྱུང༌། ཞེས་གསུངས་བྱུང༌།  ཁོང་གིས་མུ་མཐུད་ནས།  ཐེངས་འདིར་ཁེ་ན་ཌའི་རྒྱལ་སའི་ས་གནས་གཞོན་ནུའི་རྒྱུན་ལས་དང༌།  ཨ་རིའི་རྒྱལ་སའི་ས་གནས་གཞོན་ནུའི་རྒྱུན་ལས། རྒྱ་བལ་འབྲུག་གསུམ་གྱི་ས་གནས་གཞོན་ནུའི་རྒྱུན་ལས་སོགས་ཁྱོན་བསྡོམས་ས་གནས་ཁག་གི་རྒྱུན་ལས་ ༡༨༠ ལྷག་ཕེབས་ཡོད།  ད་ཐེངས་ཀྱི་བརྟན་བཞུགས་འདི་ནི་༧གོང་ས་མཆོག་ལ་གཞོན་ལྷན་ངོས་ནས་བརྟན་བཞུགས་འབུལ་ཐེངས་ ༣  པ་ཡིན་ལ། གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་བརྟན་བཞུགས་འབུལ་བ་ཙམ་ཁོ་ན་མ་ཡིན་པར་འབྱུང་འགྱུར་མུ་མཐུད་ནས་གཞོན་ནུ་ཚོགས་པའི་རྩ་བའི་ལངས་ཕྱོགས་ལ་འགན་བླངས་ནས་གཞོན་ནུ་ཚོགས་པའི་རྩ་བའི་དམིགས་ཡུལ་བཞིན་ལས་དོན་སྒྲུབ་པའི་དམ་བཅའ་ཕུལ་བ་ཡིན་ལ།  ༧གོང་ས་མཆོག་གི་སྐུ་ཚེ་བརྟན་རྒྱུ་དང་རང་གི་དབུ་ཁྲིད་དང་དད་པ་དམ་ཚིག་བརྟན་པོ་མཚོན་བྱེད་དུ་ཡིན། ཞེས་གསུངས་བྱུང༌།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༦ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༨ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese